དཔེ་བཞག་ན་འདྲ་མ་འདི་འདྲ་རེད།

རྒྱལ་གཞིས་ཤོར་ཁར་རྒྱལ་ཁམས་ལེ་ལྟར་འབར། །
ཕ་གཞིས་ཤོར་ཁར་བུ་སྤུན་དགྲ་ལྟར་གྱུར། །
རང་སྲོག་ཤོར་ཁར་རང་ལུས་བྱ་ལྟར་ཡང༌། །
དེ་གསུམ་འཇིག་རྟེན་གནའ་མིའི་དཔེ་རུ་གྲགས། །
རང་དབང་ཆེད་དུ་རང་སེམས་སྡུག་ལ་སྦྱར། །
སྒོར་མོ་ཆེད་དུ་རང་གི་ལུས་ཡང་གཙོང༌། །
བདེ་བའི་ཆེད་དུ་གཅིག་ལས་གཅིག་འགྱོག་རྒྱུ། །
དེ་གསུམ་འཇིག་རྟེན་འདིའི་མཚན་ཉིད་ལགས། །

བོད་ཁམས་འཇིགས་ཁར་བོན་གྱི་བསྟན་པ་བསྣུབས། །
རྒྱ་དམར་འོངས་ཁར་རྒྱ་ཟས་སྣ་ལ་ཞིམ། །
རང་བཙན་ཤོར་ཁར་རྭ་སྟག་ནང་འཁྲུག་བྱས། །
དེ་གསུམ་བོད་པ་ཚང་གི་ལོ་རྒྱུས་རེད། །

བཙོན་བྱོལ་ཁྲོད་དུ་ཕན་ཚུན་རྩོད་གླེང་བྱས། །
བོད་ཞེན་ཅན་རྣམས་བོད་ཚོང་ཞྭ་མོ་གཡོག །
ཨ་མིང་འཐབ་འཁྲུག་རྒོད་པའི་དུས་རབས་དེ། །
ང་ཚོ་བཙན་བྱོལ་འདིའི་བྱུང་རིམ་རེད། །

མི་ཚེ་རེ་སྒུག་སྐྱེལ་བའི་གོམས་གཤིས་དང༌། །
སྔར་ཡོད་ད་སྟོང་གླེང་བའི་ལུགས་སྲོལ་གཉིས། །
རྒྱུ་མེད་མཐོ་འདོད་སྟོན་པའི་སྣང་བ་གསུམ། །
ང་ཚོ་བོད་མི་རྣམས་ཀྱི་ཁྱད་ཆོས་ཡིན། །

ཅི་བསམས་གང་དྲན་གླེང་བའི་སྤོབས་པ་དང༌། །
སྐྱིད་ཉལ་ཞོགས་ཟས་སྤོང་བའི་གོམས་གཤིས་གཉིས། །
གཞན་བསྟུན་གྲོགས་ལ་མཐུན་པའི་ཁོག་ཡངས་གསུམ། །
རྒྱུན་དུ་བུ་ཆུང་ང་ཡི་འགྲོ་ལུགས་ཡིན། །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།