བང་ཆེན་དྲ་ཐོག་གི་བགྲོ་གླེང་གསལ་བརྡ།

བཀུར་འོས་དྲ་གྲོགས་ཡོངས་ལ། ཆེད་ཞུ། ཕྱི་ཟླ་༧པའི་ཚེས་༦ཏེ་༧གོང་ས་མཆོག་གི་སྐུ་ཡི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན་ནས་བོད་ཀྱི་བང་ཆེན་དྲ་ཐོག་སྐབས་གསུམ་བཀའ་ཁྲི་གླེང་བ་ཞེས་པའི་བརྗོད་གཞི་འོག་དྲ་ཐོག་བགྲོ་གླེང་ཞིག་བྱ་གཏན་འཁེལ་སོང་། དེ་ཡང་འཆམ་ར་དྲི་མེད་ལགས་ཀྱི་ཟིན་བྲིས་ནངབཀའ་ཁྲི་འཚོལ་བ་ཞེས་པའི་བརྗོད་གཞི་དང་།

གུས་པ་འབའ་པ་སྐལ་བཟང་གི་ཟིན་བྲིས་ནང་བཀའ་ཁྲིའི་འགན་ཁྲི་ཞེས་པའི་བརྗོད་གཞི་བཅས་བཟུང་ནས་བགྲོ་གླེང་ཞིག་བྱ་རྒྱུ་ཡིན་པས་རྣམ་པ་ཚོས་གང་མང་མཉམ་བཞུགས་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།

བགྲོ་གླེང་གྲུབ་མཚམས་བསམ་ཚུལ་ཡོད་ཚད་ཕྱོགས་བསྡོམས་ཀྱིས་གསར་ཤོག་གམ་དུས་དེབ་ཐོག་འགོད་པའམ།ཡང་ན་དམིགས་བསལ་གྱི་གསར་ཤོག་ཅིག་འདོན་རྒྱུ་ཡིན།

བགྲོ་གླེང་བྱ་ས། བང་ཆེན་ཟིན་བྲིས་ནང་འཆམ་ར་བ་དང་།ཕྲན་འབའ་པ་གཉིས་ཀྱི་ཟིན་བྲིས།

དུས་ཚོད། ཕྱི་ཟླ་༧ཚེས་༦ཉིན་སྔོ་དྲོ་ཆུ་ཚོད་༩ཐོག་ཚང་མས་ཕྲན་ཟུང་གི་ཟིན་བྲིས་ཐོག་འཛོམས་རོགས།

གོ་སྒྲིག་པ། འཆམ་ར་དྲི་མེད་རྒྱལ་མཚན།

འབའ་པ་སྐལ་བཟང་འཕྲིན་ལས།

འབོད་སྐུལ།   ཕྲན་ཟུང་གིས་གང་ཞིག་གླེང་བསླངསགཔའི་རྭ་བ་ལས་མ་བརྒལ་པའི་ཐོག་ནས་བསམ་ཚུལ་སྤེལ་རོགས།

དམིགས་བསལ་ཐུགས་སྣང་གལ་ཏེ་ཁྱེད་ལ་བང་ཆེན་དྲ་ཚིགས་ན་ཟིན་བྲིས་མེད་ན་ཡང་གློག་ཀླད་ཁ་བྱང་གི་ཐོག་ནས་མཆན་འདེབས་རྐྱང་པའི་སྒོ་ནས་མཉམ་བཞུགས་ཐུབ།

ད་ཐེངས་ཀྱི་བགྲོ་གླེང་ལ་ལམ་ལྷོང་ཡག་པོ་བྱུང་ན་ཕྲན་ཟུང་གིས་ཤམྦྷ་ལ་ཡི་དྲ་ཐོག་ན་དེ་བཞིན་བགྲོ་གླེང་ཞིག་གོ་སྒྲིག་བྱ་འཆར་ཡོད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༥༢༠༡༠༢༢༤༣
འདི་ལོ་བཀའ་ཁྲི་ལང་མཁན་ཡིན་ཟེར་མཁན་མཁས་དབང་མང་པོ་ཞིག་ཕེབས་སོང་དེའི་ནང་ནས་རྒྱལ་རི་སྒྲོལ་མ་དང་བསྟན་འཛིན་རྣམ་རྒྱལ་མཁས་དབང་བློ་བཟང་སེངྒ་གསུམ་ལ་ཧ་ཅང་གི་བགྲོ་གླིང་གནང་གི་འདུག་པས་གུས་པ་ཤིན་རྟུ་དགའ་བོ་བྱུངས་སོང་།ཡིན་ན་ཡང་མི་ཚང་མིས་ཆོལ་གསུམ་གཅིག་སྦྲེལ་དགོས་རེད་ཟེར་ནས་རླུང་ལྟར་གྲགས་ཀྱང་།དཔེར་ན་རྒྱལ་རི་སྒྲོལ་མ་ལྟ་བུ་ད་ལྟའི་བཀའ་ཁྲི་འོས་ཆོས་ཚང་མི་འདུག་གང་ཡིན་་ཟེར་ན་ད་ལྟའ་བཀའ་ཁྲི་ལ་ངེས་པར་དུ་ཕྱི་ཡི་ལྟས་ན་མི་རབས་གསར་པ་ལ་རྒྱུད་འཛིན་བྱེད་མཁན་འདུག་བསམ་པ་དང་རང་གི་ལྟས་ཡོད་བསམ་བསམ་ཞིག་དགོས།།



བརྗོད་གཞི་གཞན་ཁག་ལ་གཟིགས།