གྲ་བ་ཚོ་ནི་དམག་མི་ངོ་མ་ཞིག་རེད་འདུག

ཁྱེད་ཀྱིས་གྲ་བ་ཚོ་དམག་མི་རེད་འདུག་ཅེས་པའི་ཁ་བྱང་དེ་མཐོང་དུས་སེམས་ལ་བཟང་ངན་དང་ཡག་སྡུག་ཅི་རིགས་ཀྱི་ཐོག་ནས་དམག་མི་ཡིན་པར་འགྲེལ་བསམ་མོད།ཁོ་བོས་འདི་ལྟར་གླེང་པ་ནི་དེང་སང་གསར་འགྱུར་གྲགས་ཆེ་ཤོས་ཏེ། སྒ་སྐྱེ་རྒུ་མདོ་ཡི་ས་ཡོམ་གྱི་དོན་རྐྱེན་དེ་བརྙན་འཕྲིན་ཀྱིས་མཚོན་པའི་གསར་འགྱུར་རྒྱུད་ལམ་ན་མཐོང་ཐེངས་རེ་ལ་ངུར་སྨྲི་གི་གཟན་བཤམ་ས་རྡུལ་གྱིས་ཁེངས་པའི་གྲ་བ་བརྒྱ་ཕྲག་མང་པོས་ས་ཡོམ་གྱི་གནོད་སྐྱོན་ཐེབས་པའི་མི་དམངས་རྣམས་སྐྱོབ་པའི་སླད་ཁང་ཁྱིམ་ཞིག་རོག་རྣམས་སྔོག་འདོན་དང་། གཤིན་པོ་དུར་འཇུག་བྱས་པ་སོགས་ཀྱི་རོགས་སྐྱོར་བྱས་པ་་མཐོང་གིན་འདུག དེ་མཐོང་ཐེངས་རེར་འདས་ཟིན་པ་དང་ད་ལྟའི་གནས་ཚུལ་དུ་མ་ཡི་ཐོག་ནས་གྲ་བ་རྣམས་དམག་མི་དངོས་མ་ཞིག་གི་འདུ་ཤེས་སྐྱེས་འོངས་གིན་འདུག བོད་སིལ་བུར་འཐོར་ཏེ་རྒྱལ་ཕྲན་བར་འཐབ་ཁྲུག་གི་གོང་བུ་གཅིག་སྒྲིག་ནུས་པ་ཉམས་ནས་སོག་པོ་ཡི་དབང་འོག་ཏུ་ཤོར་སྐབས་བོད་ཀྱི་གྲ་བས་བསམ་བློ་ཡིསག་དམག་ཁྲུག་སློང་ནས་བོད་སྐྱོབ་ཡོད།དེ་བཞིན་ཆོས་ལུགས་འཐེན་ཁྱེར་དམངས་ཁྲོད་ལ་སླེབས་ནས་བོད་དམངས་ཁྲོད་ཁྲག་གི་འཁོལ་ལོ་སྐོར་དུས་གྲ་བས་སྣེ་འཁྲིད་པའི་གཞུང་ས་དགའ་ལྡན་ཕོ་བྲང་འཛུགས་པ་སོགས་ཀྱི་ལོ་རབས་རྙིང་པའི་སྐབས་ནས་བོད་ཀྱི་གྲ་བས་ལུས་ངག་ཡིད་གསུམ་གྱི་དམག་ཐེངས་མང་རྒྱག་ནས་བོད་འདི་ཐེངས་མང་བསྐྱབས་འདུག ཉེ་བའི་ལོ་རབས་ལྔ་བཅུ་པའི་ནང་རྒྱ་དམག་གིས་བོད་ལ་ཐོག་མར་བཙན་འཛུལ་བྱེད་སྐབས་སུའང་ཐབས་ཤེས་ཡོད་དགུ་བཏོན་ཏེ་ཐ་ན་དམག་མི་ཚུན་ཆད་ཀྱང་བཞུགས་ཏེ་རྒྱ་རྒོལ་བྱས་ཡོད། བོད་རྒྱ་འོག་ཏུ་ཤོར་རྗེས་སུ་རིག་གནས་གསར་བརྗེ་ཡི་ཟེར་བ་སོགས་སློབ་གསོ་དང་བྱ་འགུལ་སྣེ་མང་སྤེལ་ཏེ།བོད་ཁམས་སུ་རང་བཙན་གྱི་འབོད་སྒྲ་ནུབ་ལ་ཉེ་བའི་སྐབས་སུའང་གྲ་བས་སྣེ་ཁྲིད་པའི་ཞི་རྒོལ་ཐེངས་མང་སློང་པ་བརྟེན་བོད་ཀྱི་འཐབ་འཛིན་དེ་མི་རབས་གསར་པའི་ལག་ཏུ་རྩིས་སྤྲོད་ཐུབ་པ་བྱུང་ཡོད། དེ་བཞིན་ས་བྱི་ཡི་ཞི་རྒོལ་ཐོག་མར་སློང་མཁན་དང་བར་དུ་ཁྱབ་བསྒྲགས་གཏོང་མཁན་ཐ་མར་བཙོན་འཇུག་དང་སྲོག་ཤོར་མཁན་ཡང་མང་ཆེ་བ་གྲ་བ་ཡིན། ད་ལོའི་ས་ཡོམ་དོན་རྐྱེན་བྱུང་སྐབས་སུ་ཡང་དམག་མི་རོགས་སྐྱོར་མ་སླེབས་པའི་སྔོན་ནས་གྲ་བ་ཚོས་ས་གནས་སུ་འབྱོར་ནས་གསོན་པོ་ཉེན་སྐྱོབ་ཆེད་ཁམ་ཁྱིམ་ཞིག་རོ་བསྔོགས་པ་དང་།གཤིན་པོ་དུར་འཇུག་ད་དུང་སྡོད་གུར་དང་བཟའ་ཆས་སོགས་ཀྱི་རོགས་སྐྱོར་གནང་འདུག རྒྱ་ཡི་དམག་མི་ཡིས་རོགས་སྐྱོར་སླེབས་རྗེས་སུ་ཡང་ཉེན་ཁ་ཅན་ཡོད་ཚད་གྲ་བ་རྣམས་ཀྱིས་རང་སྲོག་ལའང་འཛེམ་མེད་ཀྱི་ཐོག་ནས་རོགས་སྐྱོར་བྱས་ཡོད། བོད་ཀྱི་ས་གནས་མང་པོར་དགོན་སྡེ་དག་གིས་སྣེ་ཁྲིད་ནས་ཞལགའདེབས་བསྡུ་རུབ་དང་གྲ་བ་གཉེན་སྐྱོབ་ཀྱི་རེད་དུ་མངགས་ཡོད།ད་ཐེངས་གྲ་བའི་དམག་འཐབ་འདིས་རྒྱ་ཡི་ལག་ནས་བོད་མི་ཡི་སེམས་པ་ཤོར་མེད་པ་མ་ཟད།རྒྱལ་སྤྱི་ཡི་སྒང་རྒྱ་ཡི་ངོ་གདོང་རྫུན་མ་གཅིག་བསྒྲིག་བཞིན་པ་དེ་་ཡང་གཏོར་ཐུབ་པ་བྱུང་འདུག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༡༥༢༠༡༡༠༠༠༧
སེར་རྒོད།སྒྲོལ་མ
གལ་ཏེ་དགེ་འདུན་པ་མེད་ན་ང་ཚོའི་དབུ་ཁྲིད་་མེད་ལ་་་དགེ་འདུན་པ་མེད་ན་་་ང་ཚོའི་་་སྐྱབས་གནས་ཀྱང་མེད་་་དེས་ན་་དགེ་འདུན་པ་ནི་ནམ་ཡང་བོད་མོའི་་་སྐད་ཡིག་གི་སྲོག་རྩ་ངོ་མ་དེ་རེད
འུ་ཚོའི་སྤྱི་ཚོགས་འདིར་གྲ་པ་རྣམས་ནི་མི་རིགས་ཤིག་འཆི་ཁར་སྐྱོབ་མཁན་གྱི་སྐོར་བསྼུང་བ་རེད་ལ་ནམས་ཡང་བདེན་དོན་འཚོལ་བའི་དཔའ་བོ་ཞིག་ཀྱང་རེད་ཟེར་གྱི་འདུག། བློ་ཁ་ནང་དུ་ཕྱོགས་ནས་བསམས་བློ་ཞིག་བཏང་ན་འུ་ཚོའི་གྲ་བ་དེ་དག་ངོ་མ་ཆོས་བྱེད་ཀྱི་ཡོ་རེད་སྲིད་སྐྱངས་ཀྱི་ཡོད་རེད། ང་ཚོ་ད་ལྟ་རང་ཡུལ་དགྲ་ལག་ཏུ་ཤོར་ནས་གཞན་ཡུལ་དུ་སྐྱབས་བཅོལ་དུ་ཡོང་དགོས་པ་དེ་འུ་ཚོ་ལ་ཡོད་པའི་མགོ་རིལ་ལྷ་ལུང་དཔལ་གྱི་རྡོ་རྗེའི་མདའ་ཞུ་གཅིག་གིས་འདི་ལྟར་བཟོས་པ་རེད། ད་དུང་འུ་ཚོའི་སྤྱི་ཚོགས་འདིར་བཙན་པོ་དར་མ་ཁོང་ལ་མིང་འདྲ་མིན་བཏགས་ནས་གླང་དང་བདུད་འབོད་སྲོལ་འདུག་ངོ་མ་ཁོང་ནི་བོད་ཀྱི་བདེ་སྡུག་ཁུར་ཏུ་ལེན་པའི་དཔའ་བོ་ཞིག་རེད་དྲན་ཀྱི་འདུག་གང་ཡིན་ཞེ་ན་ཁོང་གིས་བོད་ཀྱི་ཅབ་སྲིད་འདི་ཆོས་སྲིད་ཟུང་འབྲེལ་མ་ཡིན་པར་སྲིད་གཙང་མ་ཞིག་ཡོང་ཐབས་ལ་འབད་འདུག། དེར་བརྟེན་ཁོང་ལ་གླང་དང་བདུད་རེད་ཟེར་མཁན་དེ་དག་ཁོ་རང་ཚོ་བདུད་དུ་མཐོང་ངོ་ཞེས་ཞུ་གི་ཡོད་
1 ༢༥༢༠༡༠༡༨༤༣
གཅན་བསྟན་འཛིན
དུས་གང་དང་རྐྱེན་གང་ལ་ཕྲད་ཀྱང་ཁོང་ཚོས་དཔའ་ངར་ནི་སྔར་ལས་ཆེ་གྲགས་པ་འདི་ནི་དངོས་གནས་རེད
སྤྱི་ཚོགས་སྟེང་གྲ་བ་མི་འདོད་པས་མི་སྣ་ཡང་གང་མང་ཡོད་པས་དེ་ནི་ཁ་ཤས་ཙམ་གྱིས་འདོད་ཚུལ་ཡིན་པར་འདོད
གང་ལྟར་དགེ་འདུན་པ་དག་ནི་ཆོས་ས་ནས་ཚེས་སྔ་ཕྱི་གཉིས་ཀྱིས་སྐྱབས་མགོན་དང་དུས་འདི་མཚོན་ན་
ཆོས་སྲིད་གཉིས་ཀྱིས་སྐྱབས་མགོན་རུ་དང་ལེན་བྱེད་གི་ཡོད མཐར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བསླབ་བ་གསུམ་ལྡན་ངུར་སྨིག་འཛིན་པ་ཡིས །། འདུས་བས་ཚོགས་འདི་གནས་འདིར་ཡོངས་ཁྱབ་ཅིང།།
རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་མཐའི་བར།། ཐུབ་བསྟན་ཕྱོགས་བཅུ་རྒྱས་བས་བཀྲ་ཤིས་ཤོག །



བརྗོད་གཞི་གཞན་ཁག་ལ་གཟིགས།