གཞས་ཚིག་གསར་པ།

༡༽
དེ་རིང་།      དུས་རབས་ཉེར་གཅིག
མདུན་སྐྱོད་ཀྱི་ཚར་ཚར་འུར་འུར།
གྲོགས་མཆོག་ལགས།
སྟག་ཤར་གཞོན་ནུ།
ཆང་དང་ཐ་མག་ལ་མ་འཁོར།
ཤེས་བྱ་ཡོན་ཏན་སྦྱོངས་རོགས།
མ་འོངས་གངས་ཅན་བོད་པ།
སྔོན་ཐོན་ལ་གོམ་ཁ་ཕྱོགས་འགྲོ།
༢༽
དེ་རིང་།   དུས་རབས་ཉེར་གཅིག
མདུན་སྐྱོད་ཀྱི་ཚར་ཚར་འུར་འུར།
སྙིང་སྡུག་ལགས།
སྨན་ཆུང་བུ་མོ།
ནང་ལས་དང་ཙག་ཙིག་ལ་མ་འཁོར།
ཤེས་བྱ་ཡོན་ཏན་སྦྱོངས་རོགས།
མ་འོངས་གངས་ཅན་བོད་པ།
སྔོན་ཐོན་ལ་གོམ་ཁ་ཕྱོགས་འགྲོ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།