རང་དབང་ལུང་པ་དང་། སྐད་ཡིག་གཅེས་སྤྲས།
མཐའ་མའི་བསྐྱར་བཅོས། (༢༤༢༠༡༣༡༥༣༠) འབྲི་མཁན། ཨ་ཀ་སྤེན་པ། ༢༤༢༠༡༣༡༤༠༤
རང་དབང་ལུང་པ་དང་། སྐད་ཡིག་ལ་གཅེས་སྤྲས།
དེ་རིང་རྒྱ་གར་དྷ་རམ་ས་ལ་༼བོད་ཕྲུག་ཁྱིམ་སྡེ་༽ཟེར་སློབ་གྲྭ་བཙུགས་ནས་ལོ་ངོ་ ༥༣ འཁོར་བའི་རྟེན་འབྲེལ་མཛད་སྒོ་ཚོགས་འདུག མཛད་སྒོའི་ཐོག་གི་པར་རིས་དག་ནི་སྐད་ཅིག་ཉིད་དུ་བརྡ་འཕྲིན་རྒྱུད་ནས་མིག་མདུན་དུ་མངོན་བྱུང་།
བཙན་བྱོལ་གནས་ནས་སློབ་གྲྭ་ཆེན་པོ་དང་། སློབ་ཕྲུག་མང་པོ་གསོ་སྐྱོང་གནང་བར་དེ་དགའ་འོས་ཞིག་རེད་དེ། པར་རིས་འདི་དག་ལ་ལྟས་ན། སློབ་ཕྲུག་དེ་དག་བོད་མི་དག་མ་ཞིག་བཟོས་ཡོད་དམ། ཡང་ན། ཤ་རུས་ཙམ་ལས་བོད་པའི་སྐད་དང་ཡི་གེ ་དང་། མི་རིགས་གོམས་གཤིས། ཐ་ན་བོད་ཆས་གོན་པ་སོགས་ཀྱང་འདོར་ཡོད་པ་འདྲ་འདུག
བོད་ནང་ལ་མཚོན་མདོ་དབུས་ཁམས་གསུམ་དུ་སྐད་ཡིག་བདག་པོ་རྒྱག་དགོས་པ་དང་། ཕ་སྐད་བསྲེ་ལྷད་ཀྱི་ཉེན་ཆད་སོགས་ལས་འགུལ་ཚ་ཚ་འུར་འུར་ངང་ནས་སྤེལ་བཞིན་ཡོད་པ་རེད། མ་ཟད་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ལྟ་བུར་མཚོན་ན་སློབ་ཕྲུག་ཚོས་བོད་ཆས་གྱོན་ནས་སློབ་ཁྲིད་འགྲོ་དགོས་པ་སོགས་གཏམ་བཟང་གོ་རྒྱུ་འདུག
འོན་ཀྱང་རང་དབང་ལུང་པའི་སློབ་དགེ་དང་སློབ་ཕྲུག་དག་ལ་ནི། གཟའ་ཅི་རྒྱབ་པ་ཡིན་ནམ་སྙམ་མོ།། ཨ་སྤེན།
བརྗོད་གཞི་གཞན་ཁག་ལ་གཟིགས། |
---|
|
This user has not yet confirmed his email address and account! This e-mail address is being protected from spambots, you need JavaScript enabled to view it
སྒོར་མོ་ཡོད་ན་སྤྲུལ་སྐུ་ཡོད་ སྒོར་མོ་ཡོད་ན་བླ་མ་གཉེས་ སྒོར་མོ་ཡོད་ན་
མཁན་པོ་གཉེས་ སྒོར་མོ་ཡོད་ན་དགེ་འདུན་གཉེས་ སྒོར་མོ་ཡོད་ན་སྤུན་ཉེ་མང་ སྒོར་མོ་ཡོད་ན་བླ་ན་མེད་པར་བརྩི་ ཐམས་བཅད་སྒོར་མོ་དག་ལ་རག་ལས་པས་སྐྱབས་དང་རེ་ས་དངོས་ནི་སྒོར་མོ་ལས་མི་འདགས་པས་ ཨ་རི་སྒོར་མོ་ལ་ཕྱག་འཚལ་ལོ་། ཡུ་སྒོར་ལ་ཕྱག་འཚལ་ལོ་། ཁེ་སྒོར་ལ་ཕྱག་འཚལ་ལོ་། སུར་སྒོར་ལ་ཕྱག་འཚལ་ལོ་། ཨོ་སྒོར་ལ་ཕྱག་འཚལ་ལོ་། མདོར་ན་ཡུལ་ཐང་ཆེ་བའི་སྒོར་མོ་རྣམས་ལ་ཕྱག་འཚལ་ལོ་།།།
This user has not yet confirmed his email address and account!