གཞས་ཚིག་གསར་པ།

དུས་བཞིའི་བསུ་མ།
དཔྱིད་དཔལ་ཡོན་གངས་རིའི་ལྗོངས་སུ་ཤར།།
ས་དོག་མོས་ལྗང་གོས་མནབ་པའི་དུས།།
ང་གངས་ཅན་བོད་པའི་རྣ་ལམ་དུ།།
ཁྱོད་ཁུ་བྱུག་གསུང་སྐད་ཉན་ལ་བྲེལ།།
དབྱར་སྦྲང་ཆར་སིལ་མ་ལྷབ་ལྷུབ་འབབ།།
ཕྲ་མེ་ཏོག་སྣ་ལྔ་བཞད་པའི་དུས།།
ང་གངས་ཅན་བོད་པའི་འདྲེན་བྱེད་དུ།།
གསལ་ལྷམ་མེར་ཁྱོད་སྐུ་མཇལ་ལ་བྲེལ།།
སྟོན་ཟླ་བ་གླིང་བཞི་ཀུན་ཏུ་འཕྲོས།།
འབྲུ་ཡོད་ཚད་འབྲས་བུ་སྨིན་པའི་དུས།།
ང་གངས་ཅན་བོད་པའི་སེམས་ཁོང་ནས།།
ལམ་དབུ་མའི་འབྲས་བུ་སྨིན་ལ་བྲེལ།།
དགུན་ཁ་བ་མཐོ་སྒང་བོད་ལ་འབེལ།།
ཤར་གྲང་ངར་བུ་ཡུག་འཚུབ་པའི་དུས།།
ང་གངས་ཅན་བོད་པའི་སྨོན་འདུན་དུ།།
ཁྱེད་ཕེབས་པའི་དྲོད་ཁོལ་བསུ་ལ་བྲེལ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།