ལག་ཟུང་སྙིང་ཁར་སྦྱར་ནས་རེ་སྐུལ་ཞུ།

ལག་ཟུང་སྙིང་ཁར་སྦྱར་ནས་རེ་སྐུལ་ཞུ།

དེང་སང་གི་ཤམ་བྷ་ལ་རུ་ཟིན་བྲིས་པ་གསར་དུ་ཞུགས་མཁན་ནི།
དབྱར་གྱི་ཤ་མོ་རྡོལ་བ་ལྟར་ཉིན་རེ་ནས་ཉིན་རེ་ཇེ་འབེལ་ཇེ་འབེལ་རེད་འདུག
འོན་ཀྱང་།  དངོས་གནས་དྲང་མོ་དྲང་རྐྱང་བཤད་ན།
བརོྗད་བྱ་རྗོད་བྱེད་གཉིས་ཀྱི་ཆ་ནས་ཕུན་སུམ་ཚོགས་པའི་ཟིན་བྲིས་འབྲི་མཁན་ནི།
ཧ་ཅང་གི་དཀོན་པོ་ལྟ་བུ་ཞིག་མཐོང་ཡོང་གི་འདུག

དེ་བརྟེན་ང་ཚོ་ཟིན་བྲིས་པ་ཚང་མས་འཕྱར་གྲུ་མཉམ་འདེགས་བྱེད་དེ།
ཉིན་རེ་ནས་ཉིན་རེ་ཟིན་བྲིས་ཇེ་ལེགས་སུ་འགྲོ་ཐབས་ལ་འབད་དགོས་འདུག་སྙམ།
འདི་ནི་ཟིན་བྲིས་པ་མི་རེ་ངོ་རེ་ནས་འགན་འཁུར་དགོས་པ་ལས་སུ་ལའང་འགན་མེད།

ད་དུང་དགག་བཞག་རྩོད་སྒྲུབ་ཀྱི་རྩོམ་ཡིག་འདྲ་མིན་ཐོག་ནས་གཏུགས་རེས་བྱེད་ན་རྗེས་སུ་ཡི་རང་ཡོད་ཀྱང་།
དོན་མེད་དགོས་མེད་ཀྱི་ཁྱེད་ཀྱི་ཁ་དང་། ངའི་སྣ་ཟེར་ནས་མོ་ངན་འགའ་འཐབ་པ་ལྟར་བྱེད་ཡོང་དུས།
ཟིན་བྲིས་པ་དང་། ཟིན་བྲིས་ཀློག་པ་པོ་མང་པོ་ཞིག་ཉོབ་སྣང་སྐྱེ་ཡོང་གི་འདུག

དེ་བརྟེན་རང་དབང་ཟེར་བའི་མིང་ཚིག་གཉིས་ཀྱི་འོག་ནས་སྐྱག་པ་ཡང་ཉལ་སར་མི་གཏོང་བར།
རང་དབང་ཆེ་བའི་ཟིན་བྲིས་འདི་ནས་རང་དབང་ལོངས་སུ་སྤྱོད་ཤེས་པ་བྱེད་གལ་ཆེ།
གལ་སྲིད་དུས་བབ་ཟིན་བྲིས་ལྟ་བུ་བསམ་ཚུལ་ཞིབ་བཤེར་བྱེད་དགོས་པ་ཞིག་ཆགས་སོང་ན་ང་ཚོ་ཚང་མ་སུན་ཡོང་གི་རེད།

གྲོགས་པོ་ཚོ་བསམ་བློ་ཞིབ་ཏུ་གཏོང་ནས་མིང་ཚིག་དག་ཆ་སོགས་ལའང་གཟབ་གཟབ་བྱེད་དེ།
མ་ཤེས་འུ་ཐུག་ན་མ་གཏོགས་ཤེས་བཞིན་དུ་སྣང་མེད་མ་བྱེད་རོགས།
འདི་ནི་ང་ཚོའི་ཟུངས་ཁྲག་དང་འདྲེས་པའི་ཕ་སྐད་དང་། མ་ཡིག་ཡིན་པས་བདག་སྐྱོང་བྱེད་དགོས།
དྲ་གྲོགས་ཚོར་ངས་ལག་ཟུང་སྙིང་ཁར་སྦྱར་ནས་རེ་སྐུལ་ཞུ་རྒྱུ་ཡིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།