འཇང་དགུན་ཆོས་ཀྱི་རྒྱུད་རིམ་གླེང་བ།

ཕྱོགས་ཀྱི་གླང་པོ་དང་མུ་སྟེགས་ཀྱི་མཁས་པ་གཉིས་ཀྱི་བར་ལ་མཐུན་མོང་གི་ཁས་ལེན་མི་ཐུབ་པའི་གནད་དོན་ཞིག་མངོན་གསལ་དུ་གྱུར།གནད་དོན་དེའི་དབང་གིས་ཁོང་གཉིས་ཀྱི་བར་ན་མཐའ་གཅོད་མི་ཐུབ་པའི་རྩོད་གླེང་རབ་རིམ་མང་པོར་བྱུང་། ཁོས་རྡོ་རྡོག་ཞིག་གཏན་ཚིགས་ཀྱི་བརྡ་ཐབས་སུ་སྤྱད་དེ་གནམ་ལ་འཕངས།གལ་ཏེ་རྡོ་དེ་ས་ལ་ལྷུང་ཚེར་རང་ཉིད་ཀྱི་བགྲོད་ལམ་དོར་ཏེ་ལམ་བུ་གཞན་ཞིག་ཏུ་འདེམས་རྒྱུའི་མཐའ་གཅོད་བྱས།

རྡོ་ཞིག་གནམ་ལ་འཕངས་ན་ཕྱིར་ས་ལ་ལྷུང་བ་ནི་ཆོས་ཉིད་ཀྱི་རང་གཤིས་སུ་གྲུབ་པ་ལྟར་ཁོ་བོས་བགྲོད་ལམ་གཞན་ཞིག་ཏུ་རྒྱུད་རྒྱུ་ནི་ལྡོག་མི་ནུས་པའི་རྟེན་འབྲེལ་གྱི་བཀའ་ལྟར་ཕྱག་རྒྱ་ཞིག་ཏུ་འཁུམས།འོན་ཀྱང་བསམ་ལས་འདས་པ་ཞིག་ལ་འཇམ་དཔལ་གཞོན་ནུས་རང་ཉིད་ཀྱི་གོ་སར་སྙེག་ལ་ཉེ་བའི་མི་བུཤིག་་ས་ལ་ལྷུང་པ་དོགས་ནས་གནམ་མཁའ་ནས་རྡོ་དེ་བཟུང་ཏེ་གནས་གཞན་ཞིག་ཏུ་འཕངས།རྡོ་དེ་ཏག་ཏག་བོད་ཀྱི་སྟོད་ལ་ཟགས་པ་གྲགས།

དུས་ཕྱིས་བོད་དུ་ཚད་མའི་འཆད་ཉན་དར་རྗེས་ཕྱོགས་གླང་གི་བློ་མིག་ལ་འགྲམ་ཆུ་ལྡང་པའི་རིགས་སྨྲ་སྐོར་ཅིག་གིས་ཕྱོགས་གླང་གི་རྐང་རྗེས་འཚོལཕྱིར་གནས་དེར་འཛོམས་ནས་ཚད་མའི་འཆད་ཉན་གྱི་སྲོལ་ཀ་ཚུགས།དེ་ནས་དགེ་

ལུགས་པའི་གདན་ས་གསུམ་གཙོས་པའི་རིས་མེད་དགོན་སྡེ་ཁག་ཚང་འཛོམས་ཐོག་གནས་དེར་ལོ་རེར་ཟླ་བ་རེ་ཚད་མའི་རྩོད་གྲ་ཚུགས་ཀྱི་ཡོད།

ཚད་མའི་གཞུང་གི་བསྟན་དོན་་ནི་གཏན་ཚིགས་རིགས་པ་ཡིན་ལ།གང་ཞིག་བརྡ་ཐབས་ལ་བརྟེན་ནས་རྒྱབ་ལྗོངས་འཚོལ་བའི་རིགས་པའི་འགྲོས་ཤིག་རེད། འདི་གར་གཞན་ཡུལ་དུ་གྱར་རྗེས་སུ་ཡང་ལོ་ལྟར་ཆད་མེད་དུ་གདན་ས་གསུམ་དུ་རེས་མོས་སུ་ཟླ་གཅིག་རིང་འཚོགས་ཀྱི་ཡོད།འདི་ལོ་མཚོན་ན་སེར་རར་རེས་འཁེལ་བ་རེད་ལ།སྤྱིར་རྟགས་བསལ་བཏང་སྟངས་དང་ལན་བསྐྱོན་སྟངས་སྒྲིག་ཀུན་སྤྱོད་སོགས་ཀུན་གྱི་དང་བ་འདྲེན་དགོས་པ་ཆགས་ཡོད་ན་ཡང་།ཞན་ཆའམ་སྐྱོན་ཆ་ཞིག་མཐོང་བ་ནི་གྲྭ་ཚང་ག་གེ་མོས་བརྒལ་བརྟག་བྱེད་དུས་ཟློས་གར་ལྟ་བུར་གཅིག་གིས་འགོ་འཁྲིད་ནས་གཞན་ཚང་མ་དེའི་རྗེས་སུ་འབྲངས་པ་སྟེ།རྒན་གྱིས་སློབ་ཕྲུག་ལ་ཀ་ཁ་སློབ་པ་ལྟ་བུ་དག་རེད།མི་བུ་སོ་སོའི་རིགས་པ་འཕེལ་སླད་སོས་སོའི་རྣམ་དཔྱོད་དཀྲུག་དགོས་པ་ལས་ཆུ་སྣ་གར་འཁྲིད་བྱས་ན་གཏན་ནས་མི་འགྲིག་སྙམ།འདི་དག་གནད་ཡོད་མི་སྣ་དག་་གིས་འགན་འཁུར་ན་ས་རྗེས་ཕྱོགས་བརྒལ་བརྟག་བྱེད་དུས་བྱ་ཚང་ནང་དུ་རྡོ་འཕེན་པ་ལྟ་བུ་མ་ཡིན་པར་མི་རེ་རེ་ནས་རིགས་པ་བཏང་པའི་སྲོལ་དེ་རྒྱ་ཁྱབ་ཐུབ་པ་བྱ་དགོས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།