༧པཎ་ཆེན་ལགས།

༡༽ པཎ་ཆེན་ལགས།   སྐུ་ཕྲེང་བཅུ་པ།
ཁྱེད་ལ་་་་་་།
སྲོལ་རྒྱུན་དང་སྟོབས་ཤུགས་བར་ནས།
ཡང་སྲིད་ཀྱི་མཚེ་མ་བྱུང་ཡོད།


བདེན་རྫུན་གྱི་དཔང་པོ་མེད་ཀྱང་།
ཁྱེད།  ཐང་དཀར་གྱི་རྒོད་པོ་ཇི་བཞིན།
ལ་རྒྱ་དང་ལྷག་བསམ་གྱིས་གཤོག་ཟུང་བརྐྱངས་ཏེ།
མི་རིགས་བདེ་སྡུག་གི་ཆེད་དུ།
ཡིག་འབྲུ་ཁྲི་བདུན་གྱིས་སྙན་ཞུ་ཕུལ་མྱོང་།
༢༽ པཎ་ཆེན་ལགས།  སྐུ་ཕྲེང་བཅུ་གཅིག
ཁྱེད་ལ་་་་་་།
ཆོས་ལུགས་དང་ཆབ་སྲིད་བར་ནས།
ཡང་སྲིད་ཀྱི་མཚེ་མ་བྱུང་ཡོད།

བདེན་པ་ཡི་དཔང་པོ་རྙེད་དུས།
ཁྱེད།    སྨྲ་མཁས་ཀྱི་ནེ་ཙོ་ཇི་བཞིན།
ཉེས་མེད་ཀྱིས་གཟེབ་ཏུ་འཚུད་དེ།
མི་རིགས་བདེ་སྡུག་གི་ཆེད་དུ།
འཛམ་གླིང་གི་བཙོན་པ་ཆུང་ཤོས་ཁྱེད་ཡིན།   

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཨ་སྤེན་ལགས། ལོ་གསར་ལ་བཀྲ་ཤེས་བདེ་ལེགས།



བརྗོད་གཞི་གཞན་ཁག་ལ་གཟིགས།