facebook བཀག་འགོག་བྱེད་པར་ཁྱེད་ལ་བསམ་ཚུལ་ཅི་ཡོད།

ལས་ཁུངས་སུ་ལས་ཀའི་དུས་ཡུན་ནང་ལས་བྱེད་རྣམས་facebook ལ་མགོ་འཁོར་གྱི་ཡོད་པའི་རྐྱེན་གྱིས། རྒྱ་གར་ནུབ་ཕྱོགས་སུ་ཡོད་པའི་མཱཧ་ར་ཤིས་ཏ་ར་མངའ་སྡེའི་གཞུང་གིས། སྤྱི་ཚོགས་ནང་དར་ཁྱབ་ཆེ་བའི་དྲ་རྒྱ་དེ་ཆེས་མཐོའི་ཁྲིམས་ཁང་སོགས་སུ་བཀག་འགོག་བྱས་ཡོད་འདུག

དེ་ཡང་རྒྱ་གར་གྱི་དུས་བབ་ཅེས་པའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་གར་ནུབ་ཕྱོགས་མཱཧ་ར་ཤིས་ཏ་ར་མངའ་སྡེའི་གྲོང་ཁྱེར་མོང་བྷེ་ནང་ཡོད་པའི་མན་ཋར་ལ་ཡ་ཆེས་མཐོའི་ཁྲིམས་ཁང་སོགས་སུ་དེང་སང་སྤྱི་ཚོགས་ནང་དར་ཁྱབ་ཆེ་བའི་དྲ་རྒྱ་པེ་སི་བྷོ་ཁི་ facebook བཀག་འགོག་བྱེད་དགོས་ཐུབ་ཡོད་འདུག

དེ་ལྟར་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་ནི། ཁྲིམས་ཁང་ནང་གི་ལས་བྱེད་པ་ཚོས་ལས་ཀའི་དུས་ཚོད་ནང་ facebook བསྔོགས་ནས་གློག་བརྙན་ལྟ་བ་དང༌། གྲོགས་པོ་དང་གྲོགས་མོ་ཚོའི་པར་རིས་ལ་བལྟ་བ། ཁོང་ཚོ་དང་ལྷན་དུ་ཡིག་ཐོག་སྐད་ཆ་བྱེད་ནས་བསྡད་སྐབས། ལས་ཀ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་སྐོར་བརྗོད་འདུག

ཡང་ཁྲིམས་ཁང་དེའི་ལས་བྱེད་པ་ཞིག་གིས་བཤད་དོན། ང་ཚོས་ཉིན་གུང་གསོལ་ཚིགས་ཀྱི་དུས་སྐབས་དང༌། ལས་ཀ་གལ་ཆེན་པོ་མེད་པའི་སྐབས་སུ་ཁོ་ན་ལས་དུས་རྒྱུན་ལས་ཁུངས་ནང་ facebook བེད་སྤྱོད་བྱེད་བཞིན་མེད་པའི་སྐོར་འགྲེལ་བརྗོད་བྱས་འདུག

གང་ལྟར་ཡང༌། ཁྲིམས་ཁང་དེའི་ཆེས་མཐོའི་འགོ་ཁྲིད་ཅིག་གིས་ཁྲིམས་ཁང་དེའི་ལས་ཁུངས་ནང་ཡོད་པའི་དྲ་རྒྱ་ནི། གཞུང་འབྲེལ་གྱི་ལས་དོན་ཁོ་ན་སྒྲུབ་ཆེད་ཡིན་པའི་གསལ་བཤད་བྱས་འདུག

དེར་བརྟེན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྲིམས་ཁང་དེའི་ནང་པེ་སི་བྷོ་ཁི་ facebook བཀག་འགོག་བྱེད་པའི་ལས་འགུལ་དེ་འགྲིག་འདུག་གམ། ཁྱེད་ཀྱིས་བསམ་ཚུལ་ཤོད་དང༌ཞེས་བཀོད་འདུག་པས།

གཤམ་དུ་ཀ་ཕྲེང་སྒྲིག་པ་དེ་དག་ནི་ facebook སྐོར་གཞན་གྱིས་བསམ་ཚུལ་སྤེལ་བ་ཁག་ཅིག་རེད།

ཀ༽ ངའི་བསམ་པར་བཀག་འགོག་བྱས་པར་འགྲིག་འདུག ང་ནི་ཨོ་མན་ནང་རྒྱལ་སྤྱིའི་བཟོ་ཚོང་ཁང་ཞིག་ཏུ་ལས་ཀ་བྱེད་མཁན་ཞིག་ཡིན། བཟོ་ཚོང་ཁང་འདིས་ཀྱང་དགོས་དབང་ཞིག་གིས་སྤྱི་ཚོགས་འབྲེལ་ལམ་གྱི་དྲ་རྒྱ་ཚང་མ་བཀག་འགོག་བྱས་ཡོད་པ་རེད།

ཁ༽དེས་ལས་ཀར་ཤུགས་རྐྱེན་ཐེབས་སྲིད། འོན་ཀྱང་ལས་ཀ་དང་དྲ་རྒྱའི་ཁྲལ་འབབ་སོ་སོར་བཀལ་བ་ཡིན་ན་ལས་ཀར་ཤུགས་རྐྱེན་ཉུང་བར་ཐེབས་སྲིད།

ག༽མི་ལ་ཇི་ཙམ་སྟངས་འཛིན་བྱས་པ་ཡིན་ན་དེ་ཙམ་གྱི་གྲུབ་འབྲས་སྤུས་དག་པོ་དང༌། ཚོགས་པ་ཚགས་ཚུད་པོ་ཆགས་སྲིད།

ང་༽ དངོས་གནས་དྲ་ཐོག་ནས་མི་ལ་བསམ་ཚུལ་བརྗེ་རེས་བྱེད་པར་གཞུང་གིས་བཀག་འགོག་བྱས་པ་ནི་ཡག་པོ་ཞིག་མ་རེད། མི་མང་ཚོས་ང་ཚོའི་གཞུང་ནི་དོན་ངོ་མར་གཅིག་སྡུད་ཀྱི་གཞུང་ཞིག་ཏུ་འདོད་སྲིད།

ཅ༽ ཁྲིམས་ཁང་གི་འགོ་ཁྲིད་ཀྱིས་གསུངས་བ་ནང་བཞིན། ལས་ཁུངས་ནང་གི་དྲ་རྒྱ་ནི་གཞུང་འབྲེལ་གྱི་ལས་དོན་ཁོ་ནའི་ཆེད་ཡིན། གལ་སྲིད་ facebook སྒང་རང་ཉིད་སྒེར་གྱི་ལས་དོན་ཡོད་ཚེ་སོ་སོའི་ནང་ལ་དྲ་རྒྱ་ཉོས་ན་འགྲིག་གི་རེད། ཚོགས་སྡེ་སུ་ཞིག་གིས་ facebook བཀག་འགོག་བྱེད་པ་ནི་རླབས་ཆེན་གྱི་བྱ་བ་ཞིག་རེད།

ཅ༽ ལས་ཁུངས་ནང་བཀག་འགོག་བྱེད་པར་འདོད་བློ་ཁེངས་སོང༌། བཀག་འགོག་དེ་ནི་འགྲིག་པའི་ལས་འགུལ་ཞིག་ཡིན་པ་ནི་སྨྲོས་མེད་ཡིན། ངའི་བསམ་པར་དེ་ནི་ཕུལ་དུ་བྱུང་བའི་བྱ་བ་ཞིག་རེད། ༼པེ་སི་བྷོ་ཁི་མེད་ན་དུས་ཚོད་ལ་ཆུད་ཟོས་མེད་༽ ངའི་སྒེར་གྱི་བསམ་ཚུལ་ལ་དེ་ནི་དུས་ཚོད་འཕྲོ་བརླག་གཏོང་མཁན་ཞིག་རེད་འདུག་པས། ངེས་པར་དུ་རྒྱ་གར་རྒྱལ་ཡོངས་སུ་བཀག་འགོག་བྱེད་དགོས་པ་རེད།
སངས་རྡོས་ཕབ་བསྒྱུར་བྱས།།

གནས་ཚུལ་འདི་ལྟར་ང་ཚོའི་གཞུང་དང་ཚོགས་སྡེ་ཁག་ཏུའང་ཡོང་མེད་པ་དང་། ཡོང་མི་སྲིད་པ་ཞིག་མིན་པས་ཁྱེད་ཀྱིས་དགོངས་ཚུལ་ཞིག་གསུང་དང་།


ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (8)
སྐུ་ཞབས་རིག་པ་འཛིན་པ་ལགས། ཚིག་སྐྱོན་གྱི་མེ་ཆུང་དེས་དོན་གྱི་ནགས་ཚལ་ལྷག་མེད་དུ་གཏོང་ཉེན་ལ། དོན་གྱི་བྲོ་བསྐྱོན་སའི་ལྡིངས་ཆ་ཇི་འདྲའི་ཉམས་མཚར་ཡང་ཚིག་གི་ཟློ་གར་བ་དག་གི་སྐུ་འཇོ་སྒེག་གི་མཛེས་ཉམས་དང་།
གསུང་ལྷན་སྐྱེས་ཀྱི་སྐད་ངག་རང་ཆས་སུ་མངའ་བ། ཐུགས་གཟིགས་མོ་བ་དག་གི་ཡིད་ངོས་སུ་འཆར་བ་དག་འདྲེན་བྱེད་ལ་ཇི་བཞིན་བཤམས་ནུས་ཀྱི་ཁྱད་ཆོས་་ཀྱིས་དབེན་ན་ལེགས་སམ། ་ལེགས་པར་སོམས་ཤིག ཤིན་ཏུ་ལེགས་པར་སོམས་ཤིག ཆེས་ཤིན་ཏུ་ལེགས་པར་སོམས་ཤིག
གལ་ཏེ་དེ་ལྟར་ལེགས་སྙམ་ན་ཁྱེད་ཀྱང་གཟུགས་བཟང་ཅན་གྱི་གླེན་པའི་གྲལ་དུ་མ་བསྐུལ་དང་བླང་གི་འཁོད་པར་གྱུར་རོ།
ཁོ་བོས་བཀོད་པའི་སྐྱོན་ཆུང་དེ་སྐུ་ཞབས་གདོང་སྨེ་ཅན་ལགས་ཀྱི་ཞུ་དག་ལེགས་པར་བཏང་བྱུང་བས་དེ་ལ་ཁ་ཞེ་གཉིས་སུ་མེད་པར་དགའ་མགུ་ཡི་རང་ཞུ།
སྐུ་ཞབས་རིག་པ་འཛིན་པ་ལགས། བརྗོད་བྱའི་དོན་གང་ཞིག་འཆད་འགོད་བྱེད་ཚེ་རྗོད་བྱེད་ཀྱི་མིང་ཚིག་དང་ཕྲད་རྣམ་དབྱེ་སོགས་བརྡ་དག་རིག་པའི་གཞུང་ལྟར་ཇི་བཞིན་འབྲི་ན་ལེགས་སྙམས་ཏེ་ཕྲན་ཆུང་གིས་བསམ་ཚུལ་ཕྲན་བུ་བྲིས་ཤོར་སོང་། ཡིན་ནའང་ཁྱེད་ཀྱིས་དགོངས་ཚུལ་གསུངས་སྟངས་ལ་བལྟས་ན། ནོར་འཁྲུལ་བྱེད་མཁན་ལས་ནོར་འཁྲུལ་རྗོད་མཁན་ལ་ཉེས་པ་ཆེ་བ་འབབ་ཡོད་ཚོད་འདུག་ན། གུས་པས་ཁྱེད་ལ་དགོངས་དག་ཐུགས་བདེན་ཞུ་ཆོག །དེ་ལས་ལྷག་པ་ནི་གང་ཡང་ཞུ་རྒྱུར་མེད། བཀྲིས་བདེ་ལེགས།་་་་་་་་་་་་་་་་
5 ༢༡༢༠༡༢༠༨༣༩
སྐུ་ཞབས་གདོང་སྨེ་ཅན་ལགས། སྤྱིར་བཏང་སུ་ནི་གང་ཟག་གང་ཀུན་ལའོ་ཞེས་པ་ནི། བདེན་མོད་ཀྱི་འོན་ཀྱང་སྐབས་བབ་ཀྱི་བརྗོད་གཞི་ནི། ངོ་དེབ་བཀག་སྡོམ་བྱ་རུང་མིན་གྱི་སྐོར་ལ་ཡིན་པས་བརྗོད་བྱ་དབེན་པའི་ཚིག་སྙན་པོ་ཙམ་བསྙད་པ་ནི་དོན་མེད་ཡིན་ཏེ། གཟུགས་བཟང་ཅན་གྱི་གླེན་པ་དང་ཆོས་མཚུངས་པའི་ཕྱིར་རོ།
4 ༢༠༢༠༡༢༡༧༠༣
ཀ༽རྒྱ་གར་གྱི་ཁྲིམས་ཁང་ལ་ལས་ངོ་དེབ་འགོག་སྡོམ་བྱེད་བཞིན་པའི་གནས་ཚུལ་དེ་ཡོངས་སུ་འགྲིག་པར་འདོད། མི་ལ་ལས་ཀྱིས་ངོ་དེབ་ནི་སྤྱི་ཚོགས་ནང་དུ་མི་དང་མིའི་བར་བསམ་ཚུལ་སོགས་བརྗེ་ལེན་བྱེད་སའི་བརྒྱུད་ལམ་གལ་འགངས་ཅན་ཞིག་ཡིན་རབས། དེ་འགོག་སྡོམ་བྱེད་བཞིན་པ་ནི་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་ཐེབས་རབས་སོགས་བགྲང་གིན་རེད། ཡིན་ནའང་ང་ཚོས་བལྟ་ས་གཙོ་བོ་གཉིས་ཡོད། དང་པོ། རྒྱ་གར་གྱི་ཁྲིམས་ཁང་སོགས་གཞུང་ལས་ཁང་དུ་གཞུང་ལས་གནང་བཞིན་པའི་དུས་ཚོད་ལ་སྒེར་འབྲེལ་ངོ་དེབ་སྤྱོད་མི་ཆོག་པ་ཡིན་འདུག་མ་གཏོགས་ཆུ་ཚོད་ཉི་ཤུ་རྩ་བཞིའི་ནང་དུ་ངོ་དེབ་རྩ་ནས་བེད་སྤྱོད་མི་ཆོག་པའི་དོན་མིན་པ་འདྲ། དེ་ནི་གཞུང་སྒེར་གང་གི་ལས་གྲྭ་བྱེད་བཞིན་པའི་སྐབས་སུ་སྒེར་འབྲེལ་ངོ་དེབ་ལྟ་ནས་སྡོད་ན་ལས་རོགས་ཚོས་ཀྱང་བསམ་འཆར་འདོན་སྲིད་པ་ལས་རྒྱབ་སྐྱོར་ནམ་ཡང་བྱེད་མི་སྲིད། གཉིས་པ། རྒྱ་གར་གྱི་ཁྲིམས་ཁང་སོགས་སུ་ངོ་དེབ་འགོག་སྡོམ་བྱེད་བཞིན་པ་དེའི་དགོས་དམིགས་ལ་བལྟས་ན་གཞུང་དོན་ལེགས་འགྲུབ་ཡོང་ཆེད་ཁོ་ན་ཡིན་འདུག་ན་མི་མང་ཚང་མས་ངོ་དེབ་འགོག་སྡོམ་གྱི་བྱེད་སྒོ་ལ་རྒྱབ་སྐྱོར་བྱེད་དགོས་པ་ལས་དགག་བྱ་བྱེད་ན་སྨྱོན་པ་ཡིན་བགྱི་རེད། འདིའི་ཡན་འདབས་རྒྱ་གར་གྱི་ངོ་དེབ་འགོག་སྡོམ་གྱི་བྱེད་སྒོ་ལ་ཕྲན་ཆུང་གི་རྒྱབ་སྐྱོར་གྱི་རྣམ་པར་མཚོན་ཆེད་ཀྱི་བསམ་ཚུལ་ཡིན།
ཁ༽འུ་ཚོ་བོད་པའི་སྤྱི་ཚོགས་སུའང་ངོ་དེབ་སོགས་སྒེར་འབྲེལ་རིགས་གཞུང་ལས་སྐབས་དང་ཚོགས་འདུ་སྐབས་སོགས་སུ་འགོག་སྡོམ་བྱེད་ན་། དེ་ནི་ཆུ་མ་ཡོང་གོང་ནས་རགས་ཟེར་བའི་དཔེར་ལྟར་རྒྱ་གར་ནས་ལེགས་ཆ་ཞིག་བླངས་ཐུབ་པར་སེམས།
ག༽ ཡོན་ཏན་ལགས་ཀྱིས་གཞུང་སྒེར་གྱི་ཚོགས་པ་སུ་ཞིག་ཅེས་བྲིས་པའི་ནང་དུ་ལེགས་ཤོས་བྱས་ན་གཞུང་སྒེར་གྱི་ཚོགས་པ་གང་ཞིག་ཅེས་བྲིས་ན་ལེགས་སྙམས ། ''སུ་ནི་གང་ཟག་གང་ཀུན་ལའོ''ཞེས་པར་བསམ་གཞིགས་གནང་རོགས།
3 ༢༠༢༠༡༢༡༦༠༥
ངོ་དེབ་བཀག་སྡོམ་བྱས་དང་བྱེད་འགྱུར་གྱི་གཞུང་སྒེར་གྱི་ཚོགས་པ་སུ་ཞིག་ཡིན་རུང་དེ་ནི་རྩ་བ་བོར་ཏེ་ཡལ་ག་བསྡམ་པོར་བཟུང་བའི་གླེན་རྟགས་སུ་ངེས་ཏེ། ངོ་དེབ་ཀྱི་བྱུང་ཁུངས་ནི་གློག་ཀླད་དང་ལག་ཐོགས་ཁ་པར་ཡིན་པ་གང་ཞིག ཇི་སྲིད་དེ་གཉིས་་མ་དགག་པར་དེ་སྲིད་དུ་དེ་ལས་བྱུང་བའི་ངོ་དེབ་ནི་ཇི་ཙམ་འགོག་ཀྱང་མི་ཁེགས་པའི་ཕྱིར། དཔེར་ན། ལོ་ན་གདོས་པའི་སྐྱེས་པ་རྣམས་ཀྱི་ཁར་སྐྱེས་སྤུ་དང་མགོར་སྐྱེས་སྐྲ་སོགས་ཇི་ཙམ་བྲེགས་ཀྱང་གཏན་ནས་མི་སྐྱེ་བའི་གནས་སུ་ནི་མི་གྱུར་བ་བཞིན་ནོ།།
སྐུ་ཞབས་ཡོན་ཏན་ལགས་ཀྱིས་གོང་བཀོད་རྒྱུ་མཚན་དག་མཁའ་ལམ་ལ་འཇའ་མཚོན་ལྟར་བཀྲ་ཡང་དོན་ལ་མི་གནས་ཏེ། དུས་ཚོད་ཆཱུད་ཟོས་སུ་གཏོང་བ་ཙམ་དང་། དེ་བཞིན་བརྩེ་དུང་རིང་བསྐྱུར་གྱི་ལྷག་རླུང་ཡིན་པ་ཙམ་གྱིས་ཡིན་ན་ནི་། བྱིས་པ་རྣམས་རོལ་བའི་གློག་ཀླད་ཀྱི་རྕེད་མོའི་རིགས་དང་། གཞོན་པ་རྣམས་བཞུད་སའི་བྲོ་ཁང་་གློག་བརྙན་ཁང་ཆེན་སོགས་དང་། དུས་ཡོལ་གྱི་རྒན་པ་རྣམས་་རྒྱལ་ཡོངས་ཀྱི་གནས་ཚུལ་དང་གཟིགས་མོ་རྣམས་སྐ་ཅིག་ལ་འཆར་བའི་ཁང་ཉར་གློག་བརྙན་སོགས་ཀྱང་བཀག་བསྡོམ་བྱེད་དགོས་པའི་སྐབས་ཤིག་སླེབས་ལ་ཉེ་བར་མ་གྱུར་རམ་ཀྱེ།
ངོ་དེབ་ནི་སྤྱི་སྒེར་ཀུན་གྱི་ཆེས་རིན་ཐང་ཆེ་བའི་དུས་ཚོད་ཀྱི་བཤན་པ་ཞིག་ལ་ངོ་འཛིན་ན་དེ་ལ་འགོག་བྱེད་ཀྱི་སྒྲུབ་བྱེད་འཁྱོག་བརྗོད་ཅིག་ཡོད་ན་ལས་བྱིས་གཞོན་རྒན་གསུམ་ཀུན་གྱི་འདྲེན་བྱེད་ལ་མཛེས་ཤིང་རྣ་བར་ཡང་འཇེབས་ལ་ཀླད་པ་ཕར་བརྐྱངས་ཚུར་བརྐུམས་བརྒྱ་སྟོང་དུ་བྱེད་ཀྱང་ག་ལ་བཀོད་འོས།
སྤྱི་སྒེར་གང་ལ་མཚོན་ན་ཡང་ངོ་དེབ་(facebook)ནི་དུས་ཚོད་ཀྱི་བཤན་མ་དང་། འོད་སྟོང་འཕྲོ་བའི་མདུན་ལམ་འགོག་བྱེད་ཀྱི་རྡོ་ཆེན་ཞིག་ལ། འོ། གསང་ཞིང་གབ་་པའི་གཏམ་དཀྲོགས་ཀྱི་ཉུལ་མ། ཕོ་མོའི་བརྩེ་བ་རིང་བསྐྱུར་གྱི་ལྷག་རླུང་ཞིག་ལ་ངོ་འཛིན་ན་ཅིས་མི་རུང་ངམ།



བརྗོད་གཞི་གཞན་ཁག་ལ་གཟིགས།