ཞལ་འདེབས་གནང་ས།

པར་མཛོད་གཉིས་པ།

ཤམ་བྷ་ལ་ཕོ་ཉ་ངོས་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང༌། བཙན་བྱོལ་བོདགཞུང་མང༌། དེབཞིན་བོད་ཀྱི་ཆོས་དང་རིག་གཞུང༌། གཞུང་ཞབས་སྲི་ཞུའི་ལས་བྱེད་དང་མི་མང༌། གང་ཟག་སྒེར། ད་དུང་སྤྱི་ཚོགས་ཀྱི་འཚོ་བའི་རྣམ་པ་དང་གོམས་སྲོལ། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་ངོ་བོ་དང་གནས་སྟངས་བཅས་མཚོན་བྱེད་ཀྱི་པར་རིས་གསར་ཤོས་གྲགས་འདེམས་རྣམས་དྲ་རྒྱའི་སྟེང་འདོན་སྤེལ་ཞུ་བཞིན་ཡོད་ལ། ཐུགས་འདོད་ཡོད་རིགས་ནས་ང་ཚོ་དང་འབྲེལ་བཏུགས་གནང་ན། ང་ཚོས་རིན་མེད་ཐོག་ཁྱེད་རྣམ་པ་ཚོར་པར་རིས་མཁོ་སྤྲོད་སྤྱན་འབུལ་ཞུ་ཆོག་ཀྱང༌། སྒེར་གཅིག་པུའི་ཆེད་མིན་པར་གནད་དོན་གཞན་གྱི་ཐོག་ནས་བེད་སྤྱོད་བཏང་ན་པར་དབང་"ཤམ་བྷ་ལ་ཕོ་ཉ་"ཞེས་ངེས་པར་དུ་འགོད་དགོས། དེ་ཡང་སྐུ་ཉིད་ལ་པར་རིས་རྒྱུ་ཆ་དང་ཞིང་རྒྱ་ཆེ་བ་སྤུས་དག་འདོད་ཚེ་མཁོ་སྤྲོད་ཞུ་ཆོག སྐུ་ཉིད་ཀྱི་མཐུན་འགྱུར་རོགས་འདེགས་དང་ཞལ་འདེབས་ལ་ང་ཚོས་ནམ་ཡང་བསྔགས་བརྗོད་དང་དགའ་བསུ་ཞུ་རྒྱུ་ཡིན། པར་དབང་མ་འཁོད་པར་ཤམ་བྷ་ལ་ཕོ་ཉའི་པར་རིས་རྣམས་ཁྲིམས་འགལ་གྱིས་རྐུ་འཁྱེར་མི་ཆོག་པ་བཅས་དགོངས་འཇགས་ཞུ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (6)
སྒུག་ཡོད།
6 ༠༣༢༠༡༠༡༠༢༣
གཙང་པ་བ། དབང་ཕྱུག
བོད་ཆོལ་ཁ་གསུམ་གྱི་སྤུན་ཟླ་རྒན་གཞོན་ང་ཚོས་༧གོང་ས་མཆོག་རང་ཡུལ་ལ་ཕེབས་སྒུག་ཞུས་ནས་བསྡད་ཡོད།
སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་ལམ་ཡོད།
གངས་ཅན་པར་སྐྱིད་པའི་ཉིན་མགྱོག་མྱུར་ཤར་བར་ཤོག
ང་ཡི་རེ་བ།
5 ༠༣༢༠༡༠༠༧༢༥
དཀར་མཛེས་རིན་ཆེན་དོན་འགྲུབ།
སྙིང་ནས་བརྩེ་བའི་སྤུན་ཟླ་ཚོ་༧གོང་ས་མཆོག་གི་བཀའ་ལ་ཉན་ནས། རྡོག་རྩ་གཅིག་ལ་སྒྲིལ་ནས། ང་ཚོགས་རང་བཙན་ལོན་དགོས། ང་ཡི་ཡི་གེ་ལ་སྐྱོན་ཡོད་ན་དགོང་འགའ་མེད་པ་ཞུ།
སྙིང་ནས་བརྩེ་བའི་སྤུན་ཟླ་ཚོ།
4 ༠༡༢༠༡༠༠༧༡༣
རིན་ཆེན་དོན་འགྲུབ།
ང་ཚོ་རང་བཙན་ལེན་བ་ལ་བོད་ཆོལ་ཁ་གསུམ་རྡོག་རྩ་ཆིག་སྒྲིལ་དགོས་གྲོགས་པོ་ཚོགས།
རེ་བ།
3 ༣༡༢༠༡༠༠༩༣༣
རིན་ཆེན་དོན་འགྲུབ།
བཀྲ་ཤེས་བདེ་ལེགས།
དཔེ་ཡག་པོ་འདུག
2 ༢༢༢༠༡༠༠༩༠༨
ཁྱུངཿསྨོན་ལམ།
དགའ་བསུ་ཞུ།
ཁྱུངཿསྨོན་ལམ་པས།
ལེགས་གསོའི་བསྔགས་བརྗོད།
1 ༢༡༢༠༡༠༢༠༥༢
བསྟན་པ་ཡར་འཕེལ།
དཔེ་ཡག་པོ་འདུག་མུ་མཐུད་ཡར་རྒྱས་གནང་རོག་ཞུ།