དེབ་རྒྱབ་ཤ་དཀར་པོ་དང་གཏམ་རྒྱུད་ལེའུ་གཅིག ཁག་དང་པོ།

ཀྲུའུ་རེམ་གྱིས་བརྩམས། འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས་བསྒྱུར། ངས་དེབ་རྒྱབ་ཤ་དཀར་པོ་བཀླགས་རྗེས་སྐབས་ཤིག་སྐད་ཆའང་ཤོད་རྒྱུར་མེད་པར་གྱུར། ཚིག་རིས་ཀྱི་དྲ་བའི་གསེབ་ནས་ཚད་བརྒལ་གྱི་བསྙད་འདོགས་རྣམས་འཕུར་ངོམས་བྱུང་བས།སླར་ཡང་ཁོ་བོ་བསམ་གཞིགས་ཀྱི་ཀློང་དུ་ཚུད། དེའི་ཚེར། ངས་རང་ཉིད་ཀྱི་ཆེས་དགའ་མོས་བྱ་སའི་དཔེ་དེབ་བཙན་བྱོལ་ནང་གི་རང་དབང་བཀླགས་པ་དེ་དྲན་བྱུང་།

རེད་ཡ། ངས་དེབ་དེ་བཀླགས་ནས་བཟུང་བཀུར་འོས་ཏྰ་ལའི་བླ་མ་མཆོག་དང་ཁོང་གི་དཀའ་སྡུག་མི་ཚེ་། འཚོ་སྟངས་ཀྱི་སྐོར་ཤེས་རྟོགས་བྱུང་། བཙན་བྱོལ་ནང་གི་རང་དབང་སྐོར་བཤད་ན། ང་ཡི་ལག་ཏུ་རྙེད་སྟངས་ལས་སླ་པོ་རྩ་བ་ནས་མ་རེད། ཕྱི་རོལ་ཏུ་མཛེས་སྡུག་གི་བཀྲ་བའི་དགོན་སྡེ་དག་གློག་བརྙན་དཔར་ན་ཁོང་ཚོར་མ་དངུལ་མང་པོ་བསགས་ཐུབ་པ་འདྲ། འོན་ཀྱང་ཁོ་ཚོར་དེ་དག་ཉེན་རྟོག་པའི་ལག་ཏུ་ཤོར་པའི་སེམས་ཁྲལ་དང་དོགས་པོ་ཆེན་པོ་བྱེད་ཀྱི་འདུག གང་ཡིན་ཞེ་ན་བོད་ཀྱི་རིག་གནས་སློིབ་གསོ་དང་འབྲེལ་བ་ཡོད་ཕྱིན། ཉེན་རྟོག་པས་སླ་པོ་ཕྱི་ཕྱོགས་སུ་ཁྱེར་མི་བཅུག་པ་དེ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད། ང་ལ་མཚོན་ན་གནས་ཚུལ་དེ་འདྲ་ཐེངས་ཁ་ཤས་ཐུག་མྱོང་ཏེ། ངས་ཇོ་མོ་ཞེས་པའི་སྒྲུང་གཏམ་ཞིག་བྲིས་ཏེ། དུས་དེབ་ཞིག་གིརྩོམ་སྒྲིག་ཁང་ལ་སྐུར་པ་ཡིན། ཅང་མ་འགོར་བར་རྩོམ་སྒྲིག་པས་ང་ལ་ཡི་གེ་ཞིག་བཏང་བྱུང་། ཡི་གེ་ནང་བརྗོད་གསལ་སྒྲུང་གཏམ་ཧ་ཅང་ཡག་པོ་འདུག ཡིན་ཡང་ཁྱེད་ཀྱིས་གནས་དོན་བྱེད་བྲག་ཁ་ཤས་བཅོས་ཐུབ་པ་བྱ་ན་འགྲིག་གི་ཡོད་དམ།ཞེས་འཁོད་འདུག ངས་ཀྱང་རྩོམ་སྒྲོག་པས་སྐུལ་པ་བཞིན་གནད་དོན་བྱད་བྲག་པ་ཁ་ཤས་ལ་བཟོ་བཅོས་བཏབ་ནས་ཡང་བསྐྱར་རྩོམ་སྒྲིག་ཁང་ལ་ཕར་སྐུར་པ་ཡིན། དུས་གང་མཚམས་རྗེས་སུ་ཡང་རྩོམ་སྒྲིག་པའི་ང་ལ་འཕྲིན་ཡིག་འབྱོར་བྱུང་། ངས་ཁ་ཕྱེ་ལྟ་དུས་ཡི་གེ་ནང་དུ། དགེན་ཀྲུའུ་རེམ་ལགས་སྐུ་ཁམས་བཟང་། ཁྱེད་ཀྱིས་བཅོས་ཟིན་པའི་སྒྲུང་གཏམ་དེ་ང་ཡི་ལག་ཏུ་འབྱོར་བྱུང་། ཁྱེད་རང་ང་ཡི་སྐུལ་མ་དང་ལེན་གནང་བར་བཀའ་དྲིན་ཆེ། དེ་རིང་ཡང་བསྐྱར་ངས་ཁྱེད་རང་སུན་པའི་གནས་ཚུལ་ཤིག་ཞུ་དགོས་འཁེལ་སོང་། ང་ཚོའི་དབུ་འཛིན་གྱིས་((ཇོ་མོ))ནང་དུ་ཅི་ཞིག་གི་བྱུང་བ་བྲིས་འདུག་ཟེར་ནས་ཞིབ་འཇུག་ནན་མོ་བྱེས་ཀྱི་འདུག ཁྱེད་ཀྱིས་ཐལ་བརྒལ་ཆེ་བའི་མི་སྣ་ཞིག་གི་བྱུང་བ་བྲིས་ཡོད་པ་མིན་ནམ། སྒྲུང་ནང་དུ་མི་སྣ་ཞིག་གི་དངོས་མིང་སྤྱད་་ཡོད་དམ། ཡང་ན་མིང་ཚབ་སྤྱོད་ཡོད། གཞོན་ནུའི་སྒྲུང་གཏམ་རྩོམ་སྒྲིག་ཁང་གིས་གུས་ཕུལ་ཞེས་འཁོད་འདུག འཕྲིན་ཡིག་དེ་དང་ལྷན་དུ་སྒྲུང་གཏམ་ཡང་ཕྱིར་སློག་འདུག གནས་ཚུལ་དེས་ང་ལ་ར་སྤྲོད་གཅིག་བྱུང་པ་ནི་བོད་ཀྱི་རིག་གནས་སློབ་གསོ་དང་དེ་དང་འབྲེལ་བ་ཡོད་རིགས་རྣམས་ཀྲུང་གོ་ཡིས་འཆར་གཞི་དང་ལྡན་པའི་ངང་ནས་ཅི་ཞིག་བཟོ་གིན་ཡོད་པ་དེ་རེད། ཀྲུང་གོ་སྲིད་གཞུང་གིས་རྒྱུད་ལམ་ཁག་ཏུ་བོད་ཀྱི་རིག་གནས་སློབ་གསོ་ཁྱབ་བསྒྲགས་བཏང་པ་དེ་རིག་གནས་སློང་གསོ་མི་ཉམས་པར་གསོ་པའི་དམིགས་དབེན་དུ་བཟུང་ཡོད་ཅེས་ཟེར་ན་ཡང་། བྱེད་སྟངས་འདིས་བོད་མི་རིགས་ག་ལེར་མེད་པ་བཟོ་སྲིད། ད་ལོའི་ཕྱི་ཟླ་གསུམ་པའི་གྱེན་ལོག་གི་དོན་རྐྱེན་སྐབས་རྒྱ་རིགས་མང་པོ་ཞིག་གིས་བོད་པས་གང་གི་དོན་དུ་འཐབ་རྩོད་བྱས་པ་ཤེས་རྟོས་ཐུབ་ཡོད། གྱེན་ལོག་དེ་ནི་ཀྲུང་གོ་བས་བོད་ཀྱི་རིག་གནས་སློབ་གསོ་ལ་བལྟ་སྟངས་ཁྱད་པ་བ་ཞིག་གིས་འཕངས་འབྲས་རེད། གོང་གི་བཙན་བྱོལ་ནང་གི་རང་དབང་སྐོར་མུ་མཐུད་ནས་བཤད་ན།  ང་སྲིད་གཞུང་གི་ལས་མི་ཁོང་གིས་གཙོས་པའི་གློག་བརྙན་དཔར་མཁན་ཚོར་འབྲས་སྤུངས་དགོན་པར་འགྲེལ་བཤད་རྒྱག་རྒྱུ་དེ་རེད། ད་ལྟར་ངས་ཁོང་ཚོར་འབྲས་སྤུངས་དགོན་པར་འགྲེལ་བཤད་ཇི་ལྟར་བརྒྱབ་པ་དེ་དྲན་གསོས་ཀྱི་མི་འདུག་ཀྱང་། ངས་གསལ་ཐིང་ཐིང་ངང་དྲན་པ་ཞིག་ནི་ང་ཚོས་དགུང་ཟས་ལ་མཉམ་དུ་རོལ་ནས་གྱེར་ཁ་དེར།ཁོང་གིས་ང་ལ་ཁ་བཏགས་ཤིག་འཐེན་ཞོར་ཁྱེད་ཀྱིས་ད་ཐེངས་ང་ལ་འབྲས་སྤུངས་དགོན་པའི་འགྲེལ་བཤད་བརྒྱབ་པ་དེས་ངས་བོད་ཀྱི་དོན་དངོས་ཀྱི་གནས་ལུགས་ཁ་ཤས་རྟོགས་བྱུང་ཟེར།
ལོ་ཤས་རྗེས་སུ་ང་གཉིས་ཐེངས་གཉིས་པ་ཐུག་ས་དེ་ལྷ་སར་རེད། དེ་དུས་ང་འོད་ཟེར་གྱི་ནང་དུ་བསྡད་ཡོད། ཁོང་འོད་ཟེར་གྱི་ནང་དུ་ང་ཐུག་པར་སླེབས་བྱུང་།གདོང་མདོག་ཧ་ཅང་དམར་པོ་ཆགས་འདུག་པས་ཁོང་གིས་བརྗོད་དོན་ངས་ཨ་རག་ཏོག་ཙམ་འཐུང་པ་ཡིན། ངའི་རོགས་པ་ཚང་མས་ཨ་རག་འཐུང་གིན་འདུག་པས་ངས་ཀྱང་ཏོག་ཙམ་མ་འཐུང་ཀ་མེད་བྱུང་། ་ལྟར་རོགས་ཚང་མ་བཟི་ནས་གཉིད་དུ་ཡུར་སོང་བས་ད་གཟོད་ང་འདིར་ཡོང་པ་ཡིན། གས་པ་རྣམས་དང་ལྷན་དུ་ཡོད་དུས་དོན་དངོས་ཀྱི་བོད་ལྗོངས་མཐོང་གི་མི་འདུག་ཟེར། ཡང་ཁོང་གིས་དེ་རིང་གོང་རིམ་གྱིས་བཀའ་མངགས་ལྟར་བོད་དུ་ཚན་པ་ཁག་ལ་རྟོག་ཞིབ་བྱེད་དུ་ཡོང་པ་ཡིན།ཁྱོད་སར་ཡོང་ན་ཕལ་ཆེར་ཚད་མཐོའི་གནད་དོན་ཁ་ཤས་ཤེས་ཀྱི་རེད་བསམ་བྱུང་། ང་ནི་རྒྱ་རིགས་ཤིག་ཡིན་པ་མ་ཟད་བོད་རིགས་དང་ཁ་ཐག་རིང་པོ་རེད།ཁྱེད་རང་བོད་རིགས་དང་ཧ་ཅང་ཐག་ཉེ་པོ་ཙང་བདེན་པའི་གནས་ཚུལ་མང་པོ་ཤེས་ཀྱི་རེད། དཔེར་ན་འོད་ཟེར་ནང་བཞིན་ཟེར་ཞོར་འོད་ཟེར་གྱི་ཡིག་ཁྲི་ལ་ལྟ་བཞིན་ང་ཡི་ཁ་པར་ཨང་གྲངས་འོད་ཟེར་ལ་སྤྲོད་རོགས་ཟེར། དེ་ནས་ངས་ཁོང་ལ་བོད་ཀྱི་གནས་ཚུལ་མང་པོ་ངོ་སྤྲོད་བྱས་པ་ཡིན། དཔེར་ན་རབ་མཚོར་གཏོར་སྐྱོན།ཉིང་ཁྲིའི་ཤིང་ནགས་གཅོད་བྲེག ཆོས་ལུགས་ཀྱི་བྱེད་སྒོ་བཀག་སྡོམ་བྱེད་རབས་སོགས་བཤད་པ་ཡིན། ཁོང་གིས་དོ་སྣང་ཆེན་པོའི་སྒོ་ནས་ཉན་གྱི་འདུག་པས་བཤད་འདུན་སྔ་ལས་ཆེ་རུ་ཕྱིན་ཐལ། ངས་ཁོང་ལ་གནས་ཚུལ་འདི་རྣམས་ཡིག་ཐོག་ཏུ་འགོད་རྒྱུ་ཡིན་པས་ཁྱེད་ཀྱིས་ཅང་ཙེ་མིན་གྱི་ལག་ཏུ་འཕྲོད་ཐབས་གྱིས་ཟེར་དུས་ཁོང་གིས་སྲིད་འཛིན་གྱི་ལག་ཏུ་འབུལ་རྒྱུའི་ཁས་ལེན་བྱས་སོང་།
  དེ་ནས་ངས་ཟླ་བ་གཉིས་དུས་ཚོད་སྤྱད་དེ་ལྷ་སུ་ཡོད་པའི་ཚན་པ་ཁག་ཏུ་རྟོག་ཞིབ་བྱས་ནས་སྙན་ཞུ་ཞིག་བྲིས་པ་ཡིན། སྙན་ཞུ་དེ་བྲིས་ཚར་རྗེས་ང་ལ་གསར་འགོད་པའི་ལག་ཁྱེར་དང་རྒྱ་རིགས་ཀྱི་ངོ་གདོང་དེ་ཡོད་པའི་དབང་གིས་དཀའ་ངལ་གང་ཡང་མ་བྱུང་། ངས་སྙན་ཞུ་དེ་ཁོང་གི་ལག་ཏུ་སྤྲོད་དུས་ཁོང་རྒྱལ་བ་ལྟར་རེ་ཞིག་སྐད་ཆའང་བཤད་རྒྱུ་མི་འདུག
འཕྲོས་མུ་འགོད་་་་་་་་་་་་་་་་་་་་་་་་

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།