གཞིས་ཆགས་པའི་སེམས་འཁྲལ་དང་དོགས་པ།

དེ་རིང་ཉི་དགུང་ང་དང་ང་ཡི་གྲོགས་པོ་གཉིས་བོད་མིའི་སྡོད་སྒར་ཏེ་གཞིས་གྲོང་ཞིག་ཏུ་འཆམ་འཆམ་ལ་ཕྱིན།ད་ལྟའི་དུས་ཚོད་འདིར་ཤེས་ཡོན་ཅན་དང་འཇོན་ཐང་ཅན་ཚོས་འཕྲལ་དང་ཕུགས་ཀྱི་དཔལ་ཡོན་འཚོལ་སླད་ཕྱི་ཡུལ་དུ་གྱར་ཟིན། ཤུལ་དུ་ལུས་པ་ནི་ལུས་ཟུངས་མཁར་བ་བར་བཀལ་བའི་རྒན་རྒོན་ཚོ་ཁག་དང་།བྱིས་པ་ད་དུང་ཚོང་ཁང་ཟ་ཁང་གཉེར་མཁན་རེ་གཉིས་རེད།

འདིར་སླེབས་མ་ཐག་གནས་དབེན་པའང་ཡང་ན་རྒན་གསོའི་གྲོང་། བྱིས་པའི་གྲོ་ཚོ་ལྟ་བུའི་སྣང་བ་སྟེར། སྐྱ་སེར་རླུང་གིས་ཐལ་རྡུལ་རེ་འདེད་ནས་ཡོང་དུས་སེམས་ལ་རང་དབང་མེད་པར་སྐྱོ་རླབས་རེ་འཕྱུར། ང་དང་གྲོགས་པོ་གཉིས་ཟ་བཏུང་གི་ཚོང་ཁང་ཞིག་གི་སྒོ་ཁར་ཆུ་འཐུང་བཞིན་ངལ་གསོ་བྱས་ནས་བསྡད། ད་ལྟ་ནི་ཉིན་དགུང་ཡིན་རེད།ཡུལ་འདིར་་ཕྱོགས་ཉིན་གུང་ནི་ཚ་བ་ཧ་ཅང་ཆེ་བས་དེའི་ཁྲོད་དུ་ཕར་འགྲོ་ཚུར་འོངས་བྱེད་མཁན་ཤིན་ཏུ་ཉུང་།དེས་ན་ཚོང་ཡོང་སྒོ་མེད་ཤོས་ཀྱང་དེ་དུས་ཡིན་པ་འདྲ། སྦྱིན་བདག་མ་ཅུང་ཉོབ་སྣང་དང་བཅས་ང་གཉིས་སར་ཁ་བརྡ་བྱེད་པར་སླེབས་སོང་། ང་ཚོའི་སྐད་ཆ་འདྲ་མིན་གླེང་ནས་བསྡད།ང་ཚོའི་གླེང་མོའི་ཁྲོད་སྦྱིན་བདག་མ་ཡི་སྐད་ཆ་ལས་ཕྱི་རྒྱལ་ལ་འགྲོ་དགོས་རབས་མ་གཏོགས་བཤད་རྒྱུ་མི་འདུག མཐར་ང་འུ་ཐུག་ཏེ། ཁྱེད་བོད་ལ་ལོག་འདོད་མེད་་དམ་ཅེས་པའི་དྲི་བ་འདི་མ་གཏོང་ཀ་མེད་གྱུར།ཨ་ཅག་དེས་དོགས་མི་བདེིབའི་ངང་ནས་ལོག་འདོད་ཡོད་རབས་མང་པོ་ཞིག་བཤད་ནཡང་། སྐད་ཆའི་ཟ་དང་ཟུར་ནས་རྒྱ་མའི་གཏུམ་སྤྱོད་ཅན་རེད། གལ་ཏེ་རང་སྐྱོང་ཐོབ་ན་ཡང་བདེ་པོ་འཇོག་གིན་མ་རེད་ཅེས་དང་། ཡང་བོད་ལ་ལོག་རྒྱུ་བྱུང་ན་ཡང་རྒྱ་གར་དུ་ཆགས་པ་བཞིན་གཞིས་སྒར་གྱི་ཐོབ་ཐང་རག་གིན་མ་རེད་ལ་ད་དུང་ཡང་བསྐྱབས་བཅོལ་འཕར་མ་ཞིག་མྱོང་དགོས་ཀྱི་རེད་ཅེའ་ཟེར། གང་ལྟར་བརྒྱ་བཤད་སྟོང་ལ་འཕར་ཀྱང་བོད་ལ་ལོག་མི་འདོད་པ་དེ་རེད།

རེད་ཡ་བསམ་ཚུལ་འདི་ཨ་ཅག་འདི་ཙམ་མིན་པར་གཞིས་ཆགས་པའི་མི་ཕལ་ཆེར་ལ་ཡོད་ངེས་རེད།ནམ་རྒྱུན་བོད་དོན་དང་འབྲེལ་བའི་ལས་འགུལ་ཇི་ལྟར་བརྩམས་ཀྱང་།གཞིས་ཆགས་པ་རྣམས་ཁྲལ་གྱི་ངོ་བོར་ཐོག་སྤེལ་པ་ལས་གསར་འབྱོར་བ་ལྟར་སེམས་ཁོག་པ་ནང་གི་ངར་ཤུགས་དེ་མེད།གཞིས་ཆགས་པ་རྣམས་འདི་ལྟར་སྒལ་ཚིགས་མེད་པའི་མི་གཤིས་ཅན་དུ་ཇི་ལྟར་འགྱུར་བ་ཡིན་ནམ།དེ་ནི་བསྐྱབས་བཅོལ་བའི་འདུ་ཤེས་དང་རང་རིགས་ལ་ཞེན་པ་མེད་པའི་ལན་པསརེད།གལ་སྲིད་རང་སྐྱོང་ཐོབ་་ན་ཡང་རྒྱ་མི་ནི་རྒྱ་མི་རང་ཏེ་རང་ཉིད་ཀྱི་ཕ་མའི་ངག་ལས་ཐོས་པ་ལྟར་དམ་པའི་ཆོས་ཀྱི་དགྲ་བོ་སྟེ་།བདུད་འདྲེའི་གང་ཞིག་གི་བསྡུས་རེད།འདི་ལ་སྙིང་རྗེ་མེད་ལ་བྱང་སེམས་མེད།མི་གང་ཞིག་མཐོང་མ་ཉིད་ནས་གནོད་རྩོམ་ཐག་གིས་ཆོད།དེའི་དབང་གིས་རྒྱ་མའི་ཞེས་བརྗོད་པ་ཙམ་གྱིས་བླ་འཁུམས་དགོས་པ་འགྱུར། ཕྱོགས་གཞན་ཞིག་ནི་བོད་ནི་ས་མཐོའི་འབྲོག་པ་དང་ཤ་རྗེན་པ་ཟ་མཁན་ལྤགས་པའི་གོན་པ་གྱོན་པ་སོགས་གནའ་བོ་རྡོ་ཆས་དུས་རབས་ཀྱི་མི་དང་མི་ཡི་འཚོ་བ་སཀྱེལ་སྟངས་ཤིག་བློས་བཞེངས་བྱས།དེའི་རྐྱེན་པས་བོད་ལ་ཕྱིར་ལོག་རྒྱུ་བྱུང་ན་ཡང་། གཅིག་བྱས་ན་གདོད་མའི་འཚོ་བར་རོལ་དགོས་པ་དང་།ཡང་ན་བསྐྱབས་བཅོལ་བ་འཕར་མ་ཡིའཚོ་རོལ་དགོས་པ་གཏན་འཁེལ་བ་བྱས་ཏེ།རང་བཞིན་གྱི་འདར་གསིག་གསིག་གི་བླ་ཞིག་དང་།རྐང་རྡོག་མ་གཏོགས་མི་མཐོང་པའི་མིག་ཞིག་དྲངས་འོངས།དེ་ལྟ་བའི་སྣང་ཚུལ་དབང་གིས་བོད་དོན་ལ་སེམས་ཤུགས་དང་།སྐད་ཡིག་རིག་གཞུང་ལ་བརྩེ་བ་བོར་ཏེ།སྒལ་ཚིགས་མེད་པའི་མི་རབས་ཤིག་འཚར་འདུག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།