དེངསང་དྷ་ས་ན་རྐུན་མ་ཇེ་མང་དུ་འགྲོ་བཞིན་འདུག

ང་ཁ་སྔོན་དྷ་ས་ན་ཟླ་བ་གཉིས་སྡོད་པའི་ཡུན་བསྟུན་མར་གྲོགས་པོ་གཉིས་ཀྱི་གློག་ཀླད་རྐུ་ཤོར་སོང་ལ། དེ་བཞིན་ཟླ་ཤས་སྔོན་ང་ཡི་ཨ་མའི་སྡོད་གནས་སུ་རྐུན་མ་འཛུལ་ནས་ལག་ཐོགས་ཁ་པར་གསར་རྙིང་བསྡོམས་པའི་དྲུག་བརྐུས་ཤོར་ཡོད། ད་དུང་ཁ་སང་ཨ་མས་ཁ་པར་ཐོག་ནས་འགྲེལ་བརྗོད་གནང་པ་ལྟར་ན། ཁོ་མོ་དང་ཁོ་མོའི་གྲོགས་མོ་དབྱིན་ཇིའི་འཛིན་གྲྭར་སོང་པའི་ཤུལ་དུ་སྡོད་གནས་སུ་རྐུན་མ་འཛུལ་ཏེ། སྒམ་གཏོར་ནས་གྲོགས་མོའི་གསེར་གྱི་རྣ་ལོང་དང་སྒོར་ཁྲི་གཅིག་ཁྱེར་འདུག་ཟེར།

 ད་ནས་ཅ་ལག་ཅུང་ཡག་པའི་རིགས་འདི་ཚོ་ལུས་ལ་ཐོགས་ནས་འགྲོ་ན་མ་གཏོགས་ནང་ན་བཞག་ཕོད་ས་མ་རེད་ཟེར། ད་དུང་འདི་ཚོ་ཕལ་ཕལ་ཆེར་བོད་པ་མ་གཏོགས་འགྲོ་ས་མི་འདུག་ཟེར། གང་ཡིན་ཟེར་ན་ནམ་རྒྱུན་རྒྱ་གར་གྱི་མི་གང་བྱུང་ཁང་བདག་གིས་ནང་དུ་ཡར་གཏོང་གི་མ་རེད་ཟེར་གྱིན་འདུག

དེས་ན་རང་རིགས་སྤུན་ཟླ་ཚོ་་་་་་་་་་་་་་་་མི་ཚང་མས་བོད་པ་ཡིན་བསམ་པའི་ཡིད་ཆེས་བྱ་མི་རུང་པའི་ངེས་ཤེས་རྙེད་སླ་བས། ཁོ་བོས་དྷ་ས་ན་ཉུག་མར་གནས་པའི་སྤུན་ཟླ་ཚོས་རྐུ་དོགས་ཅུང་བྱ་རེ་དང་ཕན་ཐོགས་ཅུང་ཡོངབར་དམིགས་ནས་མི་ཁོམ་པའི་གནས་དགུ་ཡི་བར་གསེང་ན་ཞུ་དག་སོགས་ཅི་ཡང་བྱ་ཁོམ་མེད་པར་ཐད་ཀར་འདིར་བཀོད་པ་ཡིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།