ཆོ་འཕྲུལ་གྱིས་བསླངས་པའི་ཆག་སྒོ།

ངས་བླ་རིའི་རྩེ་རུ་ལྷ་བསང་མ་བཏང་ལ ལྷ་ཚོགས་དགྱེས་པའི་རླུང་རྟ་ཡང་མ་གཏོར ད་དུང ཆོ་འཕྲུལ་ཅན་གྱི་ངོ་གདོང་ཁྲ་བོ་རྣམས་ལ རྨ་བྱའི་སྒྲོ་གུར་མ་ཕུབ་པས གློ་བུར་དུ་སྨུག་སྤྲིན་གསེབ་ནས་དུག་རླངས་ཤིག་འཕྱུར་ཏེ ང་ཡི་ངོ་གདོང་ཧྲིལ་པོར་ནག་རྐྱང་དུ་བཟོས ངས་ནམ་ཡང་ངོ་འབག་མ་གྱོན་པས རྨི་ལམ་གྱི་ལྷ་མོ་ཡོད་སའི་རྐང་ལམ་རྒྱུད་སྐབས ས་འོག་ནས་བརྐྱངས་པའི་ལག་པ་མང་པོས ང་ཡི་རྐང་པ་བཟུང་ནས་ཐར་པ་མ་བཏང་ མ་ཐར་བའི་ཉམ་ཆུང་ང་ནི གཟེབ་ཏུ་ཚུད་པའི་ནེ་ཙོ་བཞིན འདབ་ཆགས་ལྡིང་མི་ཐུབ་མཁན་ཞིག་ཏུ་འགྱུར མཐའ་འཇུག་གི་རྒྱལ་གླུའི་སར ཕམ་ཁ་ཡིས་མནན་པའི་ང་ཡི་ཚུགས་ཀ་ལ རླུང་གི་རྒྱུ་ཕྱོགས་ལ་དབང་བའི་ངོ་གདོང་རྣམས འཛུམ་དམུལ་དམུལ སྐྱོ་ལྷང་ལྷང་ འདི་གཉིས་ཀྱིས་ང་ལ་ཚོར་སྣང་རེ་རེ འཚོ་སྣང་འདི་གཉིས་བར་གྱི་ཁོ་བོ་ནི གསེར་ཟངས་ཀྱི་་སྟོན་པ་བཞིན་ རང་ཉིད་ཀྱི་འདྲ་གཟུགས་ཙམ་དུ་འགྱུར ༢༠༠༧ ༨ ༢༧ ཉིན་བྲིས། ལྷོ་ཕྱོགས་ཕོ་ཉ་ཐོག་བཀོད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།