ང་དང་ངའི་ཚ་བོ་ཚ་མོ།

33
སྔོ་ཐིང་ཐིང་གི་སྤང་ལྗོངས་འདི་ནི་ངའི་ཕ་ཡུལ་ཡིན་ལ།
ནག་ཐིང་ཐིང་གི་སྦྲ་གུར་འདི་ནི་ངའི་ཕ་ཁྱིམ་ཡིན།
ད་དུང་།  ང་།
མཛེས་སྡུག་ལྡན་པའི་མེ་ཏོག་དང་ལྷན་དུ་འཚར་ཞིང་།
11ངའི་རྩེ་རོགས་འབྲོག་ཁྱི་དང་བེའུ་ཡིན།
ངའི་ཆུང་དུས་ཀྱི་དུས་ཚོད་ཡོད་ཚད་རྩེད་མོས་བདས།
འོན་ཀྱང་། ངའི་ཚ་བོ་དང་ཚ་མོ་འདི་ཚོ།
སྦྲ་ནག་ནང་སྐྱེས་ཤིང་།
མེ་ཏོག་དང་ལྷན་དུ་འཚར་ཡང་།
དཔེ་དེབ་དང་། སྨྱུ་གུ་ལག་ཏུ་བཟུང་ཞིང་།
ཀ་ཁའི་འདོན་སྒྲ་དབྱངས་ལ་ལ་བཀུག་ནས་འཚར་འདུག
འདི་ནི། མི་རིགས་འདི་ཡི་མདུན་སྐྱོད་རེད་ལ།
མ་འོངས་པའི་རེ་འདུན་ཡང་རེད།22

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།