ྋགོང་ས་མཆོག་ནས་ཚོགས་བཅར་ཡོངས་ལ་བཀའ་སློབ་སྩལ་བ།
མཐའ་མའི་བསྐྱར་བཅོས། (༠༨༢༠༡༠༡༤༢༠) ༠༤༢༠༠༨༠༠༣༩
དེ་ཡང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས། ༡༩༥༩ལོར་ང་ཚོ་བཙན་བྱོལ་དུ་འབྱོར་རྗེས་བོད་དོན་མུ་མཐུད་གནས་ཆེད་ནེ་ཧེ་རུས་ལམ་སྟོན་དང་རྒྱ་གར་གཞུང་གིས་རྒྱབ་སྐྱོར་འོག་བོད་མིའི་སློབ་གྲྭ་ཁག་བཙུགས་ཐུབ་པ་བྱུང་ཡོད་སྐོར་དང༌།སློབ་གྲྭ་ཁག་སྤུས་དག་ཏུ་གཏོང་རྒྱུ།རིགས་གཅིག་རྐང་འཛིན་ཐོག་ཤུགས་རྒྱག་དགོས་པའི་འབོད་སྐུལ་ལོ་༣༠ཙམ་གནང་ཡོད་ནའང་འབོད་སྐུལ་གནང་བ་གཞིར་བཟུང་གྲུབ་འབྲས་ཐོན་མེད་པའི་སྐོར་དང༌། དེ་མིན་ང་ཚོས་ལེགས་པའི་ཆ་དེ་དག་མི་གཞན་ལ་ཤོད་དུ་བཅུགང་ཚོས་སྐྱོན་ཆ་དེ་དག་སྦ་གསང་མེད་པར་བཤད་དགོས་ཀྱི་རེད།དེ་མིན་རྒྱ་མི་གུང་ཁྲན་ནང་བཞིན་ལེགས་ཆ་རྐྱང་རྐྱང་བཤད། སྡུག་པའི་ཆ་དེ་དག་ཞི་མིས་སྐྱག་གཅིན་སྦས་པ་ལྟར་བྱས་ན་དེ་མང་གཙོ་དང་དྲང་བདེན་གྱི་འགྲོ་སྟངས་ཤིག་མིན་ལུགས་བཀའ་ཕེབས་ཡོད།ཡང་ྋགོང་ས་མཆོག་གིས། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ངོ་༥༠ཙམ་འགྲོ་གི་ཡོད་པ་དང༌། རྒྱ་ནག་སྐམ་ས་ཆེན་མོ་ནས་བཙན་བྱོལ་དུ་ཡོང་མཁན་མང་པོ་ཞིག༡༩༨༩རྗེས་ལ་ཡོང་བ་རེད།
ཡིན་ནའང་དེ་ཚོའི་ནང་ནས་མང་པོ་ཞིག་སོ་སོས་སློབ་སྦྱོང་སྦྱངས་ནས་དགེ་རྒན་ཆེན་མོ་ཆགས་ཏེ་ཨ་མི་རི་ཁའི་གཙུག་ལག་སློབ་གཉེར་ཁང་ཁག་གི་ནང་དགེ་རྒན་བྱེད་མཁན་མང་པོ་འདུག ང་ཚོ་བོད་པ་གཉིས་གསུམ་ལས་མིན་འདུགདེ་བཞིན་བོད་ཕྲུག་སློབ་གྲྭ་ཐོན་མཁན་ནང་བོད་ཡིག་དང་དབྱིན་ཡིག་གི་གཏོང་ཡིག་ཅིག་ཀྱང་ཡག་པོ་འབྲི་ཤེས་ཀྱི་མིན་འདུག་ཅེས་གོ་ཐོས་བྱུང༌།དེ་ནི་བོད་མིའི་ཞབས་འདྲེན་དང༌། འཐུས་ཤོར་ཡིན་པའི་བཀའ་ཕེབས་ཡོད་པ་རེད།རི་བོང་རྡོར་བརྫུས་བཞིན་མ་ཡིན་པར་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་སྟོང་ཕྲག་ཁྲི་ཕྲག་ཡོད།ཅེས་བརྗོད་ནས་མ་བསྡད་པར་ལས་འགན་སྒྲུབ་ཐུབ་མཁན་ཞིག་ཡོང་རྒྱུའི་སླད་བསམ་བློ་གཏོང་དགོས།ཁྲིམས་ལ་སོགས་པའི་རིག་གནས་གང་གི་ཐོག་ལ་རིགས་གཅིག་རྐང་འཛིན་བྱས་ཏེ་རང་རྐྱ་འཕེར་བ།རང་མགོ་ཐོན་པ།ཉམས་ཞིབ་བྱེད་ཐུབ་མཁན་གང་ཙམ་མང་བ་ཡོད་པ་དེ་ཙམ་གྱིས་གྲུབ་འབྲས་ཐོན་ཐུབ་ཀྱི་ཡོད། དེའི་ནང་ནས་དངོས་ཡོད་རིགས་གཅིག་རྐང་འཛིན་གང་གི་ཐོག་ལ་ཡིན་ནའང་བོད་པ་ཚོ་ཕྱི་མིའི་ལྷན་དུ་རྐུབ་སྟེགས་སྟེང་འདྲ་འདྲ་བསྡད་ནས་བཤད་ཐུབ་མཁན་དེ་འདྲ་ཐོན་དགོས་ཀྱི་ཡོད་པ་བཅས་ཀྱི་ཐོག་ལ་བཀའ་སློབ་ཕེབས་ཡོད།
ལྷག་པར་དུ་མགོན་པོ་གང་ཉིད་ནས།མི་འབོར་འཕར་འགྲོ་གི་རེད།དེ་བཞིན་དཔལ་འབྱོར་གནས་སྟངས་ཡར་རྒྱས་འགྲོ་དགོས་ཀྱི་ཡོད་པ་རེད།དེར་བརྟེན་ས་ཞིང་གཅིག་པུར་མ་བརྟེན་པར་གཞིས་ཆགས་ཁག་གི་ནང་ལག་ཤེས་བཟོ་གྲྭ་འཛུགས་རྒྱུའི་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན་སྐོར་དང༌།ལས་གྲྭ་ཡོད་པ་དེ་དག་ཡར་རྒྱས་བཏང་ནས་ཁུལ་དེའི་རྒྱ་གར་གྲོང་གསེབ་ནང་དུའང་ཕན་ཐོཌ་ཐུབ་ན་ཡག་པོ་ཡོད་པ་རེད།ཅེས་དང༌།དེ་སྔ་མགོན་པོ་གང་ཉིད་ནས་གཞིས་ཆགས་ཁག་གི་འཕྲུལ་ཆས་ཡག་ཏུ་གཏོང་རྒྱུ།འོ་མའི་མཐུན་རྐྱེན་ཡག་པོ་ཡོད་སར་ཕྱུ་ར་དང་མར་སོགས་བཟོ་ཐབས་བྱེད་དགོས་པའི་བཀའ་ཕེབས་ཡོད།དེ་མིན་རྒྱ་མི་དང་རྒྱ་གར་བ་སུས་ཀྱང་བཙན་དབང་ཤོད་མཁན་མེད་ནའང་ལས་གྲྭས་མཚོན་པས་གཞིས་ཆཌ་ཁག་ནང་ལས་དོན་མང་པོ་ཞིག་ལ་འཐུས་ཤོར་ཕྱིན་ཡོད་པ་དེ་ཐབས་སྐྱོ་པོ་དང༌།ང་རང་ཚོས་མ་འཇོན་པ་རེད།གཞི་ཆགས་ཁག་ནང་ལས་རིགས་དེ་དག་དང་སློབ་སྦྱོང་དེ་དག་མ་བྱས་སྟབས་འཐུས་ཤོར་ཕྱིན་ཡོད་པ་རེད།དེ་ཡང་གཞིས་ཆགས་ནང་མི་མི་སྡོད་པའི་རྒྱུ་རྐྱེན་དེ་ལ་ཐུག་ཡོད།རང་ཉིད་ཀྱི་འཇོན་ཐང་གིས་འདེང་གི་མེད་ན་མི་གཞན་གླ་དགོས་ཀྱི་རེད།ཅེས་བཀའ་ཕེབས་པ་མ་ཟད།བོད་ཁྱིམ་འཛུགས་རྒྱུའི་དང་པོ་བློ་གྲོས་རྙེད་མཁན་པོ་ལི་ཤི་མོ་རེ་སེ་ཡིན་པའི་ལུང་འདྲེན་གནང་ཡོད། མགོ་རུལ་སྣ་ཡིས་མ་ཚོར།ཞེས་པ་བཞིན་ད་ཆ་ང་ཚོར་བཙན་བྱོལ་གྲོས་ཚོགས་དང༌།སྲིད་གཞུང༌།ཁྲིམས་ཞིབ་ཁང་ཡོད་པས་འགྲིག་གི་ཡོད་བསམ་ནས་མ་བསྡད་པར་ཤུགས་རྒྱག་དགོས་སྐོར་དང༌།ཁྱེད་ཚོས་ཡིད་ཆེས་བྱ་ཡུལ་ྋརྒྱལ་དབང་རིན་པོ་ཆེ་ད་ཆ་ལོ་༧༣ཙམ་ལ་སླེབས་ཡོད།
དེ་བཞིན་འདས་པའི་ལོ་༢༠དེ་ང་ཚོར་ཁག་མེད།དེའི་རྗེས་ཀྱི་ལོ་༣༠དེ་ཏན་ཏན་འཐུས་ཤོར་ཕྱིན་འདུགའབྱུང་འགྱུར་གྱི་ལོ་ཉི་ཤུའི་ནང་གྲུབ་འབྲས་མིག་གི་མཐོང་རྒྱུ་ཡོད་པ་ཞིག་བྱེད་མ་ཐུབ་ན་མགོ་ལོག་ཆེན་པོ་རྩེ་རྒྱུའི་ཉེན་ཁ་དང་བོད་རྒྱ་ཆེའི་མི་མང་གི་རེ་བའི་མིག་འབུར་ལྟ་ས་དེས་ཀོ་ཐག་ཆ་ཚང་གློད།ཞབས་འདྲེན་ཆ་ཚང་ཞུས་ན།ཐབས་སྐྱོ་པོ་ཞེ་དྲག་རེད།ང་ཚོ་འགུལ་བསྐྱོད་ཅིག་བརྒྱབ་དགོས་ཀྱི་འདུགའདི་ལྟར་བསྡད་ན་ཁྱོན་ནས་འགྲིག་གི་མི་འདུགཅེས་བཀའ་ཕེབས་ཡོད་པ་རེད།
ྋགོང་ས་མཆོག་ནས་ཐེངས་འདིའི་དམིགས་བསལ་ཚོགས་ཆེན་འདི་གཙོ་བོ་རྒྱ་བོད་འབྲེལ་ལམ་སྐོར་ལ་དམིགས་པ་ཞིག་ཡིན་ནའང་ཚོགས་འདུའི་ནང་ཤེས་ཡོན་དང༌།འཕྲོད་བསྟེན་སོགས་ལས་རིགས་ཚང་མའི་ནང་ལ་ཡར་རྒྱས་གཏོང་དགོས་པ་དང་འཐུས་ཤོར་རིགས་གང་བྱུང་ཡོད་སྐོར་ལ་བསམ་འཆར་གནང་མཁན་ཡོད་པ་གོ་ཐོས་བྱུང་བས་དེ་སྔའི་ལས་བསྡོམས་ཚོགས་ཆེན་ཚོགས་པ་ལྟ་བུ་ཡག་པོ་བྱུང་འདུགཅེས་དང་ཡང་ྋགོང་ས་མཆོག་གིས།གཞིས་ཆགས་ཁག་གི་དཔལ་འབྱོར་ཡར་རྒྱས་གཏོང་དགོས་རྒྱུ་དེ་ཡང་གལ་ཆེན་པོ་ཡིན་པ་དང༌།དེའི་ཐད་ས་གནས་སོ་སོ་ནས་གསར་གཏོད་དང་ཐབས་ཤེས་གང་ཐུབ་གནང་དགོས།གཞིས་ཆགས་ཁག་སྲ་ཏག་ཏག་དང་ཚགས་ཚུད་པོ་ཡོང་རྒྱུར་བསམ་བློ་གཏོང་དགོས།
གཞན་ཡང་ཐེངས་འདིའི་དམིགས་བསལ་ཚོཌ་ཆེན་ཐོག་ྋགོང་ས་མཆོག་བར་གནས་སུ་བཞུཌ་ཡོད་སྟབས་གསུང་རྒྱུ་གང་ཡང་མེད་ཅེས་བཀའ་ཕེབས་ཡོད་པ་དང༌།དབུ་མའི་ལམ་གྱི་དོན་སྙིང་ནི་རྒྱ་མིའི་རྩ་ཁྲིམས་ནང་འཁོད་པའི་རང་སྲིད་རང་སྐྱོང་གཙང་མ་ཞིག་ཡིན་པར་བོད་མི་ཕལ་ཆེ་བས་མོས་མཐུན་ཡོད་པའི་རྣམ་པ་དེར་ངོས་རང་དགའ་པོ་བྱུང་ཡག་པོ་རེད།ཅེས་བཀའ་སྩལ་ཡོད།
ྋགོང་ས་མཆོག་ནས་དབུ་མའི་ལམ་འདི་ཕྱི་ལོ་༡༩༧༩ལོར་ཏིང་ཞའོ་ཕིང་གིས་རྒྱ་ལོ་དོན་གྲུབ་ཐུག་ནས་རང་བཙན་མ་གཏོགས་གཞན་གང་ཡིན་ཡང་སྐད་ཆ་བཤད་ན་འགྲིག་གི་རེད།ཅེས་བརྗོད་ནས་དབུ་མའི་ལམ་འདི་བྱུང་བ་ཞིག་མ་རེད།ཐ་སྙད་དབུ་མའི་ལམ་བཞེས་བཏགས་མེད་ནའང་དོན་དངོས་ཐོག་རྒྱ་མི་དང་ཕན་ཚུན་སྐད་ཆ་བཤད་ནས་འགྲིག་འཇགས་ཡོང་རེ་བཅངས་ནས་༡༩༧༤ལོ་ནས་བཟུང་འདི་ཕྱོགས་ནས་དེའི་ཐོག་ལ་གོ་བསྡུར་དང་གྲ་སྒྲིག་ཡོད་པ་ཞིག་རེད་ཅེས་དང༌།
བོད་རྒྱ་འབྲེལ་མོལ་ཐོག་ལ་ང་ཚོར་མཚོན་ན་འབྲེལ་མོལ་བྱེད་ཡུལ་དེ་རྒྱ་ནག་གཞུང་དང༌།རྒྱ་རིགས་མི་མང་གཉིས་པོ་རེད།རྒྱ་ནག་གཞུང་ལ་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་རེད།རྒྱ་བོད་འབྲེལ་ལམ་ཡག་ཏུ་གཏོང་རྒྱུའི་ཐད་ཤུགས་རྒྱག་དགོས་རྒྱུ་ཡང་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སྩལ་ཡོད།
དེ་མིན་འདས་པའི་ལོ་༦༠ནང་རྒྱ་ནག་གཞུང་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་དང༌།དཔེར་ན་མའོ་རྩེ་ཐུང་ནས་ད་ལྟའི་བར་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་ཡོད།ཡིན་ནའང་རྒྱ་ནག་མི་མང་ལ་འགྱུར་བ་འགྲོ་གི་མ་རེད།ཅེས་སོཌ་ཀྱི་བཀའ་སྩལ་གྲུབ་རྗེས་ཚོགས་བཅར་བ་ཡོངས་ལ་རེ་རེ་བཞིན་ཞལ་མཇལ་བཀའ་དྲིན་ཆེ་བ་སྩལ་ཡོད་པ་བཅས།། བོད་གཞུང་དྲ་གནས་སུ་བཏུས།
ད་སྐབས་རང་རེ་བོད་ཀྱི་དྲྭ་འབྲེལ་འདི་ཧ་ཅང་གི་དར་ཁྱབ་
ཆེ་བཞིན་པའི་སྒང་ལ། ཤམ་བྷ་ལ་ཡང་མཉམ་སྐྱོད་བྱེད་
ཐུབ་པ་གུས་པའི་དགའ་བསུ་ཡོད།
འོན་ཀྱང་། དེང་སྐབས་གློག་ཀླད་འམ་རྩིས་འཕྲུལ་གྱི་
སྒེའུ་ཁུང་གི་ཁྱད་པར་འདྲ་མིན་ལ་བསྟེན་ནས།
ཤམ་བྷའི་དྲྭ་ངོས་ཀྱི་བོད་ཡིག་ཆ་ཚང་མཐོང་མི་ཐུབ་པ་
འདི་ཧ་ཅང་གི་ཐབས་སྐྱོ་བོ་རེད་འདུག
སྐབས་འགར་བོད་ཡིག་ཕྱེད་ཀ་ཙམ་ལས།
གཞན་རྣམས་་རེའུ་མིག་གཞན་གྱི་འོག་ཏུ་ཚུད་པ་
དྲྭ་བའི་རེའུ་མིག་གཅིག་གིས་གཅིག་ལ་འཚང་ཁ་རྒྱབ་ཏེ་
གཞན་རྣམས་གཟིལ་གྱིས་གནོན་པ་ལྟ་བུ་སྟབས་མ་བདེ་བ་
དེ་འདྲའི་དཀའ་ངལ་མང་པོ་འཕྲད་ཀྱི་འདུག
དེ་ལ་ངེས་པར་དུ་བཟོ་བཅོས་དང་ཡར་རྒྱས་རེ་གཏོང་རྒྱུ་
ཡོད་ན་བསམ་པའི་རེ་བ་ཆེན་པོ་ཞུུ།
དེ་རིང་ངས་ཡང་་་༧་་གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་
འདི་ཆ་ཚང་མཐོང་ཐུབ་མ་སོང་ལགས།
ཤམ་བྷ་ལའི་དྲྭ་བདག་་ཁྱེད་རང་དྲྭ་ཁང་འདྲ་མིན་ལ་སོང་ནས་
སྟགས་དཔྱད་གནང་རྒྱུ་གལ་ཆེན་པོ་ཡིན།
དུས་བབ་ལ་མཚོན་ན་འདིས་དཀའ་ཁག་འདི་ནམ་ཡང་
འཕྲད་མི་སྲིད་པ་ལྟ་བུ་ཞིག་གོ།
གང་དྲགས།