མཆོད་མེ་དཔེ་དེབ་ཐོན་སོང་།

མཆོད་མེ་སྙན་དེབ་ནིབེ་རི་སྨྱོན་ཕྲུག་གམ་བེ་རེ་དཔལ་ལྡན་རྣམ་རྒྱལ་ལགས་ཀྱིས་གཤེགས་ཟིན་པའི་ཡབ་ཡུམ་གཉིས་ལ་རྗེས་དྲན་གྱི་ཆེད་དུ་དཔར་འགྲེམས་བྱས་པ་རེད། དེབ་འདིར་གཙོ་བོ་ཡབ་ཡུམ་གཉིས་དྲན་པའི་མིག་ཆུ་ལྟ་བུའི་སྙན་ངག་དང་། རྒྱལ་ཁའི་འཛུམ་ཟེར་ལྟ་བུའི་སྙན་ངག བརྩེ་བའི་སྦྲང་རྩི་ལྟ་བུའི་སྙན་ངག་ཁག་ཀྱང་ལྷན་ཐབས་བྱས་ཡོད། ཁྱོན་བསྡོམས་པའི་སྙན་ངག་གྲངས་༣༤ཡོད་པ་རྣམས་རྗེས་དྲན་རྡོ་རིང་། བསྟོད་ཚོགས། སྨྱོན་པའི་བཟི་གཏམ་བཅས་ཚན་པ་གསུམ་དུ་བསྡུས་ཡོད། ཚིག་སྦྱོར་ཐད་གྲག་སཅན་རྩོམ་ པ་པོ་བེ་རི་འཇིགས་མེད་མཆོག་དང་ཧ་ཅང་ཉེ་བས་ཀློག་པ་པོ་མང་པོས་ཁོང་ལ་བེ་རི་འཇིགས་མེད་ཀྱི་མ་འདས་སྤྲུལ་སྐུ་ཞེས་པའི་བརྡ་ཆད་ཅིག་བཏགས་ཡོད། མི་རིང་པར་ཁོ་བོས་ཀྱང་དྭ་ ཕྲུག་དང་མ་འདས་སྤྲུལ་སྐུ་ཡི་རྒྱལ་ཕམ་གླེང་བ་ཞེས་པའི་བེ་རི་དཔལ་ལྡན་གྱི་སྙན་དེབ་ལ་དཔྱད་བརྗོད་ཅིག་སྤེལ་རྩིས་ཡོད།
དེབ་འདི་བེ་རི་དཔལ་ལྡན་ལགས་ཀྱི་ཆེད་རྩོམ་དེབ་ཕྲེང་གཉིས་པ་དེ་རེད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༣༢༠༡༠༡༡༥༡
བོད་ལ་དགའ་བའི་བུ་
གོ་རྒྱུ་ཚོར་རྒྱུ་མི་འདུག མི་སྨྱོན་དང་དེབ་སྨྱོན་གྱི་ས་གཞི་ཁེངས་པ་ཞེས་པའི་སྒྲུང་ཞིག་བྲིས་ན་གང་འདྲ་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།