བལ་ཡུལ་གྱི་བོད་མིའི་གནས་སྟངས།

ད་ལྟའི་ཆར་རྒྱ་ནག་གཞུང་གིས་གནོད་ཤུགས་ལ་བརྟེན་ནས་བལ་པོ་སྲིད་གཞུང་གིས་བཙན་བྱོལ་བོད་མིའི་ཐོ ག་ལ་གཟབ་ནན་དང་། དམ་དྲག་ཤུགས་ཆེར་བྱེད་ཀྱི་འདུག བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་དམར་པོའི་སྲིད་གཞུང་གི་མ་རང་བའི་སྲིད་ཇུས་དང་།

24022012258སྡུག་རྩུབ་ཆེ་བའི་དམ་དྲག་དེར་མི་བཟོད་པའི་ཞི་བའི་ངོ་རྒོལ་གྱིས་གཅེས་པའི་ལུས་སྲོག་ཀྱང་མེ་ལ་བསྒྲོན་དང་སྒྲོན་བཞིན་པ་དེར། རང་དབང་དང་། མང་གཙོ་ལུང་པ་ཁག་ཏུ་ཡོད་པའི་བོད་མི་རྣམས་ཀྱིས་ཁོང་ཚོའི་ཆེད་དུ་བསྔོ་སྨོན་དང་། སྡུག་སེམས་མཉམ་བསྐྱེད་བྱེད་པ་དང་། འདི་ལོའི་ལོ་གསར་ཡང་དགའ་སྐྱིད་ཀྱི་རྣམ་པ་ཡོངས་རྫོགས་དོར་ཡོད་པ་རེད།

24022012600དེར་བརྟེན་བལ་ཡུལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་དེ་སྔར་སྡུག་སེམས་མཉམ་བསྐྱེད་ཀྱིས་མར་མེ་ཁྲོམ་སྐོར་གནང་སྐབས་ཤིག་ལ་བལ་ཡུལ་གྱི་ཉེན་རྟོག་མང་པོས་བོད་མི་རྣམས་ལ་རྡུང་རྡེག་དང་། མང་པོ་བཙོན་འཇུག་བྱས་ཡོད་འདུག

ད་ལྟའི་ཆར་བལ་ཡུལ་དུ་མར་མེ་ཁྲོམ་སྐོར་བྱེད་མི་ཐུབ་པ་དང་། ཆབ་སྲིད་ཀྱི་ལས་འགུལ་གང་ཡང་སྤེལ་དཀའ་བའི་གནས་སུ་འདུག་མ་ཟད། བལ་པོའི་ཚོང་ཁང་ཁ་ཤས་ནང་བོད་ཀྱི་རྒྱལ་དར་བཙོང་རྒྱུ་ཡོད་པ་ཕུད། བལ་ཡུལ་ནང་བོད་ཀྱི་རྒྱལ་དར་ཡང་ཕལ་ཆེར་མཐོང་རྒྱུ་མི་འདུག ཁ་སང་ཁ་ཉིན་ལོ་གསར་སྐབས་ཀྱང་བལ་ཡུལ་གྱི་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་གཡས་གཡོན་ཡོངས་རྫོགས་སུ་དྲག་ཆས་སྤྲས་པའི་ཉེན་རྟོག་པ་མང་པོ་བཀྲམ་འདུག་པས་མཆོད་རྟེན་སྐོར་ས་ལ་ཡོང་བའི་དད་ལྡན་མི་དམངས་རྣམས་སེམས་ནང་ལ་རྔམ་སྐྲག་གིས་གང་ནས་འགྲོ་དགོས་པ་ཆགས་འདུག24022012602

ཚེས་པ་གསུམ་ཉིན་ལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་མདུན་དུ་བོད་མི་དང་། བོད་པ་དང་རིག་གཞུང་གཅིག་པའི་ཤར་པ་བཅས་ནས་བསང་གསོལ་བཏང་བའི་སྐབས་ཀྱང་དྲག་ཆས་སྤྲས་པའི་ཉེན་རྟོག་པས་མཐར་ཡོངས་རྫོགས་སྐོར་ནས་བསྡད་འདུག།23022012592

གོང་གི་འདྲ་པར་དེ་རྣམས་ནི་ལོ་གསར་ཚེས་གཅིག་དང་ཚེས་པ་གཉིས་ཚེས་པ་གསུམ་གསུམ་ལ་རེད

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།