༄༅། །བོད་ཀྱི་ནང་ཆོས་ངོ་སྤྲོད་སྙིང་བསྡུས།།

༄༅། །བོད་ཀྱི་ནང་ཆོས་ངོ་སྤྲོད་སྙིང་བསྡུས།། 

སྐྱབས་ཡུལ་དམ་པར་མཆོད་པར་བརྗོད་པ། 

གང་གི་ཐུགས་བརྩེས་ཉེར་བཟུང་ནས། །

ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །

དམ་པའི་ཆོས་ནི་སྟོན་མཛད་པའི། །

གཽ་ཏམ་དེ་ལ་ཕྱག་འཚལ་ལོ། ། 

ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང༌། །

སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌། །

གང་ལ་གང་འདུལ་དེ་ལ་དེ་སྟོན་པ། །

བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། 

ནང་ཆོས་ཀྱི་ངོ་བོ་དང༌། དེའི་ཕན་ནུས། 

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༡༢་ཚེས་༢༥ཉིན་སྤེལ། དེ་རིང་འདིར་ཁྱེད་རང་ཚོ་འབྲེལ་ཡོད་ཁག་ནས་དོན་གཉེར་ཆེན་པོས་གྲ་སྒྲིག་བྱས་ནས་སློབ་ཕྲུག་གཞོན་སྐྱེས་ཕོན་ཆེན་འདུས་ཏེ་ཉིན་གསུམ་རིང་གཙོ་བོ་ནང་ཆོས་སྐོར་ལ་བགྲོ་གླེང་བྱེད་རྒྱུའི་གྲ་སྒྲིག་འདི་ལྟར་བྱས་པར་ཧ་ཅང་ཡག་པོ་བྱུང་འདུག་པས་ཁྱེད་རང་ཚོ་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ནང་ཆོས་ཞེས་པ་འདི་མིའི་རྣམ་དཔྱོད་ཀྱི་ནུས་པ་ཡོད་པ་དེ་དག་ཆ་ཚང་ཚད་མཐོན་པོའི་ཐོག་ནས་བེད་སྤྱོད་བྱས་པའི་ཐོག་གཏན་གྱི་བདེ་བ་སྒྲུབ་རྒྱུའི་འགྲོ་སྟངས་ཤིག་རེད། དེར་བརྟེན་ནང་ཆོས་ཞེས་པ་དེ་ཤེས་ཡོན་གྱི་གྲས་སུ་བརྩི་ཆོག་པ་ཞིག་རེད་ལ། མིའི་རིགས་ཤིག་ལ་རྣམ་དཔྱོད་ཀྱི་ནུས་པ་དམིགས་བསལ་ཞིག་ཡོད་ཅིང༌། མིའི་རྣམ་དཔྱོད་ཀྱི་ནུས་པ་ཆ་ཚང་རང་ཉིད་དང་སྤྱི་ཚོགས་ཀྱི་ཕན་བདེ་སྒྲུབ་རྒྱུའི་ཐོག་ལ་བསྒྱུར་ཐུབ་པའི་ཐབས་ཤེས་གཅིག་དེ་སངས་རྒྱས་ཀྱི་ཆོས་དེ་ཆགས་ཀྱི་ཡོད། ང་རང་ཚོའི་མི་ཚེའི་གནས་ཚུལ་དང་མ་འདྲེས་པའི་དག་ཞིང་ཟེར་བ་དང༌། དཀོན་མཆོག་ཅེས་པ་དེ་འདྲར་ཕར་སྐྱབས་སུ་མཆི་ནས་དད་པ་བྱེད་རྒྱུ་གཅིག་པུ་རྩ་བ་ནས་མིན།

                སངས་རྒྱས་ཀྱི་ཆོས་ཞེས་པ་དེ་མིའི་རྣམ་དཔྱོད་དེ་ཉིད་ཚུལ་དང་མཐུན་པ་ཞིག་དང༌། དོན་དང་ལྡན་པ་ཞིག ཕན་པའི་རང་བཞིན་ཅན་ཞིག་ཡོང་བ་དང༌། དེ་ཡང་སྨོན་ལམ་བརྒྱབ་ནས་བཟོས་པ་ཞིག་དང༌། སྒྲིག་འཛུགས་ཤིག་གིས་འདི་ཆོག་དང་འདི་ཆོག་ཅེས་བཀའ་བཏང་ནས་བཟོས་པ་ཞིག་མིན་པར་ང་རང་ཚོའི་རྣམ་དཔྱོད་ཀྱིས་བེད་སྤྱོད་བྱས་ཏེ་གཏིང་རིང་པོའི་ཐོག་ལ་བསམ་བློ་བཏང༌། གཞི་རྩའི་མིའི་བསམ་པའི་འཁྱེར་སོ་སྒྱུར་བཅོས་གཏོང་རྒྱུ་ཞིག་རེད། སངས་རྒྱས་ཀྱི་ཆོས་ཟེར་བ་དེ་སློབ་སྦྱོང་བྱས་ཤིང༌། བསམ་བློ་ཡང་ཡང་བཏང་ནས་ཆོས་དེ་བེད་སྤྱོད་བྱེད་པའམ་ཉམས་ལེན་བྱེད་རྒྱུ་དང༌། སངས་རྒྱས་ཀྱི་ཆོས་སློབ་སྦྱོང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཆོས་ལ་དད་པ་ཡོད་པ་ཙམ་གྱིས་མི་འགྲིག་ལ། གོམས་གཤིས་དང་སྲོལ་རྒྱུན་ལྟ་བུ་བྱས་པས་ཀྱང་མི་འགྲིག་པས་སློབ་སྦྱོང་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་རིང་འདིར་ང་ཚོར་གོ་སྐབས་ཤིག་ཡོད་པ་དེ་ཡག་པོ་བྱུང་འདུག འདི་འདྲ་ཞིག་ཁྱེད་རང་ཚོས་གྲ་སྒྲིག་བྱས་པ་རེད། སྔ་དྲོ་ངས་འགྲེལ་བཤད་ཏོག་ཙམ་བྱས། དེ་རྗེས་ཆུ་ཚོད་ཕྱེད་ཀ་ཙམ་ང་ཚོ་དྲི་བ་དྲིས་ལན་བྱ་རྒྱུ་དང༌། ཕྱི་དྲོ་ཁྱེད་རང་ཚོ་སྡེ་ཚན་སྡེ་ཚན་ཕྱེ་ནས་བགྲོ་གླེང་བྱ་རྒྱུའི་གྲ་སྒྲིག་བྱས་པ་དེ་ཧ་ཅང་ཡག་པོ་བྱུང་འདུག

 

སྤྱིར་སྣོད་བཅུད་བྱུང་བའི་རིམ་པ།

 

                སྤྱིར་དུས་ཞེས་པ་དེ་རྟག་པ་དང་བརྟན་པ་མེད་ཅིང་སྐད་ཅིག་སྐད་ཅིག་གིས་དུས་ཚོད་དེ་འགྲོ་གི་ཡོད་ལ། དུས་སྐད་ཅིག་སྐད་ཅིག་གིས་འདི་ལྟར་འགྲོ་བ་དེའི་ནང་ལ་ཐ་ན་ གཎརྡཎཕྱཕྲ ༼སྐར་ཚོགས༽ ཟེར་བ་དང༌། འཛམ་གླིང་བྱེ་བ་ཕྲག་བརྒྱ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཞེས་ང་ཚོའི་དཔེ་ཆའི་ནང་གསུངས་པ་དེས་མཚོན་པ་དང༌། དཔེར་ན་ནམ་མཁའི་སྐར་ཚོགས་གྲངས་དང་མུ་མཐའ་མེད་པ་དེ་དག་འདི་ལྟར་འགྱུར་འགྲོ་གི་ཡོད། ལོ་ཐེར་འབུམ་ཁྲག་ཁྲིག་མང་པོའི་ནང་འདི་ལྟར་འགྱུར་འགྲོ་བ་དེ་དུས་ཀྱི་རང་བཞིན་དང་དངོས་པོའི་རང་བཞིན་རེད། དེའི་ནང་ང་ཚོ་མིའི་འགྲོ་བ་ཆགས་ནས་འཛམ་གླིང་འདིའི་སྟེང་དངོས་ཡོད་གནས་ཚུལ་ལ་ཕལ་ཆེར་ལོ་ངོ་དུང་ཕྱུར་ལྔ་བཅུ་ཙམ་ཕྱིན་པ་རེད། སྐྱདྲརྡརྡདྲྣརྣ ༼༡༠༠༠༠༠༠༠༠༠༽ ལྔ་ཙམ་ཕྱིན་པ་རེད། མིའི་འགྲོ་བ་ཆགས་ནས་ སྐྱདྲརྡརྡདྲྣརྣ ༼དུང་ཕྱུར།༽ གཅིག་ཙམ་དང༌། འཛམ་གླིང་གི་ཉི་མ་འདི་ཆགས་ནས་ལོ་ སྐྱདྲརྡརྡདྲྣརྣ ལྔ་ཙམ་ཕྱིན་པ་རེད། སྐྱདྲརྡརྡདྲྣརྣ དེ་དག་གི་རིང་ལ་འཛམ་གླིང་འདི་ཐོག་མར་མེའི་ཕུང་པོ་ཆགས་ནས་ག་ལེར་འགྱུར་བ་ཕྱིན་ནས་ སྐྱདྲརྡརྡདྲྣརྣ གཅིག་ཙམ་གོང་གཞི་ནས་སྲོག་ཆགས་ཆགས་པ་དང༌། དེ་ཡང་ཐོག་མར་གཤེར་ལ་གནས་པའི་སྲོག་ཆགས་དང༌། དེ་ནས་རིམ་བཞིན་སྐམ་ལ་གནས་པའི་སྲོག་ཆགས། དེ་ནས་རིམ་པས་འགྱུར་ཏེ་མིའི་འགྲོ་བ་ཆགས་ཤིང༌། མིའི་འགྲོ་བ་ཆགས་ནས་ཀྱང་ལོ་ས་ཡ་གཅིག་གཉིས་ཕྱིན་ཡོད།

                མ་འོངས་ལོ་ས་ཡ་གཅིག་གཉིས་ཕྱིན་པའི་མཚམས་འབྱུང་འགྱུར་ལོ་ སྐྱདྲརྡརྡདྲྣརྣ ལྔ་ཙམ་བསྡད་ཀྱི་ཡོད། སྐྱདྲརྡརྡདྲྣརྣ ཟེར་ན། དུང་ཕྱུར་བཅུ་ལ་ས་ཡ་གཅིག དུང་ཕྱུར་བརྒྱ་ལ་བྱེ་བ་གཅིག དུང་ཕྱུར་སྟོང་ལ་ཁྲག་ཁྲིག ཐེར་འབུམ་ཆུང་བ་གཅིག དུང་ཕྱུར་ཁྲི་གཅིག་ལ་ཐེར་འབུམ་ཆེ་བ་གཅིག མདོར་ན་དུང་ཕྱུར་ནས་ཐེར་འབུམ། ཐེར་འབུམ་ཆེན་པོ། ཁྲག་ཁྲིག ཁྲག་ཁྲིག་ཆེན་པོ། རབ་བཀྲམ། རབ་བཀྲམ་ཆེན་པོ། གཏམས། གཏམས་ཆེན་པོ་བཅས་གྲངས་གནས་དྲུག་ཅུ་བར་འགྲོ་རྒྱུ་ཡོད། ང་ཚོར་བརྩི་རྒྱུ་མང་པོ་མེད་པ་ལས་གྲངས་ཀ་ཧ་ཅང་མང་པོ་ཡོད། ང་ཚོར་དངུལ་ལའང་བརྩི་རྒྱུ་མི་འདུག་ལ་མིའི་གྲངས་ཀ་ལའང་བརྩི་རྒྱུ་མེད། ང་ཚོ་བོད་ཀྱི་བྱེ་མའི་གྲངས་ཀ་ལྟ་བུ་བརྩིས་ན་ཕལ་ཆེར་ཁྲག་ཁྲིག་དང༌། ཐེར་འབུམ་དེ་དག་བརྩི་རྒྱུ་མེད་དམ་གཞན་དེ་འདྲ་ཞིག་རེད། གང་ལྟར་དབྱིན་ཇིའི་སྐད་ལབ་ན་ཡག་ཤོས་རེད། འབྱུང་འགྱུར་ སྐྱདྲརྡརྡདྲྣརྣ ལྔའི་ནང་ཉི་མ་དེ་མེད་པ་ཆགས་རྒྱུ་དང༌། འཛམ་གླིང་ཡོངས་རྫོགས་འགྱུར་བ་འགྲོ་བའི་དུས་ཚོད་ལ་སླེབས་ཀྱི་ཡོད།

                དེའི་ནང་ལ་དུས་ཚོད་ཐུང་ཐུང་ཞིག་གི་རིང་ལ་མིའི་འགྲོ་བ་ཆགས་ཤིང༌། མིའི་འགྲོ་བ་ཆགས་པའི་སྐབས་དེར་སྲོག་ཆགས་རིགས་འདྲ་མིན་ཁྲི་འབུམ་མང་པོ་ཡོད་པའི་ནང་ནས་མིའི་རིགས་འདི་ཀླད་པ་དང་བསམ་བློ་ཆེ་ཤོས་རེད་ལ། མིའི་ཀླད་པ་དེ་ཡང་ཐོག་མར་མི་སྤྲེའུ་དང་འདྲ་བའི་རིགས་ཤིག་ནས་རིམ་པས་འགྱུར་བ་ཕྱིན་པ་དང༌། འདས་པའི་ལོ་འབུམ་ཕྲག་ཁ་ཤས་ནང་མིའི་ཀླད་པ་འདི་འདྲ་ཞིག་ཆགས་པ་དེས་རྐྱེན་པས་བསམ་བློ་གཏིང་ཟབ་གཏོང་ཐུབ་མཁན་ཞིག་ཆགས་པ་རེད། དེས་རྐྱེན་པས་རེ་དོགས་ཀྱང་ཧ་ཅང་མང་པོ་ཞིག་ཡོང་བ་དང༌། རེ་དོགས་མང་པོ་ཡོད་པ་དེས་རྐྱེན་པས་སེམས་ལའང་སྡུག་བསྔལ་དང་རེ་བ་ཡང་མང་པོ་ཞིག་ཡོང་བ། དེས་རྐྱེན་པས་སེམས་ཅན་གཞན་དག་གི་སྤྱི་ཚོགས་དང་མི་འདྲ་བར་མིའི་སྤྱི་ཚོགས་ནང་དཀའ་ངལ་འཕྲད་པ་དང༌། ཐ་ན་རིམ་པས་མི་དཔུང་སྒྲིག་ནས་གསོད་རེས་གཏོང་བའི་དམག་འཁྲུག་ཟེར་བ་དེ་ཡང་མིའི་སྤྱི་ཚོགས་ནང་བྱུང་བ་རེད། དུད་འགྲོའི་རིགས་ཁ་ཤས་ཕྲན་བུ་ཁྱུར་སྡེབ་ནས་འཁྲུག་པ་རྒྱག་རྒྱུ་ཡོང་གི་ཡོད་ཀྱང་མི་ལྟར་དུ་འཁྲུག་པ་ཆེན་པོ་བརྒྱབ་པ་ཕལ་ཆེར་མེད།

                ཡང་སྒོས་ལྷག་པར་དུ་ཐོག་མར་  ྔྤྣརྣྟ་རྐྱཐྲྟ རྡོ་ཡི་དུས་རབས་ཞེས་རྡོ་བེད་སྤྱོད་བྱེད་པའི་དུས་རབས་ནས་རིམ་བཞིན་ལྕགས་རིགས་བེད་སྤྱོད་ཀྱིས་མཚོན་ཆའི་རིགས་མུ་མཐུད་ཡར་རྒྱས་ཕྱིན་པའི་འབྲས་བུར་མིའི་སྤྱི་ཚོགས་ནང་འཁྲུག་པ་ཙམ་མིན་པར་འཁྲུག་པའི་འོག་ནས་གཏོར་བཤིག་གཏོང་བ་དེ་བསམ་ཡུལ་ལས་འདས་པ་དང༌། བློ་ཡུལ་ལས་འདས་པ་ཡོང་བ་ཞིག་ཆགས་ཡོད།

                ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་མི་མང་པོ་ཞིག་འཛམ་གླིང་འདིའི་སྒང་ལ་འཚེ་བ་ཞེས་པ་དེ་ཡག་པོ་མི་འདུག་ཅེས་ཤོད་བཞིན་པ་དང༌།  དམག་འཁྲུག་གི་འཚེ་བའི་ལམ་ནས་མི་གསོད་ཁྲག་སྦྱོར་གྱིས་མིའི་དཀའ་ངལ་སེལ་རྒྱུ་དེ་ཧ་ཅང་ཁག་པོ་ཡིན་པ་མྱོང་བས་གྲུབ་ནས། འཛམ་གླིང་འདིའི་སྒང་ལ་འཚེ་མེད་ཞི་བའི་ལམ་ལ་དོ་སྣང་གསར་པ་ཞིག་བྱེད་པའི་དུས་ཚོད་རེད་ལ། ལྷག་པར་ཁོར་ཡུག་གི་གནད་འགག་ཅིག་ཆགས་ཀྱི་ཡོད། མིའི་གྲངས་ཚད་ཧ་ཅང་འཕེལ་རྒྱས་སུ་ཕྱིན་ཏེ་མི་གྲངས་དུང་ཕྱུར་དྲུག་ཅུ་ལྷག་བརྒལ་བའི་དུས་སྐབས་ལ།

                ཁྱེད་རང་ཚོའི་ནང་ལ་ ཁཔྱསྤྱཐྲ ༼བཟི་སྨན།༽ ཟ་མཁན་ཡོད་དམ། ཕྲུ་གུ་ཁ་ཤས་ཟ་མཁན་ཡོད་པ་རེད་ཅེས་ཟེར་གྱི་འདུག དེ་འདྲ་རྩ་བ་ནས་བྱེད་རྒྱུ་མེད་ཅིང་ཕན་ཐོགས་རྩ་བ་ནས་མེད། ཤེས་སོང་ངམ།

                འཛམ་གླིང་འདིའི་སྒང་ལ་ལྟ་སྟངས་མི་འདྲ་བ་ཡོང་བ་དང༌། སྔ་མོ་ཡིན་ན་ཡུལ་ལུང་སོ་སོའི་དོན་ལ་རང་སྲོག་བློས་གཏོང་གིས་འཁྲུག་པ་བརྒྱབ་ཅིང་མི་གསོད་ཁྲག་སྦྱོར་བྱས་ན་དཔའ་བོ་ཆགས་ཐུབ་ཀྱི་རེད་བསམ་པ་དང༌། མི་གསོད་ཁྲག་སྦྱོར་གྱི་འོག་ནས་རང་ཉིད་ལ་རྒྱལ་ཁ་ལོན་གྱི་རེད་སྙམ་པ། རང་གི་རྒྱལ་ཁ་དེ་གཏན་དུ་རྒྱལ་བའི་རྒྱལ་ཁ་རེད་བསམ་པའི་ལྟ་བ་དེ་ཕལ་ཆེར་འགྱུར་འགྲོ་གི་ཡོད། གང་ལགས་ཤེ་ན། དངོས་ཡོད་གནས་ཚུལ་དེ་འགྱུར་འགྲོ་བའི་དུས་ཚོད་ལ་སླེབས་ཡོད།

                དེ་འདྲའི་དུས་ཚོད་ནང་ང་ཚོ་བོད་པར་ཆ་བཞག་ཀྱང་འཛམ་གླིང་འདིའི་སྟེང་དྲང་བདེན་གྱི་སྐད་ཆ་མེད་པར་སྟོབས་ཀྱིས་དབང་སྒྱུར་ཞིང༌། སྟོབས་ཤུགས་ཀྱི་ཐོག་ནས་ཐག་གཅོད་བྱེད་པ་སོགས་གནོན་ཤུགས་ཆེན་པོ་ཆགས་ཀྱི་ཡོད། གནས་སྟངས་དེའི་འོག་ནས་ང་ཚོ་བོད་པའི་གནས་སྟངས་དེ་ཡང་དཀའ་ངལ་ནང་ལྷུང་བ་འདི་ཆགས་པ་རེད། ང་ཚོའི་མི་རབས་འདི་དུས་ཚོད་དེ་འདྲ་ཞིག་གི་སྒང་ལ་སླེབས་ཡོད། དེ་འདྲའི་དུས་ཚོད་འདིའི་རིང་གི་མི་རབས་ཏེ། དཔེར་ན་ངའི་མི་རབས་ནས་བརྩིས་པ་ཡིན་ན་འདི་ལྟར་འགྲོ་གི་ཡོད། ངའི་ལོ་ཚོད་ཙམ་གྱི་མི་དེ་དག་མི་ཚེ་གསུམ་གཉིས་རྫོགས་ཟིན་པ་རེད། མི་ཚེ་གསུམ་གཅིག་ལྷག་ན་ཨང་ཀི་དང་པོ་རེད། ཡིན་ན་ཡང་མི་ཡི་རིགས་མུ་མཐུད་ནས་གནས་པ་ལྟར་ང་ཚོ་བོད་པར་ཆ་བཞག་ན་ཡང་མུ་མཐུད་བསྡད་ཀྱི་རེད།

                ཁྱེད་རང་ཚོ་དེ་དག་བོད་མི་རིགས་ཀྱི་མི་རབས་གསར་པ་དེ་ཆགས་ཡོད། ང་ཚོའི་མི་རབས་འདི་དུས་རབས་ཉི་ཤུ་པར་གཏོགས་པ་དང༌། ཁྱེད་རང་ཚོའི་མི་རབས་དེ་དུས་རབས་ཉི་ཤུ་རྩ་གཅིག་པར་གཏོགས་པ་ལྟ་བུ་ཆགས་ཡོད། ཁྱེད་རང་ཚོའི་མི་ཚེའི་རྣམ་དཔྱོད་དེ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་བཏོན་དགོས་པ་རེད། ཁྱེད་རང་ཚོ་གཞོན་སྐྱེས་དེ་ཚོའི་གྲས་གཅིག་བྱས་ན་རེ་ཟུང་གིས་དུས་རབས་ཉི་ཤུ་རྩ་གཉིས་པ་དེ་མཐོང་མདོག་ཁ་པོ་རེད། དེ་མིན་ཁྱེད་རང་ཚོ་ཕལ་མོ་ཆེ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ཚར་ལོངས་བྱུང་སྟེ་རྣམ་དཔྱོད་བཏོན་རྒྱུ་ཡོད་པ་དེ་དག་དུས་རབས་ཉེར་གཅིག་པའི་ནང་བཏོན་ཅིང༌། དུས་རབས་དེ་གའི་ནང་ཕལ་ཆེར་རྫོགས་འགྲོ་རྒྱུ་རེད། ཡང་མི་རབས་གསར་པ་ཞིག་སླེབས་ཡོང་གི་རེད།

 

བྱེ་བྲག་ཏུ་བོད་ཀྱི་སྣོད་བཅུད་

འཕེལ་འགྱུར་སྐོར།

 

 

                སྔོན་ལ་ངས་བོད་རིགས་ཀྱི་སྐོར་ཤོད་འདོད་བྱུང༌། ང་ཚོ་བོད་པར་ཆ་བཞག་ན་འཛམ་གླིང་འདིའི་སྟེང་མི་རིགས་འདྲ་མིན་མང་པོ་ཡོད་པའི་ནང་གི་མི་རིགས་གཅིག་རེད། ང་རང་ཚོ་གནས་སའི་ས་ཆ་དེ་ཡང་ས་ཆ་གཞན་དང་མི་འདྲ་བར་ས་མཐོ་པོ་དང༌། རྒྱ་སོག་གི་ཡུལ་གྲུ་ནས་ཡར་བརྩིས་ན་ས་བབ་ཧ་ཅང་གི་མཐོ་པོར་གནས་ཡོད་ལ་དེ་དང་འབྲེལ་བའི་འཚོ་བའི་འགྲོ་སྟངས་ཤིག་ཡོད།

                དེ་འདྲའི་མི་རིགས་དེ་སྤྱིར་བཏང་བོན་པོའི་གཞུང་ནས་བཤད་པ་ཡིན་ན༑ བརྩི་སྟངས་མི་འདྲ་བ་ཡོད་ཀྱང་ཆོས་རྒྱལ་གཉའ་ཁྲི་བཙན་པོ་བྱུང་ནས་ཕལ་ཆེར་ལོ་ངོ་སུམ་སྟོང་ཙམ་དང༌། ད་དུང་དེའི་གོང་ལ་བོན་གྱི་ཞང་ཞུང་གི་རྒྱལ་ཐོག་ཧ་ལམ་ཉི་ཤུ་སྐོར་བཤད་རྒྱུ་ཡོད། མདོར་ན་བོད་མི་རིགས་འདི་ལོ་སྟོང་ཕྲག་བཞི་ལྔ་ཕྱིན་པ་ཏན་ཏན་རེད། སྔོན་མ་ཕྱི་ལོ་ ༡༩༧༠ ནང་ང་ལ་རྒྱ་མི་ས་གཤིས་ཉམས་ཞིབ་པ་ས་འོག་གི་གནའ་རྫས་ལ་ཉམས་ཞིབ་བྱེད་མཁན་ རྐྱཔྱཏྲདཎྟྣརྡྣཐྲདྲཔྲྤ ༼གནའ་དངོས་ཤུལ་རྫས་དཔྱད་རིག་པ།༽ ཟེར་བ་དེ་འདྲ་ཞིག་གསང་བའི་ཐོག་ནས་ཐུག་པ་རེད། ཁོས་བོད་ནང་གི་ས་ཁུལ་ཁ་ཤས་ཀྱི་ས་འོག་ནས་ཐོན་པའི་གནའ་རྫས་དེ་འདྲར་ཞིབ་འཇུག་བྱེད་མཁན་ཡིན་ཞེས་འདྲ་པར་ཡང་འཁྱེར་འདུག ཁོས་བརྙེད་པའི་གནའ་རྫས་དེ་ཚོའི་གྲས་དེ་དག་ལོ་བརྩིས་ན་ལོ་སྟོང་ཕྲག་བདུན་བརྒྱད་ཕྱིན་འདུག་ཟེར། དེར་བརྟེན་ཁོ་ང་ལ་གསང་བ་བྱས་ཏེ་ཐུག་པ་རེད་ལ། ཁོས་སྐད་ཤུགས་ཆུང་ངུས་ང་ལ་བཤད་པ་ལ། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ སྐྲདྲསྤྲདྲརྡདྲབཎྤདྲྣརྣ ༼རིག་གཞུང་དར་ཁྱབ།༽ དེ་རྒྱ་ནག་གི་གཞུང་གི་ཤོད་སྲོལ་ལྟར་བྱས་ན་རྒྱ་ནག་ནང་ཁུལ་ནས་ཚུར་དར་འཕེལ་ཕྱིན་པ་རེད་ཅེས་བཤད་ཀྱི་ཡོད་ཀྱང༌། ཁོས་ས་འོག་ནས་རྙེད་པའི་ཅ་ལག་དེ་ཚོའི་ཐོག་ལ་ཞིབ་འཇུག་བྱས་ན་བོད་ཀྱི་ སྐྲདྲསྤྲདྲརྡདྲབཎྤདྲྣརྣ ༼རིག་གཞུང་དར་ཁྱབ།༽ དེ་བོད་ཀྱི་ས་ཆ་རང་གི་སྟེང་དུ་སྐྱེས་པ་ལས་རྒྱ་ནག་ནང་ཁུལ་ནས་ཚུར་སླེབས་མི་འདུག་ཅེས་ཁོས་དེ་འདྲ་བརྗོད་ཀྱི་འདུག་ལ་དེ་ཕལ་ཆེར་ཡིན་ས་རེད།

                ང་ཚོ་བོད་རང་ཉིད་ནས་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་ཞིག་དང༌།  སྐྲདྲསྤྲདྲརྡདྲབཎྤདྲྣརྣ ༼རིག་གཞུང་དར་ཁྱབ།༽ བྱུང་བ་ཞིག་རེད། དེས་ན། ཁྱེད་རང་ཚོ་རྒན་པ་ཚོར་ངས་ནམ་རྒྱུན་བཤད་པ་དེ་གོ་མྱོང་ཡོད་ཀྱང་ཕྲུ་གུ་ཚོས་གོ་མེད།

                སྔ་མོ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་བཅུ་ལྔ་བཅུའི་ནང་ང་ལྷ་སར་ཡོད་ཅིང༌། ཕྱི་ལོ་ ༡༩༤༧། ༡༩༤༨ ཙམ་ལ་ང་ཚོ་བོད་པས་འཇར་མན་ཞེས་འབོད་པ་དེ་རེད། རྐྱསྣྲཔྲདདྲརྣཎྤཎ ༼ཨག་ཤེ་ན་ཏ།༽ དང༌། གྱྟརྣཔྱཕྲ གྱཎཔྱཎ ༼ཧེན་རི་ཧ་ར།༽ རྒྱ་གར་ནས་བྲོས་བྱོལ་གྱིས་བོད་དུ་སླེབས་པ་རེད། ང་ཚོས་སྐབས་དེར་ རྐྱསྣྲཔྲདདྲརྣཎྤཎ འཛུགས་སྐྲུན་སོགས་ལ་མཁས་པ་ཡོད་ཅེས་ རྐྱསྣྲཔྲདདྲརྣཎྤཎ  ལ་འགན་སྤྲད་དེ་ཞང་འདབ་གློག་ཁང་བརྒྱབ་ཆེད་གློག་ཁང་གི་ཡུར་བུ་དྲུས་ཤིང༌། ཡུར་བུ་བཟོ་མཁན་ རྐྱསྣྲཔྲདདྲརྣཎྤཎ རེད་ལ། ཡུར་བུ་དྲུས་པའི་སྐབས་ཉིན་ཞིག་ས་སྔོག་སྐབས་གཡམ་པ་བཀབ་པའི་ས་དོང་ཞིག་རྙེད་པ་རེད། ཁོས་གཡམ་པ་དེ་བཀོག་ནས་ལྟ་སྐབས་དེའི་ནང་ནས་མིའི་རུས་པ་དང༌། སྔོ་ནིའི་རིགས་ཀྱི་ཅ་ལག་ཅུང་ཙམ་བཅས་མིའི་རོ་ཞིག་རྙེད་པ་རེད། སྐབས་དེར་ཁོ་རང་གིས་དེ་གལ་ཆེན་པོར་བརྩིས་ནས་རྒྱ་གར་ལ་བཏང་བ་དང༌། དེ་རྗེས་ཡོ་རོབ་ལ་བཏང་ནས་རུས་པ་དེ་ལོ་ཇི་ཙམ་ཕྱིན་མིན་བརྟག་དཔྱད་བྱས་པས་རུས་པ་དེ་ལོ་སུམ་སྟོང་ཕྱིན་འདུག་ཅེས་ཟེར། དེས་ན་ལྷ་སའི་གཤོངས་དེ་དག་ཏུ་མི་ཡི་འགྲོ་བ་ཆགས་ཟིན་པ་ར་འཕྲོད་ཐུབ་པ་ཡིན། 

ང་ཚོའི་དཔེ་ཆའི་ནང་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་ལྷག་ཕྱིན་པའི་མཚམས་སུ་ཁ་བ་ཅན་གྱི་མཚོ་བྲི་ནས་མིའི་འགྲོ་བ་རིམ་པས་ཆགས་ཡོང་གི་རེད་ཅེས་པའི་ནམ་རྒྱུན་བཤད་སྲོལ་ཞིག་ཡོད། དེ་དང་འགལ་འདུ་ཞིག་སླེབས་ཀྱི་ཡོད་ཅིང་འགལ་འདུ་དེ་ཇི་ལྟར་སེལ་དགོས་སམ་ཞེ་ན། ངས་བསམས་ན། ནམ་རྒྱུན་ངས་འགྲེལ་བཤད་འདི་ལྟར་རྒྱབ་ཀྱི་ཡོད། དེའི་འགལ་བ་དེ་སེལ་བར་བཅོམ་ལྡན་འདས་ཀྱིས། ང་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་ཙམ་ཕྱིན་པའི་མཚམས་ལ་ཁ་བ་ཅན་དུ་མཚོ་བྲི་ནས་མིའི་འགྲོ་བ་ཆགས་ཀྱི་རེད་ཅེས་གསུངས་པ་དེ་ཕལ་ཆེར་ཕྱོགས་གཅིག་ནས་མིའི་འགྲོ་བ་དམིགས་བསལ་ཅིག་དང༌། གཉིས་ནས་ཁ་བ་ཅན་དུ་མཚོ་བྲི་ཞེས་པའི་ཁ་བ་ཅན་དེ་སྤྱི་མིང་དེ་ཉིད་བྱེ་བྲག་ལྷ་སའི་འོ་ཐང་གི་མཚོ་ལ་དགོངས་ནས་མཚོ་དེ་རིམ་པས་བྲི་གི་རེད་ཅེས་དེར་སྦྱར་ཆོག་པ་འདུག

དེས་ན་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་བོད་ལ་མི་མེད་པའི་སྐད་ཆ་མིན་པར་ལྷ་སའི་དབུས་སུ་འོ་ཐང་གི་མཚོ་ཞིག་ཡོད་པ་དེ་ཉིད་རིམ་པས་བྲི་སྟེ་མཚོ་ཆུང་ཆུང་ཆགས་པ་དང༌། དེ་རྗེས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་གཙུག་ལག་ཁང་བཞེངས་པའི་ལོ་རྒྱུས་ཡོད་པས་དེ་དང་འགྲེལ་ཆོག་པ་རེད། མིའི་འགྲོ་བ་དེ་ཡང་རྩེད་ཐང་སོགས་སུ་བོད་པའི་མི་རིགས་ཟུར་པ་ཞིག་ཕལ་ཆེར་བྱུང་སྲིད་པ་རེད།

                སྤྱིར་བཏང་ རྐྱརྣྤདཔྱྣསྣྲྣརྡྣཐྲཕྲ ༼མི་རིགས་ཀྱི་ཉམས་ཞིབ།༽ ཟེར་བ་དེས་བཤད་པར་བོད་པའི་མི་རིགས་ནང་ཕྲན་བུ་རིགས་རུས་མི་འདྲ་བ་དེ་འདྲ་ཕལ་ཆེར་མེད་དམ་སྙམ། མ་གཞི་འབྱུང་བའི་ཆ་ནས་ཕྲན་བུ་ཁྱད་པར་ཡོང་གི་ཡོད་ཀྱང་སྤྱིར་བཏང་རུས་སྒྲོམ་གྱི་འགྲོ་སྟངས་དེ་ཡང་དབུས་གཙང་གི་མིའི་རུས་སྒྲོམ་དང༌། ཁམས་པའི་རུས་སྒྲོམ། ཨ་མདོའི་རུས་སྒྲོམ་ཅུང་ཟད་མི་འདྲ་ཡོད། ལོ་བརྒྱ་ཕྲག་དང་སྟོང་ཕྲག་ཡར་འདེད་ནས་ཞིབ་ཚགས་པོའི་ཐོག་ནས་ཞིབ་འཇུག་བྱས་ན་ང་ཚོར་མིའུ་གདུང་དྲུག་སོགས་ཀྱི་རུས་བརྩི་རྒྱུ་ཡོད་པས་དེའི་འདྲའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་མེད་དམ། མདོར་ན་ངས་བཤད་རྒྱུ་དེ་ལྷ་སའི་འོ་ཐང་གི་མཚོ་ཟེར་བ་དེ་རིམ་བཞིན་བྲི་སྟེ་དེའི་སྟེང་གཙུག་ལག་ཁང་བཞེངས་རྒྱུས་མཚོན་པའི་དེ་དག་རྗེས་སུ་ཆགས་པ་ཧ་ཅང་གི་གསལ་པོ་རེད།

                ལྷ་སའི་གཤོངས་དེ་དག་མཚོ་ཡིན་པ་དེ་ཡང་ང་ལ་གསལ་པོ་ཞིག་བཤད་རྒྱུ་ཡོད། ཕྱི་ལོ་ ༡༩༥༢། ༡༩༥༣ ཙམ་ལ་རྒྱ་མི་བོད་ལ་སླེབས་ཟིན་ཅིང༌། ཡང་རྒྱ་མི་ས་ཞིབ་པ་གཏེར་ཁ་ཡོད་མེད་ཞིབ་འཇུག་བྱེད་མཁན་གྱི་ཚོ་ཁག་ཅིག་ལྷ་སར་འབྱོར་ཏེ། དེ་དག་གིས་ལྷ་སའི་ཉེ་འཁོར་ལ་ཉམས་ཞིབ་ཀྱིས་ལྟ་སྐོར་ལ་ཕྱིན་པ་རེད། འཕན་པོ་སྒོ་ལའི་རྒྱུད་ཉག་རེའི་ ༼ཉང་བྲན།༽ རྒྱུད་དམ་ཡང་ན་དོག་སྡེའི་ཕུའི་རི་མཚམས་ཤིག་ནས་ཤིང་གི་ལོ་མ་རྡོར་འགྱུར་བའི་རྡོ་ཤིང་གི་ལོ་མ་ཧ་ཅང་གསལ་པོ་ཡོད་པ་ཞིག་རྙེད་པ་རེད། རྙེད་པ་དེས་གང་ཞིག་ར་སྤྲོད་བྱས་པ་རེད་དམ་ཟེར་ན། སྔ་མོ་རི་དེའི་རི་མཚམས་བར་མཚོ་ཡིན་པ་ཞིག་དང༌། དུས་ཕྱིས་ལྷ་སའི་ལྷོའི་རི་རྒྱུད་ཁ་ཤས་ལ་སྤང་ཅུང་ཟད་དང༌། བྱང་རིར་ཤིང་ཆུང་ཆུང་ཡོད་པ་ལས་དེ་མིན་ལྷ་སའི་གཡས་གཡོན་དང་བྱང་རྒྱུད་ཀྱི་རི་ཕལ་མོ་ཆེ་སྐམ་པོ་རེད། སྔ་མོ་དེ་དག་གི་མཐའ་ལ་ནགས་ཚལ་ཡོད་པ་ར་འཕྲོད་ཐུབ་པ་ཡིན། ནགས་ཚལ་གྱི་འོག་ལ་མཚོ་ཡིན་པ་ར་སྤྲོད་བྱུང་ཞིང༌། ཤིང་ལོ་ཆུའི་ནང་ལྷུང་སྟེ་དེ་ཉིད་མ་རུལ་བར་དེ་ཉིད་འདམ་བག་སོགས་ཀྱིས་མནན་ནས་རླུང་མ་འགྲོ་བར་བསྡད་ཚེ་རིམ་པས་རྡོར་འགྱུར་འགྲོ་གི་ཡོད། ཤིང་སྡོང་རྡོར་འགྱུར་བ་དང༌། ཤིང་ལོ་ཡང་རྡོར་འགྱུར་འགྲོ་གི་འདུག་ཅིང༌། དེ་ལྟར་འགྱུར་བར་ལོ་ས་ཡ་མང་པོ་འགྲོ་དགོས་ཀྱི་ཡོད།

                དེར་བརྟེན་ལོ་ས་ཡ་མང་པོའི་གོང་དུ་ལྷ་སའི་གཤོངས་དེ་དག་མཚོ་ཡིན་པ་ཧ་ཅང་གསལ་པོ་ཡིན་ལ། ལོ་ངོ་ཁྲི་སྟོང་མང་པོའི་ནང་ལ་ག་ལེར་གངས་དེ་དག་རིམ་བཞིན་བཞུར་བ་དང༌། སྐབས་དེར་མཚོའི་གཡས་གཡོན་དེ་ཚོ་ཇི་འདྲ་ཞིག་ཡོད་དམ། རིམ་པས་མཚོ་དེ་ཡང་ཆུང་དུ་ཕྱིན་པས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁ་བ་ཅན་དུ་མཚོ་བྲི་ནས་གསུངས་པ་དེ་ཡང་རྒྱུ་མཚན་དེ་དག་ལ་བསམ་བློ་བཏང་རྒྱུ་ཡོད་ཅིང༌། བོད་མི་རིགས་ཆགས་ནས་ཉུང་མཐར་ལོ་ཁྲི་ཁ་ཤས་ཕྱིན་པ་དེ་ཡང་ཁུངས་ལུང་ར་སྤྲོད་གསལ་པོ་ཡོད་པ་བཅས་དེ་འདྲ་ཞིག་ང་ཚོ་བཤད་རྒྱུ་མེད་དམ་སྙམ། ང་ཚོ་བོད་མི་རིགས་འདི་དེ་འདྲའི་ས་མཐོའི་སྟེང་དུ་གནས་པའི་མི་རིགས་ཤིག་རེད།

 

ནང་ཆོས་དང་འབྲེལ་བའི་བོད་ཀྱི་

རིག་གཞུང་སྐོར།

 

                བོད་དུ་ནང་ཆོས་མ་དར་གོང་ནས་ཀྱང་བོན་ཆོས་ཡོད་ལ། ཕྱིས་ཀྱི་བོན་ལྟར་རྒྱས་པོ་ཡོད་མེད་མི་ཤེས་ཀྱང་གང་འཚམས་ཀྱི་རིག་གཞུང་ཡོད་པའི་ཆོས་རྒྱུད་ཅིག་ཆགས་ཡོད། སྐབས་དེ་དུས་ནས་བོན་གཞུང་གི་ཐོག་ནས་བོད་པ་རང་གི་སྨན་གཞུང་ཞིག་ཡོད་ཅིང༌། དེས་ན་མེས་པོའི་ཆོས་རྒྱུད་དང་མེས་པོའི་རིག་གཞུང་གི་འགྲོ་སྟངས་དེ་འདྲ་ཞིག་རེད།

                དེ་ནས་དུས་རབས་བདུན་པ་དང༌། དུས་རབས་བརྒྱད་པའི་སྐབས་སུ་རིམ་བཞིན་སངས་རྒྱས་ཀྱི་ཆོས་བོད་ལ་དར་འཕེལ་བྱུང་སྟེ་བོད་པའི་རྣམ་དཔྱོད་རང་བཞིན་གྱི་ཡག་པོ་ཡོད་པ་དེ་ཡར་རྒྱས་གོང་འཕེལ་དུ་ཕྱིན་པ་གསལ་པོ་རེད། དེ་ཡིན་པ་དེ་ཡང་ང་ཚོ་བོད་ཀྱི་མཁས་པས་བྲིས་པའི་སངས་རྒྱས་ཀྱི་གཞུང་དང༌། རྒྱ་གར་མཁས་པས་མཛད་པའི་གཞུང་ཕན་ཚུན་བསྡུར་སྐབས་དངོས་གནས་མཉམ་པ་ཞིག་ཡོང་ཐུབ་ཀྱི་ཡོད།

                དེར་བརྟེན་ང་ཚོ་བོད་པའི་རྣམ་དཔྱོད་དེ་རང་བཞིན་གྱི་རྣམ་དཔྱོད་ཡག་པོ་ཡོད་པའི་ཐོག་ལ། རྣམ་དཔྱོད་དེ་རྩལ་དུ་བཏོན་ནས་རྣམ་དཔྱོད་གོང་འཕེལ་ཡོང་བའི་གོ་སྐབས་འཕྲད་སྐབས་བོད་པའི་རྣམ་དཔྱོད་ཀྱི་རྩལ་དེ་དངོས་གནས་ཕུལ་དུ་བྱུང་བ་བཏོན་ཐུབ་མཁན་ཞིག་ཏན་ཏན་རེད།

                དེ་རིང་ཁ་སང་དཔེར་ན། བོད་པའི་རིག་གཞུང་ཞེས་བརྗོད་སྐབས་མཐར་གཏུགས་ན་བོད་ཀྱི་ནང་ཆོས་དང་འབྲེལ་བ་ཧ་ཅང་ཤུགས་ཆེན་པོ་ཡོད། ང་རང་ཚོ་བོད་པའི་སྒྱུ་རྩལ་གྱི་རིགས་དེ་དག་ཀྱང་སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་ཡོད་ཅིང༌། བོད་པའི་སྨན་ལ་ཆ་བཞག་ནའང་སངས་རྒྱས་ཀྱི་ཆོས་རྒྱ་གར་ནས་བསྒྱུར་བའི་རྗེས་སུ་རྒྱ་གར་གྱི་སྨན་གཞུང་དང་འབྲེལ་བ་ཡོད་ལ། རྒྱ་ནག་གི་སྨན་གཞུང་དང་འབྲེལ་བ་ཡོད་པ། ངྟཔྱཔྲདྲཎ ༼པ་ར་ཤི་ཡ།༽ དེ་ཚོ་ལའང་འབྲེལ་བ་ཡོད།

                ང་ཚོའི་སྨན་གཞུང་ལ་ཆ་བཞག་ན། མ་གཞི་ཕྱི་ལོགས་ནས་སྨན་གཞུང་གི་རིགས་མང་པོ་དང༌། ལྷག་པར་རྒྱ་གར་གྱི་སྨན་གཞུང་དེ་ཚོའི་ཐོག་ནས་ཤུགས་རྐྱེན་ཐེབས་ཡོད། མདོར་ན་བོད་ཀྱི་སྒྱུ་རྩལ་དང༌། སྨན། བསམ་བློའི་ལྟ་གྲུབ་དེ་དག་རིམ་བཞིན་དེང་དུས་འཛམ་གླིང་འདིའི་སྟེང་དོ་སྣང་ཆེན་པོ་ཞིག་སླེབས་ཀྱི་ཡོད།

 

 

ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།

 

                ལྷག་པར་དུ་ཡང་སངས་རྒྱས་ཀྱི་ཆོས་ནས་གསུངས་པ་སྟེ། དམིགས་བསལ་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་ཡོད་མེད་གནས་ཚུལ་ཐ་དད་རེད། སངས་རྒྱས་ཀྱི་ཆོས་ནས་གསུངས་པའི་ལྟ་གྲུབ་དང༌། རིག་གནས་དེ་དག་གི་ཐོག་ལ་དེང་སྐབས་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད། 

                དཔེར་ན་འཛམ་གླིང་འདིའི་སྟེང་ལོ་ངོ་སྟོང་ཕྲག་རིང་ལ་གནས་པའི་ཆོས་ཞེས་པ་སྟེ་དབྱིན་ཇིའི་སྐད་ལ་ ངྟརྡདྲཐྲདྲྣརྣ ༼ཆོས་སམ་ཆོས་ལུགས།༽  གྟཕྤདཎཔྲདྲན  ༼འཇིའུ་ཆོས་ལུགས།༽ ལ་ཆ་བཞག་ན་ཧ་ལམ་ལོ་སྟོང་ཕྲག་བཞི་ལྔ་ཕྱིན་པ་མིན་ནམ། གང་ལྟར་ཧ་ཅང་སྔ་པོ་ནས་བྱུང་ཡོད། དེ་ནས་ཡེ་ཤུའི་ཆོས་དང༌། ཁ་ཆེའི་ཆོས་བཅས་ ངྟརྡདྲཐྲདྲྣརྣ ༼ཆོས་སམ་ཆོས་ལུགས།༽ ཞེས་པ་ཞིག་དང༌།

                སྔ་མོ་མིའི་སྤྱི་ཚོགས་ནང་ལ་ ངྟརྡདྲཐྲདྲྣརྣ ༼ཆོས་སམ་ཆོས་ལུགས།༽ ཞེས་པ་དེ་ཤེས་ཡོན་གྱི་བསྟི་གནས་སམ་ཤེས་ཡོན་གྱི་གཞི་མ་དེ་ ངྟརྡདྲཐྲདྲྣརྣ ༼ཆོས་སམ་ཆོས་ལུགས།༽ ཀྱིས་འཛིན་གྱི་ཡོད། ཡོ་རོབ་ཀྱི་ལོ་རྒྱུས་སོགས་རྒྱལ་ཁབ་གང་ལ་ཆ་བཞག་ནའང་རེད། ང་ཚོ་བོད་ལ་ཆ་བཞག་ཀྱང་ཆོས་རྒྱུད་ཁག་གིས་འཛིན་པ་རེད།

                རིམ་བཞིན་ རྒྱྣརྟྟཔྱརྣ ྔཏྲདྲྟརྣཏྲྟ ༼དེང་དུས་ཀྱི་ཚན་རིག༽ དར་སྐབས་ཆོས་ཞེས་བརྗོད་སྐབས་དད་པ་གཙོ་བོ་བྱས་པ་ ངྟརྡདྲཐྲདྲྣརྣ ༼ཆོས་སམ་ཆོས་ལུགས།༽ ཞེས་པ་དེ་རེད།

                ང་ཚོ་བོད་སྐད་ནང་གི་ཆོས་ཞེས་དང༌། ལེགས་སྦྱར་སྐད་དུ་དྷརྨ་ཞེས་པ་དེ་གོ་བ་ཅུང་ཟད་ཐ་དད་རེད། ངྟརྡདྲཐྲདྲྣརྣ ༼ཆོས་སམ་ཆོས་ལུགས།༽ ཞེས་པ་དབྱིན་ཇིའི་ཚིག་ལ་  ངྟརྡདྲཐྲདྲྣརྣ ༼ཆོས་སམ་ཆོས་ལུགས།༽ ཞེས་པ་དེ་གཙོ་བོ་ ཁྲཎདྲྤད དད་པ་བྱེད་རྒྱུ་ཞིག་རེད། དེས་ན་ཆོས་ ངྟརྡདྲཐྲདྲྣརྣ ༼ཆོས་སམ་ཆོས་ལུགས།༽ ཞེས་པ་དེའི་ནང་དད་པ་གཙོ་བོ་ལས་བརྟག་དཔྱད་བྱེད་རྒྱུ་དེ་ཙམ་མེད། རྒྱྣརྟྟཔྱརྣ ྔཏྲདྲྟརྣཏྲྟ ༼དེང་དུས་ཀྱི་ཚན་རིག༽ སླེབས་སྐབས་དད་པ་མིན་པར་བརྟག་དཔྱད་བྱེད་རྒྱུ་དེ་རེད།

                དེས་རྐྱེན་པས་དུས་རབས་བཅོ་བརྒྱད་བཅུ་དགུ་ནས་ཚན་རིག་དར་སྐབས་ཚན་རིག་ལས་ཆོས་ ངྟརྡདྲཐྲདྲྣརྣ ༼ཆོས་སམ་ཆོས་ལུགས།༽ ཞེས་པ་དེར་དོ་སྣང་ཅུང་ཟད་ཤུགས་ཆུང་དུ་འགྲོ་བ་སྟེ། ངྟརྡདྲཐྲདྲྣརྣ ནང་དཀོན་མཆོག་གི་བཀའ་བརྩི་བ་དང༌། དཀོན་མཆོག་ལ་དད་པ་བྱེད་རྒྱུ་ལས་མེད་པ་ལྟ་བུར་འཛིན་ཅིང༌། དེའི་ནང་དུ་ཡ་རབས་སྤྱོད་བཟང་གི་བསླབ་བྱ་ཧ་ཅང་མང་པོ་ཡོད་ཀྱང་རིགས་པས་དཔྱད་པ་བྱས་ཏེ་མིའི་རྣམ་དཔྱོད་དེ་རྩལ་དུ་བཏོན་ནས་བེད་སྤྱོད་བྱེད་རྒྱུ་དེ་ཙམ་མེད་པ་ཞིག་འདུག

                འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ གྣརྟ  ༼དཀོན་མཆོག༽ ཞེས་བརྗོད་སྐབས་མཐའ་མ་དེར་བསམ་དུ་མེད་པ་དང་བརྗོད་དུ་མེད་པར་འཛིན་ཅིང༌། སྔར་ང་དང་ སྐྱ་སྐྱ་སྐྲ ཆོས་ཀྱི་སྡེ་ཚན་ལས་བྱེད་པ་ཞིག་ཐུག་ཏེ་ཆོས་ཀྱི་སྐོར་སྐད་ཆ་བྱུང་བས་སྐབས་དེར་ཁོང་གིས་བརྗོད་གསལ་ལ། ང་ཚོ་མིས་དཀོན་མཆོག་ཟེར་བ་དེ་ཇི་འདྲ་ཞིག་ཡོད་པ་ཤེས་མ་ཐུབ་པ་དེ་དཀོན་མཆོག་གིས་བཟོས་པ་དེ་ཧ་ཅང་གི་ངོ་མཚར་ཆེན་པོ་རེད་ཅེས་ཟེར། ང་ཚོས་དཀོན་མཆོག་ཟེར་བ་ གྣརྟ  ཟེར་བ་དེ་གང་འདྲ་ཞིག་ཡིན་པ་ང་ཚོས་ཤེས་ཐུབ་ཀྱི་མ་རེད། ཤེས་མ་ཐུབ་པ་དེ་ གྣརྟ གིས་བཟོས་པ་དེ་ཧ་ལས་པའི་ངོ་མཚར་ཆེན་པོ་རེད་ཅེས་ཁོང་གིས་དེ་འདྲ་བརྗོད་ཀྱི་འདུག དེར་བརྟེན་འདི་ལྟར་བསྐྱལ་དགོས་ཀྱི་ཡོད།

                མ་གཞི་ང་ཚོའི་དཔེ་ཆའི་ནང་དུའང་སྨྲ་བསམ་བརྗོད་མེད་ཅེས་པ་དེ་འདྲ་ཡོད་ཀྱང་དེ་ལྟ་བུའི་སྐད་ཆ་ལ་གོ་རྒྱུ་མིན། དེར་བརྟེན་ ངྟརྡདྲཐྲདྲྣརྣ ༼ཆོས་སམ་ཆོས་ལུགས།༽ ཞེས་བརྗོད་སྐབས་དད་པ་བྱས་ནས་འགྲོ་བ་དང༌། ྔཏྲདྲྟརྣཏྲྟ ༼ཚན་རིག༽ ཞེས་བརྗོད་སྐབས་བརྟག་དཔྱད་བྱས་བསམ་བློ་བཏང༌། བརྟག་དཔྱད་བྱས་ཏེ་ར་འཕྲོད་རྒྱུ་ཡོད་པ་ཞིག་གི་སྟེང་དུ་འགྲོ་གི་ཡོད་པས་ན་དེ་གཉིས་འདི་ལྟར་ཐ་དད་དུ་འགྲོ་གི་ཡོད། དེ་འདྲའི་དུས་ཚོད་ཀྱི་ནང་ ྔཏྲདྲྟརྣཏྲྟ ༼ཚན་རིག༽ ལ་དོ་སྣང་ཡོད་པའི་མི་ཞིག་གིས་ཆོས་ཀྱི་ཐོག་ནས་ཚུར་ ྔཏྲདྲྟརྣྤདྲཔྲྤ ཚན་རིག་པ་སྒེར་སོ་སོ་ཆགས་སྡང་དང༌། རེ་དོགས། བདེ་སྡུག་ཟེར་བ་དེ་དག་ཡོད་པས་དེ་འདྲའི་སྡུག་བསྔལ་མྱངས་སྐབས་དཀོན་མཆོག་ལ་ཡིད་ཆེས་བྱེད་རྒྱུ་དང༌། དཀོན་མཆོག་ལ་གསོལ་བ་བཏབ་རྒྱུ་ཡོང་བ་ལས་རང་ཉིད་ཀྱི་སློབ་སྦྱོང་གི་སྡེ་ཚན་ནང་ཆོས་ཕྱོགས་ཀྱི་ཐོག་ནས་ཕར་ལེགས་ཆ་བླང་རྒྱུ་དང༌། ཆོས་ཕྱོགས་ཀྱི་ཐོག་ནས་རིག་པ་གསར་པ་ལེན་རྒྱུ་ཧ་ལམ་མེད།

                ཚན་རིག་པ་རང་ཉིད་ཀྱི་ཚན་རིག་གི་ལས་ཀ་བྱེད་ས་ ཁྲདྲྟརྡརྟ ༼གཞི།༽ དེའི་ནང་ལ་ སྐྱདྲཏརྡྟ ༼ཡེ་ཤུའི་གསུང་རབ་ཀྱི་དཔེ་དེབ།༽ ནང་ནས་བསླབ་བྱ་ལེན་རྒྱུ་ ྒྣཔྱཎརྣ ༼ཁ་ཆེའི་ཆོས་ལུགས་ཀྱི་གསུང་རབ་གཙོ་བོ།༽ ནང་ལའང་བསླབ་བྱ་ལེན་རྒྱུ་ཕལ་ཆེར་མེད།

 

ཚན་རིག་པས་ཀྱང་ལེན་འོས་པའི་

ནང་ཆོས་ཀྱི་ལེགས་བྱང༌།

 

                ནང་ཆོས་དར་ཡུལ་སྤྱིར་འཛམ་གླིང་སྟེང་བོད་པ་གཅིག་པུ་མིན་པར་ཤྲི་ལངྒ་དང༌། འབར་མ། ཐའེ་ལན་ཌི་སོགས་སུ་ནང་པ་མང་པོ་ཡོད་ཅིང༌། དེ་བཞིན་རྒྱ་ནག་དང་འཇར་པན་ལའང་ཡོད། གཞན་ཡང་ཀོ་རི་ཡ་དང༌། ཝི་ནམ་སོགས་རྒྱལ་ཁབ་ཧ་ཅང་མང་པོ་ཡོད། རྒྱལ་ཁབ་དེ་དག་དང་ནུབ་ཕྱོགས་པར་སྔ་མོ་འབྲེལ་བ་ནས་ཧ་ཅང་བྱུང་ཡོད། ནང་པའི་ཡུལ་ལུང་མང་པོ་ཞིག་དབྱིན་ཇིའི་མི་སེར་སྤེལ་ཡུལ་དང༌། དེ་བཞིན་ཕ་རན་སིའི་མི་སེར་སྤེལ་ཡུལ་གྱི་འོག་ལ་བསྡད་པ་རེད། སྐབས་དེ་དུས་ནས་འབྲེལ་བ་ཧ་ཅང་ཡོད་ཀྱང་ནུབ་ཕྱོགས་པའི་ཚན་རིག་པའི་ནང་ནས་ནང་ཆོས་ནས་ཚུར་རིག་པ་བསླབ་རྒྱུའི་འབད་བརྩོན་བྱེད་མཁན་ཧ་ལམ་བྱུང་མེད། ཁྱདྲརྣཔྲྤདྲྟརྣ ཚན་རིག་པ་མཁས་པ་སྙན་གྲགས་ཆེན་པོ་དེས་ནང་ཆོས་ལ་དོ་སྣང་སླེབས་ཏེ་མ་འོངས་པར་ཚན་རིག་དང་ཆོས་མཉམ་དུ་འགྲོ་རྒྱུ་ཞིག་ཆགས་ཚེ། ནང་ཆོས་ཀྱིས་ཚན་རིག་དང་མཉམ་དུ་འགྲོ་གི་རེད་ཅེས་དེ་ལྟར་བཤད་ཡོད་པ་ལས་དེ་མིན་དམིགས་བསལ་ནང་ཆོས་ཀྱི་ནང་ནས་ཚན་རིག་པས་ཚུར་རེ་བ་བརྒྱབ་སྟེ་བསླབ་རྒྱུ་བྱུང་མྱོང་མེད།

                འདས་པའི་ལོ་ཉི་ཤུ་རྩ་གྲངས་ནང་ད་གཟོད་བོད་བརྒྱུད་ནང་ཆོས་ཀྱི་རིག་གནས་ནང་ནས་ཚན་རིག་པའི་སྡེ་ཚན་འགའ་ཞིག་གིས་སེམས་ཀྱི་ཚན་རིག་པ་དང༌། ཀླད་པའི་ཚན་རིག་པ། ངདཕྲཔྲདྲཏྲཔྲ རྡུལ་ཕྲ་མོའི་ཚན་རིག དེ་ཚོའི་ནང་ནས་ རྔསྤྱཎརྣྤསྤྱན ངདཕྲཔྲདྲཏྲཔྲ ༼དགོས་ངེས་གྲངས་ཚད། གོང་བུའི་ནུས་ཚད།༽ ཟེར་ཡོད།

                དེ་དག་གིས་ནང་པས་རྡུལ་ཕྲ་རབ་ཀྱི་སྐོར་ལ་འགྲེལ་བཤད་ཇི་ལྟར་བརྒྱབ་ཀྱི་ཡོད་པ་དང༌། ནང་པས་ཆོས་དེ་དང་དེའི་ངོ་བོ་གཅིག་ཡུལ་སྟེང་ནས་གྲུབ་མེད་ཅིང་བཙལ་ནས་རྙེད་རྒྱུ་མེད་ཀྱང་མིང་རྐྱང་བཏགས་ཡོད་ཙམ་གྱིས་དངོས་པོ་གཅིག་བཞག་ཐུབ་པ་དང༌། རྟེན་འབྱུང་ཞེས་པ་ཞིག་བཞག་ཐུབ་པ་དེ་དེང་ཚན་རིག་པ་ རྔསྤྱཎརྣྤསྤྱན ངདཕྲཔྲདྲཏྲཔྲ ༼དགོས་ངེས་གྲངས་ཚད། གོང་བུའི་ནུས་ཚད།༽ དེ་དག་གིས་གཟུགས་ཅན་གྱི་དངོས་པོ་གང་ཡང་བཙལ་ན་རྙེད་རྒྱུ་མེད་པ་ཆགས་སྐབས་དངོས་པོ་དེ་ཡང་ཧ་ལམ་མེད་ཅེས་བརྗོད་ན་ནི་འགྲིགས་ཀྱི་མེད། མིང་རྐྱང་བཏགས་ཡོད་ཙམ་གྱི་དངོས་པོ་ཞིག་བསམ་བློའི་ནང་ད་ལྟ་བར་མེད་སྟབས་དེ་ཧ་ཅང་གི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད།

                ནང་པས་བཙལ་ནས་ངོ་བོ་ཉིད་ཀྱིས་མ་གྲུབ་ཅིང་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་རེད། དེ་ངོ་བོ་ཉིད་ཀྱིས་མ་གྲུབ་ཀྱང་བརྟེན་ནས་བཏགས་པ་ཞིག་ཡོད་ཅེས་ནང་པས་དེ་བཤད་ཀྱི་ཡོད། དུས་རབས་ཉེར་གཅིག་པའི་ནང་ རྔསྤྱཎརྣྤསྤྱན ངདཕྲཔྲདྲཏྲཔྲ ༼དགོས་ངེས་གྲངས་ཚད། གོང་བུའི་ནུས་ཚད།༽ དངོས་པོ་བཙལ་ནས་རྙེད་རྒྱུ་མེད་པ་དེར་དངོས་པོ་འཇོག་པའི་ཐབས་དེ་ཡུལ་ཅན་ཐ་སྙད་ཀྱི་དབང་གིས་ཡོད་ཅེས་པ་དེས་ཕན་ཐོགས་ཏན་ཏན་ཡོང་ཐུབ་པ་ཞིག་རེད།

                དེ་བཞིན་ནང་ཀླད་པའི་ཀླད་རྩའི་འགྲོ་སྟངས་ཀྱི་སྐོར་ལ་ཤེས་པ་ཞེས་པ་ཞིག སྤྱིར་མི་སུ་ཡིན་ནའང་ཤེས་པ་ཞེས་པ་དབྱིན་ཇིའི་ཚིག་ལའང་ཡོད།  རྒྱདྲརྣརྟ  ༼སེམས།༽ ཞེས་པ་དང༌། སྐྲྣརྣཔྲཏྲདྲྣསྤྱཔྲརྣྟཔྲཔྲ ༼རྣམ་ཤེས།༽ ཞེས་པ་དེ་འདྲ་ཡོད་ཀྱང་དེའི་ངོ་བོ་དང༌། དེའི་བྱེད་ལས་དཔྱིས་ཕྱིན་པ་ཀླད་རྩའི་སྟེང་ནས་འགྲེལ་བཤད་རྒྱབ་ཐུབ་རྒྱུ་ཁག་པོ་ཡོད། མིག་གི་ཤེས་པས་གཟུགས་མཐོང་བས་མཚོན་པས། དེ་བཞིན་ཀླད་པའི་ནང་གི་སྒོ་ལྔའི་ཤེས་པས་ཡུལ་རིག་སྟངས་དང༌། ཀླད་པའི་ནང་ལ་ལན་ལྟ་བུ་སླེབས་ཤིང་དེ་རྗེས་ཀླད་པའི་ནང་ནས་བཟང་ངན་གྱི་འདུ་ཤེས་དང༌། བླང་དོར་གྱི་འདུ་ཤེས་ཞེས་པ་དེ་དག་ཀླད་པའི་ནང་ནས་ཡོང་གི་ཡོད་པའི་རགས་པ་རྣམས་བཤད་ཐུབ་ཀྱི་ཡོད་ཀྱང་དེ་ཕྲ་རུ་ཕྱིན་པའི་སྐབས་སུ་བཤད་ཐུབ་རྒྱུ་ཁག་པོ་བྱེད་ཀྱི་ཡོད། 

                དེར་བརྟེན་ནང་པའི་ནང་ཤེས་པའི་རིག་གནས་ཀྱི་ཐོག་ལ་ཚུར་རེ་བ་བརྒྱབ་ཏེ་ནང་ཆོས་རིག་པ་གསར་པ་ཞིག་ལེན་ཐུབ་པ་དང༌། དེ་ནས་གནད་འགག་གསར་པ་ཞིག་ཤེས་ཐུབ་རྒྱུའི་དོ་སྣང་བྱེད་པ་འདི་གཟི་བརྗིད་རེད་བསམ་གྱི་འདུག ཚན་རིག་དར་ནས་དུས་ད་ལྟ་བར་དུ་ཆོས་ལུགས་ ངྟརྡདྲཐྲདྲྣརྣ ༼ཆོས་ལུགས།༽ སུ་གཅིག་ལའང་ཕར་རེ་བ་བརྒྱབ་སྟེ་ལེགས་བཤད་ཅིག་བླང་རྒྱུ་མེད་པ་ཞིག་ཏུ་བརྩིས་ནས་བསྡད་མཁན་ཞིག་གིས་དེང་སྐབས་སྤྱིར་ནང་པའི་ཆོས་དང༌། དེའི་ནང་ཚན་ནས་བོད་ཀྱི་ནང་པའི་ཆོས་ལ་ཚུར་རེ་བ་བརྒྱབ་ནས་དོ་སྣང་སླེབས་པ་དེ་གཟི་བརྗིད་ཅིག་ཕལ་ཆེར་རེད།

                བོད་ཀྱི་སངས་རྒྱས་ཀྱི་ཆོས་དེ་མི་འདྲ་བ་ཞིག་ཡོད་པ་དེ་ཁྱེད་རང་ཚོས་ཤེས་དགོས། ངས་ནམ་རྒྱུན་བཤད་ཀྱིན་ཡོད་ལ། སྤྱིར་བཏང་དཔེར་ན། ཁདྲཎརྡྣཐྲསྤྱྟ སྐྱྟྤཕྟྟརྣ རྒྱྣརྟྟཔྱརྣ ྔཏྲདྲྟརྣཏྲྟ རྐྱརྣརྟ སྐྱསྤྱརྟརྟདདྲཔྲན  ༼དེང་དུས་ཚན་རིག་དང་ནང་ཆོས་བར་གྱི་གྲོས་བསྡུར།༽ ཟེར་བའི་ཚིག་དེ་འདྲ་བེད་སྤྱོད་བྱེད་ཀྱི་འདུག་ཅིང་ངས་ཚིག་དེ་ནོར་བ་རེད་ཅེས་བརྗོད་ཀྱི་ཡོད། སྐྱསྤྱརྟརྟདདྲཔྲན  ༼ནང་ཆོས།༽ བརྗོད་ན་དེ་ཧ་ཅང་གི་རྒྱ་ཆེན་པོ་ཆགས་ཀྱི་ཡོད། ཐར་པའི་གོ་འཕང་བསྒྲུབ་རྒྱུ་དང༌། ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་རྒྱུ། ཕྱི་མ་མངོན་མཐོའི་གོ་འཕང་བསྒྲུབ་རྒྱུ་དེ་ལྟའི་ཧ་ཅང་རྒྱ་ཆེན་པོ་ཆགས་ཀྱི་ཡོད་པས་དེ་མ་རེད།

                ང་ཚོ་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱས་ཏེ་ང་ཚོས་སྐྱེ་བ་ཕྱི་མ་ཡོད་མེད་བསྒྲུབ་ཀྱི་མེད་ལ་གོ་བསྡུར་ཡང་བྱེད་ཀྱི་མེད། ཐར་པ་ཡོད་མེད་གོ་བསྡུར་བྱེད་ཀྱི་མེད། ཐམས་ཅད་མཁྱེན་པའི་གོ་འཕང་ཡོད་མེད་ཀྱང་གོ་བསྡུར་བྱེད་ཀྱི་མེད། ང་ཚོས་གང་ཞིག་གོ་བསྡུར་བྱེད་ཀྱི་ཡོད་དམ་ཞེ་ན། ད་ལྟའི་ང་རང་ཚོའི་མིའི་བསམ་བློའི་འགྲོ་སྟངས་དང༌། མིའི་སེམས་ལ་དཀའ་ངལ་འཕྲད་སྐབས་དཀའ་ངལ་དེ་སེལ་ཐབས། ནད་ན་ཚ་ཡོང་སྐབས་ནད་ན་ཚ་སྔོན་འགོག་ཇི་ལྟར་བྱེད་ཚུལ། ནད་ན་ཚ་བྱུང་ཡང་ནད་ན་ཚ་མགྱོགས་པོ་དྲག་ཐབས་དེ་དག་གི་ཐོག་ཏུ་བསམ་བློའི་འཁྱེར་སོ་དེ་ཕན་གནོད་ཆེན་པོ་ཡོད་པ་ཞིག་ཚན་རིག་པས་ར་སྤྲད་ནས་ར་འཕྲོད་ཡོང་གི་ཡོད།

                དེ་ར་འཕྲོད་པས་ན་གཞི་རྩ་དེ་དག་གི་ནང་ནས་མིའི་ཕན་བདེ་བསྒྲུབ་རྒྱུ་དང༌། ད་ལྟའི་མི་ཚེ་འདིའི་ནང་གི་དཀའ་ངལ་མང་པོ་ཞིག་སེལ་རྒྱུའི་དོན་དུ་གཞི་ནས་བསམ་བློ་གལ་ཆེན་པོ་ཡིན་པ་མཐོང་སྐབས་བསམ་བློའི་རྣམ་གཞག་ཞིབ་ཚགས་ཙམ་ཤེས་རྒྱུའི་དོན་ལ་ནང་པའི་ཆོས་ཀྱི་ནང་ནས་བསམ་བློའི་འགྲེལ་བཤད་བརྒྱབ་པ་དེར་དོ་སྣང་སླེབས་ཀྱི་ཡོད་པས་དེར་བརྟེན་ངས་འདི་བཤད་ཀྱི་ཡོད།

 

གཞི་ལམ་འབྲས་གསུམ་ལས་གཞིའི་

གནས་ཚུལ་སྐོར།

 

                ནང་ཆོས་དེ་དུམ་བུ་གསུམ་ལ་ཕྱེ་རྒྱུ་འདུག་ཅིང༌། དུམ་བུ་གཅིག་དེ་ སྐྱསྤྱརྟརྟདདྲཔྲན ནང་པའི་ཚན་རིག་དང༌། དུམ་བུ་གཅིག་དེ་ནང་པའི་ལྟ་གྲུབ་རེད། ངདདྲརྡྣཔྲྣསྣྲདཕྲ ༼ནང་དོན་རིག་པའི་གཞུང་ལུགས།༽ དུམ་བུ་གཅིག་དེ་ ངྟརྡདྲཐྲདྲྣརྣ ༼ཆོས་སམ་ཆོས་ལུགས།༽ ནང་ཆོས་སམ་མདོར་ན་ཆོས་ཉམས་ལེན་བྱེད་རྒྱུ་དེ་གསུམ་རེད། དེ་དག་ལ་མིང་དང་སྡེ་ཚན་དེ་འདྲ་ཞིག་ཕྱེ་ནས་འགྲེལ་བཤད་བརྒྱབ་མ་བརྒྱབ་ལས་ང་ཚོའི་དཔེ་ཆའི་ནང་དུ་སྔར་ནས་ཡོད།

                ང་ཚོའི་དཔེ་ཆའི་ནང་དང་ལྷག་པར་གསང་སྔགས་ཀྱི་གཞུང་ནང་འདི་ལྟར་གསུང་གི་ཡོད། གཞི་དངོས་པོའི་གནས་ཚུལ། ལམ་བགྲོད་པའི་རིམ་པ༑ འབྲས་བུ་མངོན་དུ་བྱེད་ཚུལ་ཞེས་པ་ཞིག་གསུང་གི་ཡོད།

                དེ་བཞིན་ཐེག་ཆེན་སྤྱིའི་འགྲོ་སྟངས་ཀྱི་ཐོག་ནས་བཤད་ན་གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་ཞེས་བཤད་ཀྱི་ཡོད་པས་དེས་གཞི་དང༌། ལམ། འབྲས་བུ་ཞེས་དབྱེ་བ་ཕྱེ་ཞིང༌། གཞིའི་གནས་ཚུལ་ཞེས་བརྗོད་སྐབས་གཞི་ཡི་ཕྱི་སྣོད་དང་ནང་བཅུད། ཕྱི་སྣོད་དང་ནང་བཅུད་དེ་ཐམས་ཅད་འགྱུར་ཞིང་འགྲོ་བ། རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེས་པ། འགྱུར་བའི་རང་བཞིན། མི་རྟག་པའི་རང་བཞིན། ཐ་མ་འགག་འགྲོ་བའི་རང་བཞིན་ཅན་ཞིག་ཡིན་པས་དེ་དག་འགྲེལ་བཤད་རྒྱབ་རྒྱུར་དུས་ཏེ། དུས་ཞེས་པ་ནི་གཞི་གཅིག་ལ་བརྟེན་རྒྱུ་ལས་གཞི་གཅིག་ལ་མ་བརྟེན་པར་དུས་འདི་རེད་ཅེས་མཛུབ་མོ་བཙུགས་ས་ཞིག་མེད་སྟབས་ང་ཚོའི་དཔེ་ཆའི་ནང་གཞི་དངོས་པོའི་གནས་ཚུལ་ལ་འགྲེལ་བཤད་རྒྱབ་སྐབས་འགྱུར་བ་འགྲོ་བའི་རིགས་གཅིག་དང༌། འགྱུར་བ་མི་འགྲོ་བའི་རིགས་གཅིག་བཅས་ཡོད་པ་དེ་ཤེས་དགོས་པས་ན་རྟག་པ་དང་མི་རྟག་པ་ཞེས་དབྱེ་ཕྱེ་ཞིང༌། རྟག་པ་དང་མི་རྟག་པ་ཞེས་ཆོ་མེད་ཀྱི་སྐད་ཆ་བཤད་ཀྱི་མེད། མདོར་ན་དངོས་པོའི་གནས་ཚུལ་དེ་གཏན་ལ་ཕབ་རྒྱུའི་དོན་དུ་འགྱུར་བ་འགྲོ་མཁན་གཅིག་ཡོད་ཅིང་དེར་མི་རྟག་པ་ཟེར་བ་དང༌། འགྱུར་བ་མི་འགྲོ་བ་ཞིག་ཡོད་ཅིང་དེར་རྟག་པ་ཟེར་གྱི་ཡོད། 

                འགྱུར་བ་འགྲོ་མཁན་དེའི་ནང་ལའང་མིག་གིས་མཐོང་རྒྱུ་དང༌། ལག་པས་རེག་རྒྱུ་ཡོད་པའི་གཟུགས་ཅན་ཞིག་དང༌། ཡང་གཟུགས་ཅན་མིན་པར་མྱོང་བ་ཙམ་གྱིས་ང་རང་ཚོའི་སེམས་ལ་བདེ་བ་དང་སྡུག་བསྔལ་གྱིས་མཚོན་པའི་དེ་ལྟའི་རིགས་ཤིག་ཡོད། དེས་ཡུལ་རིག་ཅིང་ཤེས་པའམ་ཡུལ་དེ་རྟོགས་པའི་སྒོ་ནས་མྱོང་བ་ཞེས་པ་ཞིག་ཡོད་ཅིང་དེར་ཤེས་པ་ཞེས་པའི་མིང་ཞིག་བཏགས་ནས་སྡེ་ཚན་ཅིག་ཕྱེ་ཡོད།

གཟུགས་ཅན་མ་ཡིན་ཞིང་ཡུལ་མྱོང་བའི་མྱོང་རིག་གི་རང་བཞིན་ཡང་མིན་པར་འགྱུར་ཞིང་འཇིག་འགྲོ་བའི་དངོས་པོ་ཞིག་ཡོད་པ་དེར་ལྡན་མིན་འདུ་བྱེད་དམ་ལྡན་པ་མ་ཡིན་པའི་འདུ་བྱེད་ཅེས་མིང་ཞིག་བཏགས་ཏེ་དངོས་པོར་འགྱུར་བ་འགྲོ་བའི་རིགས་དེར་སྡེ་ཚན་གསུམ་ཡོད། 

                ནང་པས་འདི་དག་གང་གི་ཆེད་དུ་བརྗོད་ཀྱི་ཡོད་དམ་ཞེ་ན། ཡུལ་གྱི་གནས་ལུགས་དེ་གཏན་ལ་ཕབ་ཀྱི་ཡོད། ཡུལ་གྱི་གནས་ལུགས་སྟོང་པ་ཉིད་ཅེས་པ་དེ་མ་ཡིན་པར་རང་གི་རང་བཞིན་ནམ་དངོས་པོའི་གནས་ཚུལ་གང་ཞིག་ཡིན་པ་དེ་གཏན་ལ་ཕབ་ཀྱི་ཡོད། དེ་གཏན་ལ་ཕབ་སྟེ་གཞིའི་གནས་ཚུལ་དེ་ལྟར་ཡིན་པས་ན་ང་རང་ཚོ་གཞིའི་གནས་ཚུལ་ལ་སྡུག་བསྔལ་མི་འདོད་པ་དང༌། བདེ་བ་འདོད་པ་རང་གི་ངང་གིས་ཡོང་གི་ཡོད། དེ་ལྟ་བུའི་འོག་ནས་སྡུག་བསྔལ་ཞེས་པ་དེ་རྒྱུ་གང་གིས་བྱས་པ་དང༌། རྐྱེན་གང་གིས་བྱས་པ། བདེ་སྡུག་བསྔལ་གཉིས་པོ་དེ་འཇིག་པའི་རང་བཞིན་དང༌། འགྱུར་བའི་རང་བཞིན་ཅན་རེད། དེས་ན་འགྱུར་བ་འགྲོ་བ་དེ་རྒྱུ་ཡིས་བྱས་པ་ལས་རང་ཉིད་རང་བཞིན་གྱིས་འགྱུར་བ་ཕྱིན་པ་ཞིག་མིན། 

                དེར་བརྟེན་ངས་སྙིང་པོ་བཤད་རྒྱུར། སྔོན་ལ་ངས་སྡེ་ཚན་ནམ་ས་བཅད་ཅིག་ཕྱེ་ནས་བཤད་ན། མདོར་ན་སངས་རྒྱས་པའི་ཆོས་དེ་དངོས་ཡོད་གནས་ཚུལ་དེ་ཞིབ་འཇུག་བྱས་ཏེ་ཧ་ལས་པ་རེད། དངོས་ཡོད་གནས་ཚུལ་དེ་ལྟའི་འོག་ནས་ལྟ་གྲུབ་དེ་དག་སླེབས་ཀྱི་ཡོད། དེ་ལྟའི་ སྐྲྣརྣཏྲྟསྣྲྤ ༼བསམ་ཚུལ་ལམ་ལྟ་གྲུབ།༽ ལྟ་གྲུབ་ཅིག་སླེབས་སྐབས་དེ་སྒྲུབ་རྒྱུའི་ལམ་ཉམས་ལེན་གྱི་ཆོས་བྱེད་རྒྱུ་ཟེར་བ་དེ་དུམ་བུ་གསུམ་པ་དེར་སླེབས་ཀྱི་ཡོད།

 

གཟུགས་ཅན་ཐད་ཚན་རིག་ནས་བླང་

འོས་པའི་ལེགས་ཆ།

 

                མདོར་ན་ངས་འདིར་བཤད་དགོས་པ་དེ་ རྒྱྣརྟྟཔྱརྣ ྔཏྲདྲྟརྣཏྲྟ  ༼དེང་དུས་ཚན་རིག༽ དང་བོད་ཀྱི་ནང་ཆོས་ཀྱི་ ྔཏྲདྲྟརྣཏྲྟ  ༼ཚན་རིག༽ སྡེ་ཚན་དེ་གཉིས་ཧ་ཅང་གི་འབྲེལ་བ་ཞིག་སླེབས་ཀྱི་ཡོད། ང་ཚོ་ལའང་ཚུར་གཟུགས་ཅན་གྱི་སྡེ་ཚན་དེའི་ནང་ནས་སེམས་མེད་བེམ་པོའི་རྣམ་གཞག་དེའི་ནང་ལ་ རྒྱྣརྟྟཔྱརྣ  ༼དེང་དུས།༽ རིག་གསར་གྱི་ཚན་རིག་པ་ཚོར་རྙེད་པ་དེ་དང༌། ཚན་རིག་པས་འགྲེལ་བཤད་བརྒྱབ་པ་དེ་ཚོ་ཧ་ལས་པ་རེད། ང་ཚོའི་སངས་རྒྱས་པའི་གཞུང་གི་ནང་ལ་གསུངས་པ་ལས་ཚན་རིག་པས་འགྲེལ་བཤད་བརྒྱབ་པ་དེ་དག་ཧ་ཅང་གི་ཞིབ་ཚགས་པ་དང་ལེགས་པ་ རྒྱྣརྟྟཔྱརྣ ྔཏྲདྲྟརྣཏྲྟ  ༼དེང་དུས་ཚན་རིག༽ དེ་དག་གཏིང་ཟབ་པ་དང་གནས་ཚད་ཧ་ཅང་གི་མཐོ་བ་ཡོད། དྲང་པོ་བཤད་དགོས་ཤིང་ང་ཚོ་ལས་ལྷག་པ་མེད་ཅེས་བརྗོད་རྒྱུ་བསྡད་མི་འདུག

རིགས་ཁ་ཤས་དཔེར་ན་སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་མཛད་དེ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་མཛོད་ཀྱི་འཇིག་རྟེན་ཁམས་ལེ་ཞེས་ལེའུ་གསུམ་པའི་ནང་འཇིག་རྟེན་གྱི་ཁམས་ཤིག་གསུངས་ཡོད། དེ་ཉིད་སྐབས་རེ་རང་གི་བསམ་བློའི་ནང་ལ་དེ་ལྟར་མ་གསུངས་ན་ཨང་བསམ་པ་དེ་འདྲ་དྲན་གྱི་འདུག མངོན་པ་མཛོད་ལྟར་རྒྱ་གར་མཁས་པ་གཞན་ཞིག་གིས་མཛད་པ་ཞིག་ཡོད་ཅེས་བཤད་ཀྱི་འདུག་ཅིང་དེའི་ནང་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་དབང་པོ་དང༌། ལས་དང༌། སེམས་སེམས་བྱུང་སོགས་པ་དེ་དག་ཆ་ཚང་ཡོད་ཅིང་འཇིག་རྟེན་ཁམས་ལེ་དེ་མེད་སྐད། འཇིག་རྟེན་ཁམས་ལེ་དེ་ཉིད་དབྱིག་གཉེན་གྱིས་སྣོན་མ་བཅུག་གནང་མཛད་པ་རེད་ཅེས་ཟེར། སྣོན་མ་བཅུག་པ་དེ་ཡག་ཏུ་མ་ཕྱིན་པར་སྡུག་ཏུ་ཕྱིན་པའི་བཟོ་འདྲ་འདུག ཡིན་ན་ཡང་ཐལ་ཆ་གང་ཡང་མི་འདུག གང་ལགས་ཤེ་ན། ནང་པ་སངས་རྒྱས་པའི་གཞུང་གི་ནང་བཅོམ་ལྡན་འདས་རང་ཉིད་ཀྱིས་ང་ཚོར་ཐོབ་ཐང་དང་མཚུངས་པར་གང་ཞིག་གནང་ཡོད་དམ་ཞེ་ན།

དགེ་སློང་དག་གམ་མཁས་རྣམས་ཀྱིས། །

བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །

ལེགས་པར་བརྟག་ལ་ང་ཡི་བཀའ། །

བླང་བར་བྱ་ཡི་གུས་ཕྱིར་མིན། །

ཞེས་བཅོམ་ལྡན་འདས་རང་ཉིད་ཀྱིས་ཐུགས་ཐག་བཅད་གྲུབ་པ་རེད། དེ་བཞིན་རྗེ་རིན་པོ་ཆེའི་གྲུབ་མཐའི་བསྟན་བཅོས་ལྟ་བུ་རྗེ་རང་ཉིད་ཀྱིས་རང་རྩོམ་གནང་བའི་བསྟན་བཅོས་རྨད་དུ་བྱུང་བ་ཞིག་ཡོད་པ་དེའི་ནང་གསུངས་པར། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་རོ་ཞེས་གསུངས་ཡོད། དེས་ན་མངོན་པ་མཛོད་ནས་གསུངས་པ་ལྟར་ང་ཚོས་ཁས་ལེན་བྱས་ན་རིགས་པ་དང་འགལ་བ་ཙམ་དུ་མ་ཟད་མངོན་སུམ་ལ་སྙོན་དགོས་ཤིང་མངོན་སུམ་གྱི་མཐོང་ཆོས་དང་འགལ་གྱི་ཡོད། 

                དེར་བརྟེན་དེ་ཁས་བླངས་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བ་ལྟ་ཅི་སྨོས། སྤྱིར་ནང་པ་དང་དེའི་ནང་ནས་ཚད་མའི་གཞུང་གཙོ་བོར་བརྩི་བའི་ཐེག་ཆེན་གྱི་གཞུང་ངམ། ལེགས་སྦྱར་གྱི་སྲོལ་རྒྱུན་ནམ་ངས་ཡོངས་གྲགས་བཤད་པའི་ནཱ་ལེཌནའི་ཆོས་རྒྱུད་ཅེས་པ་དེ་རེད། དེ་ཚད་མའི་ལམ་ནས་བརྟག་དཔྱད་བྱས་ཏེ་ར་འཕྲོད་པ་ཞིག་འདུག་ན་ཁས་བླངས་ཤིང༌། ར་མ་འཕྲོད་ན་ཁས་མི་བླངས་ལ། ར་མ་འཕྲོད་པ་ཙམ་མིན་པར་དེའི་འགལ་བ་མཐོང་ན་ཚད་མའི་གཞུང་གི་ནང་མེད་པ་གཅིག་ཐག་གཅོད་རྒྱུ་དེའང་མཐོང་རྒྱུ་ཡོད་པ་ཞིག་ཡིན་ན། དེ་ཡོད་ན་སྣང་དུ་རུང་ཞིང་ཡོད་ན་མཐོང་ཆོག་པ་ཞིག་ཡིན་ཀྱང༌། མཐོང་ཐུབ་ཀྱི་མི་འདུག་ཅེས་བརྗོད་དེ་དེས་མེད་པ་ཞིག་ཐག་གཅོད་ཀྱི་ཡོད། 

                དེས་ན་རི་རབ་ལ་སོགས་པ་དེ་དག་མང་པོ་ཞིག་ཡོད་ན་མཐོང་དགོས། རི་རབ་ཀྱི་གྲིབ་མ་ང་ཚོས་ལོངས་སྤྱོད་ཀྱི་ཡོད་པའི་ཁུལ་རེད། གྲིབ་མ་དེ་ལོངས་སྤྱོད་ཅིང་གྲིབ་མ་ཡོང་སའི་རི་རབ་དེ་ང་ཚོས་མཐོང་རྒྱུ་མེད་ཅེས་བརྗོད་དགོས་བྱུང་ན་ཁག་པོ་རེད། དེར་བརྟེན་གྲིབ་མ་དེ་ང་ཚོས་མཐོང་གི་ཡོད་ལ་དེ་མྱོང་གི་ཡོད། གྲིབ་མ་གང་ནས་ཡོང་བའི་རི་རབ་དེ་སྨྲ་བསམ་བརྗོད་མེད་རེད་ཅེས་བརྗོད་དགོས་བྱུང་ཡང་ཧ་ཅང་ཁག་པོ་རེད། དེས་ན་དེ་མེད་ཅེས་བརྗོད་ན་ཧ་ལས་རྒྱུ་གང་ཡང་མེད། 

                དེ་ཙམ་མ་ཟད་ང་རང་ཚོའི་ཤིན་ལྐོག་སྟོན་པའི་གཞུང་ལ། སྔ་ཕྱི་དངོས་ཤུགས་འགལ་བ་མེད་པ་ཞིག་དགོས་ཤིང༌། གླིང་བཞི་གླིང་ཕྲན་གྱིས་མཚོན་པའི་དེ་དག་ང་རང་ཚོར་ཤིན་ལྐོག་ཆགས་ཀྱི་ཡོད། དེ་ལྟའི་ཤིན་ལྐོག་སྟོན་པའི་གཞུང་ལ་མི་མཐུན་པ་མང་པོ་ཡོད། དེར་བརྟེན་དེས་ཀྱང་ང་ཚོར་རྒྱུ་མཚན་བཤད་རྒྱུ་འདུག་ལ། དེས་ན་ངས་བཤད་དགོས་པ་དེ་དངོས་ཁམས་རིག་པའི་ནང་ལ་ཚན་རིག་གི་འགྲེལ་བཤད་རྒྱབ་པ་དེ་ཧ་ཅང་ཡག་པོ་ཡོད་ཅིང༌། ང་ཚོར་ཚུར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད།

 

ཆོས་དང་ཚན་རིག་ཕན་གྲོགས་སུ་

གྱུར་ཚུལ་དོན་བསྡུས།

 

 

                སེམས་ཁམས་རིག་པའི་ནང་ཚན་རིག་པར་ནང་པའི་སེམས་ཁམས་རིག་པའི་རིག་གནས་ཀྱི་ཐོག་ནས་ཕར་རོགས་བྱེད་རྒྱུ་དང༌། ཁོ་ཚོས་ནང་པའི་སེམས་ཁམས་རིག་པ་ནས་ཚུར་བསླབ་བྱ་ལེན་རྒྱུ་ཧ་ཅང་མང་པོ་ཡོད། དེས་ན་འདིས་གང་ཞིག་མཚོན་གྱི་ཡོད་དམ་ཞེ་ན། བོད་ཀྱི་སངས་རྒྱས་ཀྱི་ཆོས་དེ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ཚན་རིག་པར་ཕར་རོགས་བྱེད་ཐུབ་པ་ཞིག་ཆགས་པའི་སྐབས་འདིར་ང་ཚོ་སྤོབས་པ་སྐྱེས་འོས་པ་ཞིག་རེད།

སངས་རྒྱས་ཀྱི་ཆོས་ལེགས་པོ་ཤེས་ན་སངས་རྒྱས་ཀྱི་ཆོས་ནང་གི་སྡེ་ཚན་གཅིག་དེ་གཞི་ཡི་གནས་ཚུལ་ལམ་མིང་གཞན་ནང་ཆོས་ཀྱི་ཚན་རིག་ཅེས་པའི་སྡེ་ཚན་འདི་ཚད་མཐོ་པོ་ཡོད་པ་ཞིག་དང༌། གཞི་ཡི་གནས་ཚུལ་དཔྱིས་ཕྱིན་པ་ཞིག་གཏན་ལ་ཕབ་ནས་གནས་ཚུལ་འདི་འདྲའི་འོག་ནས་ས་ལམ་གྱི་རྣམ་གཞག་དང༌། ལམ་བགྲོད་པའི་རིམ་པ་ཞེས་པ་དེ་དག་གིས་ནང་པའི་ལྟ་གྲུབ་བཤད་ཀྱི་ཡོད། གཞི་ཡི་གནས་ཚུལ་འདི་འདྲ་ཞིག་ཡིན་པས་བློ་ལ་འགྱུར་བ་འགྲོ་རྒྱུ་ཡོང་གི་རེད།

                དེ་བཞིན་གཞི་ལ་བདེན་པ་གཉིས་ཞེས་བཤད་པ་འདིས་གཞི་ཡི་གནས་ཚུལ་དང༌། དངོས་ཡོད་གནས་ཚུལ་འདི་འདྲ་ཞིག་རེད་ཅེས་གཏན་ལ་ཕབ་ཀྱི་ཡོད་ལ་འདི་སྐོར་གཤམ་ལ་བཤད་ཀྱི་ཡིན།

 

བོད་རིགས་འདྀ་རླབས་ཆེན་གྱི་མི་

རིགས་ཤིག་ཡིན་ཚུལ།

 

                ད་ལྟ་འདིར་ངས་བཤད་དགོས་པ་དེ་བོད་མི་རིགས་འདི་རླབས་ཆེན་ཡིན་པའི་སྒྲུབ་བྱེད་བཤད་ཀྱི་ཡོད། ང་ཚོ་བོད་མི་རིགས་ཀྱི་རྣམ་དཔྱོད་དེ་དངོས་གནས་ཕུལ་དུ་བྱུང་བའི་རྣམ་དཔྱོད་ཡོད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ང་ཚོ་སྤོབས་པ་སྐྱེས་འོས་པ་ཞིག་ཏན་ཏན་རེད། 

     ཚུར་ཕྱོགས་དེར་ང་ཚོར་དུས་ལོག་བྱུང་སྟེ་རྒྱ་གར་དུ་འབྱོར་ནས་སློབ་གྲྭ་དེ་དག་བཙུགས་ཤིང་ང་ཚོའི་སློབ་གྲྭ་ཁག་ནས་ཐོན་པའི་ཕྲུ་གུ་དེ་དག་ཆ་རྐྱེན་མ་འཛོམས་ན་གནས་ཚུལ་ཐ་དད་ལས། བོད་མི་རང་ཉིད་ཀྱི་རྣམ་དཔྱོད་ཀྱི་རྩལ་གྱི་ངོས་ནས་བཤད་ན། བོད་པ་ཚོ་སྤྱིར་བཏང་ཧ་ཅང་གི་རིག་པ་ཡག་པོ་ཡོད་ཅིང༌། སློབ་སྦྱོང་འདྲ་མཚུངས་བྱེད་ཐུབ་པ་ཞིག་ཡོང་གི་ཡོད། གོ་སྐབས་བྱུང་ན་བོད་ནང་དུ་ཆ་བཞག་ཀྱང་གོ་སྐབས་མ་བྱུང་ན་གནས་ཚུལ་ཐ་དད་ལས་གོ་སྐབས་བྱུང་ན་སློབ་སྦྱོང་འདྲ་མཚུངས་བྱེད་ཐུབ་པ་ཞིག་ཡོང་གི་ཡོད།  ང་རང་ཚོས་སྐབས་རེ་སྒྱིད་ལུག་དང་ལེ་ལོ་བྱས་ཏེ་སློབ་སྦྱོང་ལ་དེ་ཙམ་ཤུགས་མ་རྒྱབ་པ་དེ་འདྲ་ཏན་ཏན་ཡོང་གི་རེད།

                སྔ་མོ་ཆུང་ཆུང་སྐབས་ལ་ང་རང་ཡང་སྒྱིད་ལ་ཧ་ཅང་ངན་པོ་ཡོད། དཔེ་ཆ་ལྟ་སྐབས་ཁྲལ་གྱི་འདུ་ཤེས་ཤིག་ལས་རྩེད་མོ་རྩེ་རྒྱུ་དེ་གཙོ་བོར་བརྩིས་ཏེ་དཔེ་ཆ་ལྟ་རྒྱུར་དེ་ཙམ་དོ་སྣང་བྱེད་ཀྱི་མེད། མ་གཞི་སུ་དང་སུ་ཡིན་ཡང་རིག་པ་ཡག་པོ་ཡོད་ན་ལེ་ལོ་ཚ་བ་ཡོད་པ་སྟེ། འགྲིག་འགྲོ་གི་རེད་སྙམ་པ་ཞིག་གི་སྟེང་ནས་ཐད་ཀར་ཛ་དྲག་ལྟ་བུས་ཏོག་ཙམ་རེ་བལྟས་པ་ལས་ནམ་རྒྱུན་དོ་སྣང་དེ་ཙམ་མ་བྱས་པ་བཅས་མདོར་ན་སྒྱིད་ལ་ངན་པོ་བྱས་ཏེ་རྗེས་ལུས་ཐེབས་པ་ཡོང་བ་ལས། དེ་མིན་སྤྱིར་བཏང་ང་ཚོ་ཏན་ཏན་རིག་པ་ཡག་པོ་ཡིན། བོད་པའི་ཀླད་པ་དེ་ཧ་ཅང་གི་ཡག་པོ་རེད། དེར་བརྟེན་དེང་དུས་ཀྱི་ཤེས་ཡོན་རིགས་ང་ཚོས་སློབ་སྦྱོང་བྱེད་སྐབས་ང་ཚོ་བོད་པའི་རྣམ་དཔྱོད་ཀྱིས་རྗེས་ལུས་མ་ཐེབས་པར་འདྲ་འདྲ་སླེབས་ཐུབ་ཀྱི་ཡོད།

ལྷག་པར་འདས་པའི་ལོ་སྟོང་ཕྲག་རིང་ལ་ང་ཚོའི་ཕ་མེས་ཚོས་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ཐོག་ལ་བྱས་རྗེས་ཇི་ལྟར་འཇོག་གནང་མཛད་ཡོད་མེད་བསམ་བློ་ཞིག་བཏང་ཚེ་ཧ་ལས་ཤིང་ངོ་མཚར་སྐྱེ་རྒྱུ་རེད། དེར་བརྟེན་ང་ཚོའི་མི་རིགས་འདི་སྤོབས་པ་སྐྱེས་འོས་པ་ཞིག་ཏན་ཏན་རེད། 

                དཔེར་ན་སྤྱི་ལོ་ ༡༩༥༩ ལོར་ང་ཚོའི་ལུང་པ་ཤོར་ནས་ང་ཚོ་མང་པོ་ཞིག་བཙན་བྱོལ་བར་གྱུར་ཏེ་རྒྱུས་ཡོད་པ་ས་དང་གནམ་ལས་མེད་པ་ལྟ་བུ་ང་ཚོ་སྐྱོ་པོ་ཆགས་སྐབས་བོད་པའི་གཞོན་སྐྱེས་ཁ་ཤས་ཀྱིས་ང་བོད་པའི་ནང་ལ་སྐྱེས་པ་དེ་བསོད་བདེ་སྐམ་པོ་རེད་ཅེས་འདི་ལྟར་བཤད་པ་བྱུང་ཡོད།  བོད་པ་ཡིན་ཞེས་བརྗོད་རྒྱུར་སྤམ་དང་འཚེར་སྣང་བྱེད་པ་ལྟ་བུ་བྱུང་བ་རེད།

                ལག་པར་ཕྲེང་བ་འཁྱེར་མཁན་ཞིག་ཡིན་ཡང་ཕྲེང་བ་སྦས་དགོས་པ་ལྟ་བུའི་དུས་ཚོད་ཅིག་བྱུང་བ་རེད། ཕྱི་རྒྱལ་ཁག་ཏུ་བོད་པ་ཡིན་ཞེས་བརྗོད་དགོས་ཚེ་མ་བདེ་ཙམ་བྱེད་དགོས་པ་བྱུང་ཡོད། ངས་ཚོད་དཔག་བྱས་ན་ཕྱི་རྒྱལ་ལ་བོད་པ་ཐོག་མར་སླེབས་སྐབས་ཕྱི་རྒྱལ་གྱི་མི་ཡིན་ཞེས་བརྗོད་ན་སྣ་ཁུག་གི་བཟོ་དབྱིབས་དང་གདོང་གི་ཚོས་གཞིས་ཁ་གྲགས་ཡོང་གི་རེད། དེར་བརྟེན་ནུབ་ཕྱོགས་པའི་མི་ཞིག་ཡིན་ཞེས་བརྗོད་ཐུབ་ཐབས་མེད་སྟབས་བལ་པོ་དང༌། འབྲུག་པ། འབྲས་ལྗོངས་པ་ཡིན་ཞེས་བརྗོད་ན་ལས་དེ་མིན་མི་ཡོང་བའི་དུས་ཚོད་ཅིག་བྱུང་བ་རེད།

                དེ་ནས་དུས་ཚོད་རིམ་བཞིན་འདི་ལྟར་འགྱུར་བ་ཕྱིན་ཏེ་འཛམ་གླིང་འདིའི་སྟེང་དུ་བོད་ཀྱི་ཆོས་དང་རིག་གཞུང་ཞེས་པ་དང༌། བོད་ཀྱི་མི་རིགས་ཞེས་པའི་གནས་ཚུལ་གསལ་རྟོགས་ཆེ་རུ་ཕྱིན་སྐབས་བོད་པར་ཆེ་མཐོང་སླེབས་ཏེ་དེང་སྐབས་བལ་པོས་ཀྱང་བོད་པ་ཡིན་ཞེས་བརྗོད་དགོས་ཀྱི་ཡོད། 

                བོད་པ་ཡིན་ཞེས་བརྗོད་ན་ཕྱི་རྒྱལ་ལ་འགྲོ་བདེ་བ་དང༌། ཕྱི་རྒྱལ་ལ་སླེབས་རྗེས་མིས་དོ་སྣང་ཆེ་བ་དང་དགའ་པོ་བྱེད་པའི་དོན་དུ་བོད་པ་ཡིན་ཞེས་བརྗོད་དགོས་པ་དེ་འདྲ་ཡོང་གི་ཡོད། དེར་བརྟེན་འདི་གང་ལ་བརྟེན་ནས་བྱུང་རེད་དམ། འདི་ང་ཚོ་རྒྱུ་མང་དུ་ཕྱིན་ནས་བོད་པར་མཐོང་ཆེ་རུ་ཕྱིན་པ་གང་ཡང་མིན་ལ། ང་ཚོ་བོད་པའི་གཟུགས་པོ་ཧ་ཅང་མི་འདྲ་བ་ཞིག་གི་ཐོག་ནས་བོད་པར་མཐོང་ཆེ་རུ་ཕྱིན་པ་མིན་པར་བོད་པའི་ཆོས་དང་རིག་གཞུང་འདི་དག་འཛམ་གླིང་འདིའི་སྟེང་དུ་རིན་ཐང་ཡོད་པ་ཞིག་ཡིན་པས་ན་རིན་ཐང་ཡོད་པའི་མི་རིགས་དེར་མཐོང་སླེབས་ཀྱི་ཡོད། 

                རྒྱ་མིའི་ནང་ཆ་བཞག་ཀྱང་རྒྱ་རིགས་བློ་གཟུ་བོར་གནས་པ་དེ་དག་གིས་བོད་པར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་རང་ལ་རིན་ཐང་ཡོད་ན་གོང་ཐང་མི་ཡིས་རྒྱབ་ཞེས་པ་དེ་རེད། སོ་སོར་རིན་ཐང་ཞིག་ཡོད་ན་མིས་བརྩི་མཐོང་ཆེ་ཞིང་དགའ་པོ་བྱེད་པ་དང་མཐོང་ཆུང་མི་བྱེད་པ་ཞིག་ཡོང་གི་ཡོད།

                དེར་བརྟེན་དེང་སྐབས་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་བཞི་བཅུ་ཞེ་གྲངས་ཕྱིན་པའི་རིང་འཛམ་གླིང་འདིའི་སྟེང་དུ་བོད་པར་ལྟ་སྟངས་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་ཡོད། 

                ཡང་ངས་དཔེར་བརྗོད་ཆུང་ཆུང་ཞིག་རྒྱབ་ཀྱི་ཡིན། སྔ་མོ་དྲུག་ཅུའི་འགོ་སྟོད་ལ་ང་ཚོ་བོད་པའི་ཕྲུ་གུ་འགའ་ཞིག་ ངཎྤརྣཎ ྕརྣདྲསྤྲྟཔྱཔྲདྲྤཕྲ ༼པར་ན། གཙུག་ལག་སློབ་གྲྭ་ཆེན་མོ།༽ མཐོ་སློབ་དང་ཝཱ་རཱ་ཎ་སིའ་སོགས་སུ་སློབ་སྦྱོང་བྱེད་མཁན་རེ་ཟུང་ཡོད། སྐབས་དེར་ལེགས་སྦྱར་སྐད་སྦྱང་མཁན་ཡང་ཁ་ཤས་ཡོད་ཅིང༌། སྐབས་དེར་རྒྱ་གར་བའི་དགེ་རྒན་ཁ་ཤས་ཀྱིས་འདི་ཚོ་ད་ལྟ་མི་མ་རེད་ང་ཚོས་གཞི་ནས་སློབ་སྦྱོང་སྤྲད་དེ་མི་བཟོ་གི་ཡོད་ཅེས་བརྗོད་ཀྱི་ཡོད་སྐད།

                རྗེས་སུ་ང་ཚོས་ཝཱ་རཱ་ཎ་སིའར་མཐོ་རིམ་སློབ་གྲྭ་བཙུགས་ཤིང༌། བོད་པའི་ནང་ནས་སྐད་ཤེས་མཁན་ཅུང་ཙམ་སླེབས་ཏེ་སྐད་ཀྱི་དཀའ་ངལ་ཡང་སེལ་བས་གཞི་ནས་ང་ཚོའི་བོད་ཀྱི་དགེ་བཤེས་ཚོ་དང་མཉམ་དུ་གོ་བསྡུར་བྱེད་རྒྱུ་མགོ་ཚུགས་པ་དང༌། གནས་ཚུལ་ངོ་མ་ཤེས་སྐབས་སྐབས་དེའི་བོད་པ་དེ་ཚོ་མི་མ་རེད་ང་ཚོས་མི་བཟོ་གི་ཡོད་ཅེས་བརྗོད་མཁན་དེ་ཚོའི་གྲས་ཀྱིས་རིམ་བཞིན་བོད་པ་ཞེས་བརྗོད་སྐབས་དངོས་གནས་དྲང་གནས་སྐད་མ་ཤེས་པ་ལས། ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ཧ་ལས་པའི་ཤེས་ཚད་ཡོད་སྟབས་དེ་དག་གི་ས་ནས་ཚུར་སློབ་སྦྱོང་བྱེད་མཁན་ཀྱང་བྱུང་ཡོད། 

                དེར་བརྟེན་ང་ཚོའི་མི་རིགས་འདི་སྤོབས་པ་སྐྱེ་འོས་པ་ཞིག་ཏན་ཏན་རེད། དེས་ན་ངས་རྟག་པར་བོད་པ་ཚང་མར་བརྗོད་ཀྱི་ཡོད། ང་ཚོ་བོད་པ་གངས་ཅན་པ་ཞེས་པ་འདི་ང་ཚོ་ལོ་རྒྱུས་ཡོད་པ་ཞིག་དང༌། ང་ཚོའི་ཕལ་སྐད་ལྟར་ན་ང་ཚོ་ཏིལ་འཚི་ཡོད་ལ་གཞི་རྩ་ཡོད་པའི་མི་རིགས་ཤིག་ཡིན་ཞེས་ངས་རྟག་པར་བཤད་པ་དེ་རེད། ང་ཚོ་སྤོབས་པ་བྱེད་འོས་པ་ཞིག་ཏན་ཏན་རེད། ང་ཚོའི་ཕ་མེས་ཀྱི་ལོ་རྒྱུས་ལ་བསམ་བློ་ཞིག་བཏང་ཡང་ང་ཚོ་སྤྱིར་མི་རིགས་ཀྱི་ཆ་ནས་སྤོབས་པ་སྐྱེ་འོས་པ་རེད།

                ད་ལྟར་ང་ཚོ་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་ནས་ང་ཚོར་དཀའ་ངལ་ཞིག་འཕྲད་པ་རེད། ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པའི་དུས་འགོར་སླེབས་ཡོད། དུས་རབས་འདིའི་སྐབས་ང་ཚོ་བོད་པས་ སྐྲདཎརྡརྡྟརྣཐྲྟ  ༼འགྲན་སྡུར་བྱེད་པའམ། ཁ་གཏད་བཅོག་པ།༽ འགལ་རྐྱེན་མང་པོ་འཕྲད་སྐབས་ང་ཚོ་བོད་མི་རིགས་ཀྱིས་གདོང་ལེན་བྱེད་རྒྱུ་ཧ་ཅང་མཁྲེག་པོ་རེད། འབུ་ཆེས་ཆུང་བཟོས་ཞེས་བརྗོད་པ་ལྟར་ཤུགས་ཆེ་ཆུང་ཐུག་སྐབས་གནས་ཚུལ་ཐ་དད་ལས་དེ་མིན་སྤྱིར་བཏང་ང་ཚོ་བོད་པ་ཧ་ཅང་གྱོང་པོ་རེད། དེར་བརྟེན་ང་ཚོའི་མི་རིགས་འདི་སྤོབས་པ་བྱེད་འོས་པ་ཞིག་རེད།

 

བོད་ཀྱི་སྐད་ཡིག་གི་ཆ་ནས་སྤོབས་པ་

སྐྱེས་འོས་པའི་སྐོར།

 

                དེ་ནས་ང་ཚོའི་སྐད་ཡིག་ལ་ཆ་བཞག་ན། དཔེར་ན་ལེགས་སྦྱར་གྱི་སྐད་དེ་ཚད་མཐོ་པོ་ཞིག་ཏུ་བརྩི་གི་ཡོད་ཅིང༌། ནུབ་ཕྱོགས་ལ་ རྒཎྤདྲརྣ  ༼གནའ་རབས་ཡོ་རོབ་ཁུལ་གྱི་སྐད་ཡིག༽ ཞེས་བརྗོད་སྐབས་ཧ་ཅང་ཚད་མཐོ་པོར་བརྩི་གི་ཡོད།

                ཤར་ཕྱོགས་སུ་སཾསྐྲྀ་ཏ་ཞེས་བརྗོད་ཚེ་ཚད་མཐོ་པོར་བརྩི་གི་ཡོད་པ་ལྟར་ང་ཚོ་བོད་པའི་ཡི་གེ་འདི་སཾསྐྲྀ་ཏ་མཉམ་དུ་ཏག་ཏག་འགྲོ་ཐུབ་མཁན་གྱི་སྐད་ཅིག་ཆགས་ཡོད། དེ་ཡང་སྔ་མོ་ཕྱི་ལོ་ ༡༩༥༠ ནང་དབྱིན་ཇི་ནང་ཆོས་ལ་དོ་སྣང་བྱས་ཏེ་ནང་ཆོས་བསྒྱུར་མཁན་མཁས་པ་ལ་ལས་བརྗོད་པ་ལ།  ནང་ཆོས་བོད་ཡིག་ནང་ལ་བསྒྱུར་བ་དང་རྒྱ་ཡིག་ལ་བསྒྱུར་བ་གཉིས་བསྡུར་སྐབས་བོད་ཡིག་ནང་ལ་ཡོད་པ་དེ་ལྡབ་འགྱུར་གྱིས་ལེགས་པ་འདུག་ཅེས་ཟེར།

                དེང་སྐབས་ནང་ཆོས་ཀྱི་ ངཔྱྣཐྟཔྲཔྲྣཔྱ   ༼གཙུག་ལག་སློབ་དཔོན་ནམ། མཁས་དབང༌།༽ མཁས་དབང་ལ་ལས་ལེགས་སྦྱར་སྐད་ནང་གོ་དཀའ་བ་དེ་དག་བོད་ཡིག་ནང་ཞིབ་འཇུག་བྱེད་ཀྱི་ཡོད། བོད་ཡིག་ནང་གོ་ཐུབ་ཅིང་བོད་ཡིག་ནང་ལ་གོ་བ་དེ་ལེགས་སྦྱར་གྱི་ཚིག་གཅིག་དོན་མང་པོར་འགྲོ་བ་དེ་དག་སྐབས་དེའི་ལོ་ཙཱ་བ་དང་ཞུ་ཆེན་གྱི་རྒྱ་གར་མཁས་པ་གཉིས་ཟུང་འབྲེལ་ཐོག་ནས་བསྒྱུར་བས་ན། དོན་དེ་དཔྱིས་ཕྱིན་པ་དང་འཁྲུལ་པ་མེད་པ་ཞིག་བསྒྱུར་ཡོད་པ་ཧ་ཅང་གསལ་པོ་ཡིན། དེར་བརྟེན་བོད་པའི་རྣམ་དཔྱོད་དེས་ཀྱང་གཅིག་མཚོན་གྱི་འདུག་ལ། བོད་པའི་ཡི་གེ་དེས་ཀྱང་དངོས་གནས་རང་ཧ་ལས་པ་ཞིག་དང༌། གོ་ཆོད་ཡིན་པ་ཞིག་མཚོན་ཐུབ་ཀྱི་ཡོད། འོན་ཀྱང་དེང་སྐབས་ཀྱི་ རྒྱྣརྟྟཔྱརྣ ྔཏྲདྲྟརྣཏྲྟ  ༼དེང་དུས་ཚན་རིག༽ ལྟ་བུ་དང༌། རྒྱྣརྟྟཔྱརྣ ངྣརྡདྲྤདྲཏྲ  ༼དེང་དུས་ཀྱི་སྲིད་དོན།༽ ལྟ་བུ། རྒྱྣརྟྟཔྱརྣ ཁྱཏྲྣརྣྣནདྲཏྲ  ༼དེང་དུས་ཀྱི་དཔལ་འབྱོར།༽ ལྟ་བུ་དེ་དག་ནང་བོད་ཡིག་བེད་སྤྱོད་མ་བྱུང་བས་ཡར་རྒྱས་འགྲོ་མ་ཐུབ་པ་རེད། དེར་བརྟེན་མ་འདང་བ་དང་རྗེས་ལུས་ཐེབས་ཡོད་པ་ལས་སྤྱིར་ཡི་གེ་རང་གི་ངོས་ནས་བཤད་ན་བོད་ཡིག་ཧ་ཅང་གི་ཚད་མཐོ་པོ་རེད།

                ཡི་གེ་ཞིག་འབྲི་དགོས་བྱུང་ཡང་ང་ཚོའི་བོད་ཡིག་དབྱངས་གསལ་དེ་དག་ཤེས་ན་གང་ཞིག་ཡིན་ཀྱང་འབྲི་ཐུབ་ཀྱི་ཡོད། རྒྱ་ཡིག་འདི་ལྟར་བལྟས་ཚེ་ཐིག་ལྟ་བུ་ཧ་ཅང་མང་པོ་ཞིག་བརྒྱབ་མིང་ཚིག་རེ་རེ་ལའང་ཡི་གེ་གསར་པ་རེ་རེ་ཡོད་ཅིང༌། སྤྱིར་བཤད་རྒྱུན་ལ་ཉུང་ཤོས་ལའང་ཡི་གེ་སྟོང་ཕྲག་གཉིས་ཙམ་མ་ཤེས་ན་ཁག་པོ་རེད་ཅེས་བཤད་ཀྱི་འདུག སྔ་མོ་ ༡༩༥༤། ༡༩༥༥ ཙམ་ལ་ངས་ཀྱང་རྒྱ་ཡིག་ཅུང་ཙམ་བསླབས་མྱོང་ཞིང་ཡི་གེ་སྟོང་ཕྲག་གཅིག་ཙམ་ཤེས་ཀྱི་མེད་དམ། ཀློག་གང་འཚམས་ཤེས་ཀྱི་ཡོད་ཀྱང་ད་ལྟ་བརྗེད་འདུག་ཅིང་ཧ་ཅང་གི་རྙོག་དྲ་ཡོད། ལས་སླ་ཤོས་རན་  ༼རྒྱ་སྐད་དུ། མི།༽ ཞེས་པ་དེ་རེད། རན་མིན།    ༼རྒྱ་སྐད་དུ། མི་མང༌།༽ ཟེར་བའི་རན་ཟེར་བ་དེ་ལས་སླ་པོ་ཡིན་པ་ལས་དེ་མིན་ཧ་ཅང་ཁག་པོ་རེད། ཡིས་    ༼རྒྱ་སྐད་དུ༑ གཅིག༽ ཞེས་བརྗོད་ན་ལས་སླ་པོ་མ་རེད་དམ། ཡིས། ཨར། སན།                    

      ༼རྒྱ་སྐད་དུ། གཅིག གཉིས། གསུམ།༽ ལྟ་བུ་ལས་སླ་པོ་ཞིག་ཡོད་པ་ལས་གཞན་ཧ་ཅང་རྙོག་དྲ་ཡོད། དེར་བརྟེན་མདོར་ན་ཡི་གེ་རང་གི་ཐོག་ནས་བཤད་ན་རྒྱ་ཡིག་དེ་ཡང་གནའ་རབས་ཨི་འཇིབ་ཀྱི་ཡི་གེ་ལྟར་ཧ་ཅང་རྙིང་ཁུངས་ཤིག་ཡིན་ཀྱང༌། ཡི་གེའི་ངོ་བོའི་ཆ་ནས་ རྔསྤྱཎརྡདྲྤཕྲ   ༼སྤུས་ཀ་དང༌། རྒྱུ་དག༽ བཤད་ན་ཕལ་ཆེར་བོད་ཡིག་དེ་ཚད་མཐོ་བ་རེད། དེས་ན་ང་ཚོའི་ཡི་གེའི་ཆ་ནས་བཤད་ཀྱང་བོད་མི་རིགས་འདི་སྤོབས་པ་སྐྱེ་འོས་པ་ཞིག་རེད།

 

ལུས་རྟེན་སོགས་ཀྱི་ཆ་ནས་ཀྱང་སྤོབས་

པ་སྐྱེས་འོས་པ།

 

                སྤྱིར་ང་ཚོའི་གཟུགས་པོའི་ཆ་ནས་བརྩིས་ཀྱང༌། མ་གཞི་བོད་པའི་ཕྲུ་གུ་ཧ་ཅང་ཤིག་ཚག་དེ་འདྲ་ཡོད་ཅིང༌། ལྷག་པར་ང་ཚོ་ ༡༩༥༩ ལོར་རྒྱ་གར་ལ་སླེབས་ཤིང་སྐབས་དེའི་ང་ཚོའི་གཞོན་སྐྱེས་དེ་དག་ལ་སྐབས་དེར་ལྟོ་ཆག་ཤོར་ཞིང་མི་རབས་ཁ་ཤས་ལྟོ་ཆག་ཤོར་བའི་ཤིག་ཚག་ཆུང་ཆུང་དེ་འདྲ་ཡོད། སྐབས་དེར་ང་ཚོ་དཀའ་ངལ་ཡང་ཧ་ཅང་ཆེན་པོ་ཞིག་འཕྲད་པས་ལྟོ་ཆག་ཀྱང་ཤོར། དེའི་ཐོག་ནད་ན་ཚ་འགོས་ཏེ་དེ་དག་ལ་སྐབས་འཕྲལ་སྨན་བཅོས་ལེགས་པོ་ཞིག་ཀྱང་བྱེད་མ་ཐུབ་པ་བཅས་ཀྱིས་བྱས་པ་མིན་ནམ། དྲུག་ཅུའི་ནང་དུ་སླེབས་པ་དང་དྲུག་ཅུའི་ནང་ལ་གཞི་ནས་འཚར་ལོངས་བྱུང་བའི་བུ་གསོ་ཁང་ཐོག་མར་བཙུགས་སྐབས་ཀྱི་བོད་ཕྲུག་སྣབས་འཚིར་བ་དེ་དག་གཟུགས་པོ་ཅུང་ཟད་སྐྱོ་བ་ཡོད། དེ་དག་གནས་ཚུལ་ཐ་དད་རེད།

                དེ་མིན་སྤྱི་ཡོངས་ཀྱི་ཆ་ནས་ང་ཚོ་བོད་པ་ཕལ་ཆེར་གཟུགས་པོ་ཧ་ཅང་མཁྲེགས་པོ་རེད། དེར་བརྟེན་གང་ཅིའི་ཐད་ནས་བསམ་བློ་བཏང་ཚེ་ང་ཚོ་བོད་མི་རིགས་ཞེས་པ་འདི་དངོས་གནས་སྤོབས་པ་སྐྱེ་འོས་པ་ཞིག་ཏན་ཏན་རེད། འདས་པའི་ལོ་རྒྱུས་ནང་ལ་ཡང་ང་ཚོ་སྤོབས་པ་སྐྱེ་འོས་པ་ཞིག་རེད་ལ༑ དེར་བརྟེན་འབྱུང་འགྱུར་ལ་ཆ་བཞག་ཀྱང་ང་ཚོ་གཞི་རྩའི་ཆ་ནས་ང་ཚོར་བདེན་པ་ཡོད་ཅིང༌། མི་རིགས་འདི་རླབས་ཆེན་ཞིག་དང་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་ཞིག་རེད། དེས་ན་ང་ཚོ་སྤོབས་པ་སྐྱེ་འོས་པ་ཞིག་ཏན་ཏན་རེད། ང་ཚོར་རེ་བ་ཡོད་པ་ཞིག་དང་ང་ཚོའི་བདེན་པ་བདེན་ཐོག་ལ་འཁྱོལ་བ་ཞིག་ཏན་ཏན་མི་རིགས་འདིས་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག

                དེ་ནས་ཕྱོགས་གཅིག་ནས་ཕྱིའི་རྐྱེན་འཛམ་གླིང་འདིའི་སྟེང་འགྱུར་བ་ཕྱིན་དང་འགྲོ་བཞིན་པ་རེད། མང་གཙོ་དང་རང་དབང་དེ་དག་འཛམ་གླིང་འདིའི་སྟེང་དུ་མེ་ལྕེ་མཆེད་པ་ལྟར་འདི་ལྟར་མཆེད་ཡོང་གི་ཡོད། རང་དབང༌། བདེན་པ། ཁྲིམས་ཀྱིས་དབང་བསྒྱུར་བ་ཞིག་བྱུང་ན་ང་ཚོའི་བདེན་པའི་དོན་དེ་སྐད་ཆ་བཤད་ནས་བདེན་པ་བདེན་ཐོག་ལ་འཁྱོལ་བ་ཞིག་བྱེད་ཐུབ་ཀྱི་རེད། རང་དབང་དང༌། གཏམ་བརྗོད་ཀྱི་རང་དབང༌། བསམ་བློ་གཏོང་བའི་རང་དབང་མེད་པར་མེ་མདའ་ཁོ་ནའི་འོག་ནས་བཀའ་བཏང་སྟེ་འགྲོ་བའི་གནས་ཚུལ་འདི་ལྟའི་འོག་ཏུ་ཡིན་ན་ང་ཚོ་མི་ཧ་ཅང་ཉུང་ཉུང་ཡིན་ལ་ནུས་པ་གང་ཡང་མེད། དེ་ལྟའི་གནས་ཚུལ་འོག་ཏུ་བདེན་པ་ཞེས་པ་དེ་བཤད་རྒྱུ་གང་ཡང་མེད་ཅིང༌། ཐད་ཀ་ཐད་ཀའི་དྲག་ཤུགས་དང་སྟོབས་ཤུགས་ཁོ་ནས་ཐག་བཅད་པའི་ལེའུ་དེ་འཛམ་གླིང་འདིའི་སྟེང་རྫོགས་འགྲོ་གི་ཡོད།

                རྒྱ་ནག་ལ་ཆ་བཞག་ཀྱང་རྒྱ་ནག་རང་གི་ནང་ལ་འགྱུར་བ་ཧ་ཅང་འགྲོ་གི་ཡོད། ལོ་ཉི་ཤུ་སུམ་ཅུའི་གོང་གི་གནས་སྟངས་དང་དེང་སྐབས་ཀྱི་གནས་སྟངས་ལྟར་ན་འགྱུར་བ་ཧ་ཅང་འགྲོ་གི་ཡོད། དེར་བརྟེན་མ་འོངས་པར་ཏན་ཏན་ང་ཚོར་རེ་བ་ཡོད་པ་ཞིག་དང༌། ང་ཚོ་སེམས་ཤུགས་སྐྱེ་དགོས་པ་ཞིག་རེད། དེ་དག་ང་ཚོའི་ལེགས་པའི་ཆ་དེ་རེད། 

                ང་ཚོ་བོད་མི་རིགས་ཀྱི་སྡུག་སའི་ཆ་ནས་ཀྱང་བཤད་ན་ཡག་པོ་ཡོད།  དེ་ནི་ སྒྲཏདྟཏྲྤདྲསྤྲྟ  ༼བསྒྲུབ་བྱ་མཐར་ཐུག༽ ཞེས་པ་དེ་ཆགས་པ་རེད། ཡག་ཡག་ཁོ་ན་བཤད་ན་ སྒྲཏདྟཏྲྤདྲསྤྲྟ  མིན། བློ་གཟུ་བོར་གནས་པའི་ཐོག་ནས་ལེགས་དང་ཉེས་འབྱེད་ཤེས་པ་ཞིག་དགོས།

 

 

ཁྱིམ་མཚེས་རྒྱལ་ཁབ་གཞན་ལས་

བླངས་པའི་ལེགས་ཆ།

 

 

                ཆོས་རྒྱལ་ཚོའི་སྐབས་ལ་གཞི་ནས་སངས་རྒྱས་པའི་ཆོས་དར་འཕེལ་བྱུང་བ་ནི་རྩ་བ་རླབས་ཆེན་རེད། སྐབས་དེའི་ཆོས་རྒྱལ་རྣམས་ཀྱི་དགོངས་པ་དེ་ཡང་བློ་གཟུ་བོར་གནས་པ་ཞིག་སྟེ། སོ་སོའི་མི་རིགས་ཀྱི་ཆོས་དང་སོ་སོའི་མི་རིགས་ཀྱི་གོམས་གཤིས་ཁོ་ན་མིན་པར་ལེགས་པའི་ཆ་གང་དུ་ཡོད་ཀྱང་དེ་དག་བཞེས་གནང་མཛད་ཡོད།

                ངས་ནམ་རྒྱུན་རྩེད་མོ་རྩེད་ནས་འདི་ལྟར་བཤད་ཀྱི་ཡོད་ཅིང་ཕྱེད་ཀ་རྩེད་མོ་ལྟ་བུ་ཞིག་ཀྱང་རེད། ང་ཚོའི་ཆོས་རྒྱལ་དེ་དག་རླབས་ཆེན་ཞིག་དང་བློ་གཟུ་བོར་གནས་པས་ན་རྒྱ་དཀར་ནག་དང༌། པར་ཤི་ཡ། དེ་བཞིན་ཧོར་དང་བོད་ཀྱི་ཤར་ལྷོ་ནུབ་བྱང་དག་ལ་འདི་ལྟར་གཟིགས་སྐབས་ཆོས་དེ་རྒྱ་གར་གྱི་སངས་རྒྱས་པའི་ཆོས་དེ་ལེགས་ཤོས་དང༌། དེའི་ནང་ཚན་ནས་ནཱ་ལེཌནའི་ཆོས་རྒྱུད་དེ་རླབས་ཆེ་ཞིང་ཟབ་ཤོས་ཡིན་པ་མཁྱེན་རྟོགས་ཀྱིས་དཔལ་ནཱ་ལེཌན་ནས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་བ་དེ་ཧ་ཅང་གི་གྱོང་པོ་རེད། 

                དེ་བཞིན་སློབ་དཔོན་རིན་པོ་ཆེ་དམིགས་བསལ་གྱི་རྒྱུ་མཚན་ཡོད་ཅིང་དེ་ལྟར་གདན་ཞུ་གནང་ཞིང་མཁན་སློབ་ཆོས་གསུམ་ཞེས་ང་ཚོས་བཤད་པ་དེ་རེད། དེའི་གོང་དུ་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་ཡང་ཐོན་མི་སཾ་བྷོ་ཊ་སོགས་རྒྱ་གར་ལ་བརྫངས་ཤིང་བོད་ཡིག་སྐབས་དེར་གསར་བཟོ་མཛད་མིན་གྱི་གླེང་གཞི་ཡོད་ཀྱང༌། མདོར་ན་རྒྱ་གར་དང་རིག་གནས་ཀྱི་སྐོར་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་འཛུགས་གནང་མཛད་ཡོད།

                སྤྱི་ཡོངས་ཀྱི་དཔེར་ན་བཟའ་བཅའི་རིགས་སོགས་ཕལ་ཆེར་རྒྱ་མིའི་ཁ་ལག་དེ་ལེགས་པ་ཡོད་སྟབས་རྒྱ་ནག་ནས་ཤུགས་རྐྱེན་ཆེན་པོ་སླེབས་བཟོ་འདུག་པ་སྟེ། ཐ་ན་ང་ཚོས་ནམ་རྒྱུན་སྔོ་ཚོད་ཅེས་བརྗོད་བཞིན་ཡོད། ཚོད་མ་ཞེས་བརྗོད་པ་འདི་ང་ཚོའི་བོད་སྐད་རེད། དེ་མིན་ཚལ་ཞེས་པ་དེ་རྒྱ་སྐད་ཡིན་ཞིང་ལ་ཕུག་ཟེར་བ་སོགས་ཀྱང་ཕལ་ཆེར་རྒྱ་སྐད་རེད། དེར་བརྟེན་ཇ་ཟེར་བ་དེ་ཡང་ཕལ་ཆེར་རྒྱ་སྐད་རེད། ཁྲའ་ཁྲའ།     ༼རྒྱ་སྐད་དུ། ཇ་ཇ།༽ ཞེས་པ་དེ་རྒྱ་སྐད་རེད།

                དབྱིན་ཇིའི་སྐད་དུ་ ཅྟཎ ༼ཇ༽ ཟེར་བ་དེ་ཕལ་ཆེར་རྒྱ་སྐད་ནས་ཡོང་བ་ཡིན་བཟོ་འདུག་ཅིང༌། མདོར་ན་ཇ་ཐོག་མར་རྒྱ་ནག་ནས་ཡོང་བ་དང་ཇའི་མིང་དེ་ས་ཕྱོགས་གང་སར་ཁྱབ་པ་ཞིག་ཡིན། མདོར་ན་ལྟོ་ཆས་དེ་ཚོའི་གྲས་རྒྱ་ནག་ནས་དཔེ་བླངས་པ་ཡིན་བཟོ་འདུག ལྷག་པར་ང་ཚོའི་བོད་སྐད་ལ་བཤད་རྒྱུན་ལའང་རྒྱ་ཟས་དང་བོད་ཟས་ཞེས་བཤད་ཀྱི་ཡོད།

གྱོན་གོས་དེ་དག་ཧོར་སོག་གི་འགྲོ་སྟངས་དང་གནམ་གཤིས་ཧ་ཅང་གྲང་མོ་ཡོད་སའི་ས་ཁུལ་གྱི་གྱོན་གོས་དེ་དག་ང་ཚོར་རན་པོ་ཡོད་སྟབས་སོག་པོའི་གྱོན་གོས་དེ་དག་ང་ཚོ་བོད་པར་ཤུགས་རྐྱེན་ཐེབས་ཡོད་ཅིང༌། དེ་ཙམ་མ་ཟད་ང་ཚོའི་གཙུག་ལག་ཁང་གི་ཡང་ཐོག་ཏུ་འཛུགས་སྲོལ་ཡོད་པའི་ཐུག་ཅེས་པ་དེའི་སྐད་དེ་ཡང་སོག་སྐད་རེད། དེ་ལྟའི་ང་ཚོའི་གོམས་གཤིས་ནང་སོག་པོའི་གོམས་གཤིས་མང་པོ་ཞིག་ཡོད། ང་ཚོས་ཆོལ་ཁ་གསུམ་ཞེས་བརྗོད་པའི་ཆོལ་ཁའི་ཚིག་དེ་ཡང་སོག་སྐད་རེད་ཅེས་བརྗོད་ཀྱི་འདུག དེར་བརྟེན་ང་ཚོ་བོད་སོག་གཉིས་འབྲེལ་བ་ཧ་ཅང་དམ་ཟབ་བྱུང་བས། སོག་པོར་ཡང་བོད་ཀྱི་ནང་ཆོས་ཧ་ཅང་སྤེལ་ཞིང༌། སོག་པོ་རྣམས་དུས་ད་ལྟའི་བར་འདོན་པ་བཏོན་སྐབས་བོད་སྐད་རྒྱབ་པ་ཞིག་ཆགས་པ་སོགས་ཕར་ཤུགས་རྐྱེན་ཧ་ཅང་ཐེབས་ཡོད་པས་ང་ཚོ་བུ་མཚེ་མ་ལྟ་བུ་རེད།

                ཕར་ཕྱོགས་སོག་པོའི་ངོས་ནས་དང༌། ང་ཚོ་བོད་པར་ཆ་བཞག་ཀྱང་སོག་པོའི་གོམས་གཤིས་མང་པོ་ཞིག་ཚུར་སླེབས་ཡོད། མདོར་ན་ཆོས་རྒྱལ་ཚོས་དངོས་གནས་བློ་གཟུ་བོར་གནས་པའི་ཐོག་ནས་འདི་ལྟར་གཟིགས་འདུག་ཅིང༌། སྐབས་དེར་བོད་གཅིག་གྱུར་གྱི་ནུས་པ་ཡང་ཤུགས་ཆེན་པོ་ཡོད།

                དཔེར་ན་ང་ཚོ་སྐྱེ་སའི་ཟི་ལིང་གི་ས་མཚམས་དེ་དག་བར་ཆོས་རྒྱལ་གྱི་དམག་དཔུང་དང་ཆོས་རྒྱལ་གྱི་བཀའ་བསྒྱུར་བ་ཞིག་ཏན་ཏན་ཆགས་ཡོད། འཇང་གི་ས་ཁུལ་དེ་ཚོ་ཕལ་ཆེར་ཡོད་ས་རེད།

 

བོད་ཀྱི་ཆོས་སྲིད་ཐད་ཞན་ཆ་བྱུང་ཚུལ།

 

 

                དེ་རྗེས་མངའ་བདག་ཁྲི་རལ་སྐབས་ནས་རིམ་བཞིན་གླང་དར་གྱི་རྙོག་དྲ་དེ་དག་བྱུང་བས་རིམ་བཞིན་བོད་སིལ་བུ་གྱུར། ཆོས་རྒྱལ་གྱི་གདུང་རྒྱུད་ཀྱང་ཚོ་ཁག་གཉིས་སུ་གྱེས་ཤིང་གཅིག་ལྷ་རྒྱ་རིའི་རྒྱུད་པ་དེ་ཡིན་ལ། གཅིག་ཤོས་དེ་མངའ་རིས་ཕྱོགས་སུ་མངའ་རིས་ཆོས་རྒྱལ་ཞེས་པ་དེ་ཆགས་པ་ཡིན། འདི་ལྟར་བྱས་ཏེ་རིམ་བཞིན་བོད་སིལ་བུ་འཐོར་ནས་གོང་བུའི་ནུས་པ་དེ་ཉིད་ཡལ་བ་རེད། དེ་རྗེས་རིམ་བཞིན་བོད་ཀྱི་རྒྱལ་ཐོག་ལྟ་བུ་ཡོད་ཀྱང་དེ་དག་ས་ཁུལ་བྱེ་བྲག་ཏུ་འདི་ལྟར་བཞུགས་པ་ལས་གཅིག་གྱུར་གྱི་ནུས་པ་ཧ་ལམ་ཡལ་ཟིན་པ་རེད།

                འགྲོ་མགོན་ཆོས་རྒྱལ་འཕགས་པར་ཆོལ་ཁ་གསུམ་ཕུལ་ཞེས་པ་དེ་ལྟའི་སྐད་ཆ་ཞིག་ཡོང་གི་ཡོད། ཅུང་ཙམ་རྒྱ་ཆེ་རུ་ཕྱིན་ཀྱང་དེ་འདྲ་ཞིག་རེད། འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་དང་བཅས་པ་དབང་བསྒྱུར་མཁན་གྱི་སོག་པོའི་རྒྱལ་པོའི་དབུ་བླར་གྱུར་ནས་དབང་ཡོན་དུ་ཕུལ་བ་རེད་ཅེས་པའི་ང་ཚོར་སྐད་ཆ་ཞིག་ཡོད། དབང་ཡོན་ཕུལ་སྐབས་དབང་ཡོན་ཕུལ་མཁན་དེར་འབུལ་རྒྱུ་དེ་བདག་པ་ལྟ་བུ་ཞིག་རེད། བདག་སྟངས་དེ་ཡང་གོང་དུ་སོག་པོའི་བཙན་འཛུལ་བོད་ལ་སླེབས་ཤིང༌། སོག་པོས་བཙན་འཛུལ་བྱས་ཏེ་ས་སྐྱ་པཌཎི་ཏས་རྒྱ་ནག་ནས་བོད་ལ་ཕྱག་བྲིས་གནང་བ་ཞིག་གི་ནང་སོག་པོ་ཧོར་དེ་དག་ཧ་ཅང་གི་གཏུམ་པོ་ཡིན་པས་ཐབས་མཁས་གཟབ་ནན་གནང་རྒྱུ་གལ་ཆེན་ཡིན་ཞིང༌། དེ་མིན་ང་ཚོར་གྱོང་རག་གི་རེད་ཅེས་པའི་ཕྱག་བྲིས་ཤིག་ཡོད་པའི་སྐད་ཆ་འདུག

                ས་པཎ་གྱི་གསུང་ཐུབ་པ་དགོངས་གསལ་དེ་ཡང་ཕལ་ཆེར་རྒྱ་ནག་ནས་བོད་འབངས་ལ་ཡར་བཏང་གནང་བ་མིན་ནམ། དེས་རྟགས་གང་ཞིག་བསྟན་ནམ་ཞེ་ན། སྐབས་དེར་སོག་པོའི་དམག་གིས་རྒྱ་ནག་ཡོངས་རྫོགས་ལ་དབང་བསྒྱུར་བ་མ་ཟད་བོད་ལ་ཡང་དབང་བསྒྱུར་ཞིང་ཀོ་རི་ཡ་ཡང་དབང་བསྒྱུར་བ་རེད། མདོར་ན་ཧ་ལམ་ཨུ་རུ་སུའི་ས་ཁོངས་གང་མཚམས་བར་རྒྱ་ཆེ་ཙམ་སོག་པོས་དབང་བསྒྱུར་ཡོད། དེར་བརྟེན་སྐབས་དེ་དུས་དབང་བསྒྱུར་ནས་སོག་པོར་ཐོག་མ་ནས་བདག་པ་ཞིག་མིན་ཡང༌། སྐབས་དེར་སོག་པོས་དབང་བསྒྱུར་ནས་ཡོད་པས་ན་དེ་ཕུལ་ཞེས་བརྗོད་ན་འགྲིགས་ཤིང༌། མདོར་ན་འདི་ལྟར་བྱས་ཏེ་བར་སྐབས་བོད་ཀྱི་རྒྱལ་པོ་ལྟ་བུ་ཆེ་ཆུང་མང་པོ་བྱུང་ཡོད་ཀྱང་དེ་ལྟ་བུ་ཞིག་རེད།

                དེ་ནས་རིམ་བཞིན་ལོ་སུམ་བརྒྱ་དྲུག་ཅུ་ལྷག་གི་རིང་དུ་དགའ་ལྡན་ཕོ་བྲང་གི་སྐབས་སུའང་མདོར་ན་བོད་སིལ་བུའི་རང་བཞིན་བསྡད་པ་དེ་སེམས་ཧ་ཅང་གི་སྐྱོ་པོ་རེད། ད་ལྟ་ང་ཚོར་དཀའ་ངལ་འཕྲད་པ་དེ་ཡང་ཡར་དེད་ན་ལོ་སྟོང་ཕྲག་རིང་གི་ང་ཚོའི་ལོ་རྒྱུས་དང་འབྲེལ་ཡོད་ཅིང༌། ང་ཚོའི་གོང་བུའི་ནུས་པ་དེ་བརླགས་ཏེ་འདི་ལྟར་ཕྱིན་པ་རེད།

 

ཆོལ་གསུམ་ཆིག་སྒྲིལ་ཐད་ནང་ཆོས་ཀྱིས་

ཕུལ་བའི་ལེགས་སྐྱེས།

 

 

                ཆོས་ཕྱོགས་ཀྱི་ཐོག་ནས་སྐབས་རེ་འཐུས་ཤོར་ངེས་པར་ཕྱིན་ཡོད་ཅིང༌། ལྷག་པར་ཆོས་ཀྱི་མིང་འཁྱེར་བའི་བླ་ཆེན་དཔོན་ཆེན་ཚོས་ཀྱང་རྙོག་དྲ་སྣོན་མ་བཟོས་པ་འཛམ་གླིང་གི་ཡུལ་གྲུ་གཞན་དུ་ཡོང་གི་ཡོད་ལ་བོད་པའི་ནང་དུ་ཡང་བྱུང་ཡོད། འོན་ཀྱང་ཕྱོགས་གཅིག་ནས་བསམ་བློ་བཏང་ཚེ་ཆབ་སྲིད་ཀྱི་ཐོག་ནས་བོད་སིལ་བུར་ཕྱིན་ཀྱང་བོད་མི་རིགས་ཡོངས་རྫོགས་གཅིག་སྒྲིལ་ཡོང་བའི་སྲོག་རྩ་ལྟ་བུ་སངས་རྒྱས་པའི་ཆོས་ཀྱིས་ཟིན་ཡོད།

                སངས་རྒྱས་ཀྱི་ཆོས་བཀའ་འགྱུར་བསྟན་འགྱུར་ཞེས་པ་དེ་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་རྫོགས་ལ་ཁྱབ་ཡོད་ཅིང༌། མདོར་ན་སོག་ཡུལ་དང་བཅས་པར་བཀའ་བསྟན་གྱིས་ཁྱབ་སྟེ་བོད་ཡིག་དང་བོད་སྐད་དེ་དག་གིས་ཡོངས་རྫོགས་ཆིག་སྒྲིལ་ཐོག་གནས་ཡོད་ཐུབ་ཡོད་ལ། ཆབ་སྲིད་ཀྱི་ཐོག་ནས་ང་ཚོ་དུམ་བུར་ཕྱིན་ཏེ་དམག་འཁྲུག་རྒྱབ་ཀྱི་ཡོད་ཀྱང་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་ཐོག་གནས་ཐུབ་ཡོད་པས་སྤྱི་ཡོངས་ནས་ང་ཚོ་བོད་རིགས་གོང་བུ་གཅིག་གྱུར་ཟིན་པར་སངས་རྒྱས་ཀྱི་ཆོས་ཀྱིས་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད།

དེ་དང་ཆབས་ཅིག་ཆབ་སྲིད་ཀྱི་ཐོག་ནས་བོད་སིལ་བུར་གྱུར་ཏེ་ཉམས་དམའ་པོར་གནས་ཡོད་རུང་བོད་པའི་རྣམ་དཔྱོད་ཀྱི་རིག་རྩལ་དེ་སངས་རྒྱས་ཀྱི་ཆོས་ཀྱི་ནང་ལ་ཧ་ཅང་བེད་སྤྱོད་བྱས་པ་དང༌། དེ་བཞིན་ཚད་མའི་གཞུང་ལ་ཆ་བཞག་ཀྱང་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང༌། སློབ་དཔོན་ཆོས་གྲགས་སོགས་རྒྱ་གར་གྱི་ནཱ་ལེཌནའི་མཁས་པས་མཛད་པའི་ཚད་མའི་གཞུང་དེ་དག་དང༌། བོད་ལ་ཆ་བཞག་ཀྱང་ཕྱྭ་པ་ཡབ་སྲས་རྣམས་ཀྱི་སྐབས་ནས་ཚད་མའི་འགྲོ་སྟངས་མང་པོ་ཞིག་གསར་གཏོད་མཛད་པ་དེ་དག་བོད་པས་མཛད་པ་རེད། དབུ་ཚད་ཀྱི་དོན་གཏན་ལ་ཕབ་སྐབས་ཐལ་དང་ཕྱིར་ཞེས་བརྗོད་པའི་ཚིག་གི་འགྲོ་སྟངས་དེ་དག་ཕལ་ཆེར་ཕྱྭ་པ་ཡབ་སྲས་ཀྱི་སྐབས་ནས་དར་སྲོལ་ཧ་ཅང་ཆེན་པོ་གཏོང་གནང་མཛད་པ་ཡིན། དེ་བཞིན་ཡར་ལངས་ནས་གཟན་སྐེད་པར་དཀྲིས་ཤིང་ལག་པ་བརྡབ་པ་འདི་དག་རྒྱ་གར་དུ་ཨེ་ཡོད་སྙམ། མདོར་ན་ང་ཚོ་བོད་པའི་རྣམ་དཔྱོད་མུ་མཐུད་དེ་ཡར་རྒྱས་གཏོང་ཐུབ་པ་ཞིག་ང་ཚོས་བྱས་ཡོད་པ་རེད། དེ་དག་ཆོས་ཕྱོགས་ཀྱི་ཐོག་ནས་རེད།

                ལྷག་པར་ཆོས་ཕྱོགས་ཀྱི་ཐོག་ནས་སངས་རྒྱས་པའི་ཆོས་དེ་བོད་དུ་དར་འཕེལ་བྱུང་མེད་ཚེ་ཆབ་སྲིད་རྐྱང་པའི་ཐོག་ནས་གོང་བུ་གཅིག་སྒྲིལ་གྱིས་བསྡད་དགོས་ན། ཆབ་སྲིད་ཀྱི་ནུས་པ་ཉམས་ཏེ་གོང་བུ་གཅིག་གྱུར་ཉམས་རྗེས་བོད་པ་རྩ་བ་ནས་ཁ་འཐོར་ཏེ་ཧ་ཅང་ཁག་པོ་རེད། འདས་པའི་ལོ་སྟོང་ཕྲག་གཉིས་མིན་ཙམ་གྱི་རིང་ལ་འདི་ལྟར་བསམ་བློ་ཞིག་བཏང་ན་ཆབ་སྲིད་ཀྱི་ཐོག་ནས་ང་ཚོ་འཐུས་ཤོར་ཤུགས་ཆེན་ཕྱིན་ཀྱང༌། ང་ཚོ་བོད་མི་རིགས་ཞེས་པ་ཞིག་འདི་ལྟར་འཛིན་ཏེ་གནས་ཐུབ་པ་དེ་ཆོས་ཕྱོགས་ཀྱི་ཐོག་ནས་བྱུང་བ་ཞིག་རེད་སྙམ།

ད་ལྟ་འབྲེལ་བའི་སྐབས་སུ་ཡང་ང་ཚོ་བོད་པ་འཛམ་གླིང་འདིའི་སྟེང་བརྩི་མཐོང་སླེབས་པའི་གཞི་མའམ་རྩ་བ་དེ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ཕྱུག་པོ་ཡོད་པའི་ཐོག་ནས་ཡིན་པ་ལས་དེ་མིན་ང་ཚོར་གང་ཡང་མེད།

                དེར་བརྟེན་དངོས་ཡོད་གནས་ཚུལ་ལའང་དཔེར་ན་འཛམ་གླིང་ནུབ་ཕྱོགས་ཀྱི་རྒྱ་མི་གནས་ཡུལ་ལ་ལར་ ཉྟརྣ སྐྲྟརྣྤཔྱྟ ༼ཛན་གྱི་ལྟེ་གནས།༽ ལྟ་བུ་ཅུང་ཟད་ཡོད་པ་ལས་གཞན་དག་གང་ཡང་མེད།

                གང་ཞིག་ཡོད་དམ་ཞེ་ན་འཛམ་གླིང་གང་སར་རྒྱ་མིའི་ཟ་ཁང་ཧ་ཅང་མང་པོ་ཡོད། བོད་པར་བོད་པའི་ཟ་ཁང་ཟེར་བ་གང་ཡང་མེད་ཀྱང་བོད་པའི་ནང་ཆོས་ཀྱི་ སྐྲྟརྣྤཔྱྟ ༼ནང་ཆོས་ཀྱི་ལྟེ་གནས།༽ ཧ་ཅང་མང་པོ་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཞིག་རེད། མགོ་སེར་དེ་དག་ཧ་ཅང་གྲུང་པོ་ཡོད། བོད་པའི་ཟ་ཁང་དགོས་རྒྱུ་གང་ཡང་མེད་ལ་ཟ་མཁན་ཡང་མེད། རྒྱ་མིའི་ཟ་ཁང་ཡག་པོ་ཡོད་ཀྱང་ཆོས་ཀྱི་ཐོག་ལ་བཤད་སྐབས་རྒྱ་མིའི་ཧྭའི་ཧྲང༌།     ༼རྒྱ་སྐད་དུ། ཧྭ་ཤང་ངམ་གྲྭ་པ།༽ གི་ཆོས་དང༌། དེ་བཞིན་ ཉྟརྣ ༼ཛན་གྱི་ཆོས་ལུགས།༽ གྱི་ཆོས་ལས་ཧ་ལམ་མེད། བོད་ཀྱི་སངས་རྒྱས་པའི་ཆོས་དེ་གཏིང་ཟབ་ཅིང་འགྲེལ་བཤད་མང་བ་ཡོད་པས་དོ་སྣང་སླེབས་ཀྱི་ཡོད། 

              དེར་བརྟེན་ང་ཚོ་བོད་པ་ཆོས་ཕྱོགས་ཀྱི་ཐོག་ནས་ད་ལྟ་ཡིན་ན་ཡང་འཛམ་གླིང་འདིའི་སྟེང་དུ་ང་ཚོར་ངོམ་རྒྱུ་ཡོད་ལ་ང་ཚོར་གཟི་བརྗིད་སྟོན་རྒྱུ་ཡོད་པ་དེ་སངས་རྒྱས་པའི་ཆོས་རེད། སངས་རྒྱས་ཀྱི་ཆོས་དེ་ང་ཚོ་བོད་མི་རིགས་ཀྱི་འདི་ལྟར་ལོ་རྒྱུས་ཀྱི་ཆ་ནས་བརྩིས་ན་ཡང་རེད། ད་ལྟའི་གནས་སྟངས་ཀྱི་ཐོག་ནས་བརྩིས་ཀྱང་སངས་རྒྱས་པའི་ཆོས་དེ་གལ་ཆེན་པོ་ཆགས་ཡོད།

 

བོད་རིགས་ཀྱི་ངོ་བོ་མཚོན་བྱེད་ཟབ་ཅིང་

རྒྱ་ཆེ་བའི་རིག་གཞུང༌།

 

                བོད་མིའི་རྣམ་པ་མཚོན་རྒྱུ་དེ་ང་ཚོའི་གདོང་གི་དབྱིབས་དང་སྐྲའི་ཚོན་མདོག་ཁོ་ནའི་ཐོག་ནས་མཚོན་ཐབས་གང་ཡང་མེད། བོད་མིའི་ཁྱད་ཆོས་སམ་བོད་མིའི་རྣམ་པ་འབུར་དོད་དུ་ཐོན་ཐུབ་པའི་རྒྱུ་ཆ་གཙོ་བོ་དེ་བོད་པའི་སྐད་དང་རིག་གཞུང་རེད། སྐད་དང་རིག་གཞུང་གི་ནང་ནས་གཙོ་བོ་དེ་རིག་གཞུང་ཡིན་ཞིང༌། རིག་གཞུང་དེ་ཡང་གོང་དུ་བརྗོད་པ་ལྟར་གླུ་གར་དང་རོལ་མོ་སོགས་ཧ་ཅང་མང་པོ་ཡོད། ང་ཚོར་ཆ་ལུགས་སོགས་ཧ་ཅང་མང་པོ་ཡོད་ཀྱང་རྩ་བ་མིའི་བསམ་བློའི་རྣམ་དཔྱོད་ཀྱི་སྟེང་ནས་འགྲོ་དགོས་པས་སངས་རྒྱས་པའི་ཆོས་དེ་གཙོ་བོ་རེད། དེར་བརྟེན་ང་ཚོ་བོད་པ་ཞིག་ཡིན་པའི་ངོས་ནས་བོད་པའི་མཚོན་རྟགས་སམ་བོད་པའི་རྣམ་པ་འབུར་དོད་མཚོན་པའི་རྒྱུ་མཚན་གཙོ་བོ་སངས་རྒྱས་པའི་ཆོས་དེ་ཆགས་ཡོད།

                ངས་སོག་པོ་ཚོར་ཡང་དེ་བཞིན་བརྗོད་ཀྱི་ཡོད། སོག་པོ་ཚོས་སོ་སོའི་མི་རིགས་ཀྱི་རྣམ་པ་དེ་ཉིད་ཟུར་གསལ་ཐོན་པ་ཞིག་བྱེད་དགོས་ན་ནང་པའི་ཆོས་དེ་གལ་ཆེན་པོ་རེད་ཅེས་བརྗོད་ཀྱི་ཡོད། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་གྱི་ཡུལ་མི་ཚོར་ཡང་དེ་མཚུངས་བཤད་ཀྱི་ཡོད། ཁྱེད་རང་ཚོ་གྲངས་ཉུང་མི་རིགས་འབྲས་ལྗོངས་པ་དང༌། དེ་བཞིན་ལ་དྭགས་པ། གཞན་ཡང་མོན་པ་བཅས་རྒྱ་གར་རྒྱལ་ཁབ་ནང་གི་མི་རིགས་ཟུར་གསལ་ཞིག་གི་རྣམ་པ་འབུར་དོད་ཡོང་བའི་ཁྱད་ཆོས་གཙོ་བོ་དེ་སངས་རྒྱས་པའི་ཆོས་ཆགས་ཡོད། དེ་དང་འབྲེལ་བའི་ སྐྱསྤྱྤདྲཎ རྒཎརྣཐྲསྤྱཎཐྲྟ ༼སྦུ་ཀྲི་ཡའི་སྐད་ཡིག༽ བརྗོད་ཀྱང་རུང་མིང་གང་ཞིག་བཏགས་ཀྱང་དོན་ལ་བོད་ཡིག་དེ་ཆགས་ཡོད། དེ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་ངས་བརྗོད་ཀྱི་ཡོད། དེར་བརྟེན་ང་ཚོ་བོད་པའི་མི་རིགས་ཤིག་གི་ངོས་ནས་བཤད་ཀྱང་སངས་རྒྱས་པའི་ཆོས་དེ་གལ་ཆེན་པོ་རེད།

                གཉིས་ནས་བོད་པའི་ཡི་གེར་དགའ་ཞེན་དང་བོད་པའི་ཡི་གེར་མཐོང་སླེབས་པ་ཞིག་བྱེད་དགོས་ཚེ་སངས་རྒྱས་པའི་ཆོས་ལ་ཤེས་ཚད་ཅུང་ཟད་ཡོད་པ་དང༌། སངས་རྒྱས་པའི་ཆོས་ལ་དོ་སྣང་ཞིག་སླེབས་ན་དངོས་གནས་དྲང་ནས་བོད་ཡིག་འདི་རྩ་ཆེན་པོ་ཡིན་པ་དང༌། བོད་ཡིག་མེད་ཐབས་མེད་པ་ཞིག་གཞི་ནས་མཐོང་གི་རེད།

                དེང་སང་དབྱིན་ཇིའི་སྐད་དང༌། འཇར་མན་གྱི་སྐད་དང༌། ཧཕ་རན་སིའི་སྐད། སི་པན་གྱི་སྐད། ཨི་ཊ་ལིའི་སྐད་སོགས་སྐད་ཡིག་མང་པོའི་ནང་དུ་བོད་ཀྱི་ནང་ཆོས་ཡོད་ཀྱང༌། ལྟ་གྲུབ་ཀྱི་རྣམ་གཞག་ཞིབ་ཚགས་པོའི་ཐོག་ཏུ་འགྲོ་དགོས་ཚེ་མཐར་གཏུགས་ན་བོད་པའི་ཡི་གེ་ལ་གཏུགས་རྒྱུ་ལས་ཐབས་གཞན་མེད། དབྱིན་ཇིའི་ཡི་གེ་ཁོ་ནའི་ཐོག་ནས་ཐག་ཆོད་རྒྱུ་ཁག་པོ་ཡིན། དབྱིན་ཇིའི་སྐད་ཡིག་ཐོག་ད་ལྟ་མི་རབས་གཅིག་གཉིས་ལས་ཕྱིན་མེད་སྟབས་ཐག་ཆོད་པ་དང་གཏན་འཁེལ་བ་མེད།

                ང་ཚོའི་བོད་ཡིག་ཐོག་ནང་པའི་ལྟ་གྲུབ་དེ་དག་གཏན་འཁེལ་ཏེ་ལོ་སྟོང་ཕྲག་ཕྱིན་ཟིན་པས་ཐག་ཆོད་པ་ཞིག་ཡོད། དེར་བརྟེན་སངས་རྒྱས་པའི་ཆོས་ལ་དོ་སྣང་ཅུང་ཟད་ཡོད་ན་བོད་ཡིག་དེ་རྩ་ཆེན་པོར་མཐོང་བ་དང༌། བོད་ཡིག་ལ་དགའ་ཞེན་དང་བོད་ཡིག་ལ་སྤོབས་པ་སླེབས་པ་དེ་ཆགས་ཀྱི་རེད། ཆོས་ལ་དོ་སྣང་གང་ཡང་མེད་ན་བོད་ཡིག་དགོས་རྒྱུ་གང་ཡང་མེད། ཟ་སྐད་འཐུང་སྐད་ཀྱིས་མཚོན་པའི་དེང་སང་གི་ཤེས་ཡོན་ལ་ཆ་བཞག་ཀྱང་བོད་ཡིག་ལ་མཐོང་གང་ཡང་སླེབས་རྒྱུ་མེད། དེ་སྡེ་ཚན་ལྟ་བུ་གཅིག་རེད།

ལོ་རྒྱུས་ལས་བསླབ་བྱ་ལེན་ཏེ་དེང་དུས་ཀྱི་

ཤེས་ཡོན་སྦྱོང་དགོས་པ།

 

                ང་ཚོ་བོད་ཀྱི་སྐྱོན་ཆ་གཅིག་ནི་དེང་དུས་ཀྱི་ཤེས་ཡོན་མེད་པ་དེས་ང་ཚོར་སྐྱོན་ཆེ་ཤོས་དེ་ལྷག་པ་རེད། སྐུ་མདུན་སྐུ་ྋགོང་མས་དུས་རབས་ཉི་ཤུ་པའི་འགོ་སྟོད་ཙམ་དུ་སྐུ་ྋགོང་མ་རང་ཉིད་སྐུ་ངལ་ཧ་ཅང་འཕྲད་པ་རེད། ཐོག་མར་དབྱིན་ཇིའི་དམག་དང་དེ་རྗེས་རྒྱ་དམག་སླེབས་ཤིང་དེ་གཉིས་སྐབས་སྐུ་མདུན་སྐུ་ྋགོང་མ་རྒྱ་སོག་གི་ཡུལ་གྲུར་ཕེབས་དགོས་བྱུང་བ་དང༌། དབྱིན་ཇིའི་དམག་ཡོང་སྐབས་སོག་ཡུལ་དུ་ཕེབས་པ་དང༌། རྒྱ་དམག་ཡོང་སྐབས་རྒྱ་གར་འཕགས་ཡུལ་དུ་ཕེབས་དགོས་པའི་གནས་ཚུལ་བྱུང་བ་རེད། དེའི་སྐབས་གཞི་ནས་རྒྱ་དཀར་ནག་གི་གནས་ཚུལ་དེ་དག་གཟིགས་སྟབས་དེ་རྗེས་ལྷ་སར་ཕྱིར་ཕེབས་གྲུབ་ནས་རིང་པོར་མི་ཐོག་པར་དབྱིན་ལན་དུ་སློབ་སྦྱོང་ལ་གཏོང་རྒྱུའི་དབུ་བཙུགས་ཡོད་ཀྱང་ང་ཚོ་ཐབས་སྐྱོ་བ་ཞིག་ལ་དེ་དག་མུ་མཐུད་དེ་གཏོང་མ་ཐུབ་པ་དེ་དངོས་གནས་དྲང་གནས་འགྱོད་པ་དཔག་ཏུ་མེད་པ་སྐྱེ་རྒྱུ་ཞིག་རེད། དེ་ནི་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཅོ་ལྔ་ཡས་མས་ཀྱི་མཚམས་སུ་རེད། དེ་དག་མུ་མཐུད་ནས་གཏོང་ཐུབ་ཡོད་ན་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཅོ་ལྔ་སྐོར་ནས་ཉི་ཤུ་རྩ་གྲངས། སུམ་ཅུ་སོ་གྲངས། བཞི་བཅུ་ཞེ་གྲངས། ལྔ་བཅུ་ང་གྲངས་ཞེས་བརྗོད་སྐབས་དཔེར་ན་བཞི་བཅུ་ཞེ་གྲངས་བར་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་བོད་པ་སྟོང་ཕྲག་མེད་ཀྱང་བརྒྱ་ཕྲག་ཁ་ཤས་ཤིག་ང་ཚོས་ངེས་པར་བཟོ་ཐུབ་ཡོད། དེ་དག་རྩ་བ་ནས་ང་ཚོ་ཧ་ཅང་རྗེས་ལུས་དང་འཐུས་ཤོར་ཕྱིན་ཡོད།

 

བཙན་བྱོལ་དུ་ཆོས་རིག་གི་ལྟེ་གནས་

བཙུགས་ཚུལ།

 

                དེས་ན་ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་གྱུར་ཏེ་ཐབས་སྐྱོ་པོ་ཆགས་སྐབས་ ༡༩༥༩ ཟླ་ ༤ ནང་རྒྱ་གར་དང་ཟླ་ ༤ ཟླ་མཇུག་དེར་མ་སུ་རིར་སླེབས་ཤིང༌། ལས་ཀ་དང་པོ་དེ་ང་ཚོ་བོད་ནས་ཚུར་ཛ་དྲག་གིས་ཡོང་བ་དེ་དག་ལ་ས་བསིལ་ས་ཞིག་དང༌། སྔོན་ལ་ལྟོ་གོས་ཀྱི་འགྲོ་སྟངས་ལྟ་བུ་བཟོ་དགོས་པ་སོགས་ལོ་གཅིག་གི་རིང་ཧ་ཅང་ཛ་དྲག་གི་ལས་ཀ་དེ་དག་རེད།

                དེ་རྗེས་དྲུག་ཅུ་ཐམ་པའི་ཟླ་བ་བཞི་པ་ལྔ་པ་ཙམ་ལ་ང་ཚོས་སློབ་གྲྭ་ཐོག་མ་དེ་མ་སུ་རིར་བཙུགས་ཤིང༌། སྐབས་དེར་ཁྱེད་རང་ཚོ་ལྟ་བུ་ཕྲུ་གུ་ཆུང་ཆུང་ཧ་ཅང་མང་པོ་མེད། བོད་ནས་ཚུར་ཟིང་འཁྲུག་གི་འོག་ནས་གློ་བུར་དུ་བྲོས་ཡོང་བའི་ནང་ནས་མཐའ་མཚམས་དེ་དག་ནས་ཕྲན་བུ་ཡོད་པ་ལས། དེ་མིན་ལྷ་ས་རང་ནས་ཡོང་བ་དེ་དག་མི་ཧྲག་རྟ་ཧྲག་ཤ་སྟག་རེད། དེའི་ནང་གི་གཞོན་སྐྱེས་དེ་དག་ནས་མི་ལྔ་བཅུ་ཐམ་པ་རུབ་རུབ་བཟོས་ཏེ་མ་སུ་རིར་སློབ་གྲྭ་དང་པོ་དེ་བཙུགས་པ་རེད།

                སྐབས་དེར་དགེ་འདུན་པ་ཚོར་ང་ཚོ་ཕྱིན་ཆད་བསྟན་པའི་མེ་རོ་གསོ་རྒྱུའི་དོན་དུ་རིས་མེད་ཀྱི་དགེ་འདུན་པ་ཆིག་སྟོང་ལྔ་བརྒྱ་ཞིག་དང༌། ཐོག་མར་རྒྱ་གར་གཞུང་གི་བཀའ་འཁྲོལ་གྲངས་ཚད་སུམ་བརྒྱ་རེད། ང་ཚོས་སུམ་བརྒྱ་ཉུང་དྲགས་འདུག་སྟབས་ཆིག་སྟོང་ལྔ་བརྒྱ་ངེས་པར་དགོས་ཚུལ་ཨུ་ཚུགས་ཀྱིས་ཞུས་ཤིང༌། དེ་རྗེས་སྦག་ས་ཆོས་སྒར་ཞེས་པ་དེར་ཆིག་སྟོང་ལྔ་བརྒྱའི་གྲངས་ཚད་ཀྱིས་སློབ་གཉེར་མུ་མཐུད་ནས་གནང་རྒྱུར་དགེ་འདུན་པའི་བསྟི་གནས་ཤིག་བཙུགས་ཤིང༌། རྒྱ་གར་གཞུང་གིས་ ངཎྤདྲྣརྣ ༼རྒྱས་བཅད་བཟའ་བཅའ།༽ སྤྲད་ནས་འཚོ་གོས་མཐུན་རྐྱེན་རྒྱ་གར་གཞུང་གིས་གནང་སྟེ་འདི་ལྟར་བྱས་ནས་བསྡད་པ་རེད། སྐབས་དེར་ང་ཚོར་དགོན་པ་བཞེངས་རྒྱུའི་འཆར་གཞི་གང་ཡང་མེད་ལ་ཧ་ཅང་གལ་ཆེན་པོ་ཞིག་ཀྱང་བརྩིས་མེད་ཅིང༌། གལ་འགངས་ཆེ་ཤོས་དེ་སྔོན་ལ་བསྟན་པའི་སོན་རྩ་ལྟ་བུར་དགེ་འདུན་ཆིག་སྟོང་ལྔ་བརྒྱ་ཡོད་པ་དེ་དག་གིས་སློབ་སྦྱོང་མུ་མཐུད་ནས་གནང་རྒྱུ་དེ་ཡིན།

                སྔོན་ལ་ཁ་ཚ་དགོས་གཏུགས་ཛ་དྲག་ཆེ་ཤོས་དེ་དེང་དུས་ཀྱི་ཤེས་ཡོན་སྤྲོད་རྒྱུ་དེ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩིས་ཡོད། ཕྱི་ལོ་ ༡༩༦༠ ལོ་ནས་ང་ཚོས་སློབ་གྲྭ་དེ་དག་བཙུགས་ཏེ་དུས་ལྟ་བར་ང་ཚོའི་གཏན་འཇགས་སློབ་གྲྭ་དང༌། ཉིན་མོའི་སློབ་གྲྭས་མཚོན་པའི་སློབ་གྲྭ་དེ་དག་གལ་ཆེན་དོན་ཆེན་གྱིས་བཙུགས་པ་རེད། སློབ་གྲྭ་བཙུགས་པ་ལའང་བཙུགས་སྟངས་རེད། དེང་དུས་ཀྱི་ཤེས་ཡོན་ཁོ་ནས་འགྲིག་གམ་ཞེ་ན། དེས་མི་འགྲིགས་ཏེ་ང་ཚོ་བོད་མི་རིགས་རེད། ང་ཚོར་རིག་གཞུང་ཡོད་ལ་ང་ཚོར་སངས་རྒྱས་ཀྱི་ལྟ་གྲུབ་ཡོད་པས་ང་རང་ཚོའི་ལྟ་གྲུབ་དང་འབྲེལ་བའི་རིག་གཞུང་གཏིང་ཟབ་དེ་དག་དང༌། ང་ཚོའི་ཡི་གེ་དེ་ཡང་ངེས་པར་དུ་བསླབས་ཐུབ་པ་ཞིག་དགོས་ཀྱི་ཡོད།

                དེར་བརྟེན་སྐབས་དེར་པཌཎི་ཏ་ནེ་རོ་ལ་ང་ཚོའི་བོད་ཕྲུག་ཚོར་དེང་དུས་ཀྱི་ཤེས་ཡོན་དང༌། ང་ཚོ་བོད་ཀྱི་གནའ་རབས་ཀྱི་ཤེས་ཡོན་གཉིས་ཀ་ཡོད་པ་ཞིག་དགོས་སྟབས་ང་ཚོར་སློབ་གྲྭ་ཟུར་དུ་དགོས་ཀྱི་འདུག་ཅེས་པཌཎི་ཏ་ནེ་རོ་ལ་ཞུས། ནེ་རོས་ཀྱང་དེར་རྒྱབ་སྐྱོར་གནང་སྟེ་དབུས་ ྔྣཏྲདྲྟྤཕྲ ༼ཚོགས་པ།༽ ཞེས་པ་དེ་བཙུགས་པ་དང༌། སྐབས་དེར་ ྔྣཏྲདྲྟྤཕྲ གཙོ་འཛིན་དེ་ཡང་རྒྱ་གར་དབུས་གཞུང་གི་ ྕརྣདྲྣརྣ ཁྱརྟསྤྱཏྲཎྤདྲྣརྣ རྒྱདྲརྣདྲཔྲྤྟཔྱ ྔདདྲཔྱདྲ རྒྱཎརྡྟྟ ༼ཤེས་ཡོན་བློན་ཆེན་ཤྲིའ་རི་མ་ལེ།༽ ཞུ་བ་ཁོང་གིས་གནང་བ་རེད། མཐའ་མའི་ཐག་གཅོད་བྱེད་པའི་ཉིན་མོར་ནེ་རོ་དང་མཉམ་དུ་གསོལ་ཚིགས་གནང་ཞིང༌། ྔདདྲཔྱདྲ རྒྱཎརྡྟྟ ཞུ་བ་ཁོང་གསོལ་ཚིགས་ལ་ཕེབས་ཏེ་ང་ཚོ་སྒོར་སྒོར་བྱས་ནས་དེའི་སར་པཌཎི་ཏ་ནེ་རོས་འདི་དང་འདི་ལྟར་ཡིན་ཞེས་ཐག་གཅོད་གཙང་མ་གནང་བ་དང༌། རྒྱྟརྟདྲསྤྱན སྒྲཐ གྲརྣཔྲྤཔྱསྤྱཏྲྤདྲྣརྣ  ༼སློབ་འཁྲིད་ཀྱི་སྐད་བརྡ་གཙོ་བོའི་བཀོད་བྱུས།༽ དེ་ཡང་དབྱིན་ཇི་དགོས་པ་རེད་ཅེས། རྒྱུགས་སྤྲོད་བྱེད་རྒྱུའི་སྐད་ཡིག་དེ་ལ་ལས་ཧིན་ངྷི་བྱས་ན་ཞེས་བརྗོད་སྐབས་ངས་དེ་ནེ་རོ་ལ་བཀའ་འདྲི་ཞུས་པ་ཡིན། ཐོག་མར་དེ་དབྱིན་ཇི་བྱེད་དགོས་པ་རེད་ཟེར།

                སྐབས་དེར་ནེ་རོས་འདི་ལྟར་གསུངས་བྱུང༌། སྐབས་དེར་ང་ཚོ་བོད་པའི་གནས་ཚུལ་དེ་འཛམ་གླིང་རྒྱལ་ཚོགས་ལ་ཞུ་རྒྱུའི་ང་ཚོ་འབད་བརྩོན་ཤུགས་ཆེན་བྱེད་ཀྱི་ཡོད་སྟབས་རྒྱ་གར་གཞུང་གིས་དེ་མ་ཞུ་ཞེས་དང༌། དེས་ཕན་ཐོགས་གང་ཡང་མེད་ཅེས་ནེ་རོ་རང་ཉིད་ཀྱིས་ང་ལ་ནན་པོ་བྱས་ཏེ་གསུངས་མྱོང༌། འོན་ཀྱང་ང་ཚོས་དེར་མ་ཉན་པར་འཛམ་གླིང་རྒྱལ་ཚོགས་ལ་ཞུས་པ་རེད།

                རྗེས་སུ་ང་ཚོའི་སློབ་གྲྭའི་སྐོར་ཞིག་པཌཎི་ཏ་ནེ་རོ་དང་གོ་བསྡུར་ཞུ་སྐབས་ནེ་རོས་འདི་ལྟར་གསུངས་བྱུང༌། བོད་དོན་མ་བརླག་པ་བྱས་ཏེ་བོད་དོན་འཐབ་འཛིང་དེ་མུ་མཐུད་ནས་འཛིན་རྒྱུའི་ཐབས་ཤེས་གཙོ་བོ་ནི། བོད་པ་གཞོན་སྐྱེས་དེ་དག་ལ་དེང་དུས་ཀྱི་སློབ་སྦྱོང་ཆ་ཚང་སྤྲད་དགོས་ཤིང་བོད་ཀྱི་འཐབ་རྩོད་མུ་མཐུད་ནས་འཛིན་པའི་ཐབས་ཤེས་འདི་རེད། འཛམ་གླིང་རྒྱལ་ཚོགས་ལ་ཚར་གཅིག་ཞུས་པས་ཧ་ལས་པ་གང་ཡང་མེད་ཅེས་ནེ་རོས་འདི་ལྟར་གསུངས་ཤིང་དེ་དངོས་རེད་འདུག

                འདི་ལྟར་བྱས་ཏེ་ང་ཚོའི་སློབ་གྲྭ་དེ་བཙུགས་པ་རེད། ང་ཚོ་ཇི་ཙམ་མེད་ཅེས་བརྗོད་ཀྱང་བཙན་བྱོལ་བའི་སྤྱི་ཚོགས་ནང་མི་རབས་གསར་པ་འཚར་ལོངས་བྱུང་བ་དེང་སྐབས་པ་ཕ་དང་ཨ་མ་ཆགས་ཡོད། དེ་དག་ལ་ཇི་ཙམ་མེད་ཅེས་བརྗོད་ཀྱང་སྤྱིར་བཏང་ང་ཚོའི་སློབ་གྲྭ་ཐོན་པ་ཞིག་དང༌། དབྱིན་ཇི་ཕྲན་བུ་ཤེས་མཁན་ཞིག་དང༌། ཧིན་ངྷི་ཡང་ཕྲན་བུ་ཤེས་མཁན། བོད་ཡིག་ཀྱང་ཕྲན་བུ་ཤེས་མཁན་གྱི་ང་ཚོའི་མི་རབས་ཤིག་ཆགས་ཐུབ་ཡོད།

                ང་ཚོ་ཐོག་མར་སློབ་གྲྭ་མེད་པའི་དཀའ་ངལ་གྱི་འོག་ཏུ་སློབ་གྲྭ་གསར་པ་བཙུགས་རྒྱུའི་ཤུགས་དེ་ལྟར་བརྒྱབ་པ་རེད། སློབ་གྲྭ་བཙུགས་ཟིན་རྗེས་སྤུས་དག་ཏུ་གཏོང་རྒྱུ་དེ་གལ་ཆེན་པོ་འདུག་ཅེས་བརྗོད་དེ་ང་ཚོས་བར་སྐབས་ནས་སྤུས་དག་ཏུ་གཏོང་རྒྱུའི་ཐོག་ལ་འབད་བརྩོན་བྱས་པ་རེད། རིམ་བཞིན་འགོ་སྟོད་དྲུག་ཅུའི་ནང་ལ་ང་ཚོ་ཤེས་རིག་གི་ཚོགས་འདུ་ཞིག་འཚོགས་པ་དེའི་སར་ང་ཚོའི་ངོ་ཤེས་པཱོ་ལཱེ་ཤི་སྤོ་ལགས་ཤིག་ཡོད་པ་ཁོང་གིས་སློབ་ཚན་དེ་དག་བོད་ཡིག་ནང་ལ་བསླབ་དགོས་ཤིང༌། ཚན་རིག་སོགས་ངེས་པར་དུ་བོད་ཡིག་གི་ཐོག་ནས་བསླབ་དགོས་ལ། སང་ཉིན་སློབ་སྦྱོང་སྤྲད་རྒྱུ་དེ་དག་དབྱིན་ཇིའི་ནང་ནས་དེ་རིང་བོད་ཡིག་ཐོག་བསྒྱུར་ཏེ་སང་ཉིན་བོད་ཡིག་དང་བོད་སྐད་ཐོག་ནས་སློབ་སྦྱོང་སྤྲད་ཐུབ་པ་ཞིག་དགོས་ཞེས་དེ་འདྲའི་བསམ་འཆར་བྱུང་བ་རེད། སྐབས་དེར་ང་ཚོའི་དགེ་རྒན་རྣམ་པ་ཁོང་ཚོ་འགའ་ཞིག་གིས་དེ་ཡོང་ཐབས་མེད་ཅིང༌། སྔོན་ལ་དབྱིན་ཇིའི་ནང་ལ་བསྒྱུར་ནས་བསླབ་ན་ལེགས་ཞེས་བརྗོད་དེ་འདི་ལྟར་ཕྱིན་པ་རེད།

                དེ་ནས་རིམ་བཞིན་སྔོན་ལ་འཛིན་གྲྭ་དང་པོ་ནས་འཛིན་གྲྭ་གང་འཚམས་བར་བོད་ཡིག་རང་གི་ཐོག་ནས་སློབ་ཚན་ཚང་མ་བསླབ་རྒྱུའི་ལག་ལེན་བསྟར་བ་རེད། དེ་དག་ང་ཚོས་སྤུས་དག་ཏུ་བཏང་བ་དང་སློབ་སྦྱོང་སྤུས་དག་ཏུ་གཏོང་བ་ཙམ་མ་ཟད་ང་ཚོའི་བོད་ཡིག་དེ་ཉིད་ཡར་རྒྱས་འགྲོ་ཐུབ་པ་ཞིག་དང༌། སློབ་ཚན་གཞན་གྱི་ནང་དུའང་བོད་ཡིག་རང་གིས་གོ་ཆོད་ཐུབ་པ་བྱུང་ན་བོད་ཡིག་ཡར་རྒྱས་འགྲོ་གི་ཡོད། དེར་བརྟེན་དེ་ཚོའི་གྲས་ང་ཚོས་ལས་འགུལ་ལྟ་བུ་དེ་ལྟར་བརྩམས་པ་རེད།

སྐབས་དེར་ང་ཚོའི་སྲིད་ཇུས་ལྟ་བུར་བོད་རིགས་ཕྲུ་གུ་དེ་དག་འདབ་ཆགས་གཤོག་པ་ཟུང་ལྡན་ལྟར་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་ང་རང་ཚོའི་གནའ་རབས་ཀྱི་ནང་པའི་ལྟ་གྲུབ་དང་འབྲེལ་བའི་རིག་གཞུང་གི་ཤེས་ཡོན་ཡོད་པ་ཞིག་དགོས་ཞེས་བརྗོད་དེ་གོང་དུ་འགྲེལ་བཤད་བརྒྱབ་པ་ལྟར་རེད།

གཞུང་ཆེན་མཚན་ཉིད་སློབ་གཉེར་

སྲོལ་བཟང་གཏོད་པ།

 

                ནང་པའི་ལྟ་གྲུབ་དང་འབྲེལ་བའི་རིག་གཞུང་ཞེས་བརྗོད་སྐབས་སློབ་སྦྱོང་ཧ་ཅང་གི་གལ་ཆེན་པོ་ཞིག་རེད། སློབ་སྦྱོང་བྱེད་སྟངས་དེ་ཡང་ཞལ་འདོན་སྐྱོར་བ་ལྟ་བུ་དང་འདོན་པ་སྐྱོར་བ་གཅིག་པུའི་སྐད་ཆ་མིན་པར་སློབ་སྦྱོང་གི་ཐོག་ནས་འགྲོ་དགོས། སློབ་སྦྱོང་བྱེད་རྒྱུའི་ཐབས་ཤེས་ཡག་ཤོས་ཤིག་ངས་གོང་དུ་བརྗོད་པ་ལྟར་ཕྱྭ་པ་ཆོས་སེང་ཡབ་སྲས་ནས་བཟུང་བྱུང་བའི་རྟགས་བསལ་གཏོང་བའི་སྲོལ་དེ་ཉིད་དོན་གང་དང་གང་ཡིན་ནའང་དེ་གྲིས་བཅད་པ་ལྟར་གྱི་ཐག་ཆོད་པོ་དང་གསལ་པོ་ཡོང་བར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། 

                དེས་ན་ང་ཚོའི་སློབ་གྲྭའི་ནང་དུ་རྟགས་བསལ་བསླབ་དགོས་ཀྱི་འདུག་ཅེས་སྐབས་དེར་སློབ་གྲྭ་ཁག་མ་སུ་རི་དང༌། ཌ་ལ་ཧོ་སེའི་སློབ་གྲྭ། སིམ་ལའི་སློབ་གྲྭ་སོགས་མདོར་ན་སློབ་གྲྭ་དེ་དག་གི་ཕྲུ་གུ་ཆུང་ཆུང་ཚོར་ཡང་རྟགས་བསལ་བསླབས་པ་དང༌། རྟགས་བསལ་གཏོང་མཁན་སློབ་ཕྲུག་ཕོ་མོའི་དབྱེ་བ་མེད་པར་རྟགས་བསལ་གཏོང་བ་དེ་འདྲ་བྱུང་བ་རེད།

                མ་སུ་རི་དང༌། སིམ་ལ། ཌ་ཧོར་བཅས་ལ་རྟགས་བསལ་བཏང་བ་ང་རང་གིས་མཐོང་བ་དང་ལྟ་རྒྱུ་བྱུང༌། འོན་ཀྱང་དེ་དག་རིམ་བཞིན་སྐྱོ་རུ་ཕྱིན་པ་རེད། ཕྱོགས་གཅིག་ནས་ཆོས་དགེའི་གནས་ཚད་དེ་ཡང་མ་ལོངས་པ་མིན་ནམ་སྙམ། ཆོས་དགེ་ཞེས་བརྗོད་དུས་ཞལ་འདོན་བསླབ་རྒྱུ་ལྟ་བུ་ཞིག་དང༌། བཅོམ་ལྡན་འདས་ཀྱི་འཁྲུངས་རབས་ལྟ་བུ་ཆོས་ཀྱི་གནས་ཚུལ་སྤྱི་ཡོངས་འགྲེལ་བཤད་སྐྱོན་རྒྱུ་ལས་ཞིབ་ཚགས་པོའི་རྟགས་བསལ་གཏོང་གིན་གཏོང་གིན་བསླབ་རྒྱུ་དེ་ཡང་ཕྱོགས་གཅིག་ནས་དགེ་རྒན་གྱིས་མ་འཇོན་པ་དང༌། གཉིས་ནས་དུས་ཚོད་མེད་པ་དང༌། བསླབ་རྒྱུ་དེ་ཡང་ལས་སླ་པོ་ཞིག་མིན་ལ་ཕྲུ་གུ་ཚོར་སློབ་ཚན་མང་པོ་ཞིག་བསླབ་ཀྱི་ཡོད་སྟབས་དུས་ཚོད་ཀྱིས་འདང་མ་འདང་སོགས་གནས་ཚུལ་མང་པོའི་རྐྱེན་གྱིས་མདོར་ན་འཐུས་ཤོར་དུ་ཕྱིན་འདུག

                ང་ཚོར་སློབ་ཕྲུག་འདི་ལྟའི་མང་པོ་ཞིག་ཡོད་ལ་ལོ་གྲངས་འདི་ལྟ་བུ་ཞིག་ཕྱིན་པ་རེད། ལོ་དེ་དག་ནང་ང་ཚོས་ཆོས་ཕྱོགས་ཀྱི་སློབ་སྦྱོང་བྱེད་རྒྱུ་ཏན་ཏན་འཐུས་ཤོར་དུ་ཕྱིན་འདུག་སྙམ། ཆོས་ཕྱོགས་ཞེས་བརྗོད་ན་ལེགས་སམ་ལྟ་གྲུབ་ཅེས་བརྗོད་ལ་ལེགས་པ་འདུག་གམ་མདོར་ན་དེ་འཐུས་ཤོར་ཕྱིན་འདུག

                དེ་དང་ཆབས་ཅིག་ང་ཚོ་བཙན་བྱོལ་བ་ཆགས་ཏེ་དྲུག་ཅུའི་ནང་ནས་ང་ཚོའི་དགེ་འདུན་པ་གང་འཚམས་ཤིག་རྒྱ་གར་ལ་སླེབས་ཡོད། འདི་གར་རྣམ་རྒྱལ་གྲྭ་ཚང་གིས་མཚོན་པའི་རྒྱུད་གྲྭ་སྨད་སྟོད་སོགས་རིས་མེད་ཀྱི་དགེ་འདུན་པ་མང་པོ་ཞིག་འདི་གར་ཕེབས་བཞུགས་ཡོད། སྔར་སྔགས་པ་གྲྭ་ཚང་བྱས་ཏེ་དཔེ་ཆ་བལྟ་གི་མེད་སྟབས་རྒྱ་གར་ལ་སླེབས་ཏེ་དྲུག་ཅུའི་ནང་ནས་དགོན་པ་ཚང་མར་གཞུང་བལྟ་དགོས་ཀྱི་འདུག འདོན་པ་བཏོན་པ་དང་ཆོ་ག་འདོན་པ་གཅིག་པུས་འདང་གི་མི་འདུག་ཅེས་ངས་གྲོས་སྟོན་ཞིང་བསམ་འཆར་བཤད། དེ་ལྟར་འབོད་བསྐུལ་བྱས་ཏེ་གྲྭ་ཚང་ལ་མཚན་ཉིད་བཙུགས་པ་རེད། རྒྱུད་གྲྭ་སྟོད་སྨད་ཀྱང་དེ་སྔ་བསྐྱེད་རིམ་པ་ཚོ་མཚན་ཉིད་བལྟ་གི་མེད་ཅིང་དེ་ཡང་མཚན་ཉིད་བལྟ་རྒྱུ་འདི་ལྟར་བཙུགས་པ་རེད། དེ་བཞིན་སྐབས་དེར་ཀརྨ་པ་རིན་པོ་ཆེ་སྐུ་གོང་མ་དེ་ཡོད་ཅིང་རིན་པོ་ཆེས་ཀྱང་དེར་ཐུགས་སྣང་དང་བཅས་བཤད་གྲྭའི་ཐོག་ལ་ཐུགས་སྣང་གནང་བ་དང༌།

དེ་བཞིན་པད་ཡུལ་པད་ནོར་རིན་པོ་ཆེས་ཀྱང་དགོན་པར་བཤད་གྲྭ་བཙུགས་གནང་གིས་རྟགས་བསལ་གཏོང་རྒྱུ་དེ་དག་བཙུགས་པ་གནང་བ་བཅས་མདོར་ན་བོན་དང་བཅས་རིས་མེད་གཞུང་ཆེན་བསླབ་རྒྱུ་དང་རྟགས་བསལ་གཏོང་རྒྱུ་དེ་དག་ལ་དང་འདོད་བྱེད་རྒྱུ་ཞིག་བྱུང་བ་རེད།

དེ་དང་ཆབས་ཅིག་བཙུན་མའི་དགོན་པ་དེ་དག་ལའང་དེ་སྔ་འདས་པའི་ལོ་རྒྱུས་ལོ་བརྒྱ་ཕྲག་ཁ་ཤས་རིང་ལ་བཙུན་མའི་དགོན་པ་ཚོས་ཆོས་སྤྱོད་སློབ་གཉེར་བྱེད་པ་ལས་མཚན་ཉིད་བལྟ་རྒྱུ་དང་གཞུང་ཆེན་མོར་བལྟ་རྒྱུའི་ལུགས་སྲོལ་མེད། དེ་ཡང་ང་ཚོས་མཚན་ཉིད་ལ་བལྟ་དགོས་ཀྱི་འདུག་ཅེས་བརྗོད་དེ་བཙུན་དགོན་ཚོའི་ནང་དུ་མཚན་ཉིད་བལྟ་རྒྱུ་མགོ་ཚུགས་ཏེ་བར་སྐབས་ཡར་རྒྱས་ཚད་ལོངས་པ་ཧ་ཅང་ཡག་པོ་རེད། དེ་ལྟར་ཆགས་ནས་དེང་སྐབས་དགེ་བཤེས་མ་ཐོན་རྒྱུའི་མཚམས་ལ་སླེབས་ཡོད།

 

སྐྱ་བོ་ཚོས་ཀྱང་ནང་པའི་ལྟ་གྲུབ་སློབ་

སྦྱོང་བྱ་དགོས་ཚུལ།

 

དེ་དང་ཆབས་ཅིག་ང་ཚོའི་སྤྱི་ཚོགས་ཐོག་སངས་རྒྱས་པའི་ཆོས་ཞེས་པ་དེ་ངས་གོང་དུ་བརྗོད་པ་ལྟར་བསམ་བློ་བཏང་སྟེ་མིའི་རྣམ་དཔྱོད་ཀྱི་རྩལ་ཡོངས་སུ་རྫོགས་པ་བེད་སྤྱོད་བྱས་ཏེ་ཆོས་ཉམས་ལེན་བྱེད་དགོས་པ་ལས། སྐྱབས་སུ་མཆི་ཟེར་བ་གཅིག་པུས་མི་འགྲིགས་ལ། ངས་གོང་དུ་དབྱིན་ཇིའི་ཚིག་ནང་ ངྟརྡདྲཐྲདྲྣརྣ ༼ཆོས་སམ་ཆོས་ལུགས།༽ ཞེས་པ་དེ་ ཁྲཎདྲྤད ༼དད་པ།༽ སྒང་ལ་འགྲོ་གི་ཡོད། 

                སངས་རྒྱས་པའི་ཆོས་དེ་སེམས་བཅོས་སྒྱུར་གཏོང་རྒྱུའི་སྐད་ཆ་རེད། སེམས་བཅོས་བསྒྱུར་ཇི་ལྟར་གཏོང་དགོས་སམ་ཞེ་ན། བསམ་བློའི་ཐོག་ནས་བཅོས་སྒྱུར་གཏོང་དགོས་ཤིང་བསམ་བློའི་ཐོག་ནས་བཅོས་སྒྱུར་གཏོང་བ་ལ་བཅོས་སྒྱུར་མ་བཏང་བའི་ཉེས་དམིགས་དང༌། བཅོས་སྒྱུར་བཏང་བའི་ཕན་ཡོན་ཤེས་པའི་སྒོ་ནས་བཅོས་སྒྱུར་གཏོང་འདོད་སྐྱེས། བཅོས་སྒྱུར་གཏོང་འདོད་སྐྱེས་པའི་སྐབས་སུ་བཅོས་སྒྱུར་གཏོང་སྟངས་དེ་སེམས་ཀྱི་ནང་ལ་འགལ་བ་གང་ཞིག་ཡོད་པ་དང༌། སེམས་ཀྱི་ནང་དུ་འཛིན་སྟངས་འགལ་བའི་བློ་གང་ཞིག་ཡོད་པ་དེ་དག་ཤེས་པར་བྱེད་དགོས།

                ནང་པའི་དཔེ་ཆའི་ཆོས་སྐད་བྱས་པ་ཡིན་ན་ཚད་མ་དང་ལོག་ཤེས་ཞེས་པའི་ཚད་མ། ལོག་རྟོག མ་རྟོགས་པ། ལོག་པར་རྟོག་པ། ཐེ་ཚོམ་ཞེས་པ་དེ་དག་འགལ་ཟླའི་ཕྱོགས་དང༌། དེའི་ལྡོག་ཟླར་ཚད་མ་དང༌། ཚད་མ་ལའང་མངོན་རྗེས་ཀྱི་ཚད་མ་གཉིས། ཉམས་མྱོང་སྐྱེས་སྐབས་མངོན་སུམ་ཚད་མ་དང༌། དེ་མིན་སྔོན་ལ་ཚོད་དཔག་ཚད་མ་སྟེ་རྒྱུ་མཚན་ལ་བརྟེན་ནས་ཚོད་དཔག་བྱེད་སྐབས་རྗེས་དཔག་ཚད་མ་ཞེས་བརྗོད་པའི་ཚད་མ་དེར་རྒྱབ་བརྟེན་ཡོད་པ་རེད། དེ་མཐུན་པའི་ཕྱོགས་རེད། ཚད་མས་དྲངས་པའི་བློ་དེ་བློ་ཡང་དག་པ་རེད། ལོག་རྟོག་གིས་དྲངས་པའི་བློ་དེ་དག་ཕྱིན་ཅི་ལོག་གི་བློ་ཆགས་ཡོད། ལོག་རྟོག་དེ་ཉིད་ཕྱིན་ཅི་ལོག་གི་བློ་རེད།

                དེར་བརྟེན་སངས་རྒྱས་པའི་ཆོས་ཞེས་པ་དེས་གང་ཞིག་བྱེད་ཀྱི་ཡོད་དམ་ཞེ་ན། བློ་ཡང་དག་པ་དང་བློ་ཡང་མ་དག་པ། བློ་དོན་མཐུན་དང་བློ་ཕྱིན་ཅི་ལོག ཚད་མ་དང་ལོག་ཤེས་བར་གྱི་འཐབ་རྩོད་བྱེད་རྒྱུ་ཞིག་སྟེ་དེས་འཐབ་རྩོད་བྱས་ཏེ་སེམས་ལ་འགྱུར་བ་བཏང་གི་ཡོད།

                དཔེར་ན་ལས་སླ་པོ་ཞིག་བཤད་ན་བདག་ཏུ་འཛིན་པའི་བློ་ཞེས་པ་དེ་ལོག་ཤེས་རེད། བདག་མེད་པར་རྟོགས་པའི་བློ་དེ་ཚད་མ་རེད་དེར་རྒྱབ་བརྟེན་ཡོད་ལ་སྒྲུབ་བྱེད་ཀྱང་ཡོད། དེས་ན་བདག་ཏུ་འཛིན་པའི་བློ་དེས་ང་རྒྱལ་དང༌། ཞེ་སྡང༌། འདོད་ཆགས། ཕྲག་དོག་བཅས་སྐྱེ་གི་ཡོད་ཅིང༌། འདོད་ཆགས། ཞེ་སྡང༌། ཁོང་ཁྲོ། ང་རྒྱལ་ཟེར་བ་དེ་དག་གིས་ང་ཚོར་རྙོག་དྲ་བཟོ་གི་ཡོད།

                སྤྱི་ཚོགས་དང་སྒེར་སོ་སོར་ཆ་བཞག་ཀྱང་སེམས་མ་སྐྱིད་པ་བཟོ་གི་ཡོད། དེ་དག་མེད་པ་བཟོ་རྒྱུར་དེའི་ལྡོག་ཕྱོགས་ཀྱི་བློ་ཞིག་སྐྱེས་པའི་ཐོག་ནས་མེད་པ་བཟོ་བ་ལས་སྨོན་ལམ་བརྒྱབ་ནས་མེད་པ་བཟོ་ཐུབ་ཐབས་མེད་ལ། ཕྱག་དང་མཆོད་འབུལ་བྱས་པས་ཀྱང་མེད་པ་བཟོ་ཐུབ་ཀྱི་མེད། དེས་ན་མེད་པ་བཟོ་རྒྱུ་དེ་བསམ་བློ་རང་ཉིད་ཀྱི་སྟེང་ནས་བཟོ་དགོས། 

                དེར་བརྟེན་སློབ་སྦྱོང་ཡོད་པའི་ཐོག་ནས་ནང་པའི་ཆོས་བྱེད་དགོས་པ་ལས་སློབ་སྦྱོང་མེད་ན་ནང་པའི་ཆོས་བྱེད་རྒྱུ་ཧ་ཅང་ཁག་པོ་རེད། ང་ཚོའི་སྤྱི་ཚོགས་འདི་སྤྱི་ཡོངས་ཀྱི་ཆ་ནས་ནང་པའི་སྤྱི་ཚོགས་ཤིག་ཆགས་ཡོད། ནང་པའི་སྤྱི་ཚོགས་དངོས་གནས་ཚད་ལྡན་ཞིག་ཡོང་བར་ཆོས་བསླབ་དགོས། ཆོས་སློབ་སྦྱོང་བྱེད་དགོས་པ་ལས་ཆོས་པ་ཡིན་ཞེས་བརྗོད་དེ་ལག་པར་ཕྲེང་བ་ཞིག་ཁྱེར་ནས་བགྲང་བ་གཅིག་པུས་འདང་གི་མི་འདུག་ཅེས་ངས་འབོད་བསྐུལ་རིམ་པར་བྱས་ཏེ་རིམ་བཞིན་སྐྱ་བོ་ཕོ་མོ་ཚོར་ནང་ཆོས་ངོ་སྤྲོད་དང༌། ནང་ཆོས་བགྲོ་གླེང༌། ནང་ཆོས་སློབ་སྦྱོང་བྱེད་དགོས། དེ་ཡང་ངེས་པར་བླ་མ་ཡིན་ཞེས་བརྗོད་དེ་བཞུགས་ཁྲིའི་སྟེང་དུ་བཞུགས་ཏེ་འགྲེལ་བཤད་རྒྱབ་པ་མིན་པར་དགེ་སློབ་ཚང་མ་སྒོར་སྒོར་གྱིས་བསྡད་ཅིང༌། སྤྱིར་བཏང་སློབ་ཚན་སློབ་སྦྱོང་དང་གྲོས་བསྡུས་བྱས་པ་ལྟར་བྱེད་དགོས། འདི་ལྟར་བྱས་ཏེ་སྔ་མོ་ལ་དྭགས་ནང་ལོ་ངོ་གང་འཚམས་ཕྱིན་པ་རེད། འདི་ལྟར་ངས་ཁོ་རང་ཚོར་འབོད་བསྐུལ་བྱས་ཤིང་ཁོ་རང་ཚོས་དེ་ལག་ལེན་བསྟར་ནས་གྲུབ་འབྲས་གང་འཚམས་ཐོན་ཡོང་གི་འདུག

                ཡང་འདིར་ང་ལ་ལོ་རྒྱུས་ཤིག་བཤད་རྒྱུ་ཡོད། སྔ་མོ་ང་དྲུག་ཅུའི་ནང་ལ་དྭགས་སུ་བསྐྱོད་སྐབས་ཐོག་མར་དེང་དུས་ཀྱི་ཤེས་ཡོན་ཡག་པོ་ཡོད་པའི་ལ་དྭགས་པ་དེ་ཚོའི་གྲས་ཀྱིས་སྐབས་དེར་ལ་དྭགས་སུ་ཡོད་པའི་དགོན་པ་དང་བླ་མ་ཚོར་མཐོང་ཕྱོགས་ཡག་པོ་མེད་པར་ཁོང་ཚོའི་སེམས་ཀྱི་ནང་ནས་མཐོང་ཆུང་བྱེད་ཀྱི་འདུག་ལ། འདིར་ཆོ་གང་ཡང་མི་འདུག་བསམ་པ་ཁོང་ཚོས་དྲན་གྱི་འདུག

                དེའི་རྗེས་ང་ལ་དྭགས་སུ་སླེབས་པའི་སྐབས་ཤིག་ལ་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ལ་དྭགས་པ་དེ་ཚོའི་གྲས་ཀྱིས་ང་ལ་ཟུར་དུ་གཅིག་ཐུག་དགོས་ཡོད་ཅེས་ཟེར་གྱི་འདུག་ཅིང༌། དེའི་ནང་ལ་དྭགས་ཀྱི་བླ་མ་ཚོ་དང་དེ་དག་མེད་པར་ཁེ་གཙང་ཞིག་ཐུག་དགོས་ཡོད་ཅེས་ཐུག་པ་ཡིན། དེས་རྟགས་གང་ཞིག་བསྟན་པ་རེད་དམ་ཞེ་ན། དེང་དུས་ཀྱི་ཤེས་ཡོན་ཡོད་པ་དེ་དག་བསམ་བློ་ཤུགས་ཅུང་ཟད་ཆེ་བ་ཡོད་ལ་བརྟག་དཔྱད་བྱེད་རྒྱུའི་བསམ་བློ་དེ་ཡང་ཤུགས་ཆེ་བ་ཡོད་ཅིང༌། བརྟག་དཔྱད་བྱེད་རྒྱུའི་བསམ་བློ་ཤུགས་ཆེ་བ་ཡོད་པ་དེ་དག་སྤོ་ལགས་རྨོ་ལགས་ཚོས་སྐྱབས་སུ་མཆི་ཞེས་པ་དེ་གཅིག་པུས་ཁོང་ཚོའི་བློ་ཡིད་ཚིམ་གྱི་མེད།

                དགོན་པ་ཚོར་འདི་ལྟར་བལྟ་སྐབས་དགོན་པ་ཚོས་འདོན་པ་འདྲ་བཏོན། གྲོང་ཆོག་རྒྱུགས་པ་དེ་འདྲ་ཞིག་ལས་གཏིང་ཟབ་པོ་མེད་སྟབས་ཁོང་ཚོ་ཡིད་ཚིམ་གྱི་མེད། བསམ་བློའི་ནང་ལ་མཐོང་གང་ཡང་མེད་པ་ལྟ་བུ་ཞིག་ཆགས་ཤིང༌། ཐོག་མར་དཀའ་ངལ་དེ་འདྲ་འཕྲད་པ་རེད།

རིམ་བཞིན་སློབ་སྦྱོང་བྱེད་རྒྱུའི་མགོ་བཙུགས་ཏེ་ཆོས་ལ་བརྡར་ཤ་གཅོད་རྒྱུའི་མགོ་ཚུགས་སྐབས་དེང་དུས་ཀྱི་སློབ་གྲྭ་ཐོན་ཏེ་ཤེས་ཡོན་ཡོད་པའི་ལ་དྭགས་པ་ཚོས་འགན་ཁུར་གཙོ་བོར་བླངས་ཏེ་ནང་ཆོས་ཀྱི་འཛིན་གྲྭ་འཚོགས་པ་རེད། སྤོ་ལགས་རྨོ་ལགས་ཚོས་དེ་ཙམ་འགན་ཁུར་ལེན་ཡོད་མེད་མི་ཤེས། གང་ལྟར་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་མི་དེ་དག་གིས་འགན་ཁུར་རྐང་ལེན་གྱིས་འཛིན་གྲྭ་འཚོགས་རྒྱུར་དོ་སྣང་བྱེད་ཀྱི་འདུག

                དེར་བརྟེན་ང་རང་ཚོ་བོད་པའི་ནང་དུའང་དེ་བཞིན་བྱས་ཏེ་རྡ་རམ་ས་ལར་ཁྱེད་རང་ཚོས་འདི་བཙུགས་པ་རེད། ང་དང་དགེ་རྒན་ཁ་ཤས་སྐད་ཆ་བྱུང་བས་དོ་སྣང་ཧ་ཅང་ཆེ་རུ་འགྲོ་གི་འདུག་ལ། ཕན་ཐོགས་ཀྱང་ངེས་ཅན་ཡོང་གི་འདུག་ཅེས་བརྗོད་ཀྱི་འདུག་སྟབས་ཧ་ཅང་དགའ་པོ་བྱུང༌། ཁྱེད་རང་ཚོས་ལས་འགན་ལག་ལེན་དུ་བསྟར་བ་དེར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་བཞིན་གཞིས་ཆགས་ཁག་ལ་ཡང་དེ་ལྟར་བྱས་ཏེ་སློབ་སྦྱོང་བཙུགས་རྒྱུའི་ང་ཚོས་ལས་འགུལ་ལྟ་བུ་བྱེད་ཀྱི་ཡོད། 

དེར་བརྟེན་ང་ཚོའི་སློབ་གྲྭ་ཁག་གི་ནང་དུ་ཐོག་མར་དྲུག་ཅུའི་ནང་ང་ཚོའི་མཚན་ཉིད་སློབ་སྦྱོང་བྱེད་རྒྱུ་སྲོལ་བཏོད་ནས་དུས་ཡུན་གང་འཚམས་རིང་ལག་ལེན་བསྟར་ཏེ་བར་སྐབས་ཉམས་ཆག་ཕྱིན་པ་དེ་དག་ང་ཚོས་སླར་གསོ་ཐུབ་པ་ཞིག་བྱུང་ན་དེ་གལ་ཆེན་པོ་འདུག་ཅེས་དེ་འདྲ་ཞིག་གི་བསམ་བློ་འཁོར་གྱི་ཡོད། དེས་ན་བར་སྐབས་ང་ཚོའི་སློབ་གྲྭའི་ཕྲུ་གུ་ཚོར་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་དེ་འདྲ་བྱུང་ན་ཕན་ཐོགས་ཤིག་མི་ཡོང་ངམ་ཞེས་བཤད་ཀྱི་འདུག་པས་དེར་བརྟེན་དེ་རིང་ང་འདིར་ཉི་མ་དང་པོའི་མགོ་བཙུགས་པ་དེར་སྔོན་ལ་ང་ཚོའི་ལོ་རྒྱུས་དང་འབྲེལ་ནས། སྤྱི་ཡོངས་ཀྱི་ཆ་ནས་འགྲེལ་བཤད་ཅིག་བརྒྱབ་ན་བསམ་པའི་བསམ་ཚུལ་དེ་འདྲ་ཞིག་ཡིན།

                ནང་ཆོས་ངོ་སྤྲོད་དངོས་དེ་དེ་རིང་ང་ཚོར་དུས་ཚོད་དེ་ཙམ་མི་འདུག ཁྱེད་རང་ཚོས་དེའི་རྒྱབ་ལྗོངས་དེ་ཤེས་སོང་ངམ། ལོ་རྒྱུས་ནང་ལ་འདི་ལྟར་བསམ་བློ་ཞིག་བཏང་ན་གནད་འགག་ཅིག་འདུག

                ནང་ཆོས་བསླབ་དགོས་ཞེས་པ་དེ་ཁྱེད་རང་ཚོ་སློབ་ཕྲུག་དེ་དག་ཆོས་གནས་རྒྱུགས་པར་འགྲོ་དགོས་ཟེར་གྱི་མེད་ལ། ཡང་ཁྱེད་རང་ཚོ་གྲྭ་པ་དང་ཨ་ནེ་བྱེད་དགོས་ཞེས་ཆོས་བསླབ་ཀྱི་མེད། ཤེས་སོང་ངམ།

 

ཉིན་དང་པོའི་དྲི་བ་ཁག་དང༌། དེའི་བཀའ་ལན།

 

                སྔོན་ལ་ཁྱེད་རང་ཚོའི་སེམས་ལ་གང་ཞིག་དྲན་ཀྱང་དྲི་བ་ཡོད་ན་དྲིས་ཤོག་དང༌། དྲི་བ་འཇབ་ཆུང་དེ་རིགས་མིན་པར་དྲི་བར་ཏོག་ཙམ་བསམ་བློ་བཏང་ནས་ཁྱེད་རང་ཚོར་གང་ཞིག་འདྲི་འདོད་ཀྱང་ཐད་ཀར་བརྗོད་ཀྱང་འགྲིགས་ལ་ཡང་ན་ཡིག་ཐོག་ཏུ་སྟབས་བདེ་ན་ཡིག་ཐོག་ནས་དྲི་བ་གྲ་སྒྲིག་བྱོས་ཤོག་ཨང༌།

                དྲི་བ། སྐྱེ་བ་སྔ་ཕྱི་ཞེས་པ་དེ་རིགས་ལམ་གྱི་སྒོ་ནས་ང་ཚོས་གསལ་པོ་ཤེས་ཐུབ་ཀྱི་འདུག འོན་ཀྱང་ལས་འབྲས་ཟེར་བ་དེ་རིགས་པའི་ཐོག་ནས་ཇི་ལྟར་བྱས་ཏེ་ཤེས་དགོས་སམ།

                བཀའ་ལན། ལས་འབྲས་ཞེས་པའི་གཞིའམ་རྩ་བ་ཡོང་ས་ནི་རྒྱུ་འབྲས་རྟེན་འབྱུང་ཟེར་བ་དེ་རེད། རྒྱུ་འབྲས་རྟེན་འབྱུང་ཞེས་པ་དེ་ང་ཚོས་རིགས་པ་ལས་ལྷག་མཐོང་ཆོས་ཀྱི་སྟེང་ནས་ཤེས་ཐུབ་ཅིང༌། རྒྱུ་འབྲས་ཀྱི་རིགས་ལ་རྒྱུ་རྐྱེན་འདི་ལ་བརྟེན་ནས་འབྲས་བུའི་རྣམ་འགྱུར་མི་འདྲ་བ་འདི་ལྟར་ཡོང་གི་འདུག་ཅེས་ང་ཚོས་མཐོང་ཆོས་ནས་ཤེས་ཐུབ། དེ་ལྟའི་རྒྱུ་དང་འབྲས་བུའི་རྟེན་འབྱུང་གི་རང་བཞིན་ཅན་གྱི་ཆོས་ཀྱི་ནང་དུ་རགས་པ་དང༌། ཕྲ་བ། ཤིན་ཏུ་ཕྲ་བ་མང་པོ་ཡོད།

                དཔེར་ན་ང་རང་ཚོའི་ཕྱིའི་གཟུགས་ཅན་གྱི་ཆོས་སམ་བེམ་པོ་ལ་ཆ་བཞག་ཀྱང་རགས་པ་དང༌། ཕྲ་བ། ཤིན་ཏུ་ཕྲ་བ་ཡོང་གི་ཡོད། དེ་བཞིན་ནང་ཤེས་པར་ཆ་བཞག་ཀྱང་རགས་པ་དང༌། ཕྲ་བ། ཤིན་ཏུ་ཕྲ་བ་ཡོང་གི་ཡོད། རྒྱུ་འབྲས་རྟེན་འབྱུང་གི་ནང་དུ་ཡང་རགས་པ་དང༌། ཕྲ་བ། ཤིན་ཏུ་ཕྲ་བ་ཕལ་ཆེར་ཡོང་ས་རེད།

                དེར་བརྟེན་ཐོག་མར་ལས་དང་འབྲས་བུ་ཞེས་པ་དེ་རྒྱུ་འབྲས་ཀྱི་རྟེན་འབྱུང་གི་གཤིས་ལུགས་སམ་རྒྱུ་འབྲས་ཀྱི་རྟེན་འབྱུང་གི་འགྲོ་སྟངས་ཁྲིམས་སྲོལ་ལྟ་བུ་ རྒཎཕ ཏྲཎསྤྱཔྲྟརྡདྲྤཕྲ ༼རྒྱུ་འབྲས།༽ ཡིན། ཀུན་སློང་གི་ཁྱད་པར་དང་འབྲེལ་བའི་ཐོག་ནས་རྒྱུ་འབྲས་ཀྱི་རྟེན་འབྱུང་དེའི་ནང་ནས་བྱེ་བྲག་པ་ཞིག  བྱེད་པ་པོ་ཞིག་གིས་རྒྱུ་རྐྱེན་གསར་པ་ཞིག་བསྒྲུབས་སྟེ་ལས་ཞེས་བརྗོད་ན་ ྡཎཔྱནཎ ༼ཀརྨ།༽ ཞེས་པ་དེ་རེད། ྡཎཔྱནཎ ༼ཀརྨ།༽ ཞེས་བརྗོད་ན་བྱ་བ་རེད། འཕྲིན་ལས་སམ་བྱ་བ་ཞེས་བརྗོད་པ་ལྟ་བུ་རེད།

                དེས་ན་ལས་ཞེས་པའི་དོན་ནི། བྱ་བྱེད་ལས་གསུམ་གྱི་ནང་གི་བྱ་བ་དང༌། བྱ་བྱེད་ལས་གསུམ་གྱི་ནང་གི་ལས་བྱ་བ་ཞེས་པ་དེ་བྱེད་པ་པོ་ཞིག་དང་འབྲེལ་ནས་ཡོང་དགོས་པ་ལས་བྱེད་པ་པོ་ཞིག་དང་མ་འབྲེལ་བར་བྱ་བ་ཞིག་ཡོང་ཐུབ་ཐབས་མེད། བྱ་བའི་ཡུལ་ལམ་བྱ་བའི་ལས་དེ་སྒྲུབ་མཁན་གྱི་བྱེད་པ་པོ། བྱེད་པ་པོ་དེ་དང་བྱ་བའི་ཡུལ་དང་འབྲེལ་བའི་སྒོ་ནས་བྱ་བ་ཞེས་བ་ཞིག་ཡོང་གི་ཡོད་པས་ན་ལས་ཞེས་པ་དེ་ཡིན། 

སྤྱིར་དངོས་པོ་ཞིག་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྲས་བུའི་རྣམ་འགྱུར་ཡོང་བའི་འགྲོ་སྟངས་དེའི་ནང་གསེས་ཀྱི་བྱེད་པ་པོ་ཞིག་གིས་བྱ་བའི་ལས་ཤིག་བསྒྲུབས་ནས་དེ་ལ་བརྟེན་ནས་འབྲས་བུའི་རྣམ་འགྱུར་མི་འདྲ་བ་ཡོང་བ་ཞིག་སྟེ་གཙོ་བོ་ལས་འབྲས་དེ་རེད། ལས་འབྲས་སྟེང་དུ་ཕྲ་རུ་ཕྱིན་ཏེ་ལས་འབྲས་ཕྲ་ཞིང་ཕྲ་བའི་སྟེང་དུ་སླེབས་ན་རིགས་པས་བསྒྲུབ་རྒྱུ་ཧ་ཅང་ཁག་པོ་ཆགས་པ་རེད། ཤིན་ཏུ་ལྐོག་གྱུར་གྱི་སྟེང་དུ་འགྲོ་གི་ཡོད། ལས་འབྲས་ཕྲ་མོའི་རྣམ་བཞག་བཤད་སྐབས་དཔེར་ན་ད་ལྟ་ང་རང་ཚོ་འདིར་བསྡད་པའི་མུ་འདིར་ང་ཚོ་མི་འདི་དག་ཚོགས་ཁང་གཅིག་གི་ནང་དུ་དུས་གཅིག་ཏུ་ནང་གི་བསམ་བློའི་ནང་བདེ་མ་བདེའི་ཚོར་བ་མི་འདྲ་བ་ཡོང་གི་ཡོད། སྡོད་ས་གཅིག་གི་ནང་ཕྱི་ལོགས་ཀྱི་རླུང་སོགས་ཀྱིས་རྐྱེན་པས་ལུས་ཚོར་བདེ་བའམ་ལུས་ཚོར་སིམ་པའི་ཚོར་བ་ལྟ་བུ་དང༌། ལུས་ཚོར་མི་བདེ་བའི་ཚོར་བ་ལྟ་བུ་ཡོང་གི་རེད། འདི་དག་གི་འཕྲལ་གྱི་རྒྱུ་དང་རྐྱེན་བཤད་ཆོག་གི་རེད། ང་སྒེའུ་ཁུང་གི་འཁྲིས་སུ་བསྡད་ཡོད་ཅིང་ལྷགས་པ་ཡག་པོ་ཡོད་སྟབས་ང་བསིལ་པོ་འདུག་ཅེས་བརྗོད་པ་འཕྲལ་གྱི་རྐྱེན་དེ་རེད། དེ་ལྟ་བུའི་ཚོར་བ་བདེ་སྡུག་ཡོང་བའི་རྩ་བའི་རྒྱུ་དེ་ལས་ཀྱི་ཐོག་ཏུ་གཏུགས་ཀྱི་ཡོད། དེ་འདྲའི་ལས་དེ་ད་ལྟ་བདེ་སྡུག་གི་ཚོར་བ་བྱེ་བྲག་པ་ཞིག་ཡོང་བའི་རྩ་བའི་རྒྱུ་དེ་དུས་ནམ་ཞིག་བྱུང་ངམ། གང་དུ་བྱུང་བ་རེད་དམ། གནས་སྐབས་གང་འདྲ་ཞིག་ལ་བྱུང་བ་རེད་ཅེས་བརྗོད་ན་དེ་དག་ཤིན་ལྐོག་རེད།

                དེ་དག་ཤེས་བྱའི་སྒྲིབ་པ་ཞེས་པ་དེ་སྤངས་པས་རྣམ་པ་ཐམས་ཅད་མཁྱེན་པ་མངོན་དུ་གྱུར་བ་དེ་ཁོ་ན་ལས་ས་མཐོན་པོར་སླེབས་པའི་བྱང་ཆུབ་སེམས་དཔའ་ཚོ་དང༌། བྱང་སེམས་འཕགས་པ་ཚོས་ཀྱང་བཤད་ཐུབ་པ་ཧ་ཅང་ཁག་པོ་རེད།

                དཔེར་ན་ད་ལྟ་ང་ལ་ཆ་བཞག་ན་བདེ་སྡུག་གི་ཚོར་བ་བྱེ་བྲག་པ་ཞིག་ཡོང་བ་དེ་སྔར་དུས་འདི་འདྲ་ཞིག་དང་བསྐལ་པ་འདི་འདྲ་ཞིག་ལ། རྐྱེན་འདི་འདྲ་ཞིག་གིས་འོག་ནས་བྱ་བ་འདི་འདྲ་ཞིག་བྱས་པའི་ལས་དེའི་འབྲས་བུ་ད་ལྟ་སྨིན་པ་རེད་ཅེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་གིས་གསུངས་རྒྱུ་ལས་མེད། དེ་ཤིན་ཏུ་ལྐོག་གྱུར་ལ་བརྩི་གི་ཡོད།

                ལས་འབྲས་ཀྱི་ནང་དུ་རགས་པ་མང་པོ་ཞིག་ང་ཚོས་བཤད་ཐུབ་ཅིང་མྱོང་བས་ཀྱང་ཕལ་ཆེར་གྲུབ་ཐུབ་ཀྱི་རེད། འགའ་ཞིག་རིགས་པས་ཀྱང་ཚོད་དཔག་བྱེད་ཐུབ་ཀྱི་རེད། ཕྲ་མོའི་སྟེང་དུ་སླེབས་སྐབས་རིགས་པས་ཚོད་དཔག་བྱེད་རྒྱུ་ཧ་ཅང་ཁག་པོ་རེད། སྤྱིར་ཤེས་བྱ་ལ་ང་ཚོའི་སངས་རྒྱས་པའི་གཞུང་གི་ནང་དུ་འདི་ལྟར་གསུང་གི་འདུག མངོན་འགྱུར་གྱི་སྡེ་ཚན་ཞིག་སྟེ་ཡིད་ལ་མངོན་འགྱུར་ཞིག་དང༌། ལྐོག་གྱུར་ཞིག ཤིན་ཏུ་ལྐོག་གྱུར་ཞིག་བཅས་ཡོང་བ་ལས། ལས་འབྲས་ཕྲ་ཞིང་ཕྲ་བ་རྣམས་ཤིན་ཏུ་ལྐོག་གྱུར་ནང་དུ་སླེབས་པ་རེད།

 

                དྲི་བ། བོད་མི་མང་པོ་ཞིག་གིས་སྐྱབས་གནས་ལེགས་པོ་ཞིག་ངོས་འཛིན་ཐུབ་ཀྱི་མེད་ཅིང༌། སྐྱབས་གནས་ལེགས་པོ་ཞིག་ངོ་མ་ཤེས་པར་དེ་དག་ནང་པ་རེད་དམ་མ་རེད།

                བཀའ་ལན། ཁྱེད་རང་གི་དྲི་བ་དེ་ཧ་ཅང་ཡག་པོ་རེད། དེ་ཇི་ལྟར་བཤད་དགོས་སམ། ཨ་ཕ་ཨ་མ་ནང་པ་རེད་དེར་བརྟེན་ང་ཡང་ནང་པ་ཡིན་ཞེས་བརྗོད་ན་སྟབས་བདེ་ཤོས་དེ་རེད། དེ་ཚད་ལོངས་པ་མིན་ལ་ངས་སློབ་སྦྱོང་བྱེད་དགོས་ཀྱི་འདུག་ཅེས་བརྗོད་པའི་རྒྱུ་མཚན་དེ་རེད།

                སྐྱབས་འགྲོ་ཡོང་བར་སངས་རྒྱས་ཞེས་པ་ཞིག་དང༌། ཆོས་ཞེས་པ་ཞིག་ཡོད་ལ། དགེ་འདུན་ཞེས་པ་ཞིག་ཀྱང་ཡོད། སྐྱབས་སུ་མཆི་ཞེས་བརྗོད་པ་དེར་ཧ་ལས་རྒྱུ་གང་ཡང་མེད།

                མདོར་ན་སྐྱབས་གནས་དཀོན་མཆོག་གསུམ་པོ་དེ་སྐྱབས་འགྲོ་ཙམ་ཡང་ཕལ་ཆེར་མ་རེད། སྐྱབས་འགྲོ་ཡེ་ཤུ་དང་ཁ་ཆེར་ཡང་ཡོད། ཆོས་རྒྱུད་སོ་སོར་སོ་སོའི་སྐྱབས་ཡུལ་རེ་ཡོད་ཅིང་དེར་ཡིད་ཁྱེད་ཤེས་ཀྱི་བསམ་པ་རྩེ་གཅིག་ཏུ་ཡོད། དེ་ལ་གུས། དེ་ལ་བཏུད། ཁྱེད་མཁྱེན་བསམ་པའི་ཡིད་ཁྱེད་ཤེས་ཀྱི་བློ་གཏད་བཅོལ་བའི་བློ་ཡོད། དེ་དག་སྐྱབས་འགྲོ་ཆགས་ཡོད། དེ་ལས་ལྷག་པ་ཕྲུ་གུ་དམར་འབྱར་ཞིག་གིས་ཕ་མར་བློ་གཏད་བཅོལ་བ་དེ་ཡང་སྐྱབས་འགྲོ་ལྟ་བུ་ཞིག་རེད།

                ད་ལྟ་འདིར་སངས་རྒྱས་པའི་སྐྱབས་འགྲོ་ཞེས་བརྗོད་ན། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་ལྟར་སངས་རྒྱས་དང༌། ཆོས། དགེ་འདུན་གསུམ་པོ་དེར་སྐྱབས་སུ་འགྲོ་བ་ནི་སངས་རྒྱས་པའི་སྐྱབས་འགྲོ་རེད། དེར་སྐྱབས་སུ་འགྲོ་སྟངས་དེ་གོང་དུ་རྩེད་མོ་རྩེད་ནས་བརྗོད་པ་ལྟར་ངའི་པ་ལགས་དང་ཨ་མ་ལགས་ཀྱིས། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བརྗོད་ཀྱི་འདུག་པས་ངས་ཀྱང་དེ་བཞིན་བརྗོད་ཀྱི་ཡོད་ཅེས་བརྗོད་ན་དེ་ནི་ཆེས་རྗེས་ལུས་ཀྱི་འགྲོ་སྟངས་ཤིག་རེད། དེ་བཞིན་སངས་རྒྱས་དང༌། ཆོས། དགེ་འདུན་གསུམ་ངོ་མ་ཤེས་པར་སྐྱབས་སུ་མཆི་ན་ཡང་ཧ་ཅང་ཁག་པོ་རེད། དེར་བརྟེན་ད་ལྟ་འདིར་ཟླ་བ་གྲགས་པའི་གསུང༌། 

སངས་རྒྱས་ཆོས་དང་དགེ་འདུན་ཏེ། །

ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །

                ཞེས་གསུངས་པ་དེ་སྐྱབས་ཙམ་མ་ཟད་ཐར་པ་འདོད་མཁན་ཞིག་གི་སྐྱབས་རེད་ཅེས་གསུངས་ཀྱི་ཡོད།

                དེ་ཡང་མུ་སྟེགས་པ་ཐར་པ་འདོད་མཁན་དེ་དག་རང་རང་གི་སྐྱབས་ལ་དམ་པར་བཟུང་ནས་སྐྱབས་སུ་མཆི་གི་ཡོད། ཐར་པ་དེ་དང་ནང་པའི་ཐར་པ་གཉིས་ཀྱི་ཁྱད་པར་ཤེས་པའི་སྒོ་ནས་ནང་པའི་ཐར་པ་ཞེས་བརྗོད་ན་ཇི་འདྲ་ཞིག་རེད་ཅེས་བརྗོད་ན། ཐར་པ་ཐོབ་པར་གེགས་བྱེད་མཁན་དེ་ཉོན་སྒྲིབ་རེད། ཉོན་སྒྲིབ་ཀྱི་རྩ་བར་མ་རིག་པ་ཞེས་བརྗོད་ཀྱི་ཡོད། མ་རིག་པར་གཉིས་ཡོད་པའི་ནང་གི་བདག་ཏུ་འཛིན་པའི་མ་རིག་པ་ཞེས་པ་དེས་བྱེད་ཀྱི་ཡོད། བདག་ཏུ་འཛིན་པའི་མ་རིག་པས་ཐར་པ་འཐོབ་པར་གེགས་བྱེད་ཀྱི་ཡོད་པས་ན། བདག་ཏུ་འཛིན་པའི་མ་རིག་པའི་ལྡོག་ཟླའི་གཉེན་པོ་སྐྱེས་པའི་སྒོ་ནས་བདག་ཏུ་འཛིན་པའི་མ་རིག་པ་དེ་བཅོམ། དེ་ལས་བྲལ་བའམ་དེ་ལས་ཐར་བའི་ཐར་པ་ཞེས་པ་དེ་ངོ་ཤེས་པའི་ཐོག་ནས་དེ་ལྟ་བུའི་ཐར་པ་འདོད་མཁན་ཞིག་ཡིན་ན། བདག་མེད་པར་སྟོན་མཁན་གྱི་སངས་རྒྱས་ཉག་གཅིག་སྐྱབས་རེད།

                འཛམ་གླིང་འདིའི་སྟེང་ཆོས་ལུགས་སྟོང་ཕྲག་ཡོད་པའི་ནང་ནས་བདག་མེད་པ་ཞེས་པ་དེ་གསུངས་མཁན་ནང་པ་ལས་གཞན་སུ་གཅིག་ཀྱང་མེད། དེར་བརྟེན་དེ་ལྟའི་ཐར་པ་སྒྲུབ་པའི་བདག་མེད་རྟོགས་པའི་ཤེས་རབ་དེ་ཐར་པ་སྒྲུབ་པའི་ཆོས་ངོ་མ་དེ་རེད། དེ་འདྲའི་ཆོས་སྟོན་མཁན་གྱི་སྟོན་པ་དེ་ཐར་པ་སྒྲུབ་བྱེད་ཀྱི་ཐབས་མ་ནོར་བར་སྟོན་མཁན་གྱི་སྟོན་པ་དེ་རེད། དེ་ཚུལ་བཞིན་དུ་སྒྲུབ་པའི་འཕགས་པའི་དགེ་འདུན་བདག་མེད་པའི་དོན་མངོན་དུ་འགྱུར་བ་དེ། བསླུ་བ་མེད་པའི་ཐར་འདོད་སྒྲུབ་མཁན་གྱི་གྲོགས་ཡིན་བསམ་པའི་བློ་ཞིག་སྐྱེས་ན་ནང་པ་མཚན་ཉིད་པ་ཆགས་པ་རེད། ནང་པའི་སྐྱབས་གནས་དཀོན་མཆོག་གསུམ་པོ་དེ་ངོ་ཤེས་པའི་ཐོག་ནས་དེར་བློ་རྩེ་གཉིས་མེད་པའི་བློ་རྩེ་གཅིག་པའི་སྐྱབས་འགྲོ་དེ་འདི་ལྟར་བྱས་ཏེ་ཡོང་གི་ཡོད། བྱུང་ན་དེ་རེད།

                ང་ཚོའི་ཤིང་ཏོག་རིགས་ལ་འདི་འདྲ་ཞིག་ཡོང་གི་ཡོད། ཤིང་ཏོག་སྨིན་པ་ཞིག་དང༌། མ་སྨིན་པ་ཞིག སྨིན་ལ་མ་སྨིན་ཞིག་བཅས་ཡོད་པ་ཇི་བཞིན་ནང་པ་ཡིན་མིན་ཐེ་ཚོམ་མེད་པར་ནང་པ་ཚད་ལོངས་པ་ཞིག་དང༌། ནང་པ་ཚད་མ་ལོངས་པ་ཞིག ནང་པ་ཡིན་ལ་མིན་ལ་ལྟ་བུ་ཞིག་བཅས་བཞག་ཆོག་གི་མེད་དམ། ང་ཚོས་གང་ཞིག་འབད་བརྩོན་བྱེད་ཀྱི་ཡོད་དམ་ཞེ་ན། ནང་པ་བྱས་མ་བྱས་རང་དབང་རེད། ངེས་པར་ཆོས་བྱེད་དགོས་ཞེས་སུས་ཀྱང་བརྗོད་མཁན་མེད། བཅོམ་ལྡན་འདས་རང་ཉིད་རྒྱ་གར་ལ་ཕེབས་པའི་སྐབས་སུའང་རྒྱ་གར་ཡོངས་རྫོགས་ནང་པ་བྱེད་དགོས་ཞེས་གསུངས་མེད། ལྟ་གྲུབ་མི་འདྲ་བ་ངའི་ལྟ་གྲུབ་འདི་ཡིན་ཞེས་གསུངས་པ་ལས་ཁྱེད་རང་ཚོ་ཚང་མས་ངའི་ཆོས་བྱེད་དགོས་ཞེས་གསུངས་མེད།

                ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་གིས་ཀྱང་ནང་པའི་རང་གཞུང་གང་ཞིག་ཡིན་པ་དང༌། ནང་པའི་ལྟ་བ་གང་ཞིག་ཡིན་པ། ནང་པའི་གྲུབ་མཐའ་གང་ཞིག་ཡིན་པ་དེ་དག་གཏན་ལ་ཕབ་ཅིང༌། གཏན་ལ་ཕབ་སྐབས་དེ་དང་འགལ་བའི་གྲུབ་མཐའ་ཞིག་ཡིན་ཚེ་རིགས་པའི་ལམ་ནས་སུན་ཕྱུུང་བ་ལས་གྲི་དང༌། མེ་མདའ། དབྱུག་པ་སོགས་འཁྱེར་ཏེ་སུན་ཕྱུང་མེད། དེར་བརྟེན་ད་ལྟའང་མི་སུ་ཡིན་ན་ཡང་ཁྱོད་ནང་པ་བྱེད་དགོས་ཞེས་སུས་ཀྱང་བརྗོད་ཀྱི་མ་རེད། དེ་བཞིན་ང་ཚོ་བོད་པ་ཞིག་ཡིན་ན་ཡང་ཁྱོད་ནང་པ་བྱེད་དགོས་ཞེས་སུས་ཀྱང་བཤད་ཀྱི་མ་རེད།

                སྔ་མོ་ང་ཚོ་རྡ་རམ་ས་ལར་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་པའི་ནང་དུ་ཁ་ཆེ་ཁ་ཤས་ཤིག་ཡོད་ཅིང༌། ལས་བྱེད་པའི་སྤྱི་རིམ་འཚོགས་སྐབས་ཁ་ཆེ་ཚོ་ཡང་སྐད་གཏོང་གི་ཡོད་སྐད། དེ་ཡང་ང་ཚོས་ཁ་ཆེ་ཚོ་ནང་པའི་ཞབས་བརྟན་བྱེད་པར་མཉམ་དུ་ཤོག་ཅེས་བརྗོད་པ་དེ་ཏོག་ཙམ་མ་འགྲིགས་པ་རེད། དེ་ཚོའི་གྲས་དམིགས་བསལ་ཤིག་དང་གང་ལྟར་དེ་ཚོ་ནོར་འདུག མདོ་དོན་སྙིང་པོ་དེ་ང་ཚོར་ཁ་ཆེ་ཡོད་ལ། བོད་པའི་ནང་ལ་ཡེ་ཤུ་ཡང་རེ་ཟུང་ཡོད། དེ་དག་སོ་སོ་ཆོས་བྱས་ན་ཡང་རང་དབང་གཙང་མ་རེད། དེ་བཞིན་ཆོས་ལ་ཡིད་ཆེས་མེད་པ་དེ་འདྲ་ཡང་ཡོད་དེ་ཡང་རང་དབང་གཙང་མ་ལས་གང་ཡང་བརྗོད་དགོས་མེད།

                ཡིན་ན་ཡང་སོ་སོས་ཆོས་ཤིག་ཁས་བླངས་ཤིང༌། རང་ཉིད་ནང་པ་ཞིག་བྱས་ཚེ་ནང་པ་ཚད་ལོངས་པ་ཞིག་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ནང་པ་ཚད་ལོངས་པ་ཞིག་ཡོང་བར་ནང་པའི་ཆོས་ལ་བསམ་བློ་བཏང་ནས་བྱེད་དགོས་པའི་ཆོས་ཤིག་ཡིན་པས་དེས་ན་སློབ་སྦྱོང་བྱེད་དགོས་ཀྱི་འདུག་ཅེས་བརྗོད་པ་དེ་རེད། ནང་པའི་ཆོས་དེ་བསམ་བློ་གཏོང་མི་དགོས་པར་སྐྱབས་སུ་མཆི་ཞེས་བརྗོད་པས་འགྲིགས་ན་སློབ་སྦྱོང་བྱེད་དགོས་མེད།

                ནང་པ་ཡིན་ལ་མིན་ལ་མིན་པར་ནང་པ་དངོས་གནས་ཚད་ལོངས་པ་ཞིག་ཡོང་བར་སློབ་སྦྱོང་བྱེད་དགོས། དེར་བརྟེན་སྐྱབས་གནས་དཀོན་མཆོག་གསུམ་གྱི་ཁྱད་ཆོས་གང་ཞིག་ཡིན་པ་དང༌། དེ་བཞིན་ཕྱི་ནང་གི་ཁྱད་པར།  གྲུབ་མཐའ་གོང་འོག་གི་ཁྱད་པར་གང་ཞིག་ཡིན་པ་དེ་དག་ཤེས་པའི་སྒོ་ནས་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་སྐྱབས་སུ་མཆི་ན་དེ་ཤེས་ནས་ཐོབ་པའི་དད་པ་ཞེས་པ་དེ་རེད། སངས་རྒྱས་པའི་ཆོས་གདུལ་བྱ་ལ་དབང་རྟུལ་དད་པའི་རྗེས་འབྲངས་དང༌། དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཞེས་གཉིས་ཡོད། དབང་རྟུལ་དད་པའི་རྗེས་འབྲངས་ཞེས་པ་དེ་རྒྱུ་མཚན་གང་ཡང་མེད་པར་སྐྱབས་སུ་མཆི་བ་དེ་རེད། རེ་ཟུང་དེ་བདེན་མདོག་ཁ་པོ་རེད།

                ཡིན་ན་ཡང་ང་ཚོའི་མང་ཚོགས་ཀྱིས་ཤེས་ཡོན་བསླབ་དགོས་ལ་དེང་དུས་ཀྱི་སློབ་སྦྱོང་བསླབ་དགོས་ཤིང༌། ལྷག་པར་ཤེས་ཡོན་ཅན་བྱེད་དགོས་ཞེས་བརྗོད་བཞིན་པས་ཆོས་དེ་ཡང་ཤེས་ཡོན་ཅན་གྱི་ནང་པ་ཞིག་བྱེད་དགོས་པ་ལས་ཤེས་ཡོན་མེད་པའི་ནང་པ་བྱས་ན་རྗེས་ལུས་རེད། དེར་བརྟེན་ང་ཚོ་མང་ཆེ་བས་ཨུ་ཚུགས་བརྒྱབ། རྩོལ་བ་བྱས་ཏེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དྲངས་པའི་དད་པ་ཞིག་དང༌། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དྲངས་པའི་སྙིང་རྗེ་ལྡན་པའི་ནང་པ་བྱེད་དགོས་པ་དེ་གལ་ཆེན་པོ་རེད།

 

                དྲི་བ། འགྲན་བསྡུར་ཟེར་བ་དེ་གལ་ཆེན་ཆགས་ཏེ་སློབ་སྦྱོང་ཡར་རྒྱས་འགྲོ་བར་འགྲན་བསྡུར་དེ་གལ་ཆེན་པོ་འདུག ཡང་འགྲན་བསྡུར་གྱིས་རྐྱེན་པའི་དཀའ་ངལ་དང་རྙོག་དྲ་ཡོང་གི་འདུག་ཅིང༌། ཐ་ན་རང་ཤི་རྒྱག་པ་ཡང་ཡོང་གི་འདུག་པས་དེའི་སྐོར་བཀའ་ལན་ཞིག་གནང་རོགས།

                བཀའ་ལན། སྤྱིར་འགྲན་སེམས་ཞེས་པ་དེར་རིགས་གཉིས་ཡོད། ང་རྒྱལ་དང་ཕྲག་དོག་གིས་རྐྱེན་པས་འགྲན་སེམས་སླེབས་པ་དེ་ཀུན་སློང་མ་དག་པ་ཞིག་དང༌། ཀུན་སློང་སྐྱོན་ཅན་ཞིག་གིས་དྲངས་ཡོང་གི་ཡོད་ཅིང་འགྲན་སེམས་དེ་ནོར་འཁྲུལ་རེད། རང་ཉིད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པས་ན་ངས་སློབ་སྦྱོང་ཡག་པོ་ཞིག་བྱས་ཏེ་ང་རང་ཡང་མི་ཚེ་འདི་དོན་དང་ལྡན་པ་ཞིག་ཡོང་ཐུབ་པ་དང༌། སྤྱི་ཚོགས་ལའང་ཕན་ཐོགས་བྱེད་ཐུབ་པ་ཞིག ང་སློབ་སྦྱོང་གི་ཐོག་ནས་གཞན་གྱི་རྗེས་སུ་མ་ལུས་པ་ཞིག་བྱེད་ཀྱི་ཡིན་བསམ་པའི་བསམ་བློ་བཏང་ན་དོན་ལ་གཅིག་པ་རེད། ཕྲག་དོག་དང་ང་རྒྱལ་གྱི་ཐོག་ནས་གཞན་གྱི་རྗེས་སུ་མ་ལུས་པ་བྱེད་ཀྱི་ཡིན་བསམ་པ་དང༌། ང་རང་ཡང་རང་གི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཡོངས་སུ་རྫོགས་པ་བེད་སྤྱོད་ཡང་དག་པ་ཞིག་བྱས་ཏེ་རང་དོན་ཡིན་ཡང་དངོས་གནས་གདེང་འཁེལ་བ་ཞིག་དང༌། སྤྱི་ལའང་ངས་ཕན་ཐོགས་པ་ཞིག་བྱེད་ཀྱི་ཡིན། སློབ་སྦྱོང་གཞན་གྱི་རྗེས་སུ་མ་ལུས་པ་ཞིག་ངས་བྱེད་ཀྱི་ཡིན་བསམ་པའི་བསམ་བློའི་འགྲན་སེམས་ལྟ་བུ་ཞིག་སླེབས་ན། གཞན་གྱི་རྗེས་སུ་མ་ལྷག་པ་ཞིག་བྱེད་ཀྱི་ཡིན་ན་དེ་ཡང་དག་པ་རེད་བསམ་གྱི་འདུག དེས་ན་འགྲན་སེམས་ལ་ཁག་གཉིས་ཡོད། 

                ཡང་འགྲན་སེམས་ཀྱིས་རྐྱེན་པས་རང་ཤི་བརྒྱབ་པ་ཞེས་པ་དེ་ཆ་རྐྱེན་གཞན་ཞིག་རེད། འགྲན་སེམས་ཀྱིས་བྱས་པ་རྩ་བ་ནས་མིན། དེང་སང་འཇར་པན་ནང་དུ་མང་པོ་འདུག སློབ་ཕྲུག་འགའ་ཞིག་སློབ་སྦྱོང་གི་ཐོག་ནས་སེམས་མ་སྐྱིད་པ་དང༌། སྲོག་རླུང་འཕར་ཞིང་རང་ཉིད་གཅིག་པུ་ཁང་པའི་ནང་དུ་འཛུལ་ནས་བསྡད་དེ་མི་སུ་གཅིག་ཀྱང་མཐོང་མ་འདོད་པར་མཐར་ཐུག་དེར་རང་ཤི་བརྒྱབ་པ་དེ་འདྲ་དེང་སང་འཇར་པན་ནང་དུ་དཀའ་ངལ་གསར་པ་གཅིག་དེ་བཤད་ཀྱི་འདུག དེང་སང་རྒྱ་ནག་ནང་དུའང་སླེབས་ཀྱི་ཡོད། དེར་བརྟེན་དེ་དག་འགྲན་སེམས་ཀྱི་རྐྱེན་པས་རང་ཤི་བརྒྱབ་པ་མིན། དྲངས་མཁན་གྱི་འགྲན་སེམས་དེ་ཡོང་བའི་རྒྱབ་ལོགས་ཀྱི་ཀུན་སློང་ཞིག་ཡོད་པ་དེའི་ནོར་འཁྲུལ་རེད། དེར་བྱམས་པ་དང༌། བརྩེ་བ་དང༌། བཟོད་པ་དང༌། རྟེན་འབྱུང་ལྟ་བའི་མིག་རྒྱང་ཡངས་པོ་དེ་དག་ཡོད་ན་ཉོན་མོངས་ཅན་གྱི་འགྲན་སེམས་སྐྱེས་ཀྱང་རང་ཤི་རྒྱག་གི་མ་རེད། རང་ཤི་རྒྱག་མཁན་ལྐུགས་པ་རེད། དེར་བརྟེན་ཉོན་མོངས་ཅན་གྱི་འགྲན་སེམས་སྐྱེས་ན་ཡང་དེ་སྐྱོན་ཆ་ཆེན་པོར་མི་འགྲོ་བ་ཞིག་ཕྱོགས་གཞན་ཞིག་ནས་བྱེད་མདོག་ཁ་པོ་རེད།

                ལྷག་པར་བཟང་པོའི་ཡོན་ཏན་དེ་དག་ཡོད་ན་ཉོན་མོངས་ཅན་གྱི་འགྲན་སེམས་མི་སྐྱེ་ཞིང༌། ང་ཚོའི་བློ་ཞེས་པ་དེ་ཡང་དཔེར་ན་ང་ཚོས་མེ་ཏོག་ཞིག་བཏབ་ནས་སྐྱེས་པར་ལས་སླ་པོ་མི་འདུག་ཅིང༌། དེ་ཡོད་པ་ཙམ་གྱིས་མི་འགྲིགས་ཤིང༌། དེར་ རྒདྲཐྲདྤ ༼འོད།༽ འོད་དགོས་ལ། ཉི་མ་ཡང་དགོས་ཀྱི་ཡོད། འགའ་ཞིག་ལ་གྲིབ་ནག་ཀྱང་དགོས། ཆུ་དགོས་ལ་ཚ་གྲང་གི་དྲོད་དེ་ཡང་སྙོམས་པོ་ཞིག་དགོས་ཀྱི་ཡོད། 

                ང་རང་ཚོའི་ནང་བསམ་བློ་དེ་ཡང་རྒྱུ་དང་རྐྱེན་མང་པོར་བརྟེན་ནས་ཡོང་བ་ལས་སེམས་ཞེས་རྡོག་རྡོག་ལྟ་བུ་ཞིག་དང༌། ཆགས་སྡང་གི་བློ་རྡོག་རྡོག་ཅིག་རྩ་བ་ཉིད་ནས་མེད། དེ་ང་ཚོ་ནང་པས་རྟེན་འབྱུང་ཞེས་བརྗོད་པ་དེ་ཧ་ལས་པའི་ཡག་པོ་རེད། དཔེར་ན་ ཇྣཔྱརྡརྟ ཁྱཏྲྣརྣྣནདྲཏྲ ༼འཛམ་གླིང་གི་དཔལ་འབྱོར།༽ དང༌། གརྡྣཏཎརྡ  ཁྱཏྲསྤྱརྣྣནདྲཏྲ ༼རྒྱལ་ཡོངས་ཀྱི་དཔལ་འབྱོར།༽ ཞེས་བརྗོད་ན་ཧ་ཅང་འབྲེལ་བ་ལྟར་རེད།

                ང་རང་ཚོའི་སེམས་ཀྱི་རྣམ་རྟོག་རེ་རེས་ཀྱང་རྒྱུ་དང་རྐྱེན་མང་པོ་ཞིག་དང༌། རྣམ་རྟོག་གཞན་མང་པོ་ཞིག་གི་འོག་ནས་དེ་ཡོང་བ་ལས་བློ་གཅིག་གིས་བྱུང་བ་མིན། དེས་ན་འགྲན་སེམས་ཞེས་ཚིག་གཅིག་བགྲངས་ནས་དེ་ལེགས་ཉེས་དང༌། དེས་སྐྱོན་ཆ་ལྷག་གིས་འདུག་ཅེས་དང༌། དེས་ཕན་ཐོགས་ཀྱང་འདུག་ཅེས་བརྗོད་པ་མིན་པར་དེ་བློ་མང་པོ་ཞིག་དང་འབྲེལ་ཡོད། དེར་བརྟེན་ནང་པ་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་ ཇདྣརྡདྲཔྲྤདྲཏྲ ྔཕྲཔྲྤྟན ༼མ་ལག་ཡོངས་སུ་རྫོགས་པ།༽ རེད། ཐབས་དང་ཤེས་རབ་ཅེས་བརྗོད་པ་ལྟར་དེ་རྣམ་གྲངས་མང་པོའི་ཐོག་ནས་སེམས་ལ་འགུལ་སྐྱོད་ཐེབས་པ་ཞིག་རེད།

                དངོས་པོའི་གནས་ཚུལ་ལ་དེ་རྟེན་འབྱུང་གི་རང་བཞིན་རེད། ཕྱིའི་གཟུགས་ཤིག་ཡིན་ན་ཡང་རྒྱུ་རྐྱེན་མང་པོར་བརྟེན་ནས་འགྱུར་བ་འགྲོ་གི་ཡོད།  ནང་གི་རྣམ་པར་རྟོག་པ་ཞིག་ཡིན་ན་ཡང་རྒྱུ་རྐྱེན་མང་པོའི་ཐོག་ནས་འགྱུར་བ་འགྲོ་བ་ཞིག་ཡིན་པས་ཚིག་གཅིག་གི་ཐོག་ནས་ ྗྟཔྲ སྒྱྣ ༼རེད། མ་རེད།༽ ཞེས་བརྗོད་པ་དང༌། ཇདདྲྤྟ སྐྱརྡཎཏྲྡ ༼དཀར་པོ། ནག་པོ།༽ རེད་ཅེས་པ་དེ་དག་ཧ་ཅང་ཁག་པོ་རེད། དེ་རིང་འདི་ཙམ་དང་སང་ཉིན་ཡང་བསྐྱར་ཐུག་ཡོང༌།

 

ཉིན་གཉིས་པའི་བཀའ་སློབ།

 

གཞིས་བཞུགས་བོད་མིར་སྤྱོད་ཡོན་ལམ་

སྟོན་གྱི་བཀའ་སློབ།

 

                ཁ་སང་ཁྱེད་རང་ཚོ་གོ་བསྡུར་ཇི་འདྲ་བྱུང་སོང་ངམ། ཁྱེད་རང་ཚོའི་འདོད་པ་ཚིམ་སོང་ངམ། ངས་ཁ་སང་བཏོན་པའི་མགོན་པོ་ཀླུ་སྒྲུབ་ཀྱི་གསུང༌།

གང་གི་ཐུགས་བརྩེས་ཉེར་བཟུང་ནས། །

ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །

དམ་པའི་ཆོས་ནི་སྟོན་མཛད་པའི། །

གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །

                ཞེས་པའི་ཚིག་དེ་ཁྱེད་རང་ཚོས་ཤེས་ཀྱི་ཡོད་དམ།

                ང་ཚོ་དེ་རིང་འདིར་ཉི་མ་གཉིས་པའི་ནང་ཆོས་ངོ་སྤྲོད་འདི་ཧ་ལམ་སློབ་ཕྲུག་གི་ཚོགས་ཆེན་ལྟ་བུ་ཞིག་ང་ཚོ་དེ་རིང་འཚོགས་ཀྱི་ཡོད། ཁྱེད་རང་ཚོ་བཙན་བྱོལ་ལ་ཡོང་མཁན་གྱི་བུ་ཕྲུག་ཚོ་རང་དབང་ལུང་པར་བསྡད་ཡོད། ཁྱེད་རང་ཚོའི་ངོས་ནས་ཡིན་ན་ཡང་སོ་སོ་སྒེར་གྱི་ཆ་ནས་ཡིན་ནའ་འདྲ། སྤྱི་པའི་དོན་ལ་ཡིན་ན་ཡང་འདྲ། འཛམ་གླིང་སྤྱིའི་ཐོག་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱེད་རྒྱུ་ཡིན་ན་སློབ་སྦྱོང་ཞེས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད།

                སློབ་སྦྱོང་ཡོད་པའི་མི་ཞིག་ཡིན་ན་སོ་སོ་སྒེར་གྱི་མི་ཚེ་དེ་ཡང་གྲ་འགྲིགས་པ་དང་ཁྱིམ་ཚང་དེ་ཡང་གྲ་འགྲིགས་པ་ཡོང་གི་རེད། སྤྱི་ཚོགས་དེ་ཡང་གྲ་འགྲིགས་པ་ཡོང་གི་རེད། འཛམ་གླིང་སྤྱིའི་ཐོག་ནས་བཤད་ཀྱང་གྲ་འགྲིགས་པ་ཡོང་གི་རེད། འཛམ་གླིང་ས་ཆ་གང་དུ་བལྟས་ཀྱང་ཡུལ་ལུང་དེ་དང་དེའི་མི་མང་གི་ཤེས་ཚད་ཡག་པོ་ཡོད་པ་དེ་དག་ཡར་རྒྱས་མང་བ་ཕྱིན་པ་མཐོང་གསལ་རེད། དེར་བརྟེན་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཆ་བཞག་ཀྱང་དེ་བཞིན་རེད། ང་ཚོ་དཀའ་ངལ་གྱི་འོག་ཏུ་བསྡད་ཡོད། ཡིན་ནའང་རྒྱ་ནག་གི་རྩ་ཁྲིམས་རང་གི་ནང་དུ་ཡིན་ན་ཡང་རེད། རྒྱ་ནག་གཞུང་གི་སྲིད་ཇུས་ཀྱི་ཐོག་ལ་ཡིན་ན་ཡང་འདྲ། མི་མང་ལ་ཤེས་ཡོན་དགོས་ཞེས་པ་དེ་ཧ་ཅང་གལ་ཆེན་པོ་ཞིག་ལ་བརྩི་གི་ཡོད། དེར་བརྟེན་བོད་ལྗོངས་ནང་ལ་ཡོད་པའི་མི་རྒན་གཞོན་དབྱེ་བ་མེད་པར་ཚང་མས་ཤེས་ཡོན་ལ་དང་དོད་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།

                ལྷག་པར་གཞོན་སྐྱེས་ཚོའི་མི་ཚེ་བསྐྱལ་བ་ལས་སྐྱེལ་རྒྱུ་མང་བ་བསྡད་ཡོད། སྤྱི་ཚོགས་ཀྱི་ཆ་ནས་དང་བོད་མི་རིགས་སྤྱིའི་ཆ་ནས་བཤད་ཀྱང༌། གངས་ལྗོངས་ཀྱི་ཡུལ་ཁམས་སྤྱིའི་ཆ་ནས་བཤད་ཀྱང་གཞོན་སྐྱེས་དེ་དག་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རང་ཚོའི་དུས་ཚོད་དེ་རྣམ་གཡེང་དང་བག་མེད་ལྟ་བུའི་སྟེང་ནས་མི་ཚེ་བསྐྱལ་བ་ཡིན་ན་ཧ་ཅང་ཕངས་པོ་རེད།

                དེ་མིན་ཆང་འཐུང་ཤོ་སྦག་གིས་མཚོན་རྒྱན་པོ་འགྱེད་པའི་རྩེད་མོ་རྩེད་པ་དང༌། གཞན་ཡང་འཆལ་སྤྱོད་བྱེད་པ། ཉལ་ཐ་འཐེན་པ་དེ་ཚོའི་རིགས་མི་ཚེ་འཕྲོ་བརླག་ཏུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། ཡང་ཕྱོགས་གཅིག་ནས་གཅིག་གིས་གཅིག་ལ་གྲོགས་པོ་ངན་པའི་མིག་ལྟོས་ལམ་སེང་འགོས་ཆོག་ཆོག་གི་ཉེན་ཁ་ཞིག་ཀྱང་ཡོད། ངས་གོ་ཐོས་ལ་བོད་ནང་དུ་ཕྲན་བུའི་དཔལ་འབྱོར་ཡོད་པ་དེ་དག་གིས་དུས་ཚོད་མང་ཆེ་བ་མ་ཅཱང་སོགས་རྒྱན་པོ་འགྱེད་པའི་རྩེད་མོས་དུས་འདས་པ་ལྟ་བུ་བྱེད་ཀྱི་འདུག་ཅེས་བརྗོད་མཁན་ཡོང་གི་འདུག་པས་ཧ་ཅང་ཐབས་སྐྱོ་པོ་རེད།

                དེ་བཞིན་གཞོན་སྐྱེས་ནང་དེང་སང་ཉལ་ཐ་འཐེན་མཁན་ཡོང་གི་འདུག་ཅེས་ཟེར། ང་ཚོ་རྒྱ་གར་རང་དབང་ལུང་པའི་ནང་ཕྲན་བུ་ཡོང་གི་ཡོད་པ་ལས་དེ་མིན་ཉུང་ཉུང་རེད། བོད་ཀྱི་གྲོང་ཁྱེར་ཆེ་ཁག་ཚོའི་ནང་དེ་ལྟའི་ཉལ་ཐག་གི་དར་སོ་ཤུགས་ཆེ་རུ་འགྲོ་གི་འདུག་ཅེས་བཤད་ཀྱི་འདུག

                དེ་བཞིན་ལྷ་སས་མཚོན་པའི་གྲོང་ཁྱེར་ཆེ་ཁག་ཚོའི་ནང་རྒྱ་ནག་ནས་ཡར་གཞང་བཙོང་མ་ཕོན་ཆེན་པོ་ཡོང་བ་སོགས་ཀྱིས་རྐྱེན་པས་ རྐྱགྲཁྔ ༼ལྷན་སྐྱེས་སྲིན་བུ་འཁྲུག་པའི་ནད་གཞི།༽ ཟེར་བའི་ན་ཚ་དེ་རིགས་ཀྱང་དེང་སང་ཁྱབ་བརྡལ་དུ་འགྲོ་ཉེན་ཧ་ཅང་ཆེ་བའི་གནས་ཚུལ་ཞིག་ན་ནིངས་ངས་ངོ་ཤེས་པའི་ཕ་རན་སིའི་མི་ཞིག་ཡོད། ཁོང་རང་དེ་རིགས་ལ་ཧ་ཅང་དོ་སྣང་བྱེད་མཁན་ཞིག་རེད། ལྷ་སར་ཕྱིན་ཏེ་དུས་ཡུན་གང་འཚམས་ཤིག་རིང་ལྷ་སར་བསྡད་དེ་ཉམས་ཞིབ་བྱས་པ་ཡིན། རྐྱགྲཁྔ ནད་ཚ་ཁྱབ་བརྡལ་དུ་འགྲོ་བའི་ཉེན་ཁ་ཧ་ཅང་ཆེན་པོ་འདུག་ཅེས་བརྗོད་ཀྱི་འདུག ཕྱོགས་གཅིག་ནས་འཆལ་སྤྱོད་དང༌། གཉིས་ནས་གནད་འགག་དང་འཕྲོད་བསྟེན་ཇི་ལྟར་བྱ་དགོས་མིན་མ་ཤེས་པར་གྲོང་གསེབ་ཁག་ནས་བུད་མེད་ལོ་ཆུང་དེ་འདྲར་ལས་ཀ་མ་རག་པའི་སྐབས་སུ་གཞང་བཙོང་མའི་ལས་ཀ་བྱེད་བཞིན་པ་དང༌། དེ་དག་གིས་གཞི་རྩའི་གནས་ཚུལ་རྩ་བ་ནས་མ་རྟོགས་པའི་སྐབས་ཧ་ཅང་གི་ཉེན་ཁ་འདུག་ཅེས་དེ་ལྟར་བཤད་སོང༌། དེ་ཚོའི་གྲས་དེ་ཧ་ཅང་གི་གལ་ཆེན་པོ་རེད། 

                མི་རིགས་ཤིག་ཉམས་རྒུད་དུ་འགྲོ་བའི་ཉེན་ཁ་ཡོད། དཔེར་ན་ཨ་ཕི་རི་ཀའི་ནང་ཁྱེད་རང་ཚོ་ཚང་མས་ཤེས་གསལ་རེད། རྐྱགྲཁྔ ༼ལྷན་སྐྱེས་སྲིན་བུ་འཁྲུག་པའི་ནད་གཞི།༽ ན་ཚ་ཧ་ཅང་གི་ཉེན་ཁ་ཆེན་པོ་རེད་ཅེས་བརྗོད་བཞིན་འདུག དེར་བརྟེན་ང་ཚོ་འདིར་གོ་སྐབས་ཡག་པོ་རེད། རང་དབང་ལུང་པར་བསྡད་ཡོད། 

             བོད་ནང་དུ་ཡོད་པ་ཚོས་འཕྲལ་སེལ་གྱི་ཁྲ་ཁྲ་ཟིང་ཟིང་ལྟ་བུ་ཕྲན་ཚེགས་ཡོང་སྐབས་རྣམ་གཡེང་འདུ་འཛིའི་གཞན་དབང་དུ་བཏང་སྟེ་ཕྱིན་ན་ང་ཚོ་མི་རིགས་ཤིག་ལ་གྱོང་རག་གི་རེད། དེས་ན་ཚང་མས་སློབ་སྦྱོང་གི་ཐོག་ལ་ཤུགས་རྒྱག་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། སློབ་སྦྱོང་དེ་ཡང་ཁ་སང་སྐད་ཆ་བྱུང་བ་ལྟར་ཕྱིའི་དངོས་པོ་ལ་བརྟེན་པའི་ཤེས་ཡོན་དང༌། ནང་བསམ་བློ་ལ་བརྟེན་པའི་ཤེས་ཡོན་གཉིས་ཀ་ཕྱུག་པོ་ཞིག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།

                ལྷག་དོན་བོད་ནང་ཡོད་པའི་ང་ཚོའི་གཞོན་སྐྱེས་ཚོ་དང༌། སྤྱིར་བཏང་སློབ་སྦྱོང་ལ་དོ་སྣང་ཡོད་མཁན་སུ་དང་སུ་ཡིན་ན་ཡང༌། དཔེར་ན་ང་རང་ཚོར་དཀའ་ངལ་ཡོད་པ་ཞིག་སུ་དང་སུ་ཡིན་ཡང་མྱོང་ཞིང་ཚོར་གྱི་ཡོད། དཀའ་ངལ་དེ་སེལ་ཐབས་ལ་ཏན་ཏན་ཐབས་ཤེས་མང་པོ་ཡོད་མདོག་ཁ་པོ་རེད། ཡུལ་ལུང་གང་དང་གང་ཡིན་ན་ཡང་ལུང་པ་སོ་སོར་ཁྲིམས་དང་ཁྲིམས་དེའི་ཐོག་ནས་ལུང་པ་སོ་སོའི་མི་མང་ལ་ཡིག་ཐོག་ནས་ཐོབ་ཐང་ཞིག་ཡོད་པ་རེད།

                རྒྱ་ནག་ལ་ཆ་བཞག་ཀྱང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེའི་རྩ་ཁྲིམས་ཤིག་ཡོད། རྩ་ཁྲིམས་ཀྱི་ནང་དང་ལྷག་པར་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་དམིགས་བསལ་གྱི་ཁྲིམས་ལྟ་བུ་དེ་འདྲ་ཡང་ཡོད། དེ་དག་ལ་ང་ཚོ་བོད་པ་ཚོས་དོ་སྣང་དང་སློབ་སྦྱོང་བྱས་ཏེ་ང་རང་ཚོའི་མི་རིགས་ལ་ཐོབ་ཐང་གང་ཞིག་འདུག་གམ། ཁྲིམས་དང་ཡིག་ཆའི་ནང་དུ་ཐོབ་ཐང་གང་དང་གང་ཡོད་པ་དེ་དག་ཤེས་པར་བྱས། མགོ་ཚོས་པ་བྱས། དེང་སང་རྒྱ་ནག་ནང་ཁྲིམས་ཀྱི་སྐད་ཆ་བཤད་རྒྱུ་དེ་ཁྲིམས་གྱིས་དབང་བསྒྱུར་ཞེས་པ་དེ་འཛམ་གླིང་སྤྱི་ཡོངས་ལ་ཧ་ཅང་གལ་ཆེན་པོ་ཡིན་པས་ན། རྒྱ་ནག་རྒྱལ་ཁབ་ཀྱིས་ཀྱང་ཁྲིམས་ཀྱིས་དབང་བསྒྱུར་བའི་རྒྱལ་ཁབ་ཅིག་ཡིན་པའི་ལད་བཟློས་ལྟ་བུའམ་ཁྲིམས་ཀྱིས་དབང་སྒྱུར་བྱས་པའི་ལུང་པའི་ནང་དུ་ཚུད་རྒྱུའི་ཐབས་ཤེས་སྒོ་གང་ས་ནས་བྱེད་ཀྱི་ཡོད། དེ་ཡང་ང་ཚོའི་གོ་སྐབས་ཤིག་རེད།

                དཔེར་ན་བོད་ནས་ཡོང་མཁན་ཁ་ཤས་ང་དང་སྐད་ཆ་བྱུང༌། ཁོ་རང་ཚོའི་ལུང་པའི་ནང་གཏེར་ཁ་བསྔོག་རྒྱུ་དང་ཤིང་ནགས་གཅད་རྒྱུ་ལྟ་བུ་ལྐོག་ཟ་རུལ་སུངས་དང༌། ལྐོག་བརྔན་སྤྲད་པ། ས་ཁུལ་གྱི་མགོ་ཁྲིད་དང་ཚོང་པ་ཁ་རུལ་བ་ལྟ་བུ་དང༌། མདོར་ན་དངུལ་གྱི་ཐོག་ནས་ཡོང་བ་དེ་འདྲ་རྒྱ་ནག་གཞུང་རང་གིས་དོ་དམ་ཡོད་ཀྱང་ས་གནས་ཀྱི་མི་དང་ཚོང་པ་ལྟ་བུ་བརྔན་པ་སྤྲོད་ལེན་གྱི་ཐོག་ནས་ཡོང་བ་དེ་འདྲར་ས་གནས་ཀྱི་མིས་ཁྲིམས་ཐོག་ནས་ཞུ་གཏུགས་ལྟ་བུ་བྱས་ཏེ་དཀའ་ངལ་དེར་གདོང་ལེན་བྱེད་ཐུབ་པ་དེ་འདྲ་ཁ་ཤས་བཤད་རྒྱུ་འདུག དེར་བརྟེན་ང་ཚོ་བོད་ནང་གི་གྲོགས་པོ་ཚོར་ངེས་པར་ཤེས་ཡོན་གྱི་ཐོག་ལ་དང་དོད་བྱེད་རོགས་བྱེད་ཅེས་ངས་དེ་རིང་ཁྱེད་རང་ཚོ་བརྒྱུད་ནས་བཤད་འདོད་བྱུང༌།

 

ཉིན་གཉིས་པའི་ནང་ཆོས་ངོ་སྤྲོད་དངོས་གཞི།

 

                དེ་རིང་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་ངས་མགོ་འཛུགས་རྒྱུར་སྔོན་ལ་རིམ་པ་དང་པོར་སྒྲ་ཟོར་ཡངས་བའི་དབང་དུ་བྱས་ན། ཆོས་ཞེས་བརྗོད་ཚེ་ཕྱི་པའི་ཆོས་དང་ནང་པའི་ཆོས་ཞེས་ང་ཚོས་བཤད་ཀྱི་ཡོད། དེ་ལྟར་ན་འཛམ་གླིང་འདིའི་སྟེང་དུ་ཕྱི་ནང་དབྱེ་བ་མེད་པར་ཆོས་ཁས་ལེན་མཁན་སྡེ་ཚན་གཅིག་དང༌། ངས་དེ་ནམ་རྒྱུན་རྟག་པར་བཤད་ཀྱི་ཡོད་ལ་ཁྱེད་རང་ཚོ་ཕྲུ་གུ་ཚོར་ཡང་གཅིག་བརྗོད་འདོད་བྱུང༌། འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་དྲུག་ཅུ་ཙམ་ཡོད་པའི་ནང་ནས་དུམ་བུ་གཅིག་དེ་ཆོས་ཁས་ལེན་མཁན་རེད།

                སྤྱིར་བཏང་བཤད་ན་ཡེ་ཤུའི་ཆོས་བྱེད་མཁན་ས་ཡ་སྟོང་ཕྲག་གཅིག་ཡས་མས་ཤིག་དང༌། ཁ་ཆེའི་ཆོས་བྱེད་མཁན་ཡང་ས་ཡ་སྟོང་ཕྲག་གཅིག་ཡས་མས་ཤིག་ཡོད། དེ་བཞིན་ཧིན་དྷུ་ས་ཡ་དྲུག་བརྒྱ་བདུན་བརྒྱ་ཙམ་ཞིག་དང༌། ནང་པ་སྔར་བཤད་པ་ཡིན་ན་ས་ཡ་སུམ་བརྒྱ་སྐོར་ཞིག་བཤད་ཀྱི་ཡོད། བར་སྐབས་རྒྱ་ནག་ནང་དུ་ནང་པ་ཧ་ཅང་དར་འཕེལ་ཡོང་གི་ཡོད། དེ་འདྲའི་ཆ་ནས་ས་ཡ་བརྒྱ་ཕྲག་ཁ་ཤས་ཤིག་ཡོད། ཆོས་ལུགས་གཙོ་ཆེ་བ་དེ་དག་ཡིན། དེ་མིན་ གསྤྱརྟཎདྲཔྲན ༼འཇིའུ་ཆོས་ལུགས།༽ ཞེས་པ་ལྟ་བུས་མཚོན་མདོར་ན་ཆོས་ལུགས་མང་པོ་ཞིག་ཡོད། དེ་དག་གི་ནང་དུའང་ཁྱིམ་ཚང་རང་རང་གིས་ང་ཆོས་རྒྱུད་འདི་དང་འདི་ཡིན་ཞེས་བཤད་པ་གང་ཞིག་ལ། ཁྱིམ་མི་དོ་བདག་རང་ཉིད་དེ་ཙམ་གྱིས་ཆོས་ལ་གལ་ཆེར་མི་བརྩི་མཁན་མང་པོ་ཞིག་ཡོད། 

                མདོ་དོན་སྙིང་པོ་ཆོས་གལ་ཆེན་པོར་བརྩི་བའི་ཆོས་པའི་སྡེ་ཚན་ལྟ་བུ་གཅིག་དང༌། ཆོས་ཁས་མི་ལེན་ཞིང་ཆོས་ཞེས་པ་དེ་སྐྱོན་རེད། ཆོས་ཞེས་པ་འདི་ཕུང་ལ་སྦྱར་མཁན་རེད་ཅེས་འཛམ་གླིང་འདིའི་སྟེང་དུ་དེ་ལྟའི་སྐད་ཆ་བཤད་མཁན་ཡོང་གི་ཡོད། ང་ལ་ཡང་དེ་འདྲའི་སྐད་ཆ་བཤད་མཁན་མང་པོ་བྱུང་མྱོང༌། འཛམ་གླིང་འདིའི་སྟེང་དུ་ཆོས་ཀྱིས་རྙོག་དྲ་བཟོ་གི་འདུག དེ་འདྲའི་ཐོག་ནས་ཆོས་མེད་ན་ལེགས་པ་འདུག་ཅེས་བརྗོད་མཁན་དེ་འདྲ་ཡོང་གི་འདུག ཆོས་ལ་ཚིག་པ་ཟ་མཁན་ལྟ་བུ་ཡོང་གི་འདུག དེར་བརྟེན་ཆོས་ལ་ངོ་རྒོལ་བྱེད་མཁན་གྱི་སྡེ་ཚན་གཅིག་ཡོད།

 

ཆོས་དུག་ཏུ་བརྩི་མཁན་མའོ་ཙེ་ཏུང་སོགས་ཀྱི་སྐོར།

 

                དཔེར་ན། ངས་ལོ་རྒྱུས་ཤིག་བཤད་ཀྱི་ཡིན། ༡༩༥༤ ལོར་ང་རྒྱ་ནག་ཏུ་ཕྱིན་ཏེ་པེ་ཅིན་ལ་ཟླ་བ་བཞི་ལྔ་ཙམ་བསྡད་པ་རེད། ས་ཆ་གཞན་དུ་ལ་བལྟ་སྐོར་ལ་ཕྱིན། ཡང་པེ་ཅིན་ལ་ཚུར་ཡོང་ནས་ཏོག་ཙམ་བསྡད་ཅིང༌། ཡང་ས་ཆ་གཞན་དུ་ཕྱིན་ཡང་པེ་ཅིན་ལ་བསྡད་དེ་ཁྱོན་པེ་ཅིན་ནང་ཟླ་བ་བཞི་ལྔ་བསྡད་པ་རེད། དེའི་རིང་ལ་མའོ་ཙེ་ཏུང་དང་ཐེངས་མང་པོར་མཇལ་འཕྲད་བྱུང་ཡོད། མཇལ་འཕྲད་ཅེས་ཞེ་ས་བྱས་ན་ལེགས་འདུག་གམ་གང་ཞིག་ལེགས་པ་འདུག མི་ཆེན་པོ་ལྟ་བུ་ཞིག་རེད། དེ་དུས་ང་མའོ་ཙེ་ཏུང་ལ་གུས་ཞབས་ཡོད། གསར་བརྗེ་བ་སྙིང་སྟོབས་ཡོད་མཁན་སྤྱིར་རྒྱ་ནག་མི་མང་དང་ཡང་སྒོས་ངལ་རྩོལ་མི་མང༌། རྒྱ་ནག་གི་ངལ་རྩོལ་མི་མང་ཙམ་མིན་པར་འཛམ་གླིང་ངལ་རྩོལ་མི་མང་གི་དོན་ལ་བསམ་བློ་གཏོང་མཁན་དང་སྐད་ཆ་བཤད་མཁན་ཞིག་རེད། རྗེས་སུ་ཅུང་ཟད་རུལ་བ་ལྟ་བུ་ཆགས་པ་ལས་ཐོག་མར་དངོས་གནས་རླབས་ཆེན་པོ་ཞིག་ཡོད། དེར་བརྟེན་ཞེ་ས་བྱས་ན་མ་འོས་པ་གང་ཡང་མི་འདུག དེས་ན་ང་མའོ་ཙེ་ཏུང་དང་ཐེངས་མང་པོར་མཇལ་འཕྲད་བྱུང༌། 

                ཐ་མ་དེར་ ༡༩༥༤ ལོར་བོད་དུ་ལོག་སྐབས་མའོ་ཙེ་ཏུང་དང་མཇལ་འཕྲད་ཐ་མ་དེ་བྱུང་བ་རེད། སྐབས་དེར་མའོ་ཙེ་ཏུང་གིས་མ་འོངས་པར་བོད་དུ་ལས་ཀ་བྱེད་ཕྱོགས་ཀྱི་སྐོར་སོགས་མདོར་ན་ཁོ་རང་གིས་ང་ལ་བསླབ་བྱ་ལྟ་བུ་བརྒྱབ་སྟེ་དངོས་གནས་དོན་སྙིང་ལྡན་པ་ལྟ་བུ་ཞིག་རེད། མའོ་ཙེ་ཏུང་གིས་ང་ལ་ཧ་ཅང་བྱམས་པོ་བྱེད་ཀྱི་ཡོད། ངས་རྩེད་མོ་ལྟ་བུ་རྩེས་ནས་ཁྱེད་རང་ཚོར་བརྗོད་ན་འགྲིག་གི་འདུག མའོ་ཙེ་ཏུང་གིས་ཧ་ཅང་བྱམས་པོ་བྱས་ཏེ་ནམ་རྒྱུན་གསོལ་སྟོན་བཤམས་སྐབས་མའོ་ཙེ་ཏུང་ཡོད་ཚེ་ང་མའོ་ཙེ་ཏུང་གི་འཁྲིས་དེར་བཞག་གི་རེད། རྒྱ་མིའི་ལུགས་སྲོལ་ལ་ཁའོ་ཙིས་ཁ་ལག་ལེན་ནས་རོགས་པའི་སྡེར་མའི་ནང་དུ་བླུག་གི་རེད། དེར་བརྟེན་མའོ་ཙེ་ཏུང་གིས་ཧ་ཅང་བྱམས་པོ་ལྟ་བུ་བྱས་ཏེ་ཁོ་རང་གི་ཁའོ་ཙི་ཁ་ལག་ནང་ལ་བརྒྱུས་ནས་ངའི་སྡེར་མའི་ནང་ལ་བཞག་གི་ཡོད། དེར་བརྟེན་རོགས་པ་རྣམས་ཀྱི་མདུན་དུ་མའོ་ཙེ་ཏུང་གིས་གཟབ་གཟབ་བྱས་པ་ལྟ་བུ་ངོ་གསོ་མཐོན་པོ་ཞིག་དང༌།

                ཡང་ཕྱོགས་གཞན་ནས་བསམ་བློ་བཏང་སྐབས་མའོ་ཙེ་ཏུང་གློ་ཧ་ཅང་རྒྱབ་ཀྱི་ཡོད། མའོ་ཙེ་ཏུང་ལ་གློ་ནད་ཡོད་པས་དེར་བརྟེན་གློ་ནད་ཡོད་པའི་མིའི་ཁ་ལ་བེད་སྤྱོད་བྱེད་བཞིན་པའི་ཁའོ་ཙིས་དེ་ལྟར་བླངས་སྐབས་གློ་ནད་འགོས་མི་ཡོང་ངམ་སྙམ་ནས་ཞེད་ཀྱང་ཏོག་ཙམ་ཞེད་ཀྱི་འདུག དེས་ན་མའོ་ཙེ་ཏུང་དང་ཧ་ཅང་ཉེ་པོ་རེད།

                དེ་ནས་མའོ་ཙེ་ཏུང་གིས་ང་མཐའ་མཇུག་ཐུག་སྐབས་སྐད་ཆ་མང་ཆེ་བ་དེ་དག་བཤད་ཟིན་རྗེས་རྩ་བའི་ངའི་དེབ་ནང་དུའང་ཡོད། ཁོ་རང་ངའི་འཁྲིས་དེར་ཚུར་ཡོང་སྟེ་སྐབས་དེར་དུས་མའོ་ཙེ་ཏུང་གིས། ངའི་ལྟ་བ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བར་ཧ་ཅང་མོས་པོ་ཡོད། ད་ལྟ་ཡིན་ན་ཡང་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བར་མོས་པོ་ཡོད། དེར་བརྟེན་ངས་འཛམ་གླིང་གང་སར་མཚམས་རེ་བཤད་ཀྱི་ཡོད། ང་ཕྱེད་ཀ་གུང་ཁྲན་དང་ཕྱེད་ཀ་ནང་པ་རེད། ཕྱོགས་གཞན་ནས་བཤད་ན་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལྟ་སྟངས་དེ་ང་སྤྱི་ཚོགས་རིང་ལུགས་པ་དང༌། དེའི་ནང་ནས་མ་ཁེ་སི་ལེ་ཉིན་རིང་ལུགས་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་ཞེས་ངས་དེ་ལྟར་བཤད་ཀྱི་ཡོད། བཤད་ཀྱང་བཤད་ཀྱི་ཡོད་ལ་ཡིན་ཀྱང་ཡིན། ཧམ་པ་ལྟ་བུ་བཤད་ན་དེང་སང་རྒྱ་ནག་གི་མགོ་ཁྲིད་ཚོ་ལས་ང་ཕལ་ཆེར་མར་ཁེ་སི་ལེ་ཉིན་རིང་ལུགས་ལ་མོས་པ་ཆེ་བ་མེད་དམ། རྒྱ་ནག་གི་མགོ་ཁྲིད་ཚོ་དངུལ་ཁོ་ན་དང་དབང་ཤུགས་འཛིན་རྒྱུ་ལས་མར་ཁེ་སི་རིང་ལུགས་ཀྱི་སྐད་ཆ་བཤད་མཁན་ཞིག་གང་ཡང་མི་འདུག

                ང་བསམ་པ་རྣམ་དག་ཡིན། དེར་བརྟེན་སྐབས་དེར་མའོ་ཙེ་ཏུང་གིས་ཁྱེད་རང་གི་བསམ་བློ་ཚན་རིག་དང་མཐུན་པ། ཚན་རིག་གི་ཐོག་ལ་དོ་སྣང་བྱས་ཏེ་ཧ་ཅང་ཡག་པོ་འདུག་ཅེས་དང༌། དེ་ནས་མའོ་ཙེ་ཏུང་གིས་ཆོས་ཟེར་བ་དེ་དུག་རེད་ཅེས་ང་ལ་མའོ་ཙེ་ཏུང་གིས་འདི་ལྟར་གསུངས་སོང༌། དུག་ཡིན་པའི་རྒྱུ་མཚན་དེ་ཡང་ཆོས་དེ་གཙོ་བོ་བོད་ཀྱི་ཆོས་ལ་ཟེར་གྱི་ཡོད། ཆོས་ཀྱིས་མི་རིགས་འཕེལ་རྒྱས་འགྲོ་བར་ཧ་ཅང་གནོད་ཀྱི་རེད་ཅེས་དང༌།

                དོན་ཚན་གཉིས་པ་དེ་ཆོས་ཀྱིས་མི་ཚེ་འདི་ཡར་རྒྱས་འགྲོ་བར་གནོད་ཀྱི་རེད་ཅེས་རྒྱུ་མཚན་གཉིས་དྲངས་སོང༌། དེར་བསམ་བློ་ཞིག་བཏང་ན་མི་རིགས་འཕེལ་རྒྱས་འགྲོ་བར་གནོད་ཀྱི་རེད་ཅེས་པ་དེ་ཕྱེད་ཀ་བདེན་པ་རེད།

དེ་ལས་འཕྲོས་ཏེ་གནའ་དེང་བོད་ཀྱི་

མི་འབོར་སྐོར།

 

                ང་ཚོ་བོད་མི་སྔར་ཆོས་རྒྱལ་ཚོའི་སྐབས་ལ་ཆ་བཞག་ན། ཕལ་ཆེར་གྲངས་ཀ་ས་ཡ་མང་པོ་ཡོད་ས་རེད། མ་གཞི་ངས་དེ་ཙམ་ཤེས་ཀྱི་མེད། གོ་བ་ལས་དེ་ཙམ་གྱི་ཡིག་ཆ་མང་པོ་ཀློག་པ་དང་ཉམས་ཞིབ་ཀྱང་བྱེད་ཀྱི་མེད་ལ་དོ་སྣང་གང་ཡང་མེད། ལོ་སྟོང་ཕྲག་གཅིག་གི་གོང་འབྲོམ་སྟོན་པ་བཞུགས་པའི་སྐབས་མི་བརྩིས་ཆེན་མོ་ཞེས་པ་ཞིག་མཛད་ཅིང་སྐབས་དེར་བོད་མི་ས་ཡ་བཅུ་ཙམ་ཞིག་ཡོད། འབྲོམ་གྱིས་མི་བརྩིས་མཛད་སའི་བོད་ཀྱི་བརྩི་ས་དེ་དབུས་གཙང་སྟོད་ཀྱི་རྒྱུད་ལ་གསུང་གི་ཡོད་དང་མདོ་སྟོད་སྨད་དབུས་གཙང་ཡོངས་རྫོགས་ལ་གསུང་གི་ཡོད་དམ། མདོར་ན་མདོ་སྟོད་སྨད་དབུས་གཙང་ཡོངས་རྫོགས་བརྩིས་ཀྱང་དེའི་གནས་སྐབས་སུ་བོད་མི་ས་ཡ་བཅུ་དང༌། ང་ཚོའི་མི་ཐོག་འདིའི་སྐབས་སུ་བོད་མི་ས་ཡ་དྲུག་དང༌། མང་ན་ས་ཡ་བདུན་ཙམ་རེད་དེས་ན་ས་ཡ་གསུམ་ཙམ་ཞིག་མར་ཆག་ཡོད། 

                ང་ཚོ་བོད་ཀྱི་སྟོད་ཀྱི་ཁུལ་དང༌། ལྷོ་ཁའི་རྒྱུད་དང༌། མདོ་སྟོད་སྨད་ཀྱི་ས་ཁུལ་དེ་དག་ལ་ཡང་སྔ་མོའི་གྱང་རོ་དང༌། དེ་བཞིན་རི་ཞིང་སྟོངས་པ་དེ་འདྲ་མང་པོ་མཐོང་རྒྱུ་ཡོས་པས་དེ་ཚོའི་གྲས་དེ་ང་ཚོའི་མི་ཉུང་དུ་ཕྱིན་པའི་རྟགས་ཧ་ཅང་གསལ་པོ་རེད། དེའི་རྐྱེན་གཅིག་ནི་འཕྲོད་བསྟེན་ཡག་པོ་མེད་པ་དང༌། ནད་ཡམས་དེ་འདྲས་ཀྱང་ཉུང་དུ་འགྲོ་བ་བྱུང་མེད་དམ། རྐྱེན་གཅིག་དེ་རབ་བྱུང་ཕོ་མོ་མང་དྲགས་པའི་རྐྱེན་ཕལ་ཆེར་རེད།

                 ང་ཚོའི་དགོན་པ་ཚོར་གྲངས་ཀ་མང་བར་དེ་ཙམ་གལ་ཆེར་མི་བརྩི་བར་སྤུས་དག་པོ་བྱེད་རྒྱུ་གལ་ཆེན་པོ་འདུག་ཅེས་མཚམས་རེ་ངས་བཤད་ཀྱི་ཡོད། སྐབས་རེ་ང་ཚོ་བོད་དང་རྒྱ་གར་ནང་དུ་གྲངས་ཀ་མང་པོ་བྱུང་ན་དགེ་འདུན་འདུས་ཚོགས་ཆེན་པོ་ཡོད་ཅེས་བརྗོད་པ་ལས་སྤུས་ཀའི་ཐོག་ལ་དོ་སྣང་དམིགས་བསལ་གང་ཡང་མེད་པར་གྲངས་ཀ་མང་པོ་བྱུང་ན་དེ་གལ་ཆེན་པོར་བརྩིས་པ་བོད་དུའང་ཡོང་གི་འདུག་ལ་རྒྱ་གར་ནང་དུའང་དེ་ལྟར་ཡོང་གི་འདུག ང་ཚོ་སྤུས་དག་པོ་དགོས་རྒྱུ་དེ་གལ་ཆེན་པོ་རེད། གྲངས་ཀ་མང་ཡང་དེ་དག་སྤུས་དག་པོ་བྱུང་ན་རྗེས་སུ་ཡི་རངས་དང་ཧ་ཅང་ཡག་པོ་རེད། ཡིན་ན་ཡང་སྤུས་དག་པོ་དེ་ཙམ་མེད་པར་དེ་ལྟར་བྱས་ཚེ་ཚངས་སྤྱོད་ལ་གནས་ཙམ་ལས་དེ་ལས་ལྷག་པའི་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་རྒྱུའི་ལུང་རྟོགས་ཀྱི་ཡོན་ཏན་ཞིག་གང་ཡང་མེད་པར་དེ་ལྟ་བུའི་ངང་ནས་ཁྱིམ་པ་དང་འདྲ་བ་ལྟ་བུ་བྱས་ཏེ་མི་ཚེ་བསྐྱལ་ན་དགོས་པ་གང་ཡང་མེད།

                དེས་ན་མིའི་འཕེལ་རྒྱས་ལ་གནོད་ཀྱི་རེད་ཅེས་པའི་དོན་ཚན་གཅིག་དེ་མ་རེད་ཅེས་བརྗོད་རྒྱུ་མེད། དེ་ཙམ་རྒྱུ་མཚན་དུ་བྱས་ཏེ་ཆོས་དུག་རེད་ཅེས་བརྗོད་རྒྱུ་དེ་ཡང་ཧ་ཅང་ཁག་པོ་རེད། དེར་བརྟེན་ངས་འཛམ་གླིང་འདིའི་སྟེང་དུ་བརྗོད་ཀྱི་ཡོད། འཛམ་གླིང་འདིའི་སྟེང་དུ་ད་ལྟ་མི་དུང་ཕྱུར་དྲུག་ཅུ་ཙམ་སླེབས་ཟིན་པ་རེད། ད་དུང་ཕྱུར་དྲུག་ཅུ་ནས་ཡར་བརྒལ་ཏེ་དུང་ཕྱུར་བདུན་ཅུ་བརྒྱད་ཅུའི་སྒང་དུ་ཕྱིན་ན་དེ་རྗེས་འཚོ་བའི་གནས་སྟངས་དེ་ངེས་པར་ཡག་ཏུ་འགྲོ་དགོས་ཤིང༌། འཚོ་བའི་གནས་སྟངས་ངེས་པར་དུ་ཡག་ཏུ་གཏོང་དགོས་པ་ཞིག་དང༌། དེ་དང་འབྲེལ་བའི་མི་ཚོགས་འདི་འཕེལ་ཚེ་འཛམ་གླིང་འདིའི་སྟེང་རང་བཞིན་གྱིས་ཆུ་དང་བཅས་པའི་ཐོན་རྫས་ཀྱིས་འདང་དང་མ་འདང་ཐེ་ཚོམ་གྱི་གཞི་རེད། དེར་བརྟེན་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་མིའི་གྲངས་ཚད་མ་འཕར་བ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། དེའི་ཐབས་ཤེས་ཡག་ཤོས་དེ་གྲྭ་པ་དང་ཨ་ནེ་མང་ཙམ་བྱུང་ན་ཡག་པོ་རེད་ཅེས་བརྗོད་ཀྱི་ཡོད།

                ཡེ་ཤུའི་ཆོས་པའི་ནང་དུ་ཆ་བཞག་ཀྱང་གྲྭ་པ་དང་ཨ་ནེ་ཡོད། ཁ་ཆེའི་ཆོས་ལུགས་ནང་ཨ་ཅེ་གཉིས་གསུམ་བཞི་ལྔ་ཙམ་ལྟ་བུ་ཉར་ནས་བསྡད་པ་ལས་ཁ་ཆེར་ཕལ་ཆེར་གྲྭ་བཙུན་ཡོད་ས་མ་རེད། སོ་ཧཕེའི་ནང་དུ་ཡོད་མེད་མི་ཤེས། དེ་མིན་ད་ལྟ་ཧིན་ངྷུའི་ནང་དུ་ཚངས་སྤྱོད་ཡོད་ལ། ཡེ་ཤུའི་ནང་དུའང་ཚངས་སྤྱོད་ཡོད༌། དེས་ན་ཚངས་སྤྱོད་མང་ཙམ་བྱུང་ན་ཕན་གྱི་རེད།

                མདོར་ན་མའོ་ཙེ་ཏུང་གིས་ཆོས་དུག་རེད་ཅེས་པའི་རྒྱུ་མཚན་གཅིག་དེ་བཤད་སོང༌། རྒྱུ་མཚན་མཐུན་ཕྱོགས་ལ་མཐོང་ཙམ་ཟེར་བ་ལྟ་བུ་རེད། རྒྱུ་མཚན་ཏོག་ཙམ་ཡོད་ཀྱང་དེ་རྒྱུ་མཚན་ཡང་དག་རྩ་བ་ནས་མིན།

 

ཆོས་ཀྱིས་སྤྱི་ཚོགས་ཡར་རྒྱས་སོགས་ལ་

མི་གནོད་པའི་སྐོར།

 

                ཆོས་ཀྱིས་ལུང་པ་ཡར་རྒྱས་འགྲོ་བར་གནོད་ཀྱི་རེད་ཅེས་པའི་སྐད་ཆ་ཞིག་ཡོད། འདིར་བསམ་བློ་ཞིག་གཏོང་དགོས། ང་ཚོའི་ཆོས་ཀྱི་ཐོག་ནས་ཚེ་འདི་དང་ཕྱི་མ་ནམ་བཞག་གཏན་གྱི་མདུན་མ་འགྲུབ་རྒྱུར་ང་ཚོས་བསམ་བློ་ཞིག་གཏོང་གི་ཡོད་ལ་དེ་ཡིན་ཐག་ཆོད་རེད། དེ་གལ་ཆེན་པོ་རེད། མི་ཚེ་འདི་མཐོང་བའི་མི་ཚེ་ཞིག་དང་ཚེ་ཕྱི་མ་ཞེས་པ་དེ་མཐོང་མི་ཐུབ་པའི་གནས་ཚུལ་གཏིང་རིང་པོ་ཞིག་ཆགས་ཡོད། དེར་བརྟེན་མཐོང་ཐུབ་པ་དང་མཐོང་མི་ཐུབ་པ་གཉིས་པོ་བསྡུར་ན་མཐོང་མི་ཐུབ་པའི་གནས་ཚུལ་དེ་འགན་ལྗི་བ་རེད།

                དེས་ན་སྤྱིར་ང་རང་ཚོ་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་ངོ་མ་བྱེད་མཁན་ཞིག་ཡིན་ན་ཚེ་འདི་འགྲིགས་འགྲོ་གི་རེད་བསམ་པ་ཞིག་དང༌། ཚེ་ཕྱི་མ་ཕན་ཆད་ཀྱི་དོན་དུ་བསམ་བློ་གཏོང་བ་དེ་ཤུགས་ཆེ་བ་ཞིག་ངེས་པར་ཡོང་དགོས་ལ་དེ་འདྲའི་ལྟ་ཚུལ་ཞིག་ཡོད། དེས་རྐྱེན་པས་ཚེ་འདིའི་འཛུགས་སྐྲུན་བྱེད་རྒྱུ་དང་ཡར་རྒྱས་གཏོང་རྒྱུ་དེ་དག་ལ་ཆོག་ཤེས་བྱས་ཏེ་སྡོད་པའི་བསམ་བློ་ཞིག་ཡོད། དེས་རྐྱེན་པས་ལུང་པ་ཡར་རྒྱས་འགྲོ་བར་གནོད་ཀྱི་འདུག་ཅེས་བརྗོད་པ་དེ་རེད། དེར་ཡང་བསམ་བློ་ཞིག་གཏོང་དགོས་པ་རེད།

                སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལ་འཕྲལ་གྱི་བསྒྲུབ་བྱའམ་གནས་སྐབས་ཀྱི་བདེ་བ་མངོན་མཐོ། མཐར་ཐུག་གི་བདེ་བ་ཐར་པ་ཞེས་གསུངས་ཡོད། གནས་སྐབས་ཀྱི་བདེ་བ་མངོན་མཐོ་ཞེས་པ་གང་ཞིག་རེད་དམ་ཞེ་ན། མིའི་ལུས་རྟེན་གྱིས་མཚོན་པའི་མངོན་མཐོའི་ལུས་རྟེན་དེ་དག་གནས་སྐབས་ཀྱི་བདེ་བ་ཞིག་རེད་ལ་དེ་དགོས་ཀྱི་ཡོད། དེ་འཐོབ་བྱ་ལ་བརྩིས་ཡོད་པ་ལས་དེ་དོར་བྱར་བཤད་མེད། ལྷག་པར་མཐར་ཐུག་ངེས་ལེགས་བསྒྲུབ་པ་ལ་མངོན་མཐོ་བརྒྱུད་ནས་བསྒྲུབ་དགོས་པ་དེ་ཧ་ཅང་གསལ་པོ་རེད། དེར་བརྟེན་མངོན་མཐོའི་ལུས་རྟེན་ཞེས་པ་དེ་འཐོབ་བྱ་གལ་ཆེ་ཤོས་ཤིག་རེད། ད་ལྟ་རྩིག་མའི་ཚོད་ལྟ་བུ་དེ་མངོན་མཐོའི་ལུས་རྟེན་དེ་ཆགས་ཡོད། 

                མངོན་མཐོའི་ལུས་རྟེན་དེའི་ཐོག་རྣམ་སྨིན་ཡོན་ཏན་བརྒྱད་ལྡན་ཞེས་ལུས་སྟོབས་དང་ལྡན་པ་དང༌། ཚེ་རིང་བ། ནད་མེད་པ། འབྱོར་པ་དང་ལྡན་པ། ཡོན་ཏན་ཡོད་པ། དྲང་པོ། ལྷག་བསམ་ཅན་བཅས་ཀྱི་ཁྱད་ཆོས་གསུངས་ཡོད། དེར་བརྟེན་སངས་རྒྱས་པའི་ཆོས་ཉམས་ལེན་བྱས་ཞེས་བརྗོད་སྐབས་ལམ་སེང་ཚེ་བློས་གཏོང་ཞེས་པའི་གོ་བ་ལེན་སྟངས་དེ་ཡང་ཚེ་འདིར་མཐའ་གཅིག་ཏུ་ཞེན་ཆགས་མ་བྱེད་ཅེས་བརྗོད་པ་ལས་ཚེ་འདིའི་ཕུན་ཚོགས་དེ་དག་དོར་བྱ་རེད་ཅེས་བརྗོད་ཀྱི་མེད།

                དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ནང་ཕུན་ཚོགས་སྡེ་བཞི་ཞེས་པ་ཞིག་གསུངས་ཡོད། ཕུན་ཚོགས་སྡེ་བཞི་གང་ཞེ་ན། འབྲས་བུ་མངོན་མཐོའི་ཕུན་ཚོགས་དང༌། ཐར་པའི་ཕུན་ཚོགས། འཕྲལ་གྱི་མངོན་མཐོའི་ཕུན་ཚོགས། མཐར་ཐུག་ངེས་ལེགས་ཕུན་ཚོགས། ཕུན་ཚོགས་དེ་གཉིས་བསྒྲུབ་རྒྱུའི་ཐབས་དེ་གང་ལགས་ཟེར་ན། འཕྲལ་གྱི་མངོན་མཐོའི་ཕུན་ཚོགས་ཀྱི་རྒྱུར་རྒྱུ་ནོར་ལོངས་སྤྱོད་དགོས་ཀྱི་ཡོད། མཐར་ཐུག་ངེས་ལེགས་ཀྱི་ཕུན་ཚོགས་བསྒྲུབ་རྒྱུའི་རྒྱུར་ཆོས་དགོས་ཀྱི་ཡོད། དེས་ན་ཐར་པ་དང༌། ནོར། ཆོས། འདོད་པ་བཅས་བཞི་པོ་དེར་ཕུན་ཚོགས་སྡེ་བཞི་ཞེས་བརྗོད་ཀྱི་ཡོད། ཐར་པ་ནོར་ཆོས་འདོད་པ་སྟེར་མཛད་རྒྱལ། །ཞེས་གསུངས་སོ།། དེར་བརྟེན་གནས་སྐབས་ཀྱི་བསྒྲུབ་བྱ་མངོན་མཐོའི་ཕུན་ཚོགས་དང༌། མཐར་ཐུག་གི་བསྒྲུབ་བྱ་ངེས་ལེགས་ཀྱི་ཕུན་ཚོགས། དེ་གཉིས་བསྒྲུབ་བྱེད་ཀྱི་ཆ་རྐྱེན་ནམ་རྒྱུ་ནི་ངེས་ལེགས་བསྒྲུབ་བྱེད་བསླབ་པ་གསུམ་གྱིས་བསྡུས་པའི་ཆོས་དང༌། མངོན་མཐོ་བསྒྲུབ་བྱེད་ཀྱི་ཆོས་དེ་རྒྱུ་ནོར་ལོངས་སྤྱོད་སོགས་དཔལ་འབྱོར་དགོས་ཀྱི་ཡོད།

                དེ་ཙམ་མ་ཟད་ང་རང་ཚོའི་སྤྱི་ཚོགས་ཀྱི་ཆ་ནས་བསམ་བློ་བཏང་ཡང་ལུང་པ་ཡར་རྒྱས་འགྲོ་དགོས་ལ། སྤྱི་ཚོགས་ཡར་རྒྱས་འགྲོ་དགོས་པ་དེ་ཧ་ལས་པའི་ཡག་པོ་ཡོད།

                ཆོས་ཕྱོགས་ཀྱི་བསམ་བློ་ལྟར་ན་རང་སྒེར་གྱི་ངོས་ནས་འདོད་ཆུང་ཆོག་ཤེས་བྱས་ཏེ་སོ་སོར་དགོས་ངེས་ཀྱི་ཆ་རྐྱེན་དེ་དག་གི་ཐོབ་ཐང་ཡོད། བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བའི་གྲྭ་པ་ཚོར་འཚོ་བ་བསྟེན་སྟངས་དེ་ཡང་འདོད་པ་བསོད་སྙོམས་ཀྱི་མཐའ་དང༌། ངལ་ཞིང་དུབ་པའི་མཐའ་གཉིས་ཀ་སྤང་དགོས་ཞེས་གསུངས་ཡོད། འདོད་པ་བསོད་སྙོམས་ཀྱི་མཐའ་ཞེས་པ་གང་ཡིན་ཞེ་ན༑ རྒྱས་སྤྲོས་མ་བྱེད་གསུངས་ཀྱི་ཡོད། རྒྱས་སྤྲོས་བྱས་ན་བསོད་ནམས་ཉམས་པའི་རྐྱེན་དུ་འགྲོ་གི་ཡོད། ངས་ནམ་རྒྱུན་རྩེད་མོ་བརྩེད་ནས་བཤད་ཀྱི་ཡོད། འབྱོར་ལྡན་ཚོར་གྲོད་ཁོག་ཆེ་བ་གང་ཡང་མེད། སྐྱོ་པོ་ཚོའི་གྲོད་ཁོག་ཆེ་ཆུང་དང་འབྱོར་ལྡན་གྱི་གྲོད་ཁོག་ཆེ་ཆུང་གཅིག་པ་རེད། དེར་བརྟེན་སྐྱོ་པོ་ཚོས་ཁ་ལག་ཇི་ཙམ་ཟ་གི་ཡོད་པ་དེ་ཙམ་ཞིག་ཟ་རྒྱུ་ལས་འབྱོར་ལྡན་ཡིན་ང་ལ་ལྟོ་ཆས་ཟ་རྒྱུ་མང་པོ་ཡོད་ཅེས་བརྗོད་དེ་ལྟོ་ཆས་ཚད་ལས་བརྒལ་བ་ཟས་ན༑ རང་ཉིད་གྲོད་ཁོག་དང་ཕོ་བ་ན་བ་དང༌། གྲོད་ཁོག་བཤལ་རྒྱུ་ལས་གང་ཡང་མེད།

                དེ་བཞིན་ང་འབྱོར་ལྡན་ཡིན་ཞེས་རྒྱན་ཆ་དང་ཕ་ལམ་གྱི་ཚིགས་ཁེབས་ལྟ་བུ་བཏགས་ཀྱང༌། ཕ་ལམ་གྱི་ཚིགས་ཁེབས་སྟོང་ཕྲག་ཡོད་ཀྱང་མཛུབ་མོ་བཅུ་ལས་མེད། ཕ་ལམ་གྱི་ཚིགས་ཁེབས་བརྒྱ་ཡོད་དབང་དུ་བཏང་ན་དགུ་བཅུ་ཐམ་པ་སྒམ་ནང་བཞག་རྒྱུ་ལས་སོ་སོའི་གཟུགས་པོར་བཏགས་རྒྱུ་གང་ཡང་མེད། བཏགས་པའི་དབང་དུ་བཏང་ཡང་ལག་པའི་མཛུབ་མོ་བཅུར་ཕ་ལམ་གྱི་ཚིགས་ཁེབས་བཅུ་འདོགས་རྒྱུ་རེད། དེ་ལྟར་བཏགས་ཀྱང་མང་དྲགས་ན་ལན་པོ་གང་ཡང་མེད། བཅོམ་ལྡན་འདས་ཀྱིས་དེ་མ་རེད་ཅེས་གསུངས་ཡོད། སྒྲིབ་པ་དག་པ་སེམས་ཀྱི་ཐོག་ནས་བྱེད་དགོས་པ་ལས་གཟུགས་པོར་སྡུག་སྦྱོང་བྱས་པའི་ཐོག་ནས་སྡིག་པ་དག་པ་ཡོང་ཐབས་མེད། ཕྲན་བུ་ཡོང་གི་ཡོད་ཀྱང་དེ་གལ་ཆེན་པོ་མ་རེད་ཅེས་གསུངས་ཡོད། དེར་བརྟེན་ངལ་ཞིང་དུབ་པའི་མཐའ་གཉིས་ཀ་སེལ་ཏེ་འཚོ་བ་བསྟེན་སྟངས་དེ་འདྲ་ཞིག་དགོས་ཞེས་གསུངས་ཀྱི་ཡོད། སྒེར་གྱི་ཐོག་ནས་དེ་འདྲ་ཞིག་བྱེད་དགོས།

                ཡིན་ན་ཡང་སྤྱི་པའི་ཐོག་སྤྱི་པའི་མི་མང་དེ་དག་ཚང་མར་བདེ་སྐྱིད་ཡོད་པ་ཞིག་དང༌། ཚང་མར་དཔལ་འབྱོར་ཡོད་པའི་བསམ་བློ་གཏོང་དགོས། དེས་ན་ནང་པ་སངས་རྒྱས་པའི་ཆོས་ཕྱོགས་ཀྱི་འགྲོ་སྟངས་ངོ་མ་ཞིག་བསམ་བློ་བཏང་ན་སྒེར་སོ་སོའི་ངོས་ནས་འདོད་ཆུང་ཆོག་ཤེས་དང༌། སྤྱི་པའི་ཐོག་ཏུ་ཡར་རྒྱས་གཏང་རྒྱུའི་ནུས་པ་བཏོན་ནས་ལས་ཀ་བྱས་ན་ལུང་པ་ཡར་རྒྱས་འགྲོ་བར་གནོད་རྒྱུ་མི་འདུག་ལ། ལུང་པ་ཡར་རྒྱས་འགྲོ་བར་མི་གནོད་པའི་ཐོག་ལྐོག་ཟ་རུལ་སུངས་མི་ཡོང་བར་ཁྱད་པར་ཡོད། 

                ཕྱོགས་གཅིག་ནས་སྒེར་གྱི་འདོད་ཆུང་ཆོག་ཤེས་དང་དེའི་ཐོག་ཏུ་དྲང་བདེན་དང༌། བརྩེ་བ། ལས་རྒྱུ་འབྲས། གཞན་ཕན་གྱི་ལྷག་བསམ། དེ་དག་སླེབས་སྐབས་ལྐོག་ཟ་རུལ་སུངས་མི་ཡོང་བའི་གཉེན་པོ་གཙོ་བོ་དེ་དག་རེད།

                དེར་བརྟེན་མའོ་ཙེ་ཏུང་གིས་སྤྱིར་ཆོས་སྤྱི་དང༌། ལྷག་པར་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱིས་བོད་ཡར་རྒྱས་འགྲོ་བར་གནོད་ཀྱི་རེད་ཅེས་བཤད་པ་དེ་ཆོས་མ་ཤེས་པའི་སྐད་ཆ་རེད། མའོ་ཙེ་ཏུང་གི་ལོ་རྒྱུས་དེ་ཕར་བཞག

 

ཆོས་ལ་འདུ་ཤེས་འཛིན་ཚུལ་རིགས་གསུམ་གྱི་

བྱུང་འབྲས་བསྡུར་བ།

 

                གོང་དུ་བརྗོད་པའི་མི་ སྐྱདྲརྡརྡདྲྣརྣ ༼དུང་ཕྱུར།༽ དུང་ཕྱུར་དྲུག་ཅུ་ཡོད་པ་དེ་དག་སྡེ་ཚན་གསུམ་དུ་ཕྱེ་ན། ཆོས་ཁས་ལེན་མཁན་གྱི་རིགས་གཅིག་དང༌། ཆོས་ལ་ངོ་རྒོལ་བྱེད་མཁན་གྱི་རིགས་གཅིག བཏང་སྙོམས་བྱས་ནས་སྡོད་མཁན་གྱི་རིགས་གཅིག་གསུམ་ཡོད་པ་ལས་བཏང་སྙོམས་སུ་སྡོད་མཁན་དེ་མང་བ་ཡོད། ངས་ནམ་རྒྱུན་རྟག་པར་བཤད་ཀྱི་ཡོད། དེ་གསུམ་ག་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་བརྒྱ་ཆ་བརྒྱ་ཐམ་པ་གཅིག་པ་རེད། བདེ་བ་སྒྲུབ་སྟངས་དང་སྡུག་བསྔལ་སེལ་སྟངས་ཀྱི་ཐབས་ལམ་ཐོག་རིགས་གཅིག་གིས་ཆོས་ལ་ཡིད་ཆེས་བྱས་ཏེ་དེའི་ཐོག་ནས་སྡུག་བསྔལ་སེལ་རྒྱུ་དང་བདེ་བ་བསྒྲུབ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད། 

                རིགས་གཅིག་གིས་སྡུག་བསྔལ་སེལ་རྒྱུ་དང་བདེ་བ་སྒྲུབ་པར་ཆོས་ཀྱིས་ཕན་ཐོགས་མེད་ཁར་ཆོས་ཀྱིས་རྙོག་དྲ་སྣོན་པ་བཟོ་གི་འདུག དེས་ན་ཆོས་ཡག་པོ་མི་འདུག་ལ་ཆོས་ཞེས་པ་དེ་དུག་རེད། ཆོས་ཀྱིས་ཕན་ཐོགས་མི་འདུག་ཅེས་བརྗོད་ཀྱི་ཡོད། སྤྱིར་བཏང་དེ་དག་ལ་དེ་ཙམ་གྱི་བསམ་བློ་གཏོང་གི་མེད།

                ལྷག་པར་ཆོས་ལ་ངོ་རྒོལ་བྱེད་མཁན་དེ་དག་རིགས་གཅིག་བསམ་བློ་ཅུང་ཟད་བཀྲ་པོ་ཡོད། རྣམ་དཔྱོད་ཏོག་ཙམ་ཡོད་པའི་ཐོག་ནས་བསམ་བློ་བཏང་སྐབས་འགལ་རྐྱེན་ལྟ་བུ་ཞིག་མཐོང་སྟེ། ཆོས་ཀྱི་དྭངས་མ་དེ་ཡང་མ་ཤེས་པར་ཧོབ་སྟེ་ཕྱོགས་སྡོམ་ལྟ་བུ་བརྒྱབ་པའི་ཐོག་ནས་བརྗོད་མཁན་ཡང་ཡོང་གི་ཡོད། ནུབ་ཕྱོགས་པ་ཡང་དེ་འདྲ་རེད། ནུབ་ཕྱོགས་པའི་ཤེས་ཡོན་ཅན་གྱི་ནང་དུ་ཆོས་ལ་ངོ་རྒོལ་བྱེད་མཁན་དེ་དག་རྩ་བ་ཤེས་ཡོན་ཅན་ཆགས་ཡོད། དེ་གསུམ་ག་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་པ་ཡིན་སྟབས་སྔོན་ལ་བར་གནས་དེ་དག་ཕར་གཡུགས་བཞག

                ཆོས་ཁས་བླངས་ཤིང་ཆོས་ལ་ཡིད་ཆེས་ཡོད་མཁན་དེ་དག་དང༌། ཆོས་ལ་སྐྱོན་དུ་བལྟས་ནས་ངོ་རྒོལ་བྱེད་མཁན་གཉིས་ཀ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་འདྲ་མཚུངས་ཡིན་ལ། དངོས་གནས་བདེ་སྡུག་སུ་ཆེ་བ་འདུག་གམ། ཆོས་སྤངས་པའི་མི་དེ་དག་དངོས་གནས་སྐྱིད་པ་འདུག་གམ། ཧ་ཅང་ཁག་པོ་རེད།

                ཨུ་རུ་སུའི་ནང་ལ་གཅིག་ལྟོས་དང་ཧ་ཅང་ཁག་པོ་རེད། རྩ་བ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་སྲོལ་དེས་མི་ཚང་མར་འདྲ་མཉམ་ཐོག་ནས་ལྟ་རྟོག་དང༌། ལྷག་པར་དཔལ་འབྱོར་གྱི་ཐོག་ལ་དབུལ་ཕྱུག་དེ་ཙམ་དབྱེ་བ་མེད་པར་མི་ཚང་མར་གཞུང་གི་ལྟ་རྟོག་གིས་སློབ་སྦྱོང་རིན་མེད་དང༌། དེ་བཞིན་འཕྲོད་བསྟེན་སྨན་བཅོས་རིན་མེད་ཀྱིས་མཚོན་པའི་ཡག་པོ་ཡོད། འོན་ཀྱང་སྤྱི་ཚོགས་དེ་ལྟ་བུའི་ནང་འཚར་ལོངས་བྱས་པའི་མི་དེ་དག་གི་ནང་སེམས་ནས་དུལ་བ་ཞིག་ཡོད་ན། སྤྱི་ཚོགས་རིང་ལུགས་འགྱུར་བ་ཕྱིན་པའི་མཚམས་སུ་ལུང་པ་དེ་ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་ནང་ལོ་མ་མཐར་དྲུག་ཅུ་བདུན་ཅུ་འདས་པའི་ལུང་པའི་ནང་གི་མི་རབས་གསར་པ་རྣམས་ལུགས་སྲོལ་དེའི་ནང་དུ་འཚར་ལོངས་བྱས་པ་རེད། ལུགས་སྲོལ་དེའི་འོག་ནས་མིའི་བསམ་བློ་ཞི་ཞིང་དུལ་བ་ཡག་པོ་ཞིག་ཡོད་ན། གཞུང་གི་སྒྲིག་འཛུགས་ཀྱི་འགྱུར་བ་ཕྱིན་པའི་རྗེས་ལའང་སྤྱི་ཚོགས་ནང་དངོས་གནས་ཡ་རབས་དྲང་བདེན་ཡོད་པ་ཞིག་དགོས་ཀྱང་མི་འདུག་ཅིང༌། ཨུ་རུ་སུ་དམར་པོའི་གཞུང་གི་སྒྲིག་འཛུགས་འགྲོ་སྟངས་འགྱུར་བ་ཕྱིན་མ་ཐག་ཏུ་ཨུ་རུ་སུའི་ནང་ལྐོག་ཟ་རུལ་སུངས་ཀྱྀས་མཚོན་པའི་རྙོག་དྲ་ཇི་འདྲ་མི་འདུག་གམ། མི་གསོད་རེས་གཏོང་བ་ རྒྱཎཐདྲཎ ༼ཁྲིམས་རྒོལ་སྒྲིག་འཛུགས།༽ ཞེས་པ་དེ་ཚོའི་གྲས་ཀྱི་རྙོག་དྲ་ཇི་འདྲ་མི་འདུག་གམ།

                རྒྱ་ནག་ནང་ལྟོས་དང༌། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་ཧ་ལས་པ་གཏོང་གི་ཡོད། ལོ་དེ་དག་གི་རིང་ལ་བཏང་བ་རེད། བཞི་བཅུ་ཞེ་དགུ། ལྔ་བཅུ་ནས་བཏང་བ་རེད། འོན་ཀྱང་དེང་སང་རྒྱ་ནག་ནང་མ་རབས་ཐ་ཤལ་གྱི་སྤྱོད་པས་ཁེངས་ཡོད། ཡ་གིའི་མགོ་ཁྲིད་ཚོ་དང་ཏང་ཡོན་ཚོ་ནས་བཟུང་མདོར་ན་ཧ་ཅང་མང་པོ་ཞིག་མ་རབས་ཐ་ཤལ་གྱི་སྤྱོད་པས་ཁེངས་ཡོད། གང་གིས་མ་འགྲིགས་པ་རེད་དམ། ཏང་གི་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོས་མ་འདང་བ་རེད་དམ། ཡ་རབས་ཞེས་པ་དེ་དངོས་གནས། དྲང་བདེན་དང༌། ཡ་རབས། གཞན་ཕན། བསམ་པའི་དཔལ་ཡོན་ཟེར་བ་དེ་དག་ནང་ནས་ཡོང་དགོས་པ་ལས་ཕྱི་ནས་དབང་ཡོད་བཤད་དེ་ཡོང་ཐུབ་རྒྱུ་མེད། དེ་ཡོང་བར་རྒྱུ་མཚན་ལ་བསམ་བློ་བཏང་བརྟག་དཔྱད་བྱས་ཏེ་སེམས་ནས་ངེས་པ་རྙེད་པ་ཞིག་དགོས་པ་ལས་ལག་པར་དེབ་ལྟ་བུ་ཞིག་ཁྱེར་ནས་དེ་ཁྲལ་བཞིན་ཀློག་པ་དང་སྐྱོར་བ་ལྟ་བུ་བྱས་ན་ཕན་གྱི་མེད།

                དེས་ན་ཆོས་ལ་ངོ་རྒོལ་བྱས་ཏེ་ཆོས་སྤངས་པའི་འབྲས་བུར་སྤྱི་ཚོགས་ཐ་ཤལ་ཞིག་ཆགས་ཀྱི་ཡོད། སྐྱིད་པ་ཞིག་ཧ་ཅང་ཁག་པོ་རེད། སི་ཏཱ་ལི་ལ་ཆ་བཞག་ཀྱང་སི་ཏཱ་ལིན་གྱིས་ཀྲུང་གོར་བསླབས་པའི་ལོ་རྒྱུས་དང༌། སི་ཏཱ་ལེན་གྱི་འདས་པའི་ལོ་རྒྱུས་བཤད་སྐབས་ཧ་ཅང་རྙོག་དྲ་འདུག་ཅིང༌། དེ་བཞིན་མའོ་ཙེ་ཏུང་ཡང་ཧ་ཅང་རྙོག་དྲ་ཚ་པོ་རེད།

                ང་སྔོན་མ་ལྔ་བཅུ་ང་བཞི་ང་ལྔའི་ནང་རྒྱ་ནག་ཏུ་ཡོད་སྐབས་གུང་ཁྲན་ཏང་ཡོན་མང་པོ་དང་ཐུག་གི་ཡོད། མགོ་ཁྲིད་གནད་ཡོད་ཚང་མ་གུང་ཁྲན་ཏང་ཡོན་རེད། དངོས་གནས་སྤྱི་དོན་ཁོ་ན་ལས་རང་དོན་མི་བསམ་མཁན་ལྟ་བུ་ཧ་ཅང་ཡིན་མདོག་ཁ་པོ་ཡོད། ཁྱེད་རང་ཚོའི་ནང་རྒྱ་སྐད་ཤེས་མཁན་ཁ་ཤས་ཡོད་ཀྱི་རེད། ཐུང་ཀྲི་མན།       ༼རྒྱ་སྐད་དུ། བློ་མཐུན་ཚོ།༽ ཟེར་ཁུལ་བྱེད་ཀྱི་རེད། ཐུང་ཀྲི་     ༼རྒྱ་སྐད་དུ། བློ་མཐུན།༽ ཞེས་པའི་བློ་མཐུན་ཞེས་པའི་ཚིག་དེ་བརྗོད་སྐབས་དངོས་གནས་བློ་མཐུན་རང་རེད་འདུག་བསམ་པ་དྲན་གྱི་ཡོད། གཏམ་བཤད་ཅིག་བྱས་ཀྱང་ཏང་ཡོན་དེ་དག་ལ་ཐུང་ཀྲི་མན།       ༼རྒྱ་སྐད་དུ། བློ་མཐུན་ཚོ།༽ ཞེས་དང༌། ཏང་ཡོན་མིན་པའི་མི་དེ་དག་ལ་བང་ཡའོ་མན།       ༼རྒྱ་སྐད་དུ། གྲོགས་པོ་ཚོ།༽ ཟེར་ཁུལ་བྱེད་ཀྱི་རེད། གྲོགས་པོ་ཚོ་ཞེས་དང་ཏང་ཡོན་དེ་དག་ལ་བློ་མཐུན་ཚོ་ཞེས་བརྗོད་ཀྱི་རེད། དངོས་གནས་བློ་མཐུན་རེད་འདུག་བསམ་པ་དྲན་གྱི་ཡོད།

ལྔ་བཅུ་ང་བདུན་ང་བརྒྱད་ནས་བཟུང་རིམ་བཞིན་དེ་དག་གཅིག་གི་སྐེ་གཅིག་གིས་སྦར་བཙིར་བཏང་ཆོག་ཆོག་བྱས་ནས་བསྡད་ཡོད་པ་ཤ་སྟག་རེད་འདུག་པ་ལས་བློ་མཐུན་ཞིག་རེད་མི་འདུག ཅུང་ཟད་མ་འགྲིགས་པ་དང་སྐེ་བཙིར་གཏོང་རེས་བྱེད་པ་དེ་འདྲ་རེད། ཧ་ཅང་གི་ཐབས་སྐྱོ་པོ་རེད། གང་གིས་མ་འགྲིགས་པ་རེད་དམ།

                དེ་ཙམ་མ་ཟད་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་དང་རེ་བ་རྒྱབ་པ་དེ་དམངས་ལ་བདེ་སྐྱིད་ཡོད་པ་དང༌། བཤུ་གཞོག་མེད་པ། དྲང་བདེན། ལྷག་པར་ངལ་རྩོལ་མི་མང་དེ་དག་ལ་བདེ་སྐྱིད་ལྡན་པ་ཞིག་དགོས་པའི་དམིགས་ཡུལ་དེ་རེད། དེའི་དོན་དུ་གསར་བརྗེ་བྱས་ཏེ་མི་ཁྲི་སྟོང་དང་འབུམ་ཕྲག་གིས་སྲོག་བཏང་ཡོད། འོན་ཀྱང་མཐའ་མ་དེར་གང་ཞིག་ཆགས་པ་རེད་དམ་ཟེར་ན༑ དབང་ཤུགས་ཁོ་ནའི་སྟེང་དུ་ཕྱིན་པ་ཞིག་དང༌། དབང་ཤུགས་བརྟན་པོ་ཡོང་བའི་དོན་དུ་རང་དང་བློ་མི་མཐུན་པའི་འགལ་ཟླ་ཡོང་རིམ་བཞིན་མགོ་ལྕག་གཞུ་བ་དང༌། འགལ་ཟླ་ཡོང་བར་ཧ་ཅང་དོགས་ཟོན་བྱེད་སྐབས་སོ་པའི་སྒྲིག་འཛུགས་མང་པོ་ཞིག་བཙུགས་ཏེ་ལྐོག་ཉན་ཟེར་བ་སོགས་མདོར་ན་སྤྱི་ཚོགས་དེའི་ནང་དུ་སོ་པས་ཁེངས་པའི་སྤྱི་ཚོགས་ཤིག་ཆགས་ཡོད། རྒྱ་ནག་གཅིག་པུ་མིན་པར་ཨུ་རུ་སུ་དང་ཡོ་རོབ་ཤར་ཕྱོགས་རྒྱུད་དེ་དག་ཀྱང་དེ་བཞིན་རེད།

                དཔེར་ན་ཉེ་ཆར་ང་འཇར་མན་ལ་སླེབས་སྐབས་སྔར་ཤར་འཇར་མན་གྱི་སོ་པའི་སྒྲིག་འཛུགས་ཀྱི་རྙོག་དྲ་ཞིག་ད་དུང་བརྗོད་མཁན་ཞིག་བྱུང༌། དེ་དག་གི་མཐར་ཐུག་ལྟ་བུ་དེ་ངས་བཤད་དགོས་པ་དེ་སྤྱི་ཚོགས་རིང་ལུགས་ཀྱི་དམིགས་ཡུལ་དང༌། ལྷག་བསམ། དཀའ་ངལ་ཁྱད་དུ་བསད་ནས་འབད་བརྩོན་ཧ་ཅང་བྱས་ཀྱང་ནང་བསམ་བློའི་ནང་བྱམས་བརྩེ་ཞེས་པ་དེས་ཕོངས་ནས་དོགས་པ་དང༌། འཇིགས་སྣང༌། དངངས་སྐྲག་དེ་འདྲའི་འོག་ནས་ང་རྒྱལ་དང༌། ཕྲག་དོག འཁོན་འཛིན། གྲལ་རིམ་གྱི་འཐབ་རྩོད་བྱས་པ་དང༌། དེ་འདྲའི་ཐབས་ལམ་གྱི་ཐོག་ཕྱིན་ཏེ་བྱམས་བརྩེ་མེད་པར་ད་དུང་ཁོང་ཁྲོ་དང༌། ང་རྒྱལ་དང༌། འཁོན་འཛིན་གྱི་བསམ་པས་གསར་བརྗེའི་ལས་འགུལ་དེའི་འཕྲོ་བསྐྱངས་པ་ཡིན་སྟབས་མཐར་ཐུག་དེར་གང་ཡང་བལྟ་རྒྱུ་མེད་པ་ཆགས་པ་རེད།

                དེར་བརྟེན་དེ་བཞིན་འཛམ་གླིང་གི་ལུང་པ་གང་དུ་བལྟས་ཀྱང་སྒྲིག་དང་ཁྲིམས་ཇི་ཙམ་ཡག་པོ་ཡོད་ཀྱང༌། དཔེར་ན་ཨ་རིར་ཆ་བཞག་ན་དངོས་གནས་ཨ་རིའི་མེས་པོའི་མགོ་ཁྲིད་དེ་དག་གི་བསམ་བློ་ཧ་ལས་པ་རེད། མང་གཙོ་དང༌། རང་དབང༌། སྒེར་སོ་སོའི་རང་དབང་དང༌། ཐོབ་ཐང་ཧ་ཅང་ཡག་པོ་རེད།

ཡིན་ན་ཡང་རྩ་ཁྲིམས་ཀྱི་ཐོག་ནས་ཐོབ་ཐང་འདྲ་མཉམ་དང་གོ་སྐབས་འདྲ་མཉམ་སྤྲད་ཀྱང་སྤྱི་ཚོགས་ཀྱི་ནང་མི་རིགས་ཀྱི་དབྱེ་བ་ཕྱེ་སྟེ་འབྱོར་ལྡན་ཚོས་འབྱོར་མེད་ཚོར་ཅུང་ཙམ་མཐོང་ཆུང་བྱེད་པ་ལྟ་བུ་དང༌། རིགས་རུས་ཀྱི་ཐོག་ནས་མཐོང་ཆུང་བྱེད་པ། ཤེས་བྱ་ཡོན་ཏན་གྱི་ཆ་ནས་མཐོང་ཆུང་བྱེད་པ་ལྟ་བུ་ཡོང་སྐབས་རྟག་པར་ངས་ཨ་མེ་རི་ཀར་བཤད་ཀྱི་ཡོད།

                དཔེར་ན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དང༌། འཛམ་གླིང་ནང་གི་རྒྱལ་ཁབ་སྟོབས་འབྱོར་ཆེ་ཤོས། མིས་ སྐྲྣརྣཔྲསྤྱནྟ   ༼འཛད་པར་བྱེད་པ།༽ ཞེས་པ་ཕྱི་དངོས་པོ་བེད་སྤྱོད་བྱེད་པའི་ཚད་མཐོ་ཤོས། ལུང་པའི་རྒྱལ་སའི་ནང་ལ་ཆ་བཞག་ཀྱང་དབུལ་ཕྱུག་གི་དབྱེ་བ་ཆེན་པོ་ཡོད་ཅིང༌། དབུལ་ཕོངས་དེ་དག་སྙིང་རྗེ་ཝ་ཤིན་ཊོན་གྲོང་ཁྱེར་གྱི་མཐར་དཀའ་ངལ་ཡོད་ལ། དཀའ་ངལ་དེའི་འོག་ཏུ་གསོད་རེས་གཏོང་བ་མང་པོ་ཞིག་ཡོང་གི་འདུག སྤྱིར་བཏང་གི་མི་ཞིག་ས་ཁུལ་དེ་ཚོའི་ནང་འགྲོ་སྐབས་ཞེད་སྣང་བྱེད་དགོས་པ་དེ་འདྲ་ཡོང་གི་ཡོད། དབུལ་ཕྱུག་གི་དབྱེ་བ་དེ་ཧ་ལས་པའི་ཆེན་པོ་འདུག

                རྒྱ་གར་ལ་ཆ་བཞག་ཀྱང་ལྡི་ལི་དང༌། བྷོམ་བྷེ། བྷེང་ལོར། ཀ་ལི་ཀ་ཏའི་འབྱོར་ལྡན་དེ་ཚོར་ཆ་བཞག་ཀྱང་ཁང་པ་ཧ་ཅང་གི་ཆེན་པོའི་ནང་དུ་བསྡད་ཅིང༌། ཟ་ཁང་ཆེན་པོའི་བདག་པོ་ལྟ་བུ་གཤམ་གྱི་འཁྲིས་དེར་དབུལ་ཕོངས་ཉམ་ཐག་ཧ་ཅང་སྐྱོ་པོ་དེ་འདྲ་འདུག

                དེས་ན་རྒྱལ་ཁབ་སོ་སོའི་རྩ་ཁྲིམས་ཀྱི་ཐོག་ནས་ཐོབ་ཐང་འདྲ་མཉམ་དང༌། གཞུང་སོ་སོའི་སྲིད་ཇུས་ལའང་དབུལ་ཕོངས་དེ་དག་སྐྱོབ་ཀྱི་ཡིན་ཞེས་པ་ལྟ་བུ་ཧ་ཅང་བཤད་ཀྱང་མི་ཡོང་བའི་རྩ་བ་ཐུག་ས་མི་སྒེར་སོ་སོའི་བསམ་བློའི་ནང་བྱམས་བརྩེ་ཞེས་པ་དེས་ཕོངས་ཏེ་ང་སྐྱིད་པ་ཞིག་དང༌། ང་བདེ་བ་ཞིག་བྱུང་ན་བསམ་ཏེ་གཞན་ལ་བརྩེ་བ་མེད་པར་མཐོང་ཆུང་དང༌། བརྙས་བཅོས། བཤུ་གཞོག་བཏང་བའི་གནས་ཚུལ་ཆགས་སྐབས་དཀའ་ངལ་དེ་སེལ་ཐུབ་ཀྱི་མེད།

                ཆོས་ཞེས་པ་དེ་ཕྱི་ནང་དབྱེ་བ་མེད་པར་ཆོས་བཤད་སྐབས་ཆོས་ཀྱི་སྙིང་པོ་བྱམས་པ་དང་བརྩེ་བ་ཞེས་པ་དེ་རེད། དེ་མེད་ན་ལུང་པ་དང་སྤྱི་ཚོགས་གང་དུ་ཡིན་ན་ཡང་བདེ་སྐྱིད་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། བདེ་སྐྱིད་ཞེས་པ་དེ་ཕྱི་ནས་བསྒྲུབ་རྒྱུ་མིན་པར་བདེ་སྐྱིད་དེ་ནང་ནས་བསྒྲུབ་དགོས་པ་ཞིག་རེད། འབྱོར་ལྡན་ཁོ་རང་ཚོར་ཆ་བཞག་ཀྱང༌། དངུལ་འབེལ་པོ་ཡོད་ཀྱང་རང་ཤི་རྒྱབ་མཁན་མང་པོ་ཡོད། ངས་ངོ་ཤེས་པའི་ཉི་ཧོང་གི་མི་དང༌། ཕྱི་རྒྱལ་གྱི་མི་དཔལ་འབྱོར་ཧ་ཅང་ཡག་པོ་ཡོད་པ་དེ་འདྲ་ཡོད། དཔལ་འབྱོར་གྱིས་རྐྱེན་པས་ཁོ་རང་ཚོར་གང་འཚམས་ཀྱིས་སྤྱི་ཚོགས་ནང་ནུས་ཤུགས་ཡོད་ཀྱང་སེམས་རྩ་བ་ནས་སྐྱིད་པོ་མི་འདུག་ཅེས་བརྗོད་མཁན་ཧ་ཅང་མང་པོ་ཐུག་མྱོང༌། དེར་བརྟེན་མདོར་ན་སྒེར་སོ་སོའི་ངོས་ནས་ཆ་བཞག་ཀྱང་བྱམས་བརྩེ་མེད་ན་སྐྱིད་པོ་ཡོང་རྒྱུ་མེད། སྤྱི་ཚོགས་ནང་ཆ་བཞག་ཀྱང་བྱམས་བརྩེ་མེད་ན་ཀུན་ལ་སྙོམས་པ་ཞིག་དང་ཀུན་ལ་བདེ་སྐྱིད་ཡོང་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད།

                དེར་བརྟེན་ཆོས་ཞེས་པ་དེ་ལྟ་གྲུབ་ཀྱི་ཐོག་ལ་མི་འདྲ་བ་ཡོད་ཀྱང་ཆོས་ཀྱི་བསླབ་བྱ་བྱམས་པ་དང་བརྩེ་བ་ཞེས་པ་དེ་ཆོས་ལུགས་ཕལ་མོ་ཆེ་གཅིག་པ་རེད། ཆོས་ལུགས་ཆུང་ཚགས་དེ་འདྲ་དང༌། ལྷ་གསོལ་རྒྱུ་དང༌། འདྲེ་གསོལ་རྒྱུ་ལྟ་བུ་དེ་འདྲ་ཡོད་པ་དེ་དག་གནས་ཚུལ་ཐ་དད་རེད། དེ་མིན་གྱི་གྲུབ་མཐའ་ཡོད་པའི་ཆོས་ལུགས་ཡེ་ཤུ་དང༌། ཁ་ཆེ། འཇིའུ། དེས་མཚོན་པའི་ཧིན་ངྷུ་སོགས་འདྲ་མིན་དེ་དག་ཚང་མར་བྱམས་པ་དང༌། བརྩེ་བ་དང༌། བཟོད་པ་དང༌། ཆོག་ཤེས་དང༌། རང་ཁྲིམས་སྲུང་རྒྱུ་ཚང་མར་གཅིག་མཚུངས་རེད། དེས་ན་ཆོས་ལ་སྐྱོན་དུ་བལྟས་ཏེ་ཆོས་ལ་ངོ་རྒོལ་བྱེད་མཁན་དེ་དག་སྐྱིད་པ་འདུག་གམ། ཆོས་ཉམས་ལེན་བྱེད་མཁན་དེ་དག་སྐྱིད་པ་འདུག་ཞིབ་ཚགས་པོའི་ཐོག་ནས་ཉམས་ཞིབ་བྱས་ན་ཆོས་ཉམས་ལེན་བྱེད་མཁན་དེ་དག་ཕལ་ཆེར་སེམས་སྐྱིད་པ་ཡོད།  དེ་བརྟེན་དཔེར་ན་བར་སྐབས་དུས་རབས་བཅོ་བརྒྱད་ནས་དུས་རབས་ཉི་ཤུ་པའི་སྟོད་ཆ་ཙམ་བར་དངོས་པོ་ཡར་རྒྱས་ཁོ་ནའི་ཐོག་ལ་ཡིད་ཆེས་གཙང་མ་བྱས་ཏེ་ཆོས་ལུགས་ཀྱི་ཐོག་ལ་དོ་སྣང་ཆུང་དུ་ཕྱིན་པ་དང༌། དུས་རབས་ཉི་ཤུ་པའི་དཀྱིལ་སྨད་ཙམ་ལ་གཞི་ནས་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་ཀྱི་འདུག

                ལོ་ངོ་ཉི་ཤུ་སུམ་ཅུའི་གོང་ང་དབྱིན་ལན་ལ་ཡོད་པའི་སྐབས་དབྱིན་ལན་གྱི་ཡེ་ཤུའི་ཆོས་པའི་མགོ་ཁྲིད། ཡེ་ཤུའི་ཆོས་པར་ཁག་གཉིས་ཡོད། སྐྲཎྤདྣརྡདྲཏྲ ༼ཡེ་ཤུའི་རྣམ་དག་ཆོས་ལུགས།༽ ཞེས་པ་གཅིག་དང༌། ངཔྱྣྤྟཔྲྤཎརྣྤ ༼ཡེ་ཤུའི་ཆོས་ལུགས་གསར་མ།༽ ཞེས་པ་གཅིག་བཅས་གཉིས་ཡོད་པ་ལས་ སྐྲཎྤདྣརྡདྲཏྲ  མགོ་ཁྲིད་ཧུ་ཡོམ་ཞུ་མཁན་ཞིག་ཡོད། དེང་ཁོང་གཤེགས་ཟིན་པ་རེད་ཧ་ཅང་གི་ཡག་པོ་ཞིག་ཡོད། ངའི་ཆོས་གྲོགས་ལྟ་བུ་ཞིག་ཡིན།  ཁོང་གིས་སྐབས་དེར་ང་ལ་གསུངས་གསལ། སྔ་མོ་ཡེ་ཤུའི་ཆོས་ཁང་ནང་སྨོན་ལམ་རྒྱབ་པའི་སྐབས་མི་ཡོང་མཁན་ཉུང་ཉུང་རེད། བར་སྐབས་ནས་མང་དུ་འགྲོ་གི་འདུག་ཅེས་གསུངས་སོང༌། སྤྱི་ཚོགས་ནང་དུ་དངོས་པོ་ཡར་རྒྱས་ལེགས་སུ་ཕྱིན་པའི་སྐབས་སུའང་བསམ་བློའི་ནང་དུ་བདེ་སྐྱིད་མ་སླེབས་སྟབས་ཆོས་ལ་དོ་སྣང་བྱེད་རྒྱུ་དེ་ཤུགས་ཆེ་རུ་འགྲོ་གི་འདུག་ཅེས་ཁོང་གིས་དེ་འདྲ་གསུངས་སོང༌། དེ་ལྟ་བུ་རེད།

                དུས་རབས་ཉི་ཤུ་པའི་ནང་དུ་གཞི་ནས་ཆོས་ལ་དོ་སྣང་གསར་པ་སླེབས་ཡོང་གི་འདུག་ལ། སྐབས་རེར་ཐལ་དྲགས་ཏེ་སྦུབ་སུབ་དོག་པོའི་སྒང་ལ་འགྲོ་བ་དེ་འདྲ་ཡང་ཡོང་གྲབས་བྱེད་ཀྱི་ཡོད། དེར་བརྟེན་ཆོས་ཁས་ལེན་པ་དང་ཆོས་སྤངས་པ་གཉིས་པོ་དེ་བསྡུར་ན་ཆོས་ཁས་ལེན་མཁན་དེ་དག་ཕལ་ཆེར་སེམས་སྐྱིད་པ་ཡོད། རྩ་བ་ཆོས་ཞེས་པ་ཇི་འདྲ་ཞིག་ཡོད་དམ་ཞེ་ན། ད་ལྟ་བརྗོད་པ་ལྟར་བྱམས་པ་དང༌། སྙིང་རྗེ་དང༌། བཟོད་པ་ཞེས་པ་དེ་དག་གི་བསླབ་བྱ་གཙོ་བོ་དེ་རེད།

 

འཇིག་རྟེན་བཀོད་པ་པོ་འདོད་མི་འདོད་

ཀྱི་རྣམ་གཞག་སྐོར།

 

                དེའི་ཐོག་ལ་སྐྱབས་གནས་ཤིག་ཁས་བླངས་ཏེ་བསླབ་བྱ་དེ་གཅིག་མཚུངས་རེད། ཁྱད་པར་དེ་ལྟ་གྲུབ་ཀྱི་ཐོག་ཏུ་ཁྱད་པར་ཆེན་པོ་ཡོང་གི་ཡོད། འཇིག་རྟེན་བཀོད་པ་པོ་ཁས་བླངས་མཁན་གྱི་སྡེ་ཚན་གཅིག་དང༌། འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་མཁན་གྱི་སྡེ་ཚན་གཅིག་སྟེ་དབྱིན་ཇིའི་སྐད་དུ་  ཅདྟདྲཔྲྤདྲཏྲ ༼ལྷ་ཡོད་པར་སྨྲ་བ།༽ བརྗོད་ཀྱི་ཡོད། ཅདྟདྲཔྲྤདྲཏྲ ཞེས་པ་དེ་འཇིག་རྟེན་བཀོད་པ་པོ་ཁས་བླངས་མཁན་གྱི་སྡེ་ཚན་དེ་རེད། སྒྱྣརྣ་ྤདྟདྲཔྲྤདྲཏྲ ༼ལྷ་མེད་པར་སྨྲ་བ།༽ འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་མཁན་གྱི་སྡེ་ཚན་གཅིག ནང་པ་སངས་རྒྱས་པའི་ཆོས་དེ་ སྒྱྣརྣ་ྤདྟདྲཔྲྤདྲཏྲ ༼ལྷ་མེད་པར་སྨྲ་བ།༽ ཞེས་འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་མཁན་དེ་རེད།

                འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་མཁན་དེ་ལ་ཡང༌། རྒྱ་གར་གྱི་གནའ་རབས་ནས་ཡོད་པའི་གྲངས་ཅན་གྱི་ལྟ་གྲུབ་བམ་གྲངས་ཅན་གྱི་ཆོས་རྒྱུད་ དེར་ཡང་ནང་གསེས་གཉིས་ཕྱེས་ཏེ། གྲངས་ཅན་ལྷ་བཅས་པ་དང་གྲངས་ཅན་ལྷ་མེད་པ་ཞེས་གཉིས་ཡོད། གྲངས་ཅན་ལྷ་མེད་པ་ཞེས་པ་དེས་འཇིག་རྟེན་བཀོད་པ་པོ་ཁས་བླང་གི་མེད། གཅེར་བུ་བ། གྟརྣ ༼འཇིན་གྱི་ཆོས་ལུགས།༽ ད་ལྟ་གྲངས་ཅན་ལ་ ྔཎནྡདཕྲཎ  བརྗོད་ཀྱི་འདུག ྔཎནྡདཕྲཎ ངདདྲརྡྣཔྲྣསྣྲདཕྲ ༼གྲངས་ཅན་པའི་གྲུབ་མཐའ།༽  ྔཎནྡདཕྲཎ ཅཔྱཎརྟདྲྤདྲྣརྣ ༼གྲངས་ཅན་པའི་ལུགས།༽ ནང་གསེས་དུམ་བུ་གཉིས་སུ་ཕྱེས་ཏེ། འཇིག་རྟེན་བཀོད་པ་པོ་ཁས་བླངས་མཁན་ཞིག་དང་ཁས་མི་ལེན་མཁན་ཞིག་བཅས་གཉིས་ཡོད། དེ་མིན་ གྟརྣརྣདྲྟཔྲན འཇིག་རྟེན་བཀོད་པ་པོ་ཁས་བླང་གི་མེད། དེ་ནས་ནང་པས་འཇིག་རྟེན་བཀོད་པ་པོ་ཁས་ལེན་གྱི་མེད།

                འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་དེའི་ནང་དུའང་བདག་ཁས་ལེན་མཁན་ཞིག་དང་ཁས་མི་ལེན་མཁན་ཞིག་ཏེ་གཉིས་ཡོད། བདག་ཞེས་པའི་གོ་དོན་སྙིང་པོ་བདག་རང་དབང་བ་དེ་འདྲ་ཞིག་ཁས་བླངས་མཁན་ཞིག་དང་མི་ལེན་མཁན་ཞིག་གཉིས་ཡོད། ཕུང་པོ་ལ་བརྟེན་ནས་བཏགས་ཙམ་གྱི་བདག་ལས་ཕུང་པོ་ལ་དབང་སྒྱུར་མཁན་རང་དབང་བའི་བདག་འདོད་མཁན་ཞིག་དང་མི་འདོད་མཁན་ཞིག་བཅས་ཡོད། གྲངས་ཅན་ལྷ་མེད་པར་ཆ་བཞག་ན་བདག་འདོད་ཀྱི་ཡོད། རང་དབང་བའི་བདག་ རྐྱྤནཎ ༼ལེགས་སྦྱར་གྱི་སྐད། རྣམ་ཤེས།༽ ཞེས་པ་ཞིག་ཡོད། རྐྱྤནཎ ཞེས་བརྗོད་ཀྱི་ཡོད།  རྐྱྤནཎ ཞེས་པ་དེ་གྲངས་ཅན་དཀོན་མཆོག་ཁས་མི་ལེན་མཁན་དེས་ཁས་ལེན་གྱི་ཡོད། གཞན་ཡང་ གྟརྣ གྱིས་ རྐྱྤནཎ ཞེས་པ་དེ་ཁས་བླངས་ཀྱི་ཡོད། ཅདྟདྲཔྲྤདྲཏྲ ངྟརྡདྲཐྲདྲྣརྣ ༼ལྷ་ཡོད་པར་སྨྲ་བའི་ཆོས་ལུགས།༽ ཚང་མས་ རྐྱྤནཎ ཞེས་པའི་མིང་དེ་བཏགས་ཀྱི་མེད་པ་ལས་ ྔྣསྤྱརྡ ༼རྣམ་ཤེས།༽ ཞེས་བརྗོད་ཀྱི་ཡོད། དབྱིན་ཇིའི་སྐད་དུ་ ྔྣསྤྱརྡ ཞེས་བརྗོད་ཀྱི་འདུག ཕུང་པོ་དེ་བཞག་སྟེ་ ྔྣསྤྱརྡ དེ་རོ་ཁང་ནང་ལ་བསྡད་ཀྱི་ཡོད་པ་ལྟ་བུ་བཤད་ཀྱི་འདུག་ལ། རྗེས་སུ་ ཁྲདྲརྣརྣཎརྡ གསྤྱརྟཐྲྟནྟརྣྤ ༼མཐའ་མའི་དཔྱད་ཁྲ།༽ ཡོང་སྐབས་ ྔྣསྤྱརྡ ཞེས་པ་དེ་ཡར་ཐོན་ནས་ཡར་དག་ཞིང་དང༌། མར་དམྱལ་བར་ཕྱིན་ཏེ་འགྲོ་དགོས་ཞེས་བརྗོད་ཀྱི་འདུག དེ་ ྔྣསྤྱརྡ ༼རྣམ་ཤེས།༽ ཞེས་པ་དེ་རེད།

                མུ་སྟེགས་པའི་གཞུང་དུ་གསལ་ཁ་དོད་པ་ཡོད། འགྱུར་བ་མེད་པའི་རྟག་པ། རྟག་པ་གཅིག་པུ། རང་དབང་བ་བཅས་རྟག་གཅིག་རང་དབང་བ་ཞེས་བརྗོད་ཀྱི་ཡོད། གང་ཟག་གི་བདག་རྟག་གཅིག་རང་དབང་བ་ཞེས་པ་དེ་མུ་སྟེགས་པ་ཚོས་དེ་ལྟར་བཤད་ཀྱི་ཡོད། ཡེ་ཤུའི་ཆོས་པ་དང་ཁ་ཆེས་ཀྱང་དེ་བཞིན་བཤད་ཀྱི་ཡོད། ཕལ་ཆེར་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་སྟོང་ཕྲག་ཡོད་པའི་ནང་ནས་འཇིག་རྟེན་བཀོད་པ་པོ་མེད་ཅེས་བརྗོད་མཁན་ད་ལྟ་ཁག་གསུམ་ཙམ་བྱུང་ཡོད།

 

རྟེན་འབྲེལ་དང་བདག་མེད་སྨྲ་བའི་

ནང་པའི་ལྟ་གྲུབ།

 

                བདག་མེད་ཅེས་བརྗོད་མཁན་ནང་པ་གཅིག་པུ་རེད། བདག་ཅེས་པ་དེ་ཇི་འདྲ་ཞིག་རེད་དམ་ཟེར་ན། ཕུང་པོ་ལ་བརྟེན་ནས་བདག་ཅེས་པ་ཞིག་བཞག་པ་ལས་ཕུང་པོ་ལ་ལྟོས་པ་མེད་པའི་རང་དབང་བའི་བདག་མེད་ཅེས་བརྗོད་མཁན་དེ་ནང་པ་གཅིག་པུ་རེད། ནང་པ་ལ་ནང་གསེས་ཀྱི་ནང་པ་བློ་ཁོག་ཆེ་བ་དེ་དག་གིས་བདག་མེད་ཅེས་ཐག་བཅད་པ་དང༌། ནང་པ་བློ་ཁོག་དེ་ཙམ་མེད་པ་དེ་དག་གིས་བདག་བརྗོད་དུ་མེད་པ་རེད་ཅེས་བཞག་རྒྱུ་རེད། བདག་མེད་ཅེས་བརྗོད་ན་ཅུང་ཟད་མ་བདེ་བ་ལྟ་བུ་ཞིག་དང༌། བདག་ཅེས་པ་དེ་བརྗོད་དུ་མེད་པ་རེད་ཅེས་བརྗོད་ན་ལེགས་པ་ལྟ་བུ་ཡོད་སྟབས། དེར་བརྟེན་བདག་བརྗོད་དུ་མེད་པ་རེད་ཅེས་བརྗོད་མཁན་གྱི་ནང་པ་དེ་ལྟ་བའི་ཆ་ནས་ནང་པ་རེད་དམ་མ་རེད་ཅེས་དྲི་བ་མང་པོ་ཡོང་གི་ཡོད། གང་ལགས་ཞེ་ན། ནང་པ་དངོས་ཤིག་ཡོང་བར་ལྟ་བའི་ཆ་ནས་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བྱས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་ཞེས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མཁན་དེ་ནང་པ་རེད། ལྟ་བའི་ཆ་ནས་དེ་ལྟར་ཡིན་སྟབས་བདག་མེད་ཅེས་ཚིག་ཐག་བཅད་ནས་བརྗོད་མ་ནུས་པར་བདག་བརྗོད་དུ་མེད་པ་རེད་ཅེས་བརྗོད་པ་དེ་བདག་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པ་ལྟ་བུ་བྱེད་ཀྱི་ཡོད་པས་ན་བདག་མེད་པ་རེད་ཅེས་ཐག་གཅོད་མི་ཐུབ་པས་ལྟ་བའི་ཆ་ནས་ནང་པ་གཙང་མ་མིན་ཞེས་གསུངས་པ་ཞིག་ཡོད། 

                དེར་བརྟེན་སངས་རྒྱས་པས་བདག་མེད་ཅེས་གསུངས་པའི་རྒྱུ་མཚན་གང་ལ་ཐུག་གམ་ཟེར་ན། རྒྱུ་མཚན་དེ་བརྟེན་ནས་འབྱུང་བ་ཞེས་པ་དེར་ཐུག་པ་རེད། བརྟེན་འབྱུང་ཞེས་པ་དེ་ ངཔྱཎྤདྲྤཕྲཎཔྲཎནསྤྱྤསྣྲཎརྟཎ ༼རྟེན་ཅིང་འབྲེལ་བར་འབྱུང་བ།༽ ཟེར་བ་ཞིག་ཡོད། བརྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་དེ་ཧ་ལས་པ་རེད། འཛམ་གླིང་འདིའི་སྟེང་བརྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་དེ་ཆོས་ལུགས་འདྲ་མིན་བྱུང་ནས་ལོ་ངོ་སྟོང་ཕྲག་གསུམ་བཞི་ཙམ་ཕྱིན་པའི་ནང་ངོ་མཚར་སྐྱེ་ཞིང་ཧ་ལས་པའི་ལྟ་བ་དེ་སངས་རྒྱས་པའི་བརྟེན་ཅིང་འབྲེལ་བར་འབྱུང་བ་ཟེར་བའི་ལྟ་བ་དེ་རེད།

                ལྟ་བ་དེ་བཅོམ་ལྡན་འདས་ཀྱིས་རྟེན་འབྱུང་ཞེས་པ་དེ་གསུངས་ཏེ་དེའི་གོ་བ་སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། བརྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་དེ་འཇིག་རྟེན་བཀོད་པ་པོ་མེད་ཅེས་གསུངས་པ་དེ་རེད།

 

འདུས་བྱས་རྣམས་སྐད་ཅིག་གིས་

འགྱུར་བ་འགྲོ་ཚུལ།

 

                ང་ཚོའི་མིག་གིས་མཐོང་བའི་ང་ཚོའི་ལུས་དང༌། ཕྱི་ལོགས་ཀྱི་རི། རྭ་བ། ཁང་ཁྱིམ། རྩྭ། ཤིང༌། མེ་ཏོག་འདི་དག་ཚང་མ་རྒྱུ་དང་རྐྱེན་གྱིས་ཐོག་ནས་དེ་ལྟར་འགྲོ་གི་ཡོད། ད་དུང་བསམ་བློ་བཏང་ན་ང་ཚོའི་མིག་གིས་མཐོང་བ་དེ་དག་ལས། དཔེར་ན་ཧུ་ཀྲིན་གྱི་མེ་ཏོག་འདིར་ཆ་བཞག་ན། མི་དོ་སྣང་ཆེན་པོ་བྱེད་མཁན་ཞིག་གིས་ཞིབ་ཚགས་པོ་བལྟས་ན་ཁ་སང་དང་དེ་རིང་གི་ཧུ་ཀྲིན་དེར་ཅུང་ཙམ་འགྱུར་བ་ཕྱིན་ཡོད། དེའི་དབྱིབས་དང་ཁ་དོག་དང༌། ཆེ་ཆུང་གི་ཚད་བཅས་གང་སར་འགྱུར་བ་ཕྱིན་ཡོད། 

                གཅིག་བྱས་ན་ཁ་སང་ནས་དེ་རིང་བར་ཅུང་ཙམ་རྙིད་ཏོ་ཆགས་ཡོད་པ་དེ་འགྱུར་བ་རེད། དེ་ང་ཚོའི་མིག་གིས་མཐོང་གི་ཡོད་ཅིང་འགྱུར་བ་དེ་གང་གིས་བྱས་པ་རེད་དམ་ཟེར་ན་རྒྱུ་དང་རྐྱེན་གྱི་དབང་གིས་བྱུང་བ་རེད།

                སྐད་ཅིག་སྐད་ཅིག་གིས་འགྱུར་བ་མིག་གིས་མཐོང་བ་དེ། དེ་འདྲའི་འགྱུར་བ་ཞིག་ཡོང་ཆོག་པ་དེ་མིག་གིས་མི་མཐོང་བའི་རིམ་པ་ཕྲ་མོའི་སྟེང་ནས་ རྒྱྣནྟརྣྤཎཔྱདྲརྡཕྲ སྐྲདཎརྣཐྲདྲརྣཐྲ ༼སྐད་ཅིག་སྐད་ཅིག་གིས་འགྱུར་བ།༽ བྱེད་མཁན་ཞིག་ཡོད། རྒྱྣནྟརྣྤཎཔྱདྲརྡཕྲ སྐད་ཅིག་སྐད་ཅིག་གིས་འཇིག་ཅིང་འགྱུར་བ་འགྲོ་བ་ཞིག་ཡོད། སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་བ་ཞིག་མེད་ཚེ༑ འགྱུར་བ་རགས་པ་དེ་དག་མཐོང་ཐུབ་མི་ཐུབ་ལ་ཡོང་ཐུབ་ཀྱི་མེད།

                དཔེར་ན་སྔ་མོ་ང་རྒྱ་གར་ལ་ཡོང་སྐབས་ལོ་ཉི་ཤུ་རྩ་བཞི་ཡིན་ཞིང་སྐབས་དེར་གཞོན་པ་ཆགས་ཡོད། མགོ་ལ་སྐྲ་དཀར་ཡང་མེད་ལ་དེ་དུས་མགོ་དམར་པོ་ཡང་ཆགས་མེད། མགོའི་དཀྱིལ་ལ་གཉེར་མ་ཡང་མེད། ད་ཆ་ལོ་བདུན་ཅུ་དོན་གཉིས་དོན་གསུམ་ལ་སླེབས་ཏེ་མགོ་ལ་སྐྲ་དཀར་ཡང་ཡོད་ཅིང་མགོ་དམར་པོ་ལྟ་བུ་ཞིག་ཆགས་ཀྱི་འདུག

                འདི་ནས་ཡར་མགོ་དམར་པོ་ཆགས་ཀྱི་འདུག ཡང་འདི་ནས་ཚུར་སྐྲ་དཀར་སྐྱེས་ཡོང་གི་འདུག དེ་གཉིས་འགྲན་བསྡུར་བྱེད་ཀྱི་འདུག་ཅེས་ངས་རྩེད་མོ་རྩེས་ནས་བརྗོད་ཀྱི་ཡོད། འདི་ནས་ཡར་མགོ་དམར་པོ་མི་དགོས་མགོ་དཀར་པོ་བྱས་ན་ལེགས་པ་འདུག་ཅེས་སྐྲ་དཀར་གྱིས་ཤུགས་རྒྱབ་ཀྱི་འདུག འདི་ནས་ཡར་སྐྲ་དཀར་མི་དགོས་མགོ་དམར་པོ་བྱེད་ཀྱི་ཡིན་ཞེས་བརྗོད་ཀྱི་འདུག གང་ཞིག་ལེགས་པ་འདུག་གམ། མགོ་དཀར་པོ་བྱས་ན་ལེགས་པ་འདུག་གམ། མགོ་དམར་པོ་བྱས་ན་ལེགས་པ་འདུག དེས་ན་ལོ་བཞི་བཅུ་ཞེ་གྲངས་དེའི་ནང་འགྱུར་བ་ཧ་ཅང་ཕྱིན་ཡོད།

                སྔ་མོའི་ཕོ་གསར་དེ་ད་ལྟ་རྒས་ཁོགས་ཆགས་སྐབས་འགྱུར་བ་ཆེན་པོ་ཕྱིན་ཡོད། འགྱུར་བ་དེ་དག་ལོ་ཉི་ཤུ་རྩ་གྲངས་ནས་བཞི་བཅུ་ལྔ་བཅུ་བར་འགྱུར་བ་རྩ་བ་མེད་པར་བསྡད་ཅིང་དེ་ནས་གློ་བུར་དུ་འགྱུར་བ་ཕྱིན་པ་ཞིག་མིན། འགྱུར་བ་དེ་དཔེར་ན་ ཁྟཏྲཎརྟྟ ༼ལོ་རབས། ལོ་བཅུ་ཕྲག༽ ལོ་བཅུའི་ནང་དུ་འགྱུར་བ་མཐོང་བ་དེ་ལོ་བཅུ་པོ་དེའི་ནང་ལོ་རེ་བཞིན་འགྱུར་བ་འགྲོ་དགོས། ལོ་གཅིག་གི་ནང་དུ་འགྱུར་བ་འགྲོ་བ་དེ་ཟླ་བ་བཅུ་གཉིས་ཀྱི་ནང་འགྱུར་བ་འགྲོ་གི་ཡོད། ཟླ་བ་བཅུ་གཉིས་ཀྱི་ནང་དུ་འགྱུར་བ་འགྲོ་བ་ཞིག་མེད་ན། ལོ་གཅིག་གི་ནང་འགྱུར་བ་ཡོང་ཤེས་ཀྱི་མེད། ཟླ་བ་བཅུ་གཉིས་ཀྱི་ཟླ་བ་རེ་རེ་ནང་དུ་འགྱུར་བ་འགྲོ་བ་དེ་བདུན་ཕྲག་རེ་རེ་ནང་འགྱུར་བ་འགྲོ་བ་ཞིག་ཡོང་དགོས། བདུན་ཕྲག་རེ་རེའི་ནང་འགྱུར་བ་འགྲོ་བ་དེ་ཞག་མ་རེ་རེའི་ནང་འགྱུར་བ་འགྲོ་དགོས། ཞག་མ་རེ་རེའི་ནང་གི་འགྱུར་བ་དེ་ཆུ་ཚོད་རེ་རེའི་ནང་དང༌། ཆུ་ཚོད་རེ་རེའི་ནང་གི་འགྱུར་བ་དེ་སྐར་མ་རེ་རེའི་ནང་དུ་འགྱུར་བ་འགྲོ་དགོས་ལ༑ སྐར་མ་རེ་རེའི་ནང་གི་འགྱུར་བ་དེ་སྐར་ཆ་རེ་རེའི་ནང་དུ་འགྱུར་བ་འགྲོ་དགོས་པས་ན་ནང་པས་འདི་བཤད་ཀྱི་ཡོད། 

                སྐད་ཅིག་སྐད་ཅིག་གིས་འགྱུར་འགྲོ་གི་ཡོད་ཅེས་པ་ནི། རྒྱྣནྟརྣྤཎཔྱདྲརྡཕྲ སྐྲདཎརྣཐྲདྲརྣཐྲ ༼སྐད་ཅིག་སྐད་ཅིག་གིས་འགྱུར་བ།༽ དཔེར་ན་མེ་ཏོག་དེར་ཆུ་མ་བྱུང་བར་རྙིད་ནས་སྐམ་ན་འགྱུར་བ་ཆེན་པོ་དེ་མཐུན་རྐྱེན་བྲལ་ཞིང་འགལ་རྐྱེན་འཕྲད་པས་འགྱུར་བ་དེ་བྱུང་བ་རེད། རྒྱྣནྟརྣྤཎཔྱདྲརྡཕྲ སྐྲདཎརྣཐྲདྲརྣཐྲ སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་མཁན་ཞིག་ཡོད། སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་བ་དེ་གང་གིས་བྱས་པ་རེད་དམ་ཟེར་ན། ཆུ་མ་བྱུང་བར་སྐད་ཅིག་སྐད་ཅིག་གིས་འགྱུར་བ་ཕྱིན་པ་མིན། དེར་དྲོད་ཆེན་པོ་ཞིག་སླེབས་ནས་ཀྱང་འགྱུར་བ་ཕྱིན་པ་མིན། མེ་ཏོག་དེ་ཉིད་རང་གྲུབ་ཙམ་ཉིད་ནས་སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་བའི་རང་བཞིན་དུ་སྐྱེས་ཡོད། དེ་ཉིད་རང་བཞིན་དུ་སྐྱེས་པ་དེ་གང་གིས་བྱས་སམ་ཞེ་ན་རྒྱུ་ཡིས་བྱས་པ་རེད་ཅེས་བརྗོད་པ་རེད། མ་ཏོག་དེ་སྐྱེད་བྱེད་ཀྱི་རྒྱུ་ལ་བརྟེན་ནས་སྐྱེས་པས་ན། དེ་སྐད་ཅིག་སྐད་ཅིག་གིས་འཇིག་པའི་བདག་ཉིད་དུ་རྒྱུ་ཡིས་སྐྱེས་པ་རེད། 

                དེང་ཚན་རིག་གི་ཐོག་ནས་བཤད་ཀྱང་དེ་བཞིན་རེད། དཔེར་ན་ཕྱིའི་དངོས་པོ་དང་ནང་གི་ལུས་གང་ཞིག་ཡིན་ན་ཡང་ རྒྱྣནྟརྣྤཎཔྱདྲརྡཕྲ སྐྲདཎརྣཐྲདྲརྣཐྲ ༼སྐད་ཅིག་སྐད་ཅིག་གིས་འགྱུར་བ།༽ ད་ལྟ་ རྐྱྤྣནདྲཏྲ ༼རྡུལ་ཕྲན་གྱི།༽ སྟེང་ནས་བཤད་ན། ངཎཔྱྤདྲཏྲརྡྟ ༼ཟེགས་མའམ། ཕྲ་རབ།༽ ཕྲ་མོའི་སྟེང་ནས་བཤད་ཀྱང་ རྒྱྣནྟརྣྤཎཔྱདྲརྡཕྲ སྐྲདཎརྣཐྲདྲརྣཐྲཋཎརྡཕཎཕྲཔྲ ནྣསྤྲདྲརྣཐྲ ༼རྟག་ཏུ་འགུལ་བ།༽ ཡོད། ནང་པ་སངས་རྒྱས་པས་གསུངས་པ་དེ་དང་ཏག་ཏག་ཆགས་ཀྱི་ཡོད། དེར་བརྟེན་དེ་སྐྱེད་བྱེད་ཀྱི་རྒྱུས་བསྐྱེད་ཅིང་སྐྱེད་བྱེད་ཀྱི་རྒྱུ་དེས་འཇིག་པའི་བདག་ཉིད་དུ་བསྐྱེད་པ་རེད་ཅེས་བརྗོད་ཅིང༌། དེས་ན་སྐྱེད་བྱེད་ཀྱི་རྒྱུ་དེ་ཉིད་ཀྱང་ རྒྱྣནྟརྣྤཎཔྱདྲརྡཕྲ སྐྲདཎརྣཐྲདྲརྣཐྲ ༼སྐད་ཅིག་སྐད་ཅིག་གིས་འགྱུར་བ།༽ འགྲོ་མཁན་ཞིག་དང༌། རང་དང་མཐུན་པའི་འབྲས་བུ་དེ་ཡང་འཇིག་པའི་བདག་ཉིད་དུ་སྐྱེ་གི་ཡོད། 

 

འཇིག་རྟེན་བཀོད་པ་པོ་རྟག་པ་སོགས་སུ་

འདོད་པ་ལ་འགལ་འདུ།

 

                འཇིག་རྟེན་བཀོད་པ་པོ་བཤད་པ་ཡིན་ན། འཇིག་རྟེན་བཀོད་པ་པོ་དེ་སྨྲ་བསམ་བརྗོད་མེད་དམ་བསམ་ཡུལ་ལས་འདས་པ་ཞིག་རེད། དེ་སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་བ་དེ་འཇིག་པའི་བདག་ཉིད་རེད་ཅེས་བརྗོད་པ་ཡིན་ན། འཇིག་རྟེན་བཀོད་པ་པོ་དེ་གང་གིས་བཀོད་པ་རེད་དམ་ཟེར་བའི་རྙོག་དྲ་དེའི་སྟེང་དུ་སླེབས་ཀྱི་ཡོད། འཇིག་རྟེན་བཀོད་པ་པོ་རང་ཉིད་མི་རྟག་པའི་རང་བཞིན་ཡིན་ན་དེ་སྐྱེད་བྱེད་ཀྱི་རྒྱུ་ཞིག་དགོས། དེར་བརྟེན་འཇིག་རྟེན་བཀོད་པ་པོའི་རྒྱུ་འཇོག་ཤེས་ཀྱི་མེད། འཇིག་རྟེན་བཀོད་པ་པོ་དེ་རྟག་པ་ཀུན་ལ་དབང་བ་ རྐྱཏཔྲྣརྡསྤྱྤྟ ༼རང་རྐྱ་བ། དོན་དམ། ལྟོས་མེད།༽ རེད། ངྟརྡཎྤདྲསྤྲྟ ༼ལྟོས་བཅས།༽ མིན། རྐྱཏཔྲྣརྡསྤྱྤྟ ཡིན། དེས་ན་འཇིག་རྟེན་བཀོད་པ་པོ་འགྱུར་བ་མེད་པ་ཞིག་གིས་འགྱུར་བའི་རང་བཞིན་གྱི་ཆོས་ཡོང་ཐུབ་ཀྱི་མེད་ཅེས་གཅིག་བཤད་པ་རེད།

                དེ་བཞིན་གྲངས་ཅན་པས་སྤྱི་གཙོ་བོ་ཞེས་པ་ཞིག་བརྗོད་ཀྱི་ཡོད། སྤྱི་གཙོ་བོ་ཞེས་པ་གཙོ་བོའི་རྣམ་འགྱུར་ཚང་མ་གཙོ་བོས་སྤྲུལ་གྱི་ཡོད། བདག་ཤེས་རིག་གི་སྐྱེས་བུས་རྣམ་འགྱུར་དེ་དག་ལ་ལོངས་སྤྱད་ཀྱི་ཡོད། དེ་ལྟ་བུའི་སྤྱི་གཙོ་བོ་ཞེས་པ་དེ་རྟག་པར་བཤད་ཅིང་ཡོན་ཏན་གསུམ་མམ་ཡོན་ཏན་ལྔ་ཙམ་ཞིག་བཤད་ཀྱི་ཡོད། དེ་ངས་ཡག་པོ་དྲན་གྱི་མི་འདུག དེ་འདྲའི་སྤྱི་གཙོ་བོ་དེ་ཉིད་རྟག་པར་བཤད་ཀྱི་ཡོད་པས་དེར་བརྟེན་གནོད་པ་གཅིག་མཚུངས་སླེབས་ཀྱི་ཡོད། རྟག་པ་མི་རྟག་པར་འགྱུར་བའི་འགྱུར་བ་མེད་པ་ཞིག་གིས་འགྱུར་བའི་རང་བཞིན་ཅན་གྱི་ཆོས་དེ་དག་སྐད་ཅིག་གི་རྒྱུར་ཡོང་ཤེས་ཐབས་མེད་ཅེས་དེ་ལྟར་བཀག་པ་རེད།

                དེར་བརྟེན་སངས་རྒྱས་པས་སྡོམ་བསྐྱོན་པ་དེ། བཅོམ་ལྡན་འདས་ཀྱི་རྟེན་འབྲེལ་གྱི་མདོའི་ནང་འདི་ཡོད་པས་འདི་འབྱུང༌། འདི་སྐྱེས་པས་འདི་སྐྱེས། འདི་ཡོད་པས་འདི་འབྱུང་ཞེས་བརྗོད་པ་དེས་བསྐྱེད་བྱ་སྐྱེད་བྱེད་ཀྱི་སྐད་ཆ་བཤད་སྐབས་ཡོད་པ་ཞིག་དགོས་པ་རེད། མེད་པ་ཞིག་ནས་ཡོང་རྒྱུ་མེད་ཅེས་བརྗོད་སྐབས་རྒྱུ་མེད་ལས་སྐྱེས་པ་དེ་བཀག་ཅིང༌། ད་ལྟ་ཡོད་པ་དེ་དག་རྒྱུ་མེད་ལས་སྐྱེས་པ་མ་རེད། དེར་རྒྱུ་ཞིག་ཡོད་དགོས་ཏེ་འདི་ཡོད་པས་འདི་འབྱུང་ཞེས་མེད་པ་ཞིག་ཡིན་ན། མེད་པ་ཞིག་ལས་ཡོད་པ་ཡོང་ཤེས་ཀྱི་མེད་ཅེས་འདི་ཡོད་པས་འདི་འབྱུང་ཞེས་དང༌། ཡོད་པ་ཙམ་གྱིས་འགྲིགས་སམ་ཞེ་ན། གྲངས་ཅན་པ་རང་ལུགས་ལ་སྤྱི་གཙོ་བོ་ཡོད་ལ། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ལུགས་ལ་དཀོན་མཆོག་རྟག་པ་དེ་ཡོད། འོན་ཀྱང་ཡོད་པ་ཙམ་གྱིས་མི་འགྲིགས་པར་འདི་སྐྱེས་པས་འདི་སྐྱེས་ཞེས་སྐྱེད་བྱེད་ཀྱི་རྒྱུ་དེ་ཉིད་རྒྱུ་ལས་སྐྱེས་ཤིང༌། རྒྱུ་རྐྱེན་ལས་བརྟེན་ནས་བྱུང་བ་ཞིག་དགོས།  དེར་བརྟེན་གྲངས་ཅན་པའི་འདོད་པ་དེ་བཀག་ཡོད། གཙོ་བོ་དེ་ཉིད་རྟག་པ་ཡིན་སྟབས་དེས་འབྲས་བུ་སྐྱེས་པ་ཡོང་གི་མེད། འཇིག་རྟེན་བཀོད་པ་པོ་དཀོན་མཆོག་རྟག་པར་བཤད་ཀྱི་ཡོད་པས་ན་དེས་སྣོད་བཅུད་ཀྱི་བཀོད་པ་བཀོད་ཐུབ་པ་ཡོང་གི་མེད།

 

རྒྱུ་འབྲས་སོགས་རྟེན་འབྱུང་ཕྲ་རགས་ཀྱི་སྐོར།

 

                འདི་ཡོད་པས་འདི་འབྱུང༌། འདི་སྐྱེས་པས་འདི་སྐྱེས་ཞེས་དང༌། རྟེན་འབྲེལ་གྱི་མདོའི་ནང༌། གང་མ་རིག་པའི་དབང་གིས་འདུ་བྱེད། འདུ་བྱེད་ལས་རྣམ་པར་ཤེས་པས་ནུས་པའི་རྐྱེན་བཤད་ཀྱི་ཡོད། རྐྱེན་གསུམ་པ་ནི། སྐྱེད་བྱེད་ཀྱི་རྒྱུ་སྤྱིར་ཡོད་པ་དང༌། ཡོད་པ་ཙམ་མ་ཟད་སྐྱེད་བྱེད་ཀྱི་རྒྱུ་དེ་ཉིད་ཀྱང་འགྱུར་བ་འགྲོ་བའི་རང་བཞིན། དེ་ཉིད་ཀྱང་སྐྱེད་བྱེད་ཀྱི་རྒྱུ་ལ་བརྟེན་ནས་སྐྱེས་པ་ཞིག་དང༌། མི་རྟག་པའི་རྐྱེན། མི་རྟག་པའི་རྐྱེན་ཡིན་ཙམ་གྱིས་མི་རུང་བར། དཔེར་ན་ཧུ་ཀྲིན་གྱི་རྒྱུ་དེ་ཧུན་ཀྲིན་རང་ཉིད་ཀྱང་རྫས་རྒྱུན་གཅིག་པ་ཡིན་པ་ཞིག་དགོས། དེ་ཉིད་ཀྱི་རྒྱུ་སྔ་མ་ཞིག་འགྲོ་དགོས།

                དཔེར་ན་རྡོ་ལས་ཧུ་ཀྲིན་སྐྱེ་གི་མེད་ལ། མེ་ཏོག་རིགས་གཞན་ཞིག་ལས་ཀྱང་ཧུ་ཀྲིན་སྐྱེ་གི་མེད། རང་ཉིད་དང་རིགས་མཐུན་པ་ཞིག་དགོས་ཤིང་དེར་བརྟེན་ནུས་པའི་རྐྱེན་ཞེས་བརྗོད་པ་རེད། རྒྱུ་དེར་རང་དང་རིགས་མཐུན་པའམ་འབྲས་བུའི་ཁྱད་ཆོས་འབྱིན་པའི་ནུས་པ་ཡོད་པའི་རྐྱེན་གྱིས་བྱེད་དགོས་པ་ལས། འབྲས་བུ་དང་རྣམ་པ་རྩ་བ་ནས་མི་འདྲ་བ་ཞིག་གིས་དེ་སྐྱེད་བྱེད་ཀྱི་རྒྱུ་བྱེད་ཤེས་ཐབས་མེད།

                ནུས་པའི་རྐྱེན་ནི། འཕགས་པ་ཐོགས་མེད་ཀྱི་མངོན་པ་ཀུན་བཏུས་སུ་གཡོ་བ་མེད་པའི་རྐྱེན། མི་རྟག་པའི་རྐྱེན། ནུས་པའི་རྐྱེན་ཞེས་རྐྱེན་གསུམ་གསུངས་ཡོད། དེར་བརྟེན་དེའི་དོན་དངོས་ཡོད་གནས་ཚུལ་དེ་འདྲ་ཞིག་ཡིན་སྟབས་བརྟག་དཔྱད་ཞིབ་འཇུག་དང་རིགས་པས་དཔྱད་སྐབས་འབྲས་བུ་འགྱུར་བ་འགྲོ་བ་དེ་རྒྱུས་བྱས་ཡོང་གི་ཡོད། རྒྱུ་དེ་ཉིད་ཀྱང་འགྱུར་བ་འགྲོ་བ་ཞིག་ཡོང་དགོས། དེ་ལྟར་བྱས་ཏེ་རང་ཉིད་དང་རིགས་མཐུན་པ་ཞིག་དགོས་ཞེས་པ་དེ་རྒྱུ་མཚན་འདི་ལྟ་བུའི་ཐོག་ནས་སྤྱི་གཙོ་བོ་ཞེས་རྒྱུ་མེད་ལས་སྐྱེ་བ་ཡོང་གི་མེད་ལ། རྟག་པའི་རྒྱུ་ལས་སྐྱེ་བ་ཡང་ཡོང་གི་མེད། རིགས་མི་མཐུན་པའི་རྒྱུ་ལས་ཀྱང་སྐྱེ་བ་ཡོང་གི་མེད། རིགས་མཐུན་གྱི་རྒྱུ་ལས་སྐྱེ་དགོས་ཤིང་འབྲས་བུའི་རྣམ་འགྱུར་གང་དང་གང་ཡིན་ན་ཡང་རང་རང་དང་རིགས་མཐུན་པའི་རྒྱུ་དང་རྐྱེན་ཙམ་ལ་བརྟེན་ནས་བྱུང་བ་རེད། ཙམ་ཞེས་པའི་ཙམ་སྒྲ་དེས་འཇིག་རྟེན་བཀོད་པ་པོ་མེད་པ་དང༌། སྤྱི་གཙོ་བོ་མེད་པ། རྒྱུ་མེད་ལས་སྐྱེ་བ་མ་ཡིན་པ༑ རང་རང་གི་རྒྱུ་དང་རྐྱེན་ཙམ་ལ་བརྟེན་ནས་བྱུང་བ་རེད་ཅེས་བརྗོད་པ་རེད། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་དེ་རེད།

                སངས་རྒྱས་པས། དེང་སྐབས་གོང་དུ་བརྗོད་པ་ལྟར་ཕྲ་བའི་མི་རྟག་བཤད་ཀྱང་ཚན་རིག་པས་ཕྱིའི་དངོས་པོར་བརྟག་དཔྱད་བྱེད་སྐབས་དེ་བཞིན་ཕྲ་བའི་མི་རྟག་པ་དེ་ཉིད་ར་འཕྲོད་ཅིང༌། དེ་བཞིན་རྒྱུ་དང་རྐྱེན་བྱེད་པ་པོ་ཞིག་གིས་གློ་བུར་དུ་བཀོད་པ་གང་ཡང་མིན། ཁྱསྤྲྣརྡསྤྱྤདྲྣརྣ ཁཎཔྱཕདྲརྣ ༼རིམ་འགྲོས་འགྱུར་ལྡོག་གི་གྲུབ་མཐའ་སྨྲ་བ།༽ ལྟ་བ་དེ་འགྲེལ་བཤད་རྒྱབ་སྐབས་ཚང་མ་རྒྱུ་དང་རྐྱེན་ལ་བརྟེན་ནས་ ཁྱསྤྲྣརྡསྤྱྤདྲྣརྣ བྱུང་བ་རེད་བརྗོད་ཀྱི་ཡོད།

                སངས་རྒྱས་པའི་རྟེན་འབྱུང་ཞེས་པའི་སྐད་ཆ་དེ་ཧ་ལས་པ་ཞིག་རེད།  རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་རེད་ཅེས་བརྗོད་པའི་རྟེན་འབྱུང་དེའི་ཐོག་ད་དུང་ཡང་འདི་ལྟར་དཔྱད་དེ་བསམ་བློ་བཏང་ན་རྟེན་འབྱུང་གི་སྐད་ཆའི་ཐོག་ནས་ང་འམ་བདག་ཟེར་བ་དེ་ཕུང་པོར་བརྟེན་ནས་བཏགས་པ་རེད། ཕུང་པོ་ལ་ལྟོས་པ་མེད་པར་ཕུང་པོ་ལས་དོན་གཞན་པའི་བདག་མེད། རྟེན་འབྱུང་གི་རྒྱུ་མཚན་ནམ་བརྟེན་ནས་འབྱུང་བའི་རྒྱུ་མཚན་ལ་བརྟེན་ནས་ཕུང་པོ་ལ་ལྟོས་མེད་རང་དབང་གི་བདག་མེད་ཅེས་བརྗོད་སྐབས། མུ་སྟེགས་པའི་རྟག་གཅིག་རང་དབང་བའི་བདག་ཅེས་པ་དེ་མེད་ཅེས་བཤད་ཀྱི་ཡོད། རྟེན་འབྱུང་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་ཕུང་པོ་ལས་དོན་གཞན་པའི་བདག་འགྱུར་བ་མེད་པ། རྟག་པ། གཅིག་པུ་དེ་འདྲ་ཞིག་ཡོང་ཤེས་ཀྱི་མེད་ཅེས་དེ་དག་བཀག་པ་རེད།

                བདག་དང་ཕུང་པོ་ཞེས་བརྗོད་ན་བདག་ཅེས་པ་དེ་ཕུང་པོ་ལས་སྐྱེས་པ་རེད་དམ་ཞེ་ན་སྐྱེས་པ་མ་རེད། བདག་ཅེས་པ་དེ་ཕུང་པོར་བརྟེན་ནས་བཏགས་པ་ཞིག་རེད། ང་རང་ཚོའི་བློར་ཕུང་པོ་བློ་ཡུལ་དུ་འཆར་བའི་སྒོ་ནས་གང་ཟག་འདི་དང་འདི་ཞེས་བློར་ཤར་ཡོང་གི་ཡོད། དཔེར་ན་ཁྱེད་རང་ཚོས་རྒྱལ་བ་རིན་པོ་ཆེ་ཞེས་བརྗོད་པ་ཡིན་ན། ངའི་ལུས་ཀྱི་རྣམ་པ་ལྟ་བུ་ཁྱེད་རང་ཚོའི་བློར་ཤར་བའི་སྒོ་ནས་རྒྱལ་བ་རིན་པོ་ཆེ་ཞེས་པ་ཞིག་བློར་ཤར་གྱི་ཡོད། དཔེར་ན་སོ་སོའི་ཨ་མ་གཡང་སྐྱིད་ཅེས་པ་ལྟ་བུ་ཞིག་ཡོད་ན་ཨ་མ་གཡང་སྐྱིད་ཀྱི་ཕུང་པོའི་རྣམ་པ་བློར་ཤར་བའི་སྒོ་ནས་ཨ་མ་གཡང་སྐྱིད་བློ་ལ་ཤར་གྱི་ཡོད།

                དཔེར་ན་བཀྲ་ཤིས་ཅེས་པའི་མི་ཞིག་ཡོད་ན། བཀྲ་ཤིས་མིང་ཅན་མི་དེས་ང་བཀྲ་ཤིས་ཞེས་བརྗོད་སྐབས་རང་ཉིད་ཀྱི་སྣ་ཁུག་གི་བཟོ་ལྟ་དང་གཅིག གདོང་གི་དབྱིབས་དེ་དག་བློར་ཤར་བའི་ཐོག་ནས་ང་བཀྲ་ཤིས་བརྗོད་པ་དང༌། བཀྲ་ཤིས་གང་དུ་ཡོད་དམ་ཞེས་བརྗོད་ན་འདིར་འདུག་ཅེས་བརྗོད་རྒྱུ་རེད། མི་ཞིག་བརྩད་གཅོད་བྱས་ཏེ་བཀྲ་ཤིས་གང་དུ་འདུག་ཅེས་དྲིས་ན། ང་ཚོས་ཁོའི་ཕུང་པོ་ཡོད་ས་དེར་མཛུབ་མོ་བཙུགས་ཀྱི་རེད། དེར་བརྟེན་ཕུང་པོ་བློ་ཡུལ་དུ་ཤར་བའི་སྒོ་ནས་བཀྲ་ཤིས་ཞེས་བློ་ལ་ཤར་གྱི་འདུག་ལ་ཤར་བ་ལྟར་བཀྲ་ཤིས་ཅེས་པའི་མིའམ་གང་ཟག་གམ་བདག་དེ་བཀྲ་ཤིས་ཀྱི་ཕུང་པོར་བརྟེན་ནས་བཞག་དགོས།

                ཕུང་པོར་བརྟེན་ནས་བཞག་པ་ཡིན་སྟབས་བཀྲ་ཤིས་ཅེས་པའི་མི་དེ་གཞོན་ནུའི་སྐབས་སུ་བཀྲ་ཤིས་གཞོན་ནུ་རེད། བཀྲ་ཤིས་ཀྱི་ཕུང་པོ་དར་མ་ཆགས་སྐབས་བཀྲ་ཤིས་དར་མ་རེད། ཕུང་པོའི་དར་རྒུད་ལ་བརྟེན་པའམ་ཕུང་པོ་ན་བའི་སྐབས་སུ་བཀྲ་ཤིས་ནད་པ་རེད། ཕུང་པོ་དེ་རྒས་ཤིང་འཁོགས་པ་ཆགས་སྐབས་བཀྲ་ཤིས་རྒས་པོ་རེད།

                དེར་བརྟེན་བཀྲ་ཤིས་ཅེས་པ་དེ་ཕུང་པོ་དང་འབྲེལ་མེད་དོན་གཞན་ཞིག་དང༌། ཕུང་པོ་ལ་དབང་སྒྱུར་མཁན་གྱི་རྗེ་བོ་ལྟ་བུ་འབྲེལ་མེད་དོན་གཞན་ལྟོས་མེད་དུ་ཡོད་པ་ཞིག་ཡིན་ན། ཕུང་པོའི་དར་རྒུད་ལ་བརྟེན་ནས་བཀྲ་ཤིས་ཀྱི་དར་རྒུད་འཇོག་ཤེས་ཀྱི་མེད་པ་ང་རང་ཚོའི་མྱོང་བས་གྲུབ་ཀྱི་ཡོད།

                ཐ་སྙད་དུ་བཀྲ་ཤིས་ཀྱི་ཕུང་པོའི་དར་རྒུད་ལ་བརྟེན་ནས་བཀྲ་ཤིས་ཀྱི་དར་རྒུད་འཇོག་པ་དང༌། བཀྲ་ཤིས་ཀྱི་ཕུང་པོའི་རྒན་གཞོན་ལ་བརྟེན་ནས་བཀྲ་ཤིས་རྒན་གཞོན་འཇོག་རྒྱུ་ཡོད་པ་དེ་བསྙོན་མེད་དུ་ཡོད་པས་དེར་བརྟེན་ཕུང་པོར་ལྟོས་ཡོད། བཀྲ་ཤིས་ཞེས་པ་དེ་གང་དུ་ཡོད་དམ་ཞེ་ན། ཕུང་པོར་མཛུབ་མོ་བཙུགས་ནས་འཇོག་པ་དང༌། ཕུང་པོའི་ནང་ནས་གཟུགས་ཀྱི་ཕུང་པོ་དང་དེ་ཡང་ལུས་དེ་གཟུགས་ཀྱི་ཕུང་པོ། མྱོང་བ་དེ་རྣམ་ཤེས་ཀྱི་ཕུང་པོ། ཚོར་བ་དང་འདུ་ཤེས་བཅས་ཤེས་པའི་ཁོངས་སུ་བཞག་ན་མདོར་ན་ལུས་སེམས་གཉིས་ཀྱི་སྟེང་ནས་བཀྲ་ཤིས་དེ་འཇོག་གི་ཡོད།

                བཀྲ་ཤིས་སེམས་མ་སྐྱིད་པ་ཡོད་ཀྱང་དེ་རིང་བཀྲ་ཤིས་སྐྱིད་པོ་མི་འདུག གང་ལགས་ཞེ་ན། བཀྲ་ཤིས་ཀྱི་སེམས་འཁྲུགས་འདུག་ཅེས་བརྗོད་ན་ཡང་བརྗོད་ཐུབ་ཀྱི་ཡོད། དེ་རིང་བཀྲ་ཤིས་ཧ་ཅང་སྐྱིད་པོ་འདུག གང་ལགས་ཤེ་ན་ཁ་སང་ཧ་ཅང་གི་གཏམ་སྙན་ཞིག་ཐོས་ནས་དེས་རྐྱེན་པས་བཀྲ་ཤིས་དེ་རིང་སྐྱིད་ཐག་ཆོད་ནས་བསྡད་འདུག བཀྲ་ཤིས་གན་རྐྱལ་སློག་ནས་ཧ་ཅང་སྐྱིད་པོ་བྱས་ཏེ་བསྡད་འདུག་ཅེས་བརྗོད་ན་ཁོའི་སེམས་སྐྱིད་པོ་ཡོད་སྟབས་བཀྲ་ཤིས་སྐྱིད་པོ་ཆགས་པ་རེད།

                དེར་བརྟེན་བཀྲ་ཤིས་ཀྱི་སེམས་དང་བཀྲ་ཤིས་ཀྱི་ལུས་གཉིས་ལ་བརྟེན་ནས་བཀྲ་ཤིས་འཇོག་རྒྱུ་ལས་གཞན་མེད། དེ་ལ་བརྟེན་ཡོད་ཅིང་དེ་ལ་བརྟེན་ནས་འཇོག་གི་ཡོད། ལུས་སེམས་གཉིས་པོ་ཕར་བཞག་ཏེ་བཀྲ་ཤིས་ཀྱི་ལུས་དེ་བཀྲ་ཤིས་ཀྱི་ལུས་ཡིན་པ་ལས་བཀྲ་ཤིས་མ་རེད། བཀྲ་ཤིས་ཀྱི་སེམས་དེ་ཡང་བཀྲ་ཤིས་ཀྱི་སེམས་ཡིན་པ་ལས་བཀྲ་ཤིས་མ་རེད། བཀྲ་ཤིས་ཅེས་པ་དེ་གང་རེད་དམ་ཟེར་ན་རྙེད་རྒྱུ་མེད་ལ་མཛུབ་མོ་བཙུགས་ས་མེད།

                བཀྲ་ཤིས་ལུས་ཀྱི་ནང་དུ་ཡོད་དམ་ཞེ་ན། ང་ཞེས་པ་ཕུང་པོའི་ནང་ལ་ཡོད་པ་ལས་ང་ཕྱི་ལོག་དེར་ཤར་གྱི་མེད། ང་ཞེས་པ་དེ་གང་དུ་ཤར་གྱི་འདུག་གམ། ང་དེ་མགོ་དང་སྙིང་གི་སྟེང་གང་དུ་འདུག་འདི་ལྟར་བསམ་བློ་བཏང་ན་རྙེད་རྒྱུ་མེད། མང་ཆེ་བས་ཀླད་པའི་ནང་དུ་ཡོད་ཅེས་ཕལ་ཆེར་བརྗོད་ཀྱི་རེད།

ང་ཚོ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བའི་ནང་ང་ཞེས་པ་དེ་ལུས་སེམས་གཉིས་ཀྱི་ནང་ནས་ཕུང་པོ་ལྔ་ཆར་བརྟེན་ནས་ང་ཡོད་ཅེས་བརྗོད་པའི་འདོད་ཚུལ་ཞིག་ཡོད་ཀྱང་མཐར་ཐུག་ངས་ལུས་འདོར་ལེན་བྱེད་ཀྱི་ཡོད། ལུས་འདོར་ལེན་བྱེད་མཁན་གྱི་ངོ་མ་དེ་སེམས་སམ་ཤེས་པ་དེ་རེད། དེར་བརྟེན་ང་ངོ་མ་དེ་ཤེས་པའི་སྟེང་དུ་འཇོག་དགོས། དེས་ན་ངའམ་གང་ཟག་ཅེས་པ་དེ་ཤེས་པའི་རྒྱུ་ལ་བརྟེན་ནས་བཏགས་པ་རེད། དེར་བརྟེན་ངའམ་གང་ཟག་གི་མཚན་གཞི་དེ་ཤེས་པའི་ནང་ནས་རྙེད་དགོས་ཞེས་དེ་ལྟར་བཤད་ཀྱི་ཡོད།

ནང་པའི་གཞུང་མང་པོ་ཞིག་ནས་མདོར་ན་ང་ཞེས་པ་དེ་ཕུང་པོར་བརྟེན་ནས་བཏགས་ཙམ་མིན་པར་ཕུང་པོར་བརྟེན་ནས་ང་ཡི་ངོ་བོ་འདི་རེད་ཅེས་འཇོག་རྒྱུ་ཡོད་པ་ཞིག་འདོད་ཕྱིན་ཆད་རྣམ་ཤེས་ཀྱི་སྟེང་ནས་ང་འཇོག་རྒྱུ་རེད། ཡང་ན་ཀུན་གཞིའི་རྣམ་ཤེས་དང་མཚན་གཞིའི་ཡིད་ཀྱི་རྣམ་ཤེས་ཟེར་བ་དེ་དག་གི་སྟེང་ནས་བསམ་བློ་གཏང་གི་རེད། མདོར་ན་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བའི་ནང་དང༌། བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་ཡོད། ང་རང་ཚོས་ནམ་རྒྱུན་ཤེས་རབ་སྙིང་པོ་བཏོན་པ་དེའི་ནང་གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད་ཅེས་གསུངས་པ་ལྟ་བུ་དང༌། དེ་ནས་ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པ་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །ཞེས་གསུངས་ཡོད། ཕུང་པོ་ལྔ་པོ་དེ་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །ཞེས་པའི་ཚིག་དེས་ཕུང་པོ་བློར་ཤར་བ་ལས་སླ་བ་ཡོད། དེར་དབྱིབས་དང་ཁ་དོག་ཡོད་པ་ཞིག་དང༌། མྱོང་བ་ཡོད་ལ་མཛུབ་མོ་བཙུགས་ས་ཡང་ཡོད་སྟབས་ཕུང་པོ་བློ་ཡུལ་དུ་ཤར་བ་ལས་སླ་བ་ཡོད། དེ་ལ་བརྟེན་ནས་བཏགས་པའི་ང་དེ་ང་ཚོས་ཡོད་ཤག་ཏུ་བརྩིས་པ་ལས་དེ་བརྩད་གཅོད་བྱས་ན་ལུས་སེམས་འདི་རེད་ཅེས་མཛུབ་མོ་བཙུགས་ས་ཡོད་པ་ལྟར་གྱི་ང་དེ་འདི་རེད་ཅེས་མཛུབ་མོ་བཙུགས་ས་མེད།

                ཤེས་རབ་སྙིང་པོའི་ཚིག་དེས་ང་གང་ལ་བརྟེན་ནས་བཏགས་པའི་ང་ཞེས་ཐ་སྙད་འཇོག་པའི་ཕུང་པོ་ལྔ་པོ་དེ་བཙལ་ན་རྙེད་རྒྱུ་མེད་ཅེས་གསུངས་ཡོད། ང་ཞེས་པ་དེ་ཕུང་པོ་ལ་བརྟེན་ནས་ཡོད་པ་ཞིག་དང༌། གང་ལ་བརྟེན་ནས་ཡོད་རྒྱུའི་བརྟེན་སའི་ཕུང་པོ་དེ་ཡང་བཏགས་དོན་བཙལ་ན་རྙེད་རྒྱུ་མེད། དེར་བརྟེན་ལོངས་སྤྱད་བྱའི་ཕུང་པོ་དང་ལོངས་སྤྱོད་པ་པོའི་བདག་གཉིས་ཀ་ཕར་ངོས་ནས་གྲུབ་མེད་ཅེས་པ་འདི་མདོའི་དགོངས་པ་མཐར་ཐུག་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཀྲལ་ཞིང༌། དེར་ཐ་སྙད་དུ་རང་མཚན་མི་བཞེས་པ་ཞེས་པ་དེ་ཡིན་པ་ང་ཚོས་ཤེས་དགོས་ཤིང་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེར་བརྟེན་དེ་ལྟ་བུའི་རྒྱུ་མཚན་གྱི་ཐོག་ནས་བདག་ཅེས་པ་དེ་མེད་ཅེས་གསུངས་ཤིང༌། ཕུང་པོ་ལ་རྟེན་ནས་བཞག་པས་ན་བདག་མེད་ཅེས་ཕུང་པོ་ལ་ལྟོས་པ་མེད་པའི་བདག་མེད་གསུངས་པ་ཡིན།

                ངས་འདིར་བརྗོད་རྒྱུར་དེས་ན་བདག་དེ་ཕུང་པོ་ལས་འབྱུང་བ་མ་ཡིན་ཡང་ཕུང་པོ་ལ་བརྟེན་ནས་བཞག་པ་དང་ཕུང་པོ་ལ་ལྟོས་ནས་བཞག་ཡོད། ཚིག་དེའི་གོ་བ་ངོ་མ་བདག་དེ་ཕུང་པོའི་རྒྱུ་རྐྱེན་བྱས་ནས་འབྱུང་བ་མིན་ཡང་ཕུང་པོར་བརྟེན་ནས་བདག་བཏགས་པའམ་བདག་གྲུབ་པ་རེད། ཕུང་པོ་ལ་ལྟོས་འདུག་ཅིང༌། དེ་བཞིན་ཧུ་ཀྲིན་མེ་ཏོག་དེ་རང་ཉིད་རྒྱུ་ལ་བརྟེན་ནས་བྱུང་བ་རེད། ཧུ་ཀྲིན་གྱི་སོན་སོགས་དེ་སྐྱེད་བྱེད་ཀྱི་རྒྱུ་དེར་ཧུ་ཀྲིན་གྱི་རྒྱུ་ཞེས་མིང་བཏགས་ཀྱི་ཡོད། མེ་ཏོག་ཧུ་ཀྲིན་གྱི་རྒྱུ་རེད་ཅེས་མིང་བཏགས་པ་དེ་འབྲས་བུ་ཧུ་ཀྲིན་ལ་བརྟེན་ནས་བཏགས་པ་ཡིན། དཔེར་ན། བུ་བཀྲ་ཤིས་ཞེས་པ་ཞིག་ཡོད་ན་དེ་བཀྲ་ཤིས་ཀྱི་ཕ་མ་རེད་ཅེས་བརྗོད་སྐབས་བཀྲ་ཤིས་ཀྱི་ཕ་མ་ཆགས་པ་དེ་བཀྲ་ཤིས་ལ་བརྟེན་ནས་བྱུང་བ་ལས་བཀྲ་ཤིས་མེད་ན་བཀྲ་ཤིས་ཀྱི་ཕ་མ་རེད་ཅེས་བརྗོད་པ་དེ་ཡོང་ཐབས་མེད།

                ལར་ནས་མི་ཞིག་ཆང་ས་བརྒྱབ་ནས་ཕྲུ་གུ་ཆགས་པའི་ཉིན་མོ་དེར་ཁོ་ཕ་མ་ཆགས་པ་ལས་ཕྲུ་གུ་མ་ཆགས་གོང་ཕ་མའི་མིང་བཏགས་ཀྱི་མེད་ལ། ཕ་མ་རེད་ཅེས་བརྗོད་ཤེས་ཀྱི་མེད། ཕ་མ་ཞེས་པའི་དོན་དེ་གྲུབ་པར་ཕྲུ་གུར་ལྟོས་ཡོད། ཕ་མ་ཕྲུ་གུ་ལས་སྐྱེས་པ་མིན་ཡང་ཕ་མ་གྲུབ་པ་དེ་ཕྲུ་གུར་ལྟོས་ཡོད། ཕྲུ་གུ་ཕ་མར་བརྟེན་ནས་བྱུང་ཞིང་ཕ་མར་ལྟོས་ནས་འཇོག་ཐུབ་ཀྱི་རེད། ཡིན་ན་ཡང་ཕ་མ་དེ་ཕ་མ་ཡིན་པ་ཕྲུ་གུ་ལས་སྐྱེས་པ་མིན་རུང་ཕྲུ་གུར་བརྟེན་ནས་བཏགས་པ་དེ་གསལ་པོ་ཡོད།

                དེར་བརྟེན་འབྲས་བུ་རྒྱུར་ལྟོས་པ་དེ་སྔ་ཕྱིའི་གོ་རིམ་བྱས་ནས་ཡོང་གི་ཡོད་ཀྱང༌། རྒྱུ་འབྲས་བུའི་རྒྱུ་རེད་ཅེས་བརྗོད་པ་དེ་འབྲས་བུར་ལྟོས་ཡོད།  རྒྱུ་དེ་འབྲས་བུ་ལས་སྐྱེས་པ་མིན་ཡང་རྒྱུ་རྒྱུ་ཆགས་པ་དེ་འབྲས་བུར་ལྟོས་ཡོད།  བརྟེན་ནས་བཏགས་པ་ཞེས་པའི་རྟེན་འབྱུང་གི་གོ་བ་གཉིས་པ་དེ་རེད།

                བརྟེན་ནས་འབྱུང་བ་ཞེས་པའི་རྒྱུ་འབྲས་ཀྱི་རྟེན་འབྱུང་དེ་མི་རྟག་པའི་ཆོས་ཁོ་ནར་བཤད་ཀྱི་ཡོད། བརྟེན་ནས་བཏགས་པ་ཞེས་པ་དེ་མི་རྟག་པ་ཡིན་མིན་ཚང་མར་ཁྱབ་དགོས་ཀྱི་ཡོད། དེར་བརྟེན་སངས་རྒྱས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་ལྟ་བ་དེ་སངས་རྒྱས་པའི་ཐུན་མོང་མ་ཡིན་པ་རེད་ལ། དངོས་ཡོད་གནས་ཚུལ་དང་མཐུན་ཞིང་དེང་གི་ཚན་རིག་པའི་འདོད་ཚུལ་དང་མཐུན་པ་ཧ་ལས་པའི་རླབས་ཆེན་རེད། བརྟེན་ནས་འབྱུང་བ་དང༌། བརྟེན་ནས་བཏགས་པ། ཕན་ཚུན་ལྟོས་ནས་གྲུབ་པ་ཞེས་པའི་ལྟ་བ་དེ་ཡོད་ན་ངས་ཁ་སང་བརྗོད་པ་ལྟར་བསམ་བློ་གུ་ཡངས་པོ་རང་བཞིན་གྱིས་བཟོས་ཡོང་གི་ཡོད།

                དེང་གི་ཆབ་སྲིད་པ་དང༌། དཔལ་འབྱོར་ལོངས་སྤྱོད་བྱེད་མཁན།  ཁོར་ཡུག་གི་ཐོག་ལ་དོ་སྣང་བྱེད་མཁན་ཚང་མས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་ལྟ་བ་དེ་ཡོད་ན། ལྟ་བ་དེའི་ངོས་ནས་བལྟས་ན་ ཇདྣརྡདྲཔྲྤདྲཏྲ ༼ཆ་ཚང་བ།༽ རང་ཤུགས་ཀྱིས་ཡོང་གི་ཡོད། ཇདྣརྡདྲཔྲྤདྲཏྲ  ཆ་ཚང་བ་ཞིག་ ཤེས་ཀྱི་རེད། དཔེར་ན་འདིར་གནས་ཚུལ་བྱེ་བྲག་པ་ལེགས་ཉེས་གང་ཞིག་ཡིན་ན་ཡང་གནས་ཚུལ་ཞིག་བྱུང་བ་དེ་ས་ཆ་དེར་གློ་བུར་དུ་བྱུང་བ་མ་རེད། དེ་ཁ་སང་ཁ་ཉིན་གྱི་རྒྱུ་འབྲས་ཀྱི་གནས་ཚུལ་ཐོག་ནས་ཡོང་གི་ཡོད། ད་ལྟ་ད་ལྟའི་དུས་མཉམ་པའི་རྐྱེན་མང་པོ་ཞིག་ལ་ལྟོས་ཡོད། དེར་བརྟེན་འདོད་བྱ་དགོས་པ་དོན་ཞིག་ཡིན་ན་ཡང་དེ་ཡོང་བ་དང་རྒྱུན་མཐུད་ནས་གནས་རྒྱུ་དེ་དེའི་གཡས་གཡོན་ལ་བརྟེན་པའི་རྒྱུ་རྐྱེན་དེ་དག་ལ་བསམ་བློ་གཏོང་དགོས་པ་ལས་དེ་གཅིག་པུ་མུ་མཐུད་ནས་བསྡད་རོགས་བྱས་ན་བསམ་པའི་རེ་བ་བརྒྱབ་ཀྱང་ཕན་པ་མེད།

འདིར་ཚ་གྲང་སྙོམས་པོ་ཞིག་ཡོད་ཀྱང་ཚ་གྲང་སྙོམས་པོ་ཡོང་བའི་རྐྱེན་མང་པོ་ཞིག་ཡོད་པས་དེ་དག་ལ་བསམ་བློ་བཏང་ནས་ཚ་གྲང་སྙོམས་པོར་གནས་པ་ཞིག་བྱེད་དགོས་པ་ལས་ཚ་གྲང་སྙོམས་པོ་ཁོ་ནར་བསམ་བློ་བཏང་ནས་ཚ་གྲང་དེ་གནས་རོགས་བྱས་ན་བསམ་ཀྱང་ཡོང་ཐུབ་ཐབས་མེད།

                དེ་བཞིན་དཔེར་ན། དེ་རིང་ཚ་གྲང་སྙོམས་པོ་ཡོང་བ་དེ་ཁ་སང་ཁ་ཉིན་ནས་གནམ་གཤིས་ཀྱི་འགྱུར་བ་དང་གྲ་སྒྲིག་གི་མཐུན་རྐྱེན་མང་པོ་ཞིག་ལ་བརྟེན་ནས་ཡོང་གི་ཡོད། ཁ་སང་ཁ་ཉིན་གྱི་རྒྱུ་རྐྱེན་དེ་དག་ཚང་མེད་ན། དེ་རིང་བྱུང་རོགས་བྱས་ན་བསམ་ཏེ་དྲན་ན་ཡང་ཡོང་གི་མ་རེད།

 

རྟེན་འབྱུང་ཕྲ་རགས་ཤེས་པས་ཕྲལ་ཡུན་གྱི་

བདེ་སྐྱིད་འབྱུང་ཚུལ།

 

 

                རྟེན་འབྱུང་ཞེས་རྒྱུ་འབྲས་ཀྱི་རྟེན་འབྱུང་དང་གཅིག ལྟོས་གྲུབ་ཀྱི་རྟེན་འབྱུང་དང་གཉིས། དེའི་ལྟ་བ་དེར་གོ་བ་ཞིག་ཆགས་ཤིང་དེའི་ལྟ་བ་བསམ་བློའི་ནང་ཡོད་ན་ཆབ་སྲིད་ཀྱི་གནས་ཚུལ་དང༌། དཔལ་འབྱོར་གྱི་གནས་ཚུལ། ཁོར་ཡུག་གི་གནས་ཚུལ། འཕྲོད་བསྟེན་གྱི་གནས་ཚུལ་སོགས་གང་ཞིག་ཡིན་ཡང་འདིའི་ཐོག་ནས་བལྟས་པ་ཡིན་ན། བསམ་བློ་དེ་རང་བཞིན་གྱིས་རྒྱ་ཆེན་པོ་དང་གུ་ཡངས་པོ་ཞིག་ཆགས་ཡོང་གི་རེད།

                ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་གཅིག་དེ་ཇི་ཙམ་གྱིས་བསམ་བློ་དེ་གུ་ཡངས་པོ་དང་རྒྱ་ཆེན་པོ། མིག་རྒྱང་ཡངས་པོ་ཞིག་བྱུང་ན་འཕྲལ་སེལ་གྱི་བདེ་བ་ཆེན་པོ་ཞིག་བྱུང་བ་དེས་སྐྱིད་ཐག་ཆོད་ནས་འཕག་འཚག་རྒྱག་དགོས་མིན་ནམ་བསམ་པ་ལྟ་བུ་མི་ཡོང་བ་དང༌། སྡུག་བསྔལ་ཆེན་པོ་ཞིག་བྱུང་ཡང་ང་རང་ཤི་རྒྱག་དགོས་མིན་ནམ་བསམ་པ་དེ་འདྲ་ཡང་མི་ཡོང་བར་ཁྱད་པར་ཆེན་པོ་ཡོད། ངས་ནམ་རྒྱུན་ཕྱི་རྒྱལ་དེ་འདྲར་བཤད་ཀྱི་ཡོད། ཕྱི་རྒྱལ་གྱི་མི་དེ་ཚོའི་གྲས་མང་པོ་ཞིག་དགའ་པོ་ཞིག་བྱུང་ན་འཕག་འཚག་བརྒྱབ་ནས་ཧ་ལས་ལས་བྱེད་པ་དང༌། ཅུང་ཟད་མ་འགྲིགས་པ་ཞིག་བྱུང་ན་གདོང་གློད་ནས་སྡུག་སྐད་ཆེན་པོ་ཞིག་རྒྱག་གི་འདུག་ཅིང༌། ང་ཚོ་བོད་པ་དེ་འདྲ་རང་མེད། ལེགས་པ་བྱུང་ཡང་ཨ་ཙི་ཧ་ཅང་ཡག་པོ་བྱུང་ཞེས་བརྗོད་པ་དེ་ཙམ་ལས་འཕག་འཚག་ཤོར་བ་དང༌། རྐུབ་འཚག་ཤོར་བ་དེ་ལྟ་བུ་མེད་མཁན་ཞིག་རེད། སྡུག་པ་ཞིག་བྱུང་ཡང་གང་ཡང་མི་འདུག་ང་ཤི་གི་ཡིན་ཞེས་བརྗོད་མཁན་བོད་པ་ཧ་ལམ་མེད། ཅུང་ཟད་དྲག་གི་རེད། དེ་ཏན་ཏན་ང་ཚོའི་གོམས་གཤིས་ནང་ཅུང་ཟད་བསམ་བློ་གུ་ཡངས་པོ་ཡོད་པ་དེས་ཏན་ཏན་ཕན་གྱི་ཡོད།

                དཔེར་ན་ང་ཚོས་ངོ་ཤེས་པའི་ཆོས་པ་དང༌། རྒྱ་མིའི་བཙོན་ཁང་ནང་ལོ་མང་བསྡད་དེ་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་བ་ཞིག་ཡིན་ཡང༌། དེ་ཙམ་གྱི་བསམ་བློ་མ་འཁྲུགས་པ་དེ་འདྲ་ཡོང་གི་ཡོད། དེ་རིགས་ལ་ཚན་རིག་པས་བརྟག་དཔྱད་བྱས་པ་རེད། ང་ཚོ་བོད་ནས་ཚུར་འབྱོར་ཞིང་རྒྱ་མིའི་བཙོན་ཁང་ནང་ལོ་ཉི་ཤུ་རྩ་གྲངས་བསྡད་ཏེ་ཧ་ལས་པའི་སྡུག་བསྔལ་མྱངས་ཤིང༌། ཐ་ན་སྲོག་གི་ཉེན་ཁ་ཐེངས་མང་བྱུང་བ་དེ་ཚོའི་གྲས་བསམ་བློ་ སྒྱྣཔྱནཎརྡ ༼སྤྱིར་བཏང༌།༽ ལྟ་བུར་བསྡད་ཀྱི་ཡོད། སྔར་ང་ཚོ་ཚན་རིག་ཚོགས་འདུ་ཞིག་གི་སར་སྐད་ཆ་བྱུང་སྟེ་ཁོང་ཚོ་ཚན་རིག་པ་ཁ་ཤས་བརྟག་དཔྱད་བྱེད་པར་ཕྱིན་པ་རེད། ཁོང་ཚོ་རྗེས་སུ་ཧ་ལས་ལས་བྱེད་ཀྱི་འདུག བོད་པ་དེ་ཚོའི་གྲས་དེ་སྤྱིར་བཏང་མི་ཞིག་བཙོན་ཁང་ནང་ལོ་མང་པོ་དེ་ཙམ་རིང་དཀའ་ལས་བརྒྱབ་ན་ཏན་ཏན་སེམས་འཁྲུགས་ཀྱི་རེད་ཅེས་དབྱིན་ཇིའི་སྐད་དུ་ ཅཔྱཎསྤྱནཎ ༼ཀླད་ནད།༽ བརྗོད་པ་དེ་ཏན་ཏན་ཡོང་གི་རེད། འོན་ཀྱང་བོད་པ་དེ་ཚོའི་གྲས་ལ་མི་འདུག དེ་ཧ་ལས་པའི་ཁྱད་མཚར་རེད་ཅེས་དེ་ལྟར་བརྗོད་ཀྱི་འདུག དེར་བརྟེན་ང་ཚོར་ ཇདྣརྡདྲཔྲྤདྲཏྲ ཆདྲྟཕ ༼ལྟ་བ་ཆ་ཚང་བ།༽ དེའི་ཐོག་ལ་བྱམས་པ་དང་བརྩེ་བ་ཞེས་པ་དེ་ཚོའི་གྲས་ཀྱི་བསམ་བློ་ཞིག་ཡོད་ན། ཏན་ཏན་མིའི་སེམས་ལ་ཞི་བདེ་མང་བ་ཡོང་བ་དེ་མྱོང་བས་གྲུབ་པ་རེད། ཚན་རིག་པ་ཚོས་ཀྱང་ངོས་འཛིན་བྱེད་ཀྱི་འདུག་ལ་དེ་ཧ་ཅང་གསལ་པོ་རེད།

                དཔེར་ན་ངས་ངོ་ཤེས་པའི་ཚན་རིག་པ་སྤོ་ལགས་ཤིག་ཡོད། ཚན་རིག་པ་སྐད་གྲགས་ཆེན་པོ་ཞིག་རེད། ཁོང་འདི་གའི་ཚན་རིག་ཚོགས་འདུར་ཡོང་སྟེ་ང་ཚོ་ཉེ་པོ་ཆགས་ཏེ་བྱམས་པ་དང་སྙིང་རྗེའི་སྐོར་ཧ་ཅང་བཤད་རེས་བྱས་པ་རེད། རྗེས་སུ་ཁོང་གིས་འདི་ལྟར་བརྗོད་ཀྱི་འདུག ཁོ་རང་ནམ་རྒྱུན་རླུང་ཧ་ཅང་ལང་པོ་ཡོད་ཅིང༌། ཁོ་རང་ཆུང་ཆུང་སྟེང་ནས་རྟག་ཏུ་པ་ལགས་དེས་གཤེ་གཤེ་བཏང་སྟེ་ཧ་ཅང་མ་སྐྱིད་པ་བཟོས་པ་ལྟ་བུའི་རྐྱེན་གྱིས་ང་རང་རླུང་ཧ་ཅང་ལང་པོ་ཡོད། དེ་ནས་ང་ཚོ་ཐུག་སྟེ་བྱམས་པ་དང་སྙིང་རྗེའི་སྐོར་གོ་བསྡུར་བྱས་ཤིང༌། ཁོ་རང་གིས་ཀྱང་ཞིབ་འཇུག་བྱེད་ཀྱི་ཡོད། དེར་བརྟེན་གོ་བསྡུར་དང་ཞིབ་འཇུག་ལྟ་བུ་བྱས་པའི་རྐྱེན་གྱིས། ང་ཚོ་གོ་བསྡུར་བྱས་ཏེ་ཚོགས་འདུ་འཚོགས་རྗེས་ཟླ་བ་དྲུག་བདུན་ཙམ་རིང་རླུང་རྩ་བ་ནས་ལང་རྒྱུ་མེད་པ་ཆགས་པ་དང༌། སེམས་ཧ་ཅང་སྐྱིད་པོ་བྱུང་ཞེས་དེ་ལྟར་བརྗོད་ཀྱི་འདུག

                དེ་ཚན་རིག་གི་ཐོག་ནས་འགྲེལ་བཤད་རྒྱབ་ཐུབ་ཀྱི་མ་རེད། ཀླད་རྩའི་ཐོག་ནས་ཀྱང་འགྲེལ་བཤད་རྒྱབ་ཐུབ་ཀྱི་མ་རེད་ཅེས་བརྗོད་ཀྱི་འདུག ཁོ་རང་རང་ལ་དངོས་སུ་ཉམས་མྱོང་བྱུང་བ་ཞིག་རེད། སྤྱིར་བཏང་ཚན་རིག་གི་ཐོག་ནས་འབྲེལ་བཤད་རྒྱབ་མི་ཐུབ་པའི་ཉམས་མྱོང་བྱུང་ཞེས་དེ་ལྟར་བཤད་སོང༌། དེར་བརྟེན་བྱམས་བརྩེ་ཞེས་པ་དེས་མིའི་སེམས་ལ་བདེ་སྐྱིད་སྤྲད་ཐག་ཆོད་རེད། དེ་འཕྲོས་བཤད་རེད།

                ནང་པ་སངས་རྒྱས་པས་རྟེན་འབྱུང་ཞེས་བཤད་པ་དེ་ཐུན་མོང་མ་ཡིན་པ་ཞིག་རེད། དེར་བརྟེན་རྟེན་འབྱུང་གི་རྒྱུ་མཚན་གྱི་ཐོག་ནས་འགྲེལ་བཤད་བརྒྱབ་ཡོང་གི་ཡོད། འཇིག་རྟེན་བཀོད་པ་པོ་བཞག་ན་བདེ་པོ་མི་འདུག་ལ། གཙོ་བོ་བཞག་ཀྱང་བདེ་པོ་མི་འདུག རྒྱུ་དང་རྐྱེན་ཙམ་ལ་བརྟེན་ནས་ཡོང་གི་ཡོད་པ་རེད།

 

འཚོ་བ་དངོས་དང་སྦྱར་ནས་བདེན་

བཞིའི་ངོ་སྤྲོད་སྐོར།

 

 

                བཅོམ་ལྡན་འདས་ཀྱིས་རྒྱུ་འབྲས་ཀྱི་རྟེན་འབྱུང་ཞེས་པའི་ལྟ་གྲུབ་ཀྱི་ཐོག་ནས་ཆོས་འཁོར་དང་པོ་གསུངས་སྐབས་བདེན་བཞིའི་ཆོས་འཁོར་ཞེས་པ་འདི་རེད། སྡུག་བསྔལ་བདེན་པ་དང༌། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་ཞེས་བདེན་པ་བཞི་གསུངས་ཡོད། བདེན་པ་བཞི་གསུངས་པའི་དགོས་པ་ནི་སྡུག་བསྔལ་བདེན་པ་དང་འགོག་པའི་བདེན་པ་ཞེས་པ་དེ་ང་ཚོར་དགོས་པ་དེ་རེད། ང་ཚོའི་དོན་རྩ་དེ་རེད།

                སྡུག་བསྔལ་ཞེས་པ་དེ་ང་ཚོས་མི་འདོད་ཅིང་བདེ་སྐྱིད་ཅེས་པ་དེ་ང་ཚོར་དགོས་ཀྱི་ཡོད། སྤྱིར་ང་ཚོ་སྡུག་བསྔལ་མི་འདོད་པ་རེད། སྡུག་བསྔལ་མི་འདོད་པ་ཞིག་ཡིན་ན་སྡུག་བསྔལ་ཞེས་པ་དེ་ཇི་འདྲ་ཞིག་ཡིན་པ་དེ་ཞིབ་ཚགས་པོའི་ཐོག་ནས་ཤེས་དགོས།

                དེར་བརྟེན་བཅོམ་ལྡན་འདས་ཀྱིས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་ངོ་སྤྲོད་གནང་བ་རེད། འཕགས་པའི་བདེན་པ་གསུངས་པ་དེ་ནད་ན་ཚ་ལྟ་བུའི་སྡུག་བསྔལ་ཡིན་ན་འཕགས་པའི་བདེན་པ་ཞེས་གསུངས་དགོས་པ་གང་ཡང་མེད། ང་རང་ཚོས་མཐོང་གི་ཡོད། སྡུག་བསྔལ་རིམ་པ་མང་པོ་ཡོད་པའི་ནང་ནས། དཔེར་ན་ནད་ཀྱི་སྡུག་བསྔལ་ལྟ་བུར་ཆགས་བཞག་ན་ཐོག་མར་ང་རང་ཚོའི་གཟུགས་པོར་ཨ་ར་ཨུ་རུའི་ན་ཟུག་བརྒྱབ་པའི་སྡུག་བསྔལ་ཞིག་ཡོད་པ་དེ་ཉིད་ཡོང་བའི་འོག་དེར་ཨ་ཚ་ཟེར་བ་དེ་ ྔཕྲནསྣྲྤྣན ༼ནད་རྟགས་སམ། རྟགས་མཚན།༽ རེད། གཟུགས་པོའི་ནང་དུ་མ་འགྲིགས་པ་ཞིག་གི་འབྲས་བུ་ལྟ་བུར་ཚོར་བ་སྡུག་བསྔལ་དེ་ཡོང་གི་ཡོད། དེ་ཡོང་བའི་གཞི་བྱེད་མཁན་དེ་ལུས་ཀྱི་ནང་ནད་འབུ་ཕྲ་རབ་ལྟ་བུ་སླེབས་པའི་རྐྱེན་གྱིས་ལུས་ཀྱི་འབྱུང་བ་འཁྲུག་ཅིང་དེས་རྐྱེན་པས་ན་ཟུག་དེ་བྱུང་བ་རེད། སྡུག་བསྔལ་ཤེས་པར་བྱ་ཞེས་བརྗོད་སྐབས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ།།

ཞེས་གསུངས་པ་དེ། སྡུག་བསྔལ་ཨ་ར་ཨུ་རུ་ཞེས་བརྗོད་པའི་ན་ཟུག་དེ་ཙམ་མིན་པར་དེ་ཡོང་བའི་གཞི་ལྟ་བུ་དེ་དག་ཤེས་དགོས་ཞེས་གསུང་གི་ཡོད། དེར་བརྟེན་བཅོམ་ལྡན་འདས་ཀྱིས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ།།

ཞེས་གསུངས་སྐབས་འཕགས་པའི་བདེན་པ་ཞེས་བསམ་བློ་གཏིང་རིང་པོ་གཏོང་མཁན་ཞིག་གིས་བདེན་པ་མཐོང་བ་ཞིག་དང༌། སྡུག་བསྔལ་མཐོང་བ་ཞིག་རེད་ཅེས་གསུངས་ཀྱི་ཡོད།

                དེ་ལའང་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་ཞེས་སྡུག་བསྔལ་རིམ་པ་གསུམ་བཤད་ཀྱི་ཡོད། སྡུག་བསྔལ་གྱི་སྡུག་བསྔལ་ཞེས་བརྗོད་སྐབས་ནམ་རྒྱུན་ཡོངས་གྲགས་ཀྱི་སྡུག་བསྔལ་དེ་དག་རེད། སྡུག་བསྔལ་དེ་ཡོང་བའི་གཞི་དེ་འགྱུར་བའི་སྡུག་བསྔལ་དང༌། ལྷག་པར་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་པ་དེས་སྡུག་བསྔལ་དེ་དག་གི་གཞི་བྱས་ཡོང་གི་ཡོད། དེར་བརྟེན་ང་ཚོ་རང་བཞིན་གྱིས་སྡུག་བསྔལ་མི་འདོད་པ་ཡིན་སྟབས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་སྡུག་བསྔལ་གཅིག་གསུངས། སྡུག་བསྔལ་དེ་དཀོན་མཆོག་གིས་བཟོས་པ་མིན་ལ། རྒྱུ་མེད་རྐྱེན་མེད་ལས་གློ་བུར་དུ་བྱུང་བ་ཡང་མིན་པར་རང་རང་གི་རྒྱུ་ལ་བརྟེན་ནས་བྱུང་བ་རེད།

                དེས་ན་སྡུག་བསྔལ་གྲུབ་བྱེད་ཀྱི་རྒྱུ་འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །ཞེས་སྡུག་བསྔལ་ཀུན་ཏུ་འབྱུང་བ། མི་འདོད་པའི་སྡུག་བསྔལ། འབྲས་བུ་སྡུག་བསྔལ་དེ་དང་དེ་གྲུབ་བྱེད་ཀྱི་རྒྱུ་དེ་གསུངས། སྡུག་བསྔལ་མི་འདོད་སྟབས་སྤྱིར་ཚོར་བ་སྡུག་བསྔལ་གྱི་འགལ་ཟླ་ལྟ་བུར་ཚོར་བ་བདེ་བ་ཞིག་ཡོད། ཚོར་བ་བདེ་བ་དེ་ཞིབ་ཏུ་བསམ་བློ་བཏང་ན་ཟག་བཅས་ཀྱི་ཚོར་བ་བདེ་བ་དེ་ཉོན་མོངས་པའི་གཞན་དབང་ཅན་གྱི་ཚོར་བ་བདེ་བ་དེས་སྡུག་བསྔལ་ཡོང་བའི་རྒྱུ་བྱས་ཡོང་གི་ཡོད། ཚོར་བ་སྡུག་བསྔལ་ཡོང་བའི་རྒྱུ་དང་རྐྱེན་བྱས་ཡོང་གི་ཡོད། དེར་བརྟེན་ཚོར་བ་བདེ་བ་དེ་ཙམ་མིན་པར་ངོ་མ་བདེ་བ་དེ་སྡུག་བསྔལ་ཕྲ་རགས་ཡོང་བའི་རྒྱུ་དེ་ཉིད་མེད་པ་ཞིག་བཟོ་ཐུབ་ན་དེ་གཏན་དུ་བདེ་བ་རེད། མེད་པ་ཆགས་པ་དེ་གཉེན་པོ་སྐྱེས་པའི་སྟོབས་ཀྱིས་མེད་པ་བཟོ་དགོས་པ་ཞིག་ཡིན་པས་ན་འགོག་པ་ཞེས་བརྗོད་པ་རེད།

               སྡུག་བསྔལ་རྒྱུ་དང་བཅས་པ་འབད་བརྩོན་བྱས་རེ་གཉེན་པོ་སྐྱེས་པའི་སྒོ་ནས་བཅོམ་པའམ་བཀག་པའི་སྒོ་ནས་མེད་པ་ཆགས་པ་དེ་ལྟ་བུར་སྡུག་བསྔལ་འགོག་པ་ཞེས་བརྗོད་པ་རེད། དེ་གཏན་དུ་བདེ་བ་རེད། ཚོར་བ་བདེ་བ་ཡིན་མིན་མི་ཤེས་ཀྱང་སྡུག་བསྔལ་རྒྱུ་དང་བཅས་པ་མེད་པ་ཆགས་པ་ཡིན་སྟབས། མེད་པ་ཆགས་པའི་རིམ་པ་ཞིག་ལ་སླེབས་ཡོང་བས་ན་དེ་གཏན་དུ་བདེ་བ་རེད། ང་ཚོ་བདེ་བ་འདོད་ཀྱི་ཡོད་པས་དེ་ང་ཚོར་དགོས་པ་དེ་རེད། 

                འབྲས་བུ་བསྒྲུབ་བྱ་འགོག་བདེན་ཞེས་པ་ནི། འདི་ནི་འགོག་པ་འཕགས་པའི་བདེན་པའོ་ཞེས་དང༌། འདི་ནི་ལམ་འཕགས་པའི་བདེན་པའོ་ཞེས་པ་ནི་དེ་ལྟ་བུའི་འགོག་པ་དེ་སྒྲུབ་བྱེད་ཀྱི་ཐབས་སམ་དེར་བགྲོད་པའི་ལམ་ཡིན་པས་ན་ལམ་གྱི་བདེན་པ་ཞེས་གསུངས་པ་རེད།

                འདི་ནི་ལམ་འཕགས་པའི་བདེན་པའོ་ཞེས་བདེན་བཞིའི་ངོ་བོ་ལ་བཟླས་པ་དང༌། བདེ་བཞིའི་ངོ་བོ་ལ་བཟླས་པ་ཞེས་པ་དེས་དངོས་པོའི་གནས་ཚུལ་དེ་གསུངས་ཀྱི་ཡོད། འོ་ན་འགོག་པའི་བདེན་པ་ཞེས་པ་དེ་དངོས་པོའི་གནས་ཚུལ་རེད་དམ་ཞེ་ན། ད་ལྟ་གྲུབ་མེད་ཀྱང་དེ་གཞི་ལ་ཡོད་ཆོག་པ་ཞིག གང་ལགས་ཞེ་ན་ཕྱིན་ཅི་ལོག་པའི་བློ་ཞིག་ཡིན་ན། ཐ་སྙད་ཟོར་ཡངས་བ་བྱས་ཏེ་སྤྱིར་བཏང་བཤད་ན། འཁྲུལ་བའི་བློའམ་ཕྱིན་ཅི་ལོག་པའི་བློ་གང་ཞིག་བརྗོད་ན་ལེགས་འདུག་གམ། ཕྱིན་ཅི་ལོག་པའི་བློ་ཞིག་ཡིན་ན་དེ་ཕྱིན་ཅི་ལོག་པ་ཞིག་ཡིན་ཕྱིན་ཆད་ལ་དོན་དངོས་པོའི་གནས་ཚུལ་དང་མི་མཐུན་ཞིང་དོན་དངོས་པོའི་གནས་ཚུལ་དང་རྒྱབ་འགལ་ཆགས་ཡོད། དོན་དངོས་པོའི་གནས་ཚུལ་དང་རྒྱབ་འགལ་ཆགས་ན་དུས་ནམ་གྱི་ཚེ་ཡང་དོན་དངོས་པོའི་གནས་ཚུལ་ངོ་མ་དེ་གནས་ཡོད། དེར་བརྟེན་དོན་དངོས་པོའི་གནས་ཚུལ་ཇི་ལྟར་གནས་པ་ལྟར་ཤེས་པའི་བློ་དེ་དང༌། དོན་དངོས་པོའི་གནས་ཚུལ་ལ་རྒྱབ་འགལ་དུ་འཛིན་པའི་བློ་གཉིས་པོ་ནམ་དུ་ཡང་འགལ་བ་རེད། གཅིག་གིས་གཅིག་ལ་འཛིན་སྟངས་འགལ་བའི་སྒོ་ནས་གནོད་བྱ་གནོད་བྱེད་ཆགས་ཡོད། དེར་བརྟེན་ཕྱིན་ཅི་ལོག་གི་བློ་ཞིག་ཡིན་ཕྱིན་ཆད་ལ་དེར་འཛིན་སྟངས་འགལ་བའི་ཕྱིན་ཅི་མ་ལོག་པའི་བློ་ཞིག་ནམ་དུ་ཡང་གཞི་ལ་ཡོད་མུས་རེད། དེ་སྐྱེས་མ་སྐྱེས་ཞེས་པ་དེ་གནས་ཚུལ་ཐ་དད་རེད།

                ང་རང་ཚོས་འབད་བརྩོན་བྱས་ཏེ་ཕྱིན་ཅི་ལོག་པའི་བློ་དེ། དཔེར་ན༑ གོང་དུ་བརྗོད་པའི་བདག་ཅེས་ཕུང་པོར་དབང་བསྒྱུར་མཁན་གྱི་ང་ཞིག་ཡོད་བསམ་སྟེ་དྲན་པའི་དབང་བསྒྱུར་མཁན་གྱི་ང་ཕུང་པོར་ལྟོས་པ་མེད་པར་གནས་མཁན་ཞིག་ཡོད་བསམ་ནས་འཛིན་མཁན་གྱི་བློ་དེ་ཕྱིན་ཅི་ལོག་པའི་བློ་རེད། ཕྱིན་ཅི་ལོག་པའི་བློ་དེར་དུས་ནམ་གྱི་ཚེ་ཡང་ཕུང་པོ་ལས་དོན་གཞན་པའི་བདག་མེད་སྟབས་ཕུང་པོ་ལས་དོན་གཞན་མེད་པའི་བདག་མེད་པ་ཤེས་མཁན་གྱི་བློ་ཞིག་ནམ་དུ་ཡང་ཡོང་སྲིད་པ་དང་ཡོང་ཆོག་པ་ཞིག་རེད། ངའི་རྒྱུད་ལ་སྐྱེས་མ་སྐྱེས་གནས་ཚུལ་ཐ་དད་རེད། ནམ་དུ་ཡང་དེ་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་ཞིག་ཡོད་ན། དོན་ཇི་མ་ཇི་བཞིན་ཤེས་པའི་བློ་ཞིག་ནམ་དུ་ཡང་ཡོད་ལ་ཡོང་ཆོག་པ་རེད། དེར་བརྟེན་དེའི་གནད་འགག་དེ་འགོག་པའི་བདེན་པ་ཞེས་པ་དེ་ད་ལྟ་ང་རང་ཚོའི་རྒྱུད་ལ་སྐྱེས་མེད་ཀྱང་སྤྱིར་སྡུག་བསྔལ་ཡོང་བའི་རྒྱུ་ཀུན་འབྱུང་ཞེས་པ་དེའི་རྩ་བ་ཉོན་མོངས་པའི་ཀུན་འབྱུང་གི་རྩ་བ་དེའི་ཉོན་མོངས་དེ་དག་ཕྱིན་ཅི་ལོག་པའི་བློ་ཆགས་ཡོད། དེས་ན་ཕྱིན་ཅི་ལོག་པའི་བློ་དེར་ནམ་གྱི་ཚེ་ཡང་འགལ་ཟླའི་ཕྱིན་ཅི་མ་ལོག་པའི་བློ་ཞིག་ཡོང་ཆོག་པ་རེད། དེ་ཕྱིན་ཅི་ལོག་མ་ལོག་ཅེས་པ་དེ་བློ་དེ་ཉིད་གྲུབ་ཙམ་ནས་ཕྱིན་ཅི་ལོག་མ་ལོག་གི་སྐད་ཆ་བཤད་རྒྱུ་མེད་ཅིང༌། བློ་དེས་ཇི་ལྟར་བཟུང་བ་ལྟར་དོན་ལ་གནས་ན་ཕྱིན་ཅི་མ་ལོག་པའི་བློ་རེད། བློ་དེས་ཇི་ལྟར་བཟུང་བ་ལྟར་དོན་ལ་གནས་མེད་ན་ཕྱིན་ཅི་ལོག་པའི་བློ་ཆགས་ཀྱི་ཡོད། 

                དེར་བརྟེན་ད་ལྟ་ངར་འཛིན་པའི་བློའམ་བདག་ཏུ་འཛིན་པའི་བློ་དེས་ཇི་ལྟར་བཟུང་བའི་ཡུལ་དེ་བདག་ཏུ་གྲུབ་པ་དེ་རེད། བདག་ཏུ་གྲུབ་པ་དེ་དུས་ནམ་གྱི་ཚེ་ཡང་བདག་ཏུ་གྲུབ་པ་དེ་མེད་སྟབས་དེ་དངོས་པོའི་གནས་ཚུལ་ཆགས་ཡོད། རང་དབང་བའི་བདག་གིས་སྟོང་པའམ་བདག་མེད་པ་ཞེས་པ་དེ་རང་བཞིན་ལྷན་སྐྱེས་ཀྱི་གནས་སྟངས་ཤིག་ཡིན། དེར་བརྟེན་འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པ་ཞེས་པ་དེ་ད་ལྟ་ཐོབ་མ་ཐོབ་དང་སྐྱེས་མ་སྐྱེས་ཀྱི་སྐད་ཆ་ཞིག་ལས་རྩ་བའི་གཞི་དེ་གཞི་དངོས་པོའི་གནས་ཚུལ་ལ་ཡོད། འདི་ཤེས་པར་གཞི་བདེན་པ་གཉིས་ཞེས་པ་དེ་ཤེས་དགོས་སོ།།

 

བདེན་པ་གཉིས་ཀྱི་རྣམ་གཞག་སྐོར།

 

                གཞི་བདེན་པ་གཉིས་ཞེས་པ་ནི། སྤྱིར་བདེན་པ་གཉིས་ཀྱི་ཐ་སྙད་མུ་སྟེགས་པས་ཀྱང་བརྗོད་ཀྱི་ཡོད། ད་ལྟ་སྤྱིར་སངས་རྒྱས་པའི་གཞུང་དང་དེའི་ནང་ཚན་ནས་དབུ་མ་པ། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ་བཅས་བཞི་ལས་ཐེག་ཆེན་གྱི་གྲུབ་མཐའ་དབུ་མ་པས་བདེན་པ་གཉིས་ཞེས་པ་དེ་ཇི་འདྲ་ཞིག་ལ་བརྗོད་ཀྱི་ཡོད་དམ་ཞེ་ན། བདེན་གཉིས་ངོ་བོ་གཅིག་པ་སྟེ་གཞི་གཅིག་ལ་དེ་ཉིད་སྣང་ཙམ་གྱི་ཡིན་ལུགས་སམ་དེ་ཉིད་ཀྱི་མཐར་ཐུག་གི་ཡིན་ལུགས་དེ་ཤེས་དགོས། དེ་ཡོད་ཅིང་དེ་ཡོད་པ་དེ་ཤེས་དགོས། ཤེས་དགོས་པ་དེ་གང་ལགས་ཤེ་ན། ང་རང་ཚོའི་འཁྲུལ་བའི་བློའམ་ཕྱིན་ཅི་ལོག་པའི་བློ་དེ་སྣང་ཚུལ་གཞིར་བཞག་པའི་ཐོག་ནས་ཕྱིན་ཅི་ལོག་པའི་བློ་དེ་ཡོང་གི་ཡོད། སྣང་ཚུལ་གཞིར་བཞག་པའི་ཐོག་ནས་ཕྱིན་ཅི་ལོག་གི་བློ་སྐྱེས་པ་དེ་གནས་ཚུལ་ཇི་ལྟར་ཡིན་ཤེས་པའི་བློ་དེས་དེ་ལ། དཔེར་ན་ང་རང་ཚོའི་ གྲརྣསྤྲྟཔྲྤདྲཐྲཎྤདྲྣརྣ  ༼རྟོག་ཞིབ་བམ། ཞིབ་དཔྱོད།༽ མི་ཞིག་ཁྲིམས་ལ་ཐུག་ན་ གྲརྣསྤྲྟཔྲྤདྲཐྲཎྤདྲྣརྣ  བྱེད་དགོས་ཀྱི་ཡོད། ཧོབ་སྟེ་བལྟས་ན་གཅིག་ལས་གཅིག་ཧམ་པ་ཚ་བ་ལྟ་བུ་ཡོད་ཀྱང༌། དེ་སྣང་ཚུལ་གྱི་ཧམ་པ་ཚ་ལོས་གཅིག་པུར་ཆ་མ་བཞག་པར་བདེན་དཔང་བྱེད་མཁན་གྱི་མི་མང་པོར་རྩད་གཅོད་བྱས་ཏེ་ཁོས་འདི་བཤད་ཀྱི་འདུག ཁོས་སྣང་ཚུལ་ལ་འདི་ལྟར་བཤད་ཀྱི་འདུག་ཀྱང་ཁོའི་ཡིན་ཚུལ་ངོ་མ་གང་ཞིག་ཡིན་མིན་རྩད་གཅོད་མང་པོ་བྱས་ནས། སུ་བདེན་པ་ཡིན་དང་སུ་རྫུན་པ་ཡིན་ཐག་གཅོད་བྱེད་དགོས་པ་ལྟར་ང་རང་ཚོའི་ཆགས་སྡང་གི་བློ་ལྟ་བུར་ཆ་བཞག་ན། ཆགས་སྡང་གི་བློ་སྐྱེ་སྐབས་ཆགས་སྡང་གི་བློ་སྐྱེ་སའི་ཡུལ་དེ་ཤིན་ཏུ་ཡིད་དུ་འོང་བ་དང༌། ཤིན་ཏུ་ཡིད་དུ་མི་འོང་བ་ཞིག་དོན་གྱི་ངོས་ནས་ང་ཚོར་སྣང་གི་ཡོད། སྣང་བ་ལྟར་ཡིད་དུ་འོང་བ་སྣང་ནས་དེ་ལྟར་དུ་ཞེན་ཅིང་ཆགས་པའི་ཆགས་པ་སྐྱེས་ཡོང་གི་ཡོད། ཡིད་དུ་མི་འོང་བ་ཞིག་སྣང་ནས་སྣང་བ་ལྟར་དུ་ཆེས་ཤིན་ཏུ་མི་སྡུག་པར་བལྟས་ནས་དེ་ལས་ཐག་སྲིང་ཞིང༌། དེ་ལས་རྒྱབ་ཀྱིས་ཕྱོགས་པའི་སྡང་བའི་བློ་དེ་སྐྱེས་ཡོང་གི་ཡོད།

                དེར་བརྟེན་དེ་ལྟ་བུའི་ཆགས་སྡང་གི་བློས་མཚོན་པའི་ཕྱིན་ཅི་ལོག་པའི་བློ་དེ་དག་སྣང་ཚུལ་དེ་གཞི་ལ་བཞག་པའི་ཐོག་ནས་ཡོང་གི་ཡོད། འཁྲུལ་པའི་བློའམ་ཕྱིན་ཅི་ལོག་པའི་བློ་དེ་དག་ཕྱིན་ཅི་མ་ལོག་པའི་བློ་དེས་ཕྱིན་ཅི་ལོག་པའི་བློ་ཡིན་པ་ཤེས་པ་དེ། དེ་ཉིད་ཀྱི་ཡིན་ལུགས་ཇི་འདྲ་ཞིག་འདུག་རྩད་གཅོད་བྱས་ཏེ་མི་ལྟ་བུར་མཚོན་ན་བོང་བུ་བཏོན་དགོས་པ་ལས། དེ་ཉིད་ཀྱི་སྣང་ཚུལ་གྱི་ཐོག་ནས་ཤེས་ཐུབ་རྒྱུ་ཁག་པོ་ཡོད། 

                དཔེར་ན། ངས་གོང་དུ་བརྗོད་པ་ལྟར་ཁྲིམས་ལ་ཐུག་པའི་མི་གཉིས་ཀྱིས་གཅིག་ལས་གཅིག་གིས་ཧམ་པ་ཚ་བའི་སྐད་ཆ་བཤད་པ་དེ་གའི་ཐོག་ནས་ཐག་གཅོད་བྱེད་ཐུབ་ཀྱི་མེད། གཉིས་ཀས་བདེན་པ་ཡིན་ཞེས་བརྗོད་ཀྱི་ཡོད།  གཅིག་གིས་གཅིག་ཤོས་དེ་ཧ་ཅང་གི་ཐ་ཞན་རེད་ཅེས་བརྗོད་པ་དང༌། གཅིག་ཤོས་དེས་ཀྱང་ཕར་ཕྱོགས་དེ་ཧ་ཅང་གི་ཐ་ཞན་རེད་ཅེས་བརྗོད་སྐབས་མོ་བརྒྱབ་པ་དང༌། ཡང་ན་རྒྱན་ལྟ་བུ་རྒྱབ་ན་དེ་ནི་ཡ་ཡུས་རེད། དེས་ན་ཧ་ཅང་རྩད་གཅོད་བྱེད་དགོས་ཀྱི་ཡོད།

                དེ་བཞིན་དུ་སྣང་ཚུལ་དེ་འདྲ་ཞིག་སྣང་གིན་འདུག་ཀྱང་ང་ཚོར་བློ་བྱེ་བྲག་པ་ཞིག་སྐྱེ་སྐབས་སྣང་ཚུལ་དེའི་སྟེང་ནས་བློ་ཞིག་སྐྱེས་ཡོང་གི་ཡོད།  བློ་དེས་ཕན་གནོད་གང་ཞིག་ཡོད་མེད་དེར་བསམ་བློ་བཏང་སྟེ། གལ་སྲིད་གནོད་པའི་རིགས་ཤིག་ཡིན་ན། བློ་དེའི་གནས་སྟངས་ངོ་མ་ཇི་འདྲ་ཞིག་ཡོད་པ་དེར་རྩད་གཅོད་དང༌། བརྟག་དཔྱད་བྱས་པའི་ཐོག་ནས་དེ་ཕྱིན་ཅི་ལོག་གི་བློ་དེ་ཤུགས་ཆུང་དུ་གཏོང་དགོས་པ་ཞིག་ཆགས་ཀྱི་ཡོད་སྟབས། སྣང་ཙམ་དུ་མ་བརྟག་མ་དཔྱད་པའི་སྟེང་ནས་བཞག་པའི་རིམ་པ་གཅིག་དང༌། ཕུགས་ཀྱི་སྡོད་ལུགས་ཀྱི་གནས་སྟངས་གཅིག དེར་བརྟེན་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་སྟེ་བདེན་པ་གཉིས་ཞེས་པ་ཞིག་བཤད་ཀྱི་ཡོད། དེས་ན་བདེན་པ་གཉིས་ཀྱི་རྣམ་གཞག་སྟེང་ནས་འགོག་པའི་བདེན་པ་ཞེས་པ་དེ་གྲུབ་དགོས་ཤིང༌། དེ་གྲུབ་སྐབས་དོན་དེ་མངོན་སུམ་དུ་རྟོགས་པའི་ལམ་གྱི་བདེན་པ་ཞེས་པ་དེའི་ཡན་ལག་དང་བཅས་པ་དེ་དག་ཤེས་དགོས། དེར་བརྟེན་ཐོག་མར་བདེན་བཞིའི་ངོ་བོ་ལ་བཟླས་པ་ཞེས་པ་དེས་གཞི་དངོས་པོའི་གནས་ཚུལ་དེ་གསུངས་ཤིང༌། དེས་ན་སངས་རྒྱས་པའི་ཆོས་ཀྱི་ནང་ཤེས་པ་ཞེས་པ་དེ་ཧ་ཅང་གི་གལ་ཆེན་པོར་བརྩི་བ་དང༌། སངས་རྒྱས་པའི་ཆོས་ཀྱི་ནང་བདེ་བ་དང་སྡུག་བསྔལ་ཞེས་པ་དེ་རྒྱུ་དང་རྐྱེན་ལ་ལྟོས་ནས་བྱུང་བ་རེད་ཅེས་ཐག་གཅོད་དགོས་ལ་ཐག་གཅོད་ཀྱི་ཡོད།

 

སྤྱིར་འདུས་བྱས་དང༌། རྣམ་ཤེས་ཀྱི་

ནུས་པའི་སྐོར།

 

                ང་རང་ཚོ་དུད་འགྲོ་དང་བཅས་པ་སེམས་ཅན་སུ་དང་སུ་ཡིན་ན་ཡང་འདོད་པའི་བདེ་བ་ཞེས་པ་དེ་དང༌། མི་འདོད་པའི་སྡུག་བསྔལ་ཞེས་པ་དེ་བེམ་པོ་མ་ཡིན་པར་ཤེས་པ་རེད། བདེ་བ་ཞེས་པ་དེ་ཚོར་བ་བདེ་བ་དང་སྡུག་བསྔལ་ཞེས་པ་དེ་ཚོར་བ་སྡུག་བསྔལ་རེད། དཔེར་ན་ཤིང་དང༌། མེ་ཏོག རྡོ་ལྟ་བུ་དེ་དག་ལ་ཚོར་བ་བདེ་སྡུག་བཤད་རྒྱུ་མེད། དེ་དག་ སྐྲདྟནདྲཏྲཎརྡ ༼རྫས་སྦྱོར།༽ རྫས་ཀྱི་ནུས་པར་བརྟེན་ནས་ཡོང་གི་ཡོད། དཔེར་ན་མེ་ཏོག་དང་རྩྭ་འགའ་ཞིག་ང་ཚོའི་མཛུབ་མོ་ཐུག་ན་འཁུམ་འགྲོ་མཁན་ངོ་ཚའི་རྩྭ་ཞེས་པ་ཞིག་ཡོད། རྩྭ་དེར་ཤེས་པ་ཡོད་དམ་ཞེ་ན། དེ་མ་གཞི་ལྐོག་གྱུར་རེད། ཤེས་པ་ཨེ་ཡོད། སྤྱིར་བཏང་དེར་ཤེས་པ་མེད་པར་སེམས་མེད་བེམ་པོ་ཡིན་པའི་དབང་དུ་བྱས་ན་རྫས་ཀྱི་ནུས་པར་བརྟེན་ནས་ཡོང་གི་ཡོད། 

                དཔེར་ན་ང་རང་ཚོས་མེ་ལྟ་བུར་ལག་པ་འདི་ལྟར་བྱས་ན་མེ་དེ་ཕར་འཁྱོག་ནས་འགྲོ་གི་ཡོད། མེ་དེར་ཤེས་པ་མེད་ཀྱང་དེ་ལག་པའི་རྫས་ཀྱི་རླངས་ཀྱི་ནུས་པ་ལྟ་བུས་མེ་དེ་འཁྱོག་ནས་འགྲོ་བ་ལྟ་བུ་ཡོང་གི་ཡོད། དེར་བརྟེན་དེ་དག་རྫས་ཀྱི་ནུས་པ་རེད། ང་རང་ཚོར་སེམས་ལྡན་གྱི་མིང་གང་ཞིག་བཏགས་རུང་མ་བཏགས་རུང་མདོར་ན་འདི་དང་འདིའོ་སྙམ་པའི་འདུ་ཤེས་ཤིག་ཡོད།  ང་ཚོའི་ ངྣཏྣྤ ༼མི་གཟུགས་འཕྲུལ་ཆས།༽ ལྟ་བུ་དང༌། སྐྲྣནསྣྲསྤྱྤྟཔྱ ༼གློག་ཀླད་འཕྲུལ་འཁོར།༽ ལྟ་བུ་དེ་དག་ཁོ་རང་ཁོ་རང་བསམ་བློ་བཏང་སྟེ་འཕྲུལ་ཆས་ལྟ་བུ་ཆ་ཚང་ཕར་བླུག་ནས་ངོ་ཤེས་པ་ལས་ཁོ་རང་རང་སྟོབས་ཀྱིས་འདི་དང་འདིའོ་སྙམ་པའི་ངོས་འཛིན་བྱས་ཤིང་འདུ་ཤེས་སྐྱེས་པ་དང༌། འདུ་ཤེས་དེ་དང་འབྲེལ་བའི་འཇུག་ལྡོག་བྱེད་རྒྱུ་མེད། 

                སྤྱིར་བཏང་བཤད་ཀྱི་ཡོད་པ་ལྟར་ང་རང་ཚོ་མིའི་ཀླད་པ་དེས་ སྐྲྣནསྣྲསྤྱྤྟཔྱ ༼གློག་ཀླད་འཕྲུལ་འཁོར།༽ ལྟར་ལས་ཀ་བྱེད་པ་དེ་ཕྱི་ལོགས་ཀྱི་འཕྲུལ་ཆས་ལྟ་བུ་བཟོས་ན་ཁང་པ་གང་ཙམ་ཡོང་གི་རེད་ཅེས་བརྗོད་ཀྱི་འདུག ང་ཚོའི་ཀླད་པ་ཆུང་ཆུང་དེའི་ནང་ཁང་པ་གང་ཁེངས་པའི་ སྐྲྣནསྣྲསྤྱྤྟཔྱ ༼གློག་ཀླད་འཕྲུལ་འཁོར།༽ དེའི་ནང་ཚང་བ་ལྟ་བུ་ཞིག་རེད་ཅེས་བརྗོད་ཀྱི་འདུག དེར་བརྟེན་ང་ཚོའི་ཀླད་པའི་ནང་འདུ་ཤེས་ཞེས་པ་དེ་ཡོང་གི་ཡོད། འདུ་ཤེས་དེ་དང་འབྲེལ་བའི་ཚོར་བ་བདེ་སྡུག་ཡོང་གི་ཡོད། དེ་ཤེས་པའམ་མྱོང་བ་ཞེས་པ་དེ་རེད།

                མྱོང་བ་སྐྱེ་སྟངས་དེ་ཡང་ཀླད་པའི་རྫས་ལ་བརྟེན་ནས་སྐྱེ་སྟངས་ཤིག་དང༌། དབང་པོ་ལ་བརྟེན་ནས་སྐྱེ་སྟངས་བཅས་ཡོད། ང་ཚོའི་དཔེ་ཆའི་ནང་ཆ་བཞག་ཀྱང་དབང་པོར་བརྟེན་ནས་སྐྱེ་བའི་ཤེས་པ་མང་པོ་ཞིག་ཡོང་གི་ཡོད། ཡིད་བློ་དེ་ཉིད་ཀྱི་སྟེང་ནས་ཡོང་བའི་སྐབས་སུ་བབ་པ་ཤེས་པའི་རིགས་གཅིག་ཡོང་གི་ཡོད། ཡིད་ཁམས་ལ་བརྟེན་ནས་ཡོང་བའི་རིགས་གཅིག་ཡོང་གི་ཡོད། དེར་བརྟེན་གང་ལྟར་ང་རང་ཚོའི་བདེ་བ་དང་སྡུག་བསྔལ་ཞེས་པ་དེ་བཤད་ཕྱིན་ཆད་ལ་དེ་མྱོང་མཁན་གྱི་མྱོང་བའམ་ཤེས་པ་ཞེས་པ་དེ་སླེབས་ཡོང་གི་ཡོད།

                རྒྱྣརྟྟཔྱརྣ ྔཏྲདྲྟརྣཏྲྟ  ༼དེང་དུས་ཀྱི་ཚན་རིག༽ གིས་དེའི་སྐོར་ལ་ད་ལྟ་བར་བསམ་བློ་གཏོང་གི་མེད། ཕྱི་ལོགས་ཁོ་ནར་བསམ་བློ་བཏང་གི་ཡོད།  ངས་འགའ་ཞིག་ལ་བརྗོད་མྱོང་ཡོད། དེ་ནི་དཔེ་ན། སྔར་མི་ཞིག་གིས་གྲངས་ཀ་བརྒྱབ་པ་རེད་ཅེས་བརྗོད་ཀྱི་འདུག ཁོང་ཚོ་མི་ལྔ་ཡོད་ཅིང་མི་ལྔར་སྐལ་བ་ལྟ་བུ་ལྔ་བཟོ་དགོས་ཀྱི་ཡོད། གྲངས་ཀ་རྒྱག་མཁན་དེས་གཅིག གཉིས། གསུམ། བཞི་ཞེས་རང་ཉིད་གྲངས་ཀ་རྒྱག་མཁན་དེ་ཡིན་སྟབས་རང་ཉིད་གྲངས་ཀའི་ཁོངས་སུ་མ་བརྩིས་པར་ཁྱད་མཚར་མི་ལྔ་ཡོད་ཀྱང་མི་བཞི་ལས་མི་འདུག་ཅེས་ཡང་སྐྱར་གྲངས་ཀ་བརྒྱབ་ཏེ་གཅིག གཉིས། གསུམ། བཞི་ཞེས་མི་ལྔ་ནས་བཞི་ལས་མི་འདུག་ཅེས་སླར་ཡང་གཅིག གཉིས། གསུམ། བཞི་ཞེས་གྲངས་ཀ་བརྒྱབ་སྟེ་དངོས་གནས་བྱས་ན་མི་ལྔ་ཡོད་ཀྱང་འདིར་མི་བཞི་ལས་རྩ་བ་ནས་མི་འདུག་ཅེས་གྲངས་ཀ་རྒྱག་མཁན་རང་ཉིད་བརྗེད་པ་དེའི་གཡའ་ཏོག་ཙམ་ཡོད། 

                ཚན་རིག་པ་ཚོས་ཕྱི་ལོགས་ཁོ་ནར་གཟུགས་ཅན་གྱི་ཆོས་དེ་དག་ལ་ཧ་ལས་པའི་བསམ་བློ་བཏང་བ་དང༌། ནང་གི་ཤེས་པ་ཞེས་པ་དེ་  ྔསྤྱཏདྟཏྲྤདྲསྤྲྟ ༼ཡུལ་ཅན།༽ ྣཏདྟཏྲྤདྲསྤྲྟ ༼བསྒྲུབ་བྱ།༽ བྱས་ཏེ་མི་གཞན་ཞིག་གིས་ཕར་བརྟག་དཔྱད་བྱེད་རྒྱུ་མེད། དེ་སོ་སོའི་ཉམས་མྱོང་གི་ཐོག་ནས་བཤད་རྒྱུ་རེད། དེར་བརྟེན་ ཅདདྲཔྱརྟ ངྟཔྱཔྲྣརྣ ༼གང་ཟག་གསུམ་པ།༽ ཐོག་ནས་ར་སྤྲོད་བྱེད་རྒྱུ་མེད་པར་སོ་སོའི་མྱོང་བའི་ཐོག་ནས་བཤད་རྒྱུ་རེད། དེས་ན་ད་ལྟ་ཚན་རིག་གི་ཐོག་ཏུ་དཀའ་ངལ་ཞིག་འཕྲད་པ་དེ་དེ་རེད། ནང་ཤེས་པའི་སྐོར་ལ་བཤད་སྐབས་དེ་ ྔསྤྱཏདྟཏྲྤདྲསྤྲྟ ༼ཡུལ་ཅན།༽ རེད། སོ་སོར་མྱོང་བ་ཡོད་པའི་མྱོང་བ་གང་ཞིག་བྱུང་བ་དེ་བཤད་རྒྱུ་རེད། དེར་བར་དཔང་ལྟ་བུ་ཞིག་གིས་བཤད་ཐུབ་ཐབས་མེད། ཕྱི་ལོགས་ཀྱི་གཟུགས་ཅན་གྱི་ཆོས་སམ་སེམས་མེད་བེམ་པོའི་ཆོས་ཤིག་ཡིན་ན། དེ་དག་རང་དང་གཞན་གྱིས་ཀྱང་བལྟས་ཤིང་ཞིབ་འཇུག་བྱས། ཞིབ་འཇུག་གཅིག་པ་བྱེད་སྐབས་དངོས་ར་འཕྲོད་པ་བྱུང་ན་ སྐྲྣརྣཐདྲཔྱན ༼གཏན་ལ་འབེབ་པ།༽ ཆགས་པ་རེད། ཤེས་པའི་ཉམས་མྱོང་དེ་ཉམས་སུ་མྱོང་མཁན་སོ་སོས་བཤད་པ་ལས་མི་གཞན་ཞིག་གིས་ཕར་ཚད་བརྒྱབ་པ་དང༌། རྩིས་སྐོར་བ་སོགས་ཀྱིས་བྱེད་ཐབས་མེད་སྟབས་ད་ལྟ་དཀའ་ངལ་དེ་ཡོད།

                དེར་བརྟེན་ད་ལྟ་ཚན་རིག་དེ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་ནས་བཤད་ན་ཕྱེད་ཀ་ལྟ་བུ་ཞིག་རེད། གཟུགས་ཅན་གྱི་ཆོས་དེ་དག་ལ་ཧ་ལས་པའི་ཉམས་ཞིབ་བྱས་ཡོད་ལ་ཤེས་ཚད་ཀྱང་ཧ་ལས་པ་ཡོད། སེམས་སམ་རྣམ་པར་ཤེས་པའི་སྐོར་ལ་ཚན་རིག་གཞི་ནས་མགོ་ཚུགས་ཡོང་གི་ཡོད། ཤེས་པ་ཡོད་པའི་རྣམ་འགྱུར་དེ་དག་གི་ཐོག་ནས་བལྟས་པ་ལས་ཤེས་པ་དེ་ཉིད་ཀྱི་ངོ་བོར་ད་ལྟ་བཤད་ཐུབ་མེད། ཤེས་པ་དེ་ཉིད་ཀྱི་ངོ་བོ་དེ་སྒོམ་བརྒྱབ་ནས་བཤད་རྒྱུ་ལས་རྒྱང་ཤེལ་དང་ཆེ་ཤེལ་བལྟས། ཚད་བརྒྱབ་རྒྱུའི་ཐོག་ནས་ཧ་ཅང་གི་ཁག་པོ་རེད། དེ་གཟུགས་སུ་མ་གྲུབ་པ་ཆགས་ཡོད། དེར་བརྟེན་ད་ལྟ་ཕན་ཆད་ཀྱི་ཚན་རིག་དེ་ཕྱེད་ཀ་ལྟ་བུ་ཞིག་རེད། ཤེས་བྱ་ཕྱེད་ལྟ་བུ་ཞིག་སྟེ་ཕྱི་དོན་དང་ནང་ཤེས་པ་ཞེས་གཉིས་སུ་ཕྱེ་བའི་ནང་གི་ཕྱི་དོན་གཟུགས་ཅན་སྐོར་དེ་དག་དངོས་གནས་ཧ་ལས་པའི་ཤེས་ཚད་ཡག་པོར་སླེབས་ཡོད།

                ནང་ཤེས་པའི་སྐོར་དེ་ཤེས་ཚད་སླེབས་མེད། གཞི་ནས་ཀླད་པའི་ཉམས་ཞིབ་བྱེད་མཁན་ཚོས་རིམ་བཞིན་བརྟག་དཔྱད་བྱས་ཏེ་ཤེས་པའི་ཐོག་ལ་དོ་སྣང་ཆེ་རུ་འགྲོ་གི་འདུག གང་ལགས་ཤེ་ན་མྱོང་བ་དེ་ཧ་ཅང་གི་གལ་ཆེན་པོ་རེད། འཕྲོད་བསྟེན་ལ་ཆ་བཞག་ཀྱང་མྱོང་བ་དེ་ཧ་ཅང་གལ་ཆེན་པོ་འདུག ན་ཚ་སྔོན་འགོག་བྱེད་པ་དང་ན་ཚ་མགྱོགས་པོ་དྲག་ཐབས་ལྟ་བུ་མང་པོ་ཞིག་ལ་ཤེས་པའི་ཁྱད་པར་ཆེན་པོ་ཡོད། འཕྲོད་བསྟེན་ལ་ཤེས་པའི་ཁྱད་པར་ཆེན་པོ་འདུག དེ་ནས་སྤྱི་ཚོགས་ཀྱི་བདེ་སྐྱིད་གོང་དུ་བརྗོད་པ་ལྟར་ཤེས་པར་འབྲེལ་བ་ཆེན་པོ་ཡོད།

                མིའི་ལས་འགུལ་ཏེ་མིའི་ རྒྱྣསྤྲྟནྟརྣྤ ༼འགུལ་སྐྱོད།༽ གང་དང་གང་ཡིན་ན་ཡང༌། ངག་གི་ རྒྱྣསྤྲྟནྟརྣྤ ལུས་ཀྱི་ རྒྱྣསྤྲྟནྟརྣྤ ལུས་ཀྱི་སྤྱོད་པ། ལུས་ཀྱི་བྱ་བ། ངག་གི་བྱ་བ་ཐམས་ཅད་ཡིད་བློ་སྔོན་དུ་འགྲོ་བའི་ཐོག་ནས་ཡོང་གི་ཡོད། ཕན་ནུས་འབྲེལ་མཁན་གྱི་ལུས་ངག་གི་བྱ་བ་གཙོ་ཆེ་བ་ཚང་མ་ཡིད་བློ་སྔོན་དུ་འགྲོ་བའི་ཐོག་ནས་ཡོང་གི་ཡོད།

                དེར་བརྟེན་ནང་ཤེས་པ་ཞེས་པ་དེར་རྟོགས་དཔྱོད་བྱེད་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ན་ནིངས་ཨ་མི་རི་ཀར་ང་ཚོ་ཐོག་མར་ཐུག་པ་རེད། ཁ་སང་རྡ་རམ་ས་ལར་ང་ཚོའི་ཚོགས་འདུར་ཁོང་སླེབས་སོང༌། འཇར་མན་གྱི་ སྒྱྟསྤྱཔྱྣརྡྣཐྲདྲཔྲྤ ༼དབང་རྩའི་ནད་རིགས་ཀྱི་ཨེམ་རྗེ།༽ ཀླད་པའི་སྐོར་གྱི་མཁས་པ་ཞིག་རེད། སྔ་ལོ་ཨ་རིར་བརྗོད་སོང་ལ། ཉེ་ཆར་རྡ་སར་ཡང་ཁོ་རང་གིས་རི་མོ་བྲིས་པ་དེ་འདྲ་འཁྱེར་འདུག

                ཀླད་པར་ཁོ་རང་གིས་འགྲེལ་བཤད་འདི་ལྟར་རྒྱབ་ཀྱི་ཡོད། ཁ་སང་ཚོགས་འདུར་ཁོ་རང་གིས་བརྗོད་གསལ། ཀླད་པར་ཞིབ་འཇུག་བྱེད་སྐབས་ཀླད་པའི་ནང་ཤེས་པ་འདྲ་མིན་མང་པོ་ཞིག་སྐྱེས་པ་དེ་དག་ལ་ སྐྲྣརྣྤཔྱྣརྡ ༼ཚོད་འཛིན།༽ བྱེད་མཁན་ནམ་སྟངས་འཛིན་བྱེད་མཁན་གྱི་དབུས་ལྟ་བུ་ཞིག་ཀླད་པའི་ནང་རྩ་བ་ནས་མི་འདུག་ཅིང༌། ཀླད་པ་ཕན་ཚུན་ཚང་མ་མཉམ་རུབ་ཀྱི་ཐོག་ནས་ཀླད་པའི་ལས་ཀ་བྱེད་པ་ལས་དབུས་ལྟ་བུ་གཅིག་བྱས་ཏེ་བཀའ་གཏོང་མཁན་མི་འདུག་ཅེས་དང༌།

                སྔ་མོའི་ཚན་རིག་པ་བདག་ཁས་ལེན་མཁན་ཚོས། ྔྣསྤྱརྡ ༼རྣམ་ཤེས།༽ ཞེས་པ་དེ་ཁས་ལེན་མཁན་ཚོས་ ྔྣསྤྱརྡ དེ་ཉིད་ཀླད་པའི་ནང་དུ་ཡོད་དགོས་ཞེས་བརྗོད་ཏེ་རི་མོ་ཞིག་བྲིས་འདུག ཀླད་པའི་དབུས་དེར་རི་མོ་ཞིག་བྲིས་ནས་ ྔྣསྤྱརྡ  འདི་འདྲ་གཅིག་ལ་ཡོད་ཅེས་བརྗོད་ཀྱི་ཡོད་པ་རེད། རིམ་བཞིན་ཀླད་པའི་རྣམ་གཞག་ཞིབ་ཚགས་སུ་ཕྱིན་པའི་སྐབས་ ྔྣསྤྱརྡ དེ་འཇོག་ས་རྩ་བ་ནས་མི་འདུག་ཅེས་བརྗོད་པ་དང༌། དེ་མིན་ཡེ་ཤུའི་ཆོས་པ་ཚོར་ཡང་ ྔྣསྤྱརྡ འཇོག་ས་མེད་པ་དེས་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་ཅེས་ཟེར། ཚན་རིག་པ་ཁོ་རང་ཆོས་དེ་འདྲ་ཅང་ཨེ་ཡོད།

                ཁྱེད་རང་ཚོ་ནང་པས་བདག་ཁས་མ་བླངས་སྟབས་ཁྱེད་རང་ཚོ་ནང་པར་དཀའ་ངལ་གང་ཡང་མེད་ཅེས་བརྗོད་ཀྱི་འདུག ནང་པ་ཚོས་ ྔྣསྤྱརྡ ཁས་ལེན་གྱི་མེད། མདོར་ན་ཕུང་པོ་ལ་བརྟེན་ནས་བཏགས་ཙམ་གྱི་བདག་ཁས་ལེན་གྱི་ཡོད་པ་ལས་བདག་ཤེས་པའི་ངོ་བོར་བཞག་ནས་དེ་འདི་འདྲ་ཞིག་ལ་ཡོད་ཅེས་ང་ཚོས་བཤད་ཀྱི་མེད། སྤོ་ཁོ་རང་གིས་དེ་རོབ་ཙམ་ཤེས་ཀྱི་འདུག ཁྱེད་རང་ཚོ་ནང་པར་དེའི་དཀའ་ངལ་གང་ཡང་མེད་ཅིང༌། ཡེ་ཤུའི་ཆོས་པ་ཚོར་དེའི་དཀའ་ངལ་འཕྲད་ཀྱི་ཡོད་ཅེས་ཁ་སང་ཚོགས་འདུའི་ཐོག་ཏུ་བཤད་སོང༌། དེ་ཞོར་འཕྲོས་ལྟ་བུ་རེད།

                དེར་བརྟེན་ཧམ་པ་ལྟ་བུ་བཤད་ན་ཚན་རིག་ཞེས་པ་དེ་ནང་པ་སངས་རྒྱས་པའི་སྡུག་བདེན་གཏན་ལ་ཕབ་པའི་ཆ་ཤས་ཤིག་རེད་ཟེར་ཕལ་ཆེར་བརྗོད་ཆོག་གི་རེད། མངོན་པ་ཀུན་བཏུས་ལས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་སྡུག་བདེན་གཏན་ལ་ཕབ་སྐབས་ནང་བཅུད་དང་ཕྱི་སྣོད་ཀྱི་འཇིག་རྟེན་དང་བཅས་པ་ཞེས་པ་ཞིག་ཡོད། དེས་ན་ཕྱི་སྣོད་ཀྱི་འཇིག་རྟེན་བཤད་སྐབས་སྣོད་ཀྱི་འཇིག་རྟེན་གྱི་རྩོམ་གཞིའི་སྟེང་དུ་འགྲོ་དགོས་སྟབས་འཇིག་རྟེན་ཆགས་འཇིག་དང་དེ་དག་གི་སྟེང་ལ་འགྲོ་དགོས་ཀྱི་ཡོད།

                དེ་དག་ སྐྲྣཔྲནྣརྡྣཐྲཕྲ ༼སྣང་སྲིད་རིག་པ།༽ ཞེས་པ་ལྟ་བུ་ ངདཕྲཔྲདྲཏྲཔྲ ༼དངོས་ཁམས་རིག་པ།༽ སྟེང་དུ་འགྲོ་བ་དེ་དག་མདོར་ན་དངོས་ཁམས་རིག་པ་དང་དེ་ཚོ་ཚང་མ་དེའི་ནང་ལ་སླེབས་ཡོང་གི་ཡོད། རྒྱས་སུ་བཏང་ན་སེམས་ཀྱི་རྟེན་དང་བདེ་སྡུག་གི་མྱོང་བ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད།  སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་སྟབས་བདེ་བ་སྒྲུབ་རྒྱུ་དང་སྡུག་བསྔལ་སེལ་བའི་བདེ་སྡུག་གཉིས་པོ་དེ་མྱོང་བ་རེད། མྱོང་བ་ཤེས་པ་རེད། ཤེས་པ་གང་ལ་བརྟེན་ས་དེ་གཟུགས་ཅན་རེད། དེས་ན་གཟུགས་ཅན་གྱི་རྣམ་གཞག་དེ་ཤེས་དགོས་ཀྱི་ཡོད།

                དེར་བརྟེན་ཕྱི་སྣོད་དང་ནང་བཅུད་ཀྱི་ཕུང་པོའི་སྐོར་དེ་དག་ནང་པའི་གཞུང་དུ་གསུངས་ཀྱི་ཡོད་ཅིང༌། སྡུག་བདེན་གཏན་ལ་ཕབ་སྐབས་ཀྱི་ཕྱོགས་ལྟ་བུ་གཅིག་རེད། དེ་གཅིག་པུས་མི་ཆོག་པར་བདེ་སྡུག་བཤད་ཀྱི་ཡོད་སྟབས་བདེ་སྡུག་ཚོར་བ་རེད། མྱོང་བ་རེད། དེར་བརྟེན་ནང་ཤེས་པའི་སྐོར་དེ་དག་ག་ལེར་ཚན་རིག་ལ་ཕར་སྣོན་པ་བརྒྱབ་དགོས་པ་ཞིག་ཆགས་ཀྱི་ཡོད།

 

གྲུབ་དོན་མདོར་བསྡུས་ཏེ་བསྟན་པ།

 

 

                བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་གསུངས་པ་དེས་ལམ་བགྲོད་པའི་རིམ་པ་ཞེས་པ་དེར་སླེབས་པ་རེད། གཞི་ལ་གནས་ཚུལ་དེ་འདྲ་ཞིག་ཡིན་སྟབས་གཞིའི་གནས་ཚུལ་དེ་གཞིར་བཞག་པའི་ང་རང་ཚོར་སྡུག་བསྔལ་མི་འདོད་པ་ཡིན་པས་སྡུག་བསྔལ་མེད་པ་བཟོ་རྒྱུ་དང༌། བདེ་བ་འདོད་པས་བདེ་བ་སྒྲུབ་རྒྱུའི་དོན་དུ་སྔོན་ལ་སྡུག་བསྔལ་ཤེས་དགོས། སྡུག་བསྔལ་གྱི་སྡུག་བསྔལ་དེ་ཤེས་དགོས་ཞེས་ཨུ་ཚུགས་སྐྱོན་དགོས་མེད། འགྱུར་བའི་སྡུག་བསྔལ་སྡུག་བསྔལ་དུ་ཤེས་པ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་སྡུག་བསྔལ་དུ་ཤེས་པ་དེ་གལ་ཆེན་པོ་ཡིན་སྟབས་སྡུག་བསྔལ་ཤེས་པར་བྱ་གསུངས་སོ།།

ནད་པའི་ནད་ན་ཚ་ཛ་དྲག་ཡོད་པའི་ནད་དེ་ཙམ་མིན་པར་དེའི་ནད་འབུ་ཕྲ་རབ་ཀྱི་གནས་ཚུལ་དེ་དག་ཤེས་དགོས་པ་ལྟར་གྱི་སྡུག་བསྔལ་ཤེས་པར་བྱ་ཀུན་འབྱུང་སྤང་བར་བྱ་ཞེས་སྡུག་བསྔལ་དེ་མི་ཡོང་བའི་དོན་དུ་སྡུག་བསྔལ་དེ་ཡོང་བའི་རྒྱུ་ཀུན་འབྱུང་དེ་གཏན་ལ་ཕབ་སྟེ་ཤེས་པར་བྱས། དེ་ནས་སྡུག་བསྔལ་སྐྱེད་བྱེད་ཀྱི་རྒྱུ་དེ་མེད་པ་བཟོ་དགོས། ནད་འབུ་ཕྲ་རབ་སྔོན་འགོག་བྱེད་དགོས། ནད་འབུ་ཕྲ་རབ་མེད་པ་བཟོ་དགོས་ཞེས་བརྗོད་པ་ལྟར་རེད། ནད་འབུ་ཕྲ་རབ་མེད་པ་བཟོ་བའི་ཐབས་ཤེས་དང་སྔོན་འགོག་ལྟ་བུ་དེ་ གྲནནསྤྱརྣྟ་པྲཕྲཔྲྤྟན ༼ནད་རིགས་སྔོན་འགོག་གི་མ་ལག༽ ཤུགས་ཆེ་རུ་འགྲོ་དགོས། དེའི་ཚབ་ལྟ་བུ་དེ་ལམ་བདེན་དེ་རེད། གྲནནསྤྱརྣྟ་པྲཕྲཔྲྤྟན ཁོ་རང་བྱས། དེ་ནས་ གྲནནསྤྱརྣྟ་པྲཕྲཔྲྤྟན ཤུགས་ཆེ་རུ་འགྲོ་བའི་རྐྱེན་དེ་དག་གྲུབ་ནས་དེའི་ཐོག་ནས་ལམ་བདེན་གྱི་ཚབ་ལྟ་བུ་དེ་ཤུགས་ཆེ་རུ་བཏང་སྟེ་དེ་ལ་བརྟེན་ནས་ནད་མི་ཡོང་བ་དང་ནད་ཞི་བ་དེ་ཡོང་གི་རེད། ནད་ཞི་བ་དེ་འགོག་བདེན་གྱི་ཚབ་རེད། དེ་ཡང་རྒྱུད་བླ་མ་ལས། 

ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །

བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །

སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །

ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །

                ཞེས་གསུངས་པ་རེད། དེ་འདྲའི་ཉམས་ལེན་བྱས་ཏེ་ཕན་ཐོགས་གང་ཞིག་ཡོད་དམ་ཞེ་ན། སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད་ཅེས་སོགས་གསུངས་ཏེ་བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་ཞེས་པ་དེས་བདེན་བཞིའི་གནས་ཚུལ་ཤེས་པའི་ཐོག་ནས་སྤང་བླང་འཇུག་ལྡོག་བྱས་ན་འདོད་བྱ་མངོན་དུ་སྒྲུབ་པ་ཡོང་གི་རེད། འདོད་བྱ་ཞིག་སྒྲུབ་རྒྱུ་ཡོད་ཅེས་གསུངས་པ་རེད། སངས་རྒྱས་པའི་ཆོས་ཀྱི་རྩ་བའི་འགྲོ་སྟངས་དེ་འདྲ་ཞིག་རེད། ཤེས་སོང་ངམ།

 

ཉིན་གཉིས་པའི་དྲི་བ་ཁག་དང༌། དེའི་བཀའ་ལན།

 

                དྲི་བ། དུས་རབས་ཉེར་གཅིག་པའི་ནང་པ་ཞེས་ྋགོང་ས་མཆོག་གི་དགོངས་གཞི་ལ་ཡོད་དམ། འདིའི་དོན་དག་གང་ཡིན་ནམ།

 

                བཀའ་ལན། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞེས་པ་དེ། དེང་དུས་ཀྱི་ཤེས་ཡོན་དེ་དག་ཡོད་པ་དང༌། དེང་དུས་ཀྱི་ཤེས་ཡོན་དེ་དག་ཆ་ཚང་བེད་སྤྱོད་བྱས་པའི་ཐོག་ནང་པ་སངས་རྒྱས་པའི་ཆོས་དེ་ཇི་འདྲ་ཞིག་ཡིན་པ་དེར་བརྟག་དཔྱད་བྱས། བསམ་བློ་བཏང༌། མྱོང་བ་ལ་བསྐོར་བ་དེ་ལྟའི་ཐོག་ནས་ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་ན་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་རེད་བསམས་པ་ང་དེ་དྲན་གྱི་ཡོད། 

                དཔེར་ན་ང་རང་ཚོས་ནང་པ་འཇོག་སྟངས་ལ། སྤྱིར་ཁ་སང་སྐད་ཆ་བྱུང་བ་ལྟར་གྱི་སངས་རྒྱས་དང༌། ཆོས། དགེ་འདུན་གསུམ་པོ་དེར་ཤེས་ནས་དད་པ་ཐོབ་པ་བྱུང་ན་ནང་པ་ལ་འཇོག་གི་ཡོད། ནང་པ་ཡིན་མིན་སྐྱབས་འགྲོས་འབྱེད་རྒྱུ་ཞིག་ཡོད་པ་རེད། གལ་ཆེ་བ་དེ་ཕྱི་ནང་གི་ཁྱད་པར་ལྟ་བས་འབྱེད་པ་ཞེས་པ་དེ་གལ་ཆེན་པོ་རེད། དེར་བརྟེན་གོང་དུ་བརྗོད་པ་ལྟར་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཞེས། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བྱས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ༑ མྱ་ངན་ལས་འདས་པ་ཞི་བ་ཞེས་པ་དེའི་གོ་བ་ཆགས་ཤིང༌། དེ་ཡི་ངེས་པ་ལྟ་བུ་སྔོན་ལ་ཡིད་དཔྱོད་ཙམ་གྱི་སྟེང་ནས་ངེས་པ་རྙེད་པ་ཞིག་བྱུང་ན། དེ་ནང་པ་ཚད་ལོངས་པ་ཞིག་ཆགས་ཀྱི་ཡོད་ལ། ནང་པ་ངོ་མ་ཆགས་པ་རེད།

                དེར་བརྟེན་དེ་ལྟ་བུའི་གང་ཟག་དེའི་རྒྱུད་ཀྱི་སྐྱབས་འགྲོ་དེ་རྒྱུ་མཚན་ཤེས་པའི་དད་པ་ཆགས་ཡོད། དད་པ་དེ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་རེད། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་ལ་ ཁྲཎདྲྤད  ༼དད་པ།༽ ཡོད་ཅིང༌། དད་པ་གལ་ཆེན་པོ་རེད། ནང་པ་སངས་རྒྱས་པའི་ཆོས་ནང་གི་དད་པ་དེ་ཤེས་རབ་ཀྱི་གྲོགས་བཅས་པའི་དད་པ་ཞིག་རེད། ཡེ་ཤུའི་ཆོས་ནང་ལ་དད་པ་ཡོད་ཀྱང་དད་པ་དེ་ཕལ་ཆེར་ཤེས་རབ་ཀྱི་གྲོགས་དང་བཅས་པ་ཁག་པོ་རེད། ཡིད་ཆེས་རང་གིས་འགྲོ་གི་ཡོད།

                འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཕལ་མོ་ཆེ་དེ་དག་དང༌། དེ་བཞིན་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཚོའི་ནང་ལ་བྱམས་པ་དང༌། སྙིང་རྗེ་དང༌། བཟོད་པ་ལ་སོགས་པ་དེ་དག་གསུངས་ཀྱི་ཡོད་པས་ཧ་ཅང་ཡག་པོ་རེད། ཧ་ཅང་རླབས་ཆེན་པོ་རེད། མི་མང་པོར་ཕན་གྱི་ཡོད། འོན་ཀྱང་རྒྱུ་མཚན་མཐར་གཏུགས་ན་དཀོན་མཆོག་གི་དགོངས་པ་རེད་ཅེས་པ་དེའི་སྒང་ལ་འགྲོ་གི་ཡོད། 

                ནང་པ་སངས་རྒྱས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་ན་ང་རང་ཚོའི་བདེ་སྡུག་དེ་ནང་བསམ་བློ་དུལ་མ་དུལ་ལ་བརྟེན་ནས་ཡོང་གི་འདུག་ཅེས་བརྗོད་ཀྱི་ཡོད། དེའི་ཐོག་ལས་འབྲས་དང་རྒྱུ་དང་འབྲས་བུའི་སྐད་ཆ་དེ་བྱས། དེ་འདྲའི་ཐོག་ནས་སྙིང་རྗེ་སྒོམ་དགོས་པའི་སྐད་ཆ་ཤོད་ཀྱི་ཡོད་སྟབས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྙིང་རྗེ་རེད། ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ། ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྙིང་རྗེ། མདོར་ན་ང་ཚོས་སངས་རྒྱས་པའི་ཆོས་ཀྱི་ནང་ཆོས་སྒོམ་རྒྱུ་དང་ཆོས་སྒྲུབ་རྒྱུ་ཞེས་པ་དེའི་ནང་ཤེས་རྣམ་སྒོམ་པ་དང༌། དོན་རྣམ་སྒོམ་པ་ཞེས་པ་ཞིག་གི་སྡེ་ཚན་གཉིས་ཡོད། 

                ཕལ་ཆེར་ང་རང་གིས་ཞིབ་འཇུག་བྱེད་རྒྱུ་མ་བྱུང་ཡང༌། ཧོབ་སྟེ་བློ་ལ་འཆར་ཚོད་ལྟར་བྱས་ན་ཤེས་རྣམ་སྒོམ་པ་ཞེས་པ་དེ། དཔེར་ན་སྙིང་རྗེ་སྒོམ་པ་དང་དད་པ་སྒོམ་པ་ཞེས་པ་དེ་ཚོའི་གྲས་རེད། དེ་དག་ཐབས་ཀྱི་རིགས་དང་དོན་གཉེར་གྱི་འདུན་པའི་རིགས་ཤིག་ཡིན་སྟབས་སྙིང་རྗེ་དང་དད་པ་ཞེས་པ་དེ་ཚོའི་གྲས་དེ་མ་རྟོགས་པའི་བློ་ཡིན་ཞེས་པ་དེ་ཕན་ཆེར་མིན་ནམ་བསམ་གྱི་འདུག ཞིབ་འཇུག་བྱེད་རྒྱུ་ཡོད། 

                དོན་རྣམ་སྒོམ་པ་ཞེས་པ་དེ་མི་རྟག་པ་སྒོམ་པ་དང༌། བདག་མེད་པ་སྒོམ་པ་ཞེས་བརྗོད་སྐབས་དེས་དོན་ཞིག་འཛིན་སྟངས་ཀྱི་ཡུལ་དུ་བྱས་ཏེ་སྒོམ་རྒྱུ་ཞིག་ཆགས་ཡོད་ཅིང་དེ་དག་ཤེས་རབ་ཀྱི་ཆ་རེད། དེར་བརྟེན་ཤེས་རབ་ཀྱི་ཆའི་ལམ་དེ་དག་ཕལ་ཆེར་དོན་མཐུན་གྱི་འཛིན་སྟངས་ངེས་ཅན་ཡོད་སྟབས་ཚད་མ་ཡིན་མཁན། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་དང་བྲལ་ན་བསམ་པ་དང༌། སྐྱབས་སུ་མཆི་བསམ་པའི་ཡིད་ཆེས་ཀྱི་བློ་དེ་ཚོའི་གྲས་དེ་འདུན་པ། འདོད་པ། དེ་ཉིད་མ་རྟོགས་པའི་བློ་རེད། དེ་འདྲའི་མ་རྟོགས་པའི་བློ་དེ་ཚད་མའི་གྲོགས་དང་བཅས་ཏེ་སྟོང་པ་ཉིད་ཀྱི་དོན་དག་བསམ་བློ་བཏང༌། ཕྲ་བའི་མི་རྟག་པ་བསམ་བློ་བཏང༌། དེ་འདྲའི་ཐོག་ནས་ཆོས་ལ་ཡིད་ཆེས་སླེབས། འགོག་ལམ་གྱི་ཆོས་ངོ་འཕྲོད། འགོག་ལམ་གྱི་ཆོས་ལ་དད་པ་སྐྱེས། འགོག་ལམ་གྱི་ཆོས་ལ་ཡིད་ཆེས་སྐྱེས། འགོག་ལམ་གྱི་ཆོས་ལ་དད་པ་དང་ཡིད་ཆེས་སླེབས་སྐབས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་རེད། 

                དེ་བཞིན་སྙིང་རྗེ་ནི་སྡུག་བསྔལ་མཐའ་དག་དང་བྲལ་ན་བསམ་པ་དང་སྡུག་བསྔལ་མཐའ་དག་དང་བྲལ་བར་བདག་གིས་བྱ་སྙམ་པ་ལྟ་བུའི་མོས་པ་དང༌། འདུན་པ། སེམས་ཤུགས། དེ་ཡང་ཤེས་རབ་ཀྱི་གྲོགས་དང་བཅས་པའི་ཐོག་ནས་ཡོང་དགོས། སྡུག་བསྔལ་ཟད་རུང་ཡིན་པ་དང༌། སྡུག་བསྔལ་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་པ། སྡུག་བསྔལ་གྱི་རྒྱུ་ཟད་རུང་ཡིན་ལ་དེར་གཉེན་པོ་སྟོབས་ལྡན་ཡོད་པ་དེ་དག་ཤེས་རབ་ཀྱིས་དཔྱད་ནས་ངེས་པ་རྙེད་པའི་ཐོག་ནས་སྡུག་བསྔལ་དང་བྲལ་ན་སྙམ་པའི་བློ་སྐྱེ་སྐབས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྙིང་རྗེ་རེད།

                ཐབས་ཀྱི་རྟོགས་རིགས་དེ་དག་ཤེས་རབ་ཀྱི་གྲོགས་དང་བཅས་ཏེ་ཡོང་དགོས། ཐབས་ཀྱི་རྟོགས་རིགས་དེ་ཉིད་ཕལ་མོ་ཆེ་མ་རྟོགས་པའི་བློ་རེད། བྱང་ཆུབ་ཀྱི་སེམས་ལྟ་བུར་ཆ་བཞག་ན་མ་རྟོགས་པའི་བློ་ཕལ་ཆེར་ཡིན་ས་རེད། འདུན་པ། འདོད་པ་ལྟ་བུའོ།།

 

                དྲི་བ། ང་ཚོའི་ལུས་དེ་ཕ་མ་གཉིས་ལས་བྱུང་བ་རེད། ཡིན་ན་ཡང་ང་ཚོའི་སེམས་དེ་རྒྱུ་གང་ལ་བརྟེན་ནས་བྱུང་བ་དང༌། དེ་ཐོག་མ་གང་ནས་བྱུང་བ་རེད་དམ།

 

                བཀའ་ལན། དེའི་རྩ་བའི་འགྲོ་སྟངས་ནི། ང་ཚོའི་ལུས་དེ་ཕ་མའི་ལུས་ནས་བྱུང་བ་རེད། ང་ཚོའི་ཕ་མ་མི་རབས་ཡར་སྟོང་ཕྲག་ཅིག་ཕྱིན་པའི་ཕ་མ་ཚོའི་ལུས་དེ་དེའི་ཕ་མ་ནས་བྱུང་བ་རེད། དེ་ལྟར་ཡར་དེད་ན་ང་ཚོའི་ལུས་ཀྱི་རྒྱུ་ཡར་གཏུགས་སྐབས་རྒྱ་མཚོའི་ནང་ལ་ཡོད་པའི་འབུ་ཆུང་ཆུང་དེ་ཚོའི་གྲས་ལས་སྐྱེས་པ་རེད།

                འབུ་ཆུང་ཆུང་དེ་དག་ཐོག་མར་སྐམ་ལ་གནས་པའི་འབུ་རྐང་པའམ་སུག་ལག་བཞི་བཙུགས་ནས་འགྲོ་མཁན་དེ་ཚོ་ང་ཚོའི་ཕ་མ་ངོ་མ་དེ་རེད། གཤོག་པ་ཡང་ཏོག་ཙམ་བྱས། ཏོག་ཙམ་འཕུར་ནས་འགྲོ་མཁན་དེ་ཚོ་ང་ཚོའི་ཕ་མ་དང་མེས་པོ་ངོ་མ་དེ་ཚོའི་གྲས་རེད། དེ་ནས་རྒྱ་མཚོའི་ནང་ལ་གནས་པའི་འབུ་ཆུང་ཆུང་དེ་ཚོའི་གྲས་དེ་དག་ང་ཚོའི་མེས་པོ་ཆགས་ཡོད། 

                དེ་དག་གི་ལུས་དེ་གང་ལ་བརྟེན་ནས་གྲུབ་པ་རེད་དམ་ཞེ་ན། ཐོག་མར་འཛམ་བུ་གླིང་འདི་མེའི་གོང་བུ་ཞིག་རེད། དེ་དུས་ང་ཚོའི་ད་ལྟའི་ལུས་ཀྱི་རྫས་རྒྱུན་དེ་དག་སྐབས་དེ་དུས་ནས་ཡོད་དགོས་པ་རེད། རྫས་རྒྱུན་མེད་ན་ལུས་ཀྱི་རྒྱུ་དང་པོ་དེ་རྒྱུ་མེད་ལས་སྐྱེ་གི་ཡོད། རིགས་མཐུན་པའི་རྒྱུ་མ་ཡིན་པ་ཞིག་ལས་སྐྱེ་དགོས་པ་རེད།

                དེ་ང་ཚོའི་རིགས་པ་དང་འགལ་གྱི་ཡོད་པས་འདི་ལྟར་དེད་ཡོང་སྐབས་འཛམ་གླིང་འདི་མ་ཆགས་གོང་དུ་ གྲནནསྤྱརྣྟ་པྲཕྲཔྲྤྟན ༼ནད་རིག་སྔོན་འགོག་གི་མ་ལག༽ ཟེར་བ་ཞིག་ཡོད། སྐྱདྲཐྲ སྐྱཎརྣཐྲ ༼གནའ་རབས་འགྲོ་བ་ཐོག་མར་བྱུང་བའི་རྫས་རྡུལ་ལྟ་བུ།༽ ཟེར་བ་དེ་ཆགས་ཀྱི་ཡོད། སྐྱདྲཐྲ སྐྱཎརྣཐྲ ཟེར་བ་དེ་མ་བྱུང་གོང་སྟོང་པ་ལས་གང་ཡང་མེད། དེའི་གནས་སྐབས་ནས་ང་ཚོའི་ད་ལྟའི་ལུས་དེ་གྲུབ་པའི་རྫས་རྒྱུན་གྱི་རྒྱུན་ཕྲ་མོ་དེ་དུས་ནས་ཡོད་དགོས། 

                དེར་བརྟེན་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཀྱི་ཐོག་ནས་བཤད་པ་ཡིན་ན༑ འཛམ་བུ་གླིང་འདི་ སྐྱདྲཐྲ སྐྱཎརྣཐྲ ད་ལྟ་ཚན་རིག་པ་ཚོས་ སྐྱདྲཐྲ སྐྱཎརྣཐྲ གཅིག་དེ་ཐག་ཆོད་པ་རེད།  སྐྱདྲཐྲ སྐྱཎརྣཐྲ མང་པོ་བྱུང་མེད། སྐྱདྲཐྲ སྐྱཎརྣཐྲ འདི་གཅིག་པུ་བྱུང་བ་རེད་ཅེས་བརྗོད་ཀྱི་འདུག དེར་དྲི་བ་མང་པོ་ལྷག་གི་ཡོད། སྐྱདྲཐྲ སྐྱཎརྣཐྲ ཡོང་དགོས་པ་དེ་ ཅཔྱྟནྟརྣརྟྣསྤྱཔྲ ༼ཧ་ལས་པ།༽ ལྟ་བུ། ཁྱརྣྟཔྱཐྲཕྲ ༼ནུས་ཤུགས།༽ ནུས་པ་ལྟ་བུ་མང་པོ་འདྲེས་ནས་དེས་ ཁྱཕྱསྣྲརྡྣཔྲདྲྣརྣ ༼འབར་ཐོར།༽ བྱས་པ་རེད། དེར་བརྟེན་ནུས་པ་དེ་འདྲ་གཅིག་ཏུ་སྒྲིལ་བ་དེ་ཇི་ལྟར་བྱས་ཏེ་བྱུང་མིན་བཤད་དགོས། དེ་དཀོན་མཆོག་གིས་བཟོས་པ་རེད་ཅེས་བརྗོད་ཀྱང་རྙོག་དྲ་ཧ་ཅང་ཚ་པོ་རེད། དེ་དཀོན་མཆོག་གིས་བཟོས་པ་མིན་ན་དེ་ཡོང་བའི་རྒྱུ་རྐྱེན་ཞིག་བཤད་དགོས་ཤིང༌། ད་ལྟ་ང་ཚོས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་ཁམས་ཀྱིས་མཚོན་པའི་འཇིག་རྟེན་མཐའ་ཡས་ཤིང་གྲངས་མེད་པ་དེ་དག་ སྐྱདྲཐྲ སྐྱཎརྣཐྲ ལ་བརྟེན་ནས་བྱུང་བ་རེད། དེ་ཡོང་བའི་རྒྱུ་དང་རྐྱེན་ཞེས་བརྗོད་སྐབས་དེའི་སྔོན་མའི་ སྐྱདྲཐྲ སྐྱཎརྣཐྲ ཞིག་མེད་ན་ཧ་ཅང་ཁག་པོ་རེད། ནང་པ་སངས་རྒྱས་པའི་གཞུང་ནས་འཇིག་རྟེན་གྱི་ཁམས་ལ་ཐོག་མ་མེད་ཅེས་བརྗོད་པ་ཡིན་ན་འགྲིག་གི་འདུག

                འཇིག་རྟེན་གྱི་ཁམས་ལ་ཐོག་མ་བཞག་ན་དེའི་རྒྱུ་དང་རྐྱེན་གང་ཞིག་རེད་དམ། རྟག་པའི་རྒྱུ་ལས་སྐྱེས་པ་རེད་དམ། རྒྱུ་མེད་ལས་སྐྱེས་པ་རེད་དམ་ཞེས་བརྗོད་ན་རྙོག་དྲ་ཡོད། དེར་བརྟེན་ང་ཚོའི་ལུས་དེའི་རྫས་རྒྱུན་ཡར་དེད་ན་ཐོག་མར་འཇིག་རྟེན་མ་ཆགས་གོང་གི་སྟོངས་པའི་བསྐལ་པ་དེ་ཚོའི་སྐབས་ནས་ ངཎཔྱྤདྲཏྲརྡྟ ༼ཟེགས་མ།༽ ཤིན་དུ་ཕྲ་བ་ཞིག་ཡོད། སྐྱདྲཐྲ སྐྱཎརྣཐྲ ཆགས་པའི་རྒྱུ་དེ་དེའི་སྐབས་ནས་ཡོད་པ་རེད།

                དུས་འཁོར་གྱི་གཞུང་ནང་ནམ་མཁའི་རྡུལ་ཞེས་པ་ཞིག་བཤད་ཡོད། ནམ་མཁའི་རྡུལ་དེ་སྣོད་བཅུད་ཀྱི་གཟུགས་ཅན་གྱི་ཆོས་ཐམས་ཅད་ཆགས་པའི་རྩོམ་གཞི་དེ་བཤད་ཀྱི་ཡོད། དེ་ཡང་སོ་སོའི་རིགས་འདྲའི་རྒྱུ་སྔ་མ་སྔ་མར་བརྟེན་ནས་ཡོང་བ་བཤད་ཀྱི་ཡོད། དེར་བརྟེན་གཟུགས་ཅན་གྱི་ཆོས་དེ་རྫས་རྒྱུན་གྱི་ཆ་ནས་བརྩིས་པ་ཡིན་ན་ཐོག་མ་མེད་ཅེས་བརྗོད་པ་རེད།

                རྙོག་དྲ་གཅིག་ནི་དཔེར་ན་ཕྱི་ལོགས་ཀྱི་མེ་ཏོག་དེའི་རྫས་རྒྱུན་དེ་ཐོག་མ་ནས་དེད་ཡོང་སྐབས་ཁ་སང་བརྗོད་པ་ལྟར་རེད། ལོ་ སྐྱདྲརྡརྡདྲྣརྣ ༼དུང་ཕྱུར།༽ བཅུ་གཉིས་བཤད་ཀྱི་ཡོད། སྐྱདྲཐྲ སྐྱཎརྣཐྲ ཡོང་བ་དེ་ སྐྱདྲརྡརྡདྲྣརྣ བཅུ་གཉིས་ནས་བཅོ་ལྔའི་བར་བཤད་ཀྱི་ཡོད། དེར་བརྟེན་ སྐྱདྲཐྲ སྐྱཎརྣཐྲ མ་བྱུང་གོང་གི་ སྐྱདྲརྡརྡདྲྣརྣ དུང་ཕྱུར་བརྒྱ་དང་ཉི་ཤུ་ནས་དུང་ཕྱུར་བརྒྱ་དང་ལྔ་བཅུའི་གོང་དུ་ སྐྱདྲཐྲ སྐྱཎརྣཐྲ བྱུང་བ་རེད། དེས་ན་དེའི་གོང་ནས་ང་ཚོའི་ལུས་དེའི་རྫས་རྒྱུན་སྐབས་དེ་དུས་ནས་ཡོད་ལ། མེ་ཏོག་དེའི་རྫས་རྒྱུན་དེ་ཡང་སྐབས་དེ་དུས་ནས་ཡོད་པ་ཞིག་རེད། 

                དེ་ངས་ཚན་རིག་པ་དེ་ཚོ་དང་གོ་བསྡུར་བྱས་མྱོང༌། རྫས་རྒྱུན་འདྲ་འདྲ་ཞིག་ལས་རྡུལ་ཕྲ་རབ་གཅིག་སེམས་མེད་བེམ་པོའི་རྒྱུར་ཕྱིན། གཅིག་སེམས་ལྡན་ཕུང་པོའི་རྒྱུར་འགྲོ་བ་དེ་གང་གིས་བྱས་པ་རེད་དམ། ཡང་འུ་ཐུག་ན་དཀོན་མཆོག་གིས་བཟོས་པ་རེད་ཅེས་བརྗོད་ན་ལས་སླ་ཤོས་དང་ཡག་ཤོས་རེད། དེ་མིན་ན་རྒྱུ་མཚན་ཞིག་བསམ་བློ་གཏོང་དགོས། དེར་བརྟེན་རྒྱུ་མཚན་དེའི་ཐོག་ནས་རྫས་རིགས་ཕལ་ཆེར་འདྲ་བ་སྟེ། རྫས་ཕྲ་མོའི་སྟེང་དུ་འགྲོ་སྐབས་ཕལ་ཆེར་རིགས་གཅིག་པ་ཡིན་ས་རེད། རྫས་ཕན་ཚུན་འདུས་པ་ལ་བརྟེན་ནས་གོང་བུ་གསར་པ་ཞིག་ཆགས། དེ་ཉིད་ནུས་པ་མི་འདྲ་བ་ཞིག་ཆགས།

                དེ་ཡང་ང་ཚོའི་དཔེ་ཆའི་ནང་ལ་དཔྱད་པ་བྱེད་སྐབས་ཆོས་ཉིད་ཀྱི་རིག་པ་དང༌། ལྟོས་པའི་རིག་པ། བྱ་བ་བྱས་པའི་རིག་པ་ཞེས་བཤད་ཀྱི་ཡོད་པ་དེ་དང་འབྲེལ་བ་ཆེན་པོ་འདུག་ཅིང་དེ་གལ་ཆེན་པོ་རེད། ཕན་ཚུན་འདུས་ནས་ནུས་པ་གསར་པ་ཞིག་སླེབས། དཔེར་ན། སྐྲདྟནདྲཏྲཎརྡ  ༼རྫས་སྦྱོར།༽ སྐྲདྟནདྲཔྲྤཔྱཕྲ ༼རྫས་སྦྱོར་རིག་པ།༽ རྫས་གཉིས་འདུས་ཡོང་སྐབས་རྣམ་འགྱུར་དང་ནུས་པ་མི་འདྲ་བ་ཞིག་སླེབས་ཡོང་གི་ཡོད།

                དེས་ན་རྡུལ་ཕྲ་མོ་དེ་དག་འདུས་ནས་ནུས་པ་མི་འདྲ་བ་ལྟ་བུ་ཆགས་སྐབས་རྫས་འདུས་པའི་གོང་བུ་རྣམ་ཤེས་ཀྱི་རྟེན་བྱེད་ཐུབ་མཁན་ཞིག་ཆགས་ཡོང་སྐབས། སེམས་ལྡན་གྱི་ཕུང་པོ་དེ་ག་ལེར་འདི་ལྟར་འགྲུབ་མཁན་ཞིག་ཆགས་པ་དང༌། རྫས་གང་ཞིག་ད་དུང་ཡང་རྣམ་ཤེས་ཀྱི་རྟེན་བྱེད་མི་ཐུབ་མཁན་ཞིག་གི་རང་བཞིན་ལ་འདི་ལྟར་བསྡད་མཁན་དེ་དག་སེམས་མེད་བེམ་པོའི་ཉེར་ལེན་རིགས་འདྲའི་རྒྱུར་འགྲོ་མཁན་ཞིག་རེད། རྒྱུ་མཚན་དེའི་ཆ་ནས་སེམས་མེད་བེམ་པོའི་རྡུལ་ཕྲ་རབ་གཅིག་གྱུར་ཅིག་གིས། གཅིག་གི་ཚོར་བའམ་མྱོང་བའི་རྟེན་བྱེད་མཁན་ཞིག་ཆགས། གཅིག་དེ་གཞན་ཞིག་ཆགས་པ་དེ་རྫས་དེ་ཉིད་ཀྱི་ནུས་པའི་སྟེང་ནས་བཤད་པ་ཡིན་ན་བཤད་ཐུབ་རྒྱུ་ཁག་པོ་རེད།

                དེར་རྐྱེན་གསུམ་པ་རྣམ་པར་ཤེས་པ་ཞེས་པའི་རྐྱེན་དེས་ཟིན་མ་ཟིན་གྱི་ཐོག་ནས་ཡོང་དགོས་པ་ཞིག་ཡིན། དེར་བརྟེན་འཇིག་རྟེན་གྱི་ཁམས་དང་སྲོག་ཆགས་ཐོག་མར་ཆགས་པའི་གནས་སྐབས་ནས་ཤེས་པ་ཞེས་པ་དེ་དེ་འདྲ་ཞིག་ནས་ཤེས་པའི་རྟེན་བྱེད་པའི་ལས་སུ་རུང་བ་ལྟ་བུ་ཆགས་པའི་སྐབས་རྣམ་ཤེས་དེར་ཞུགས་ནས་སྲོག་ཆགས་ཞེས་པ་དེ་ཕལ་ཆེར་ཆགས་པ་ཞིག་རེད། སངས་རྒྱས་པས་འདི་བཤད་ཀྱི་ཡོད། དེ་ལྟར་ཡིན་ན་དེ་འདྲའི་ཤེས་པ་དེ་རྒྱུ་དང་རྐྱེན་གང་ལ་བརྟེན་ནས་ཡོང་བ་རེད་དམ་ཞེས་པའི་ད་ལྟའི་དྲི་བ་དེ་རེད།

                ཤེས་པ་ལ་ རྒྱྣནྟརྣྤཎཔྱདྲརྡཕྲ སྐྲདཎརྣཐྲདྲརྣཐྲ ༼སྐད་ཅིག་སྐད་ཅིག་གི་འགྱུར་བ༑༽ བྱེད་ཀྱི་ཡོད། ཤེས་པ་སྐད་ཅིག་སྐད་ཅིག་གིས་འགྱུར་བ་དེ་གོང་གི་ཕྱིའི་གཟུགས་ཅན་གྱི་ཆོས་ལྟར་རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་ལ་བརྟེན་ནས་ཤེས་པ་འཇིག་པའི་བདག་ཉིད་དུ་སྐྱེས་པ་རེད། དེར་བརྟེན་ཤེས་པ་སྐྱེད་བྱེད་ཀྱི་རྒྱུ་ཐོག་མ་ཞིག་བཞག་པ་ཡིན་ན་ཤེས་པ་སྐད་ཅིག་དང་པོ་དེ་རང་དང་རིགས་མི་མཐུན་པའི་རྒྱུ་ལས་སྐྱེས་པ་རེད། ཤེས་པ་སྐད་ཅིག་དང་པོ་རང་དང་རིགས་མཐུན་པའམ་རྫས་མི་མཐུན་པའི་རྒྱུ་ལས་སྐྱེས་ཆོག་ན་ད་ལྟ་ཡིན་ན་ཡང་རྫས་མི་མཐུན་པའི་རྒྱུ་ལས་ཤེས་པ་སྐྱེས་ཆོག་ཀྱང་དེ་སྐྱེ་གི་མེད། མྱོང་བའི་བདག་ཉིད་དེ་དག་ཤེས་པའི་རྣམ་འགྱུར་མི་འདྲ་བ་དབང་པོའི་ཤེས་པ་དང༌། མིག་གི་ཤེས་པ། རྣ་བའི་ཤེས་པ་ལ་སོགས་པ་དང༌། ཀླད་པར་ཆ་བཞག་ཀྱང་ཀླད་པའི་གནས་འདྲ་མིན་ལ་བརྟེན་ནས་ཤེས་པའི་རྣམ་འགྱུར་འདྲ་མིན་ཡོང་གི་རེད། ཡིན་ན་ཡང་དེ་ཐམས་ཅད་མྱོང་བ་གསལ་རིག་གི་ངོ་བོར་སྐྱེས་པ་དེར་དེ་མ་ཐག་རྐྱེན་ཞེས་བཤད་ཀྱི་ཡོད།

                ནང་པའི་ཕྱག་དཔེའི་ནང་དབང་པོའི་བདག་རྐྱེན་དང༌། དེ་མ་ཐག་རྐྱེན། དམིགས་རྐྱེན་བཅས་དབང་པོའི་ཤེས་པར་བརྩིས་ཀྱང་འདི་ལྟར་བཤད་ཀྱི་ཡོད། ཡིད་བློའི་སྟེང་ལ་བཤད་སྐབས་གཙོ་བོ་དེ་མ་ཐག་རྐྱེན་གྱི་སྒང་ནས་ཕལ་ཆེར་འགྲོ་གི་ཡོད། ད་དུང་ང་ཚོས་འདི་ཚོའི་གྲས་ནང་པའི་གཞུང་ནང་མུ་མཐུད་དེ་ཞིབ་འཇུག་བྱས། ང་ཚོས་གོ་བ་སྤྱི་ཙམ་དང་སྤམ་པོ་དེ་འདྲར་མ་བཞག་པ་བྱས་ཏེ། དཔེར་ན་ང་ཚོས་བུ་ཆུང་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། རིག་པ་ཡིན་པའི་ཕྱིར་ཞེས་བརྗོད་པ་དེ་གཅིག་པུར་ཆ་མ་བཞག་པར་ཤེས་པ་ཕྲ་རགས་ཀྱི་དབྱེ་བ་ཕྱེ་རྒྱུ་དང༌། ཀླད་པ་དང་འབྲེལ་བ་ཡོད་པའི་ཤེས་པའི་རིགས་ཇི་ཙམ་བར་ཀླད་པ་དང་འབྲེལ་ཡོད་ཆགས་ཀྱི་ཡོད་པ་དང༌། ཀླད་པའི་བྱ་བ་རྫོགས་པའི་རྗེས་སུའང་ཤེས་པའི་མྱོང་བ་ལྟ་བུ་ཇི་འདྲ་ཡོང་ཐུབ་ཀྱི་ཡོད་པ་དེ་ཚོའི་གྲས་ང་ཚོས་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད།

                རིག་པ་ཞེས་པ་དེ། བློ་དང༌། རིག་པ། ཤེས་པ་ཞེས་པའི་རིག་པ་དེ་ཙམ་ཕལ་ཆེར་ཨེ་ཡིན་བསམ་གྱི་འདུག ཤེས་པ་ཕྲ་རགས་མང་པོ་ཕྱེ་ནས་ཤེས་པ་ཕྲ་མོའི་སྟེང་དུ་ཕལ་ཆེར་བསམ་བློ་གཏོང་གི་ཡོད། ཤེས་པ་ཕྲ་མོའི་སྟེང་ལ་རྩད་གཅོད་གཏོང་སྐབས་སྔགས་བླ་མེད་ཀྱི་གཞུང་ནས་གསུངས་པ་དེ་ཚོའི་གྲས་ལ་ཕལ་ཆེར་གོ་བ་ལེན་རྒྱུ་ཤུགས་ཆེན་པོ་ཡོད། 

                མདོར་ན་ཤེས་པར་ཤེས་པའི་རྒྱུན་གྱི་སྐད་ཅིག་དང་པོ་ཞིག་བཞག་ན་དེ་ཉིད་རིགས་མི་འཐུན་པའི་རྒྱུ་ལས་བྱུང་བ་ཞིག་ཁས་ལེན་དགོས་ཀྱི་ཡོད། ཤེས་པ་རྒྱུ་མེད་ལས་སྐྱེས་པ་ལྟ་བུ་ཞིག་ཕལ་ཆེར་བཤད་དགོས་ཆགས་ཀྱི་ཡོད། དེར་བརྟེན་ཤེས་པའི་ཐོག་མ་བཞག་ཀྱང་མི་བདེ་བ་ཡོད་ལ་ཐོག་མ་མེད་པ་ནས་ཡོད་ཅེས་བརྗོད་དགོས་བྱུང་ཡང་གློ་བུར་དུ་བློ་ལ་བདེ་མི་བདེ་ཡོང་མདོག་ཁ་པོ་རེད། གང་ཞིག་ཁས་བླངས་ཀྱང་བློར་མི་བདེ་བ་ལྟ་བུ་ཞིག་ཡོང་གི་ཡོད་ཀྱང་རང་གི་བློར་བདེ་མི་བདེ་གང་བྱུང་ཡང་དཔྱད་པ་བྱེད་སྐབས་དོན་གང་ལ་རིགས་པའི་གནོད་པ་ཉུང་ཞིང་སྒྲུབ་བྱེད་མང་བ་དང༌། དོན་གང་ལ་སྒྲུབ་བྱེད་ཉུང་ཞིང་གནོད་པ་མང་བ་ཡོད་ན་གནོད་པ་ཉུང་བ་དེ་ཁས་བླངས་རྒྱུ་རེད།

 

                དྲི་བ། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐ་མའི་དམིགས་ཡུལ་དེ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་དེ་རེད། ཕྱོགས་གཅིག་ནས་ྋགོང་ས་མཆོག་གིས་ད་ལྟ་བདག་མེད་གསུངས་སོང༌། བདག་མེད་ན་སངས་རྒྱས་ཀྱང་མེད། དེས་ན་སངས་རྒྱས་ཀྱི་གོ་འཕང་ཇི་ལྟར་བྱས་ནས་འཐོབ་བམ། 

 

                བཀའ་ལན། དེ་མ་ཤེས་པའི་སྐད་ཆ་རེད། ཁྱེད་རང་ཚོས་དྲི་བ་དྲིས་ལན་བྱས་ན་ཤེས་ཀྱི་རེད། དེར་བརྟེན་དོན་དམ་པའི་དབང་དུ་བྱས་ན་རྗེ་བཙུན་མི་ལས་གསུངས་པ་དེ་རེད།

དོན་དམ་བདེན་པའི་དབང་དུ་ནི། །

བགེགས་པའི་སངས་རྒྱས་ཉིད་ཀྱང་མེད། །

                ཅེས་གསུངས་པ་ལྟར་དོན་དམ་བདེན་པའི་དབང་དུ་བྱས་ན་བགེགས་ཀྱང་མེད་ལ་ང་ཡང་མེད། སངས་རྒྱས་དང་བྱང་སེམས་འཕགས་པ་ཡང་མེད། དེ་བཞིན་སེམས་ཅན་ཡང་མེད། གང་ཡང་མེད་ཅེས་གསུངས་པ་རེད།                 དེའི་རྗེས་སུ།

ཀུན་རྫོབ་བདེན་པའི་དབང་དུ་ནི། །

ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །

                ཞེས་གནས་ལུགས་ཀྱི་དབང་དུ་བྱས་ཏེ་དོན་གྱི་ངོས་ནས་གྲུབ་པའི་དབང་དུ་བྱས་ན་སངས་རྒྱས་མེད། བདག་མེད་ཅེས་པ་དེར་བསམ་བློ་འདི་ལྟར་གཏོང་གི་ཡོད་པ་ལས་སྤྱིར་བདག་དང་གཞན་ཟེར་བའི་བདག་མེད་ཅེས་བརྗོད་ཀྱི་མེད། བདག་ཡོད་པས་མི་ཆོག་བདག་པས་གཞན་གཅེས་པ་ཞེས་བརྗོད་ཀྱི་ཡོད། བདག་མེད་ན་གཞན་ཡོང་ཐབས་མེད་ལ་བདག་པས་གཞན་གཅེས་ཞེས་པ་དེ་ཉིད་མེད། བདག་པས་གཞན་གཅེས་ཞེས་པ་དེ་སྟོང་པའི་སྐད་ཆ་རེད། དེ་དོན་དག་མེད་པའི་སྐད་ཆ་རེད། བདག་ཡོད་པ་རེད།

                མ་གཞི་འདི་ནང་པ་རང་གི་ནང་དུའང་རྩོད་པ་ཧ་ཅང་མང་པོ་ཡོད། བདག་མེད་པའི་དོན་ཕྲ་མོ་དེ་དག་བློར་མ་ཆུད་པའི་སྐབས་བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་བདག་མེད་རགས་པའི་དོན་དེ་འདྲ་གསུངས་ཏེ་ཐབས་མཁས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་ཀྱིས་གདུལ་བྱའི་ཁམས་དང་མོས་པ་དང་བསྟུན་ནས་གསུང་ལུགས་འདྲ་མིན་གསུངས་ཀྱི་ཡོད། དེ་དག་ཁྱེད་རང་ཚོས་རིམ་པས་ཞིབ་ཚགས་པོ་བྱས་ཏེ་བལྟས་ན་ཤེས་ཀྱི་རེད། དེ་རིང་དེ་འདྲ་ཞིག་མིན་ནམ། ཐུགས་རྗེ་ཆེ།

 

བཀའ་ཆོས་ཉིན་གསུམ་པ།

 

ནང་ཤེས་པའི་ཐད་དེང་ཚན་རིག་པས་ཀྱང་

དོ་སྣང་བྱེད་པའི་སྐོར།

 

གང་གི་ཐུགས་བརྩེས་ཉེར་བཟུང་ནས། །

ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །

དམ་པའི་ཆོས་ནི་སྟོན་མཛད་པའི། །

གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །

                ཁ་སང་བདེན་བཞིའི་ངོ་བོ་ལ་བཟླས་པ་ཞེས་པ་དེ་ང་ཚོས་སྐད་ཆ་བཤད་པ་རེད། དེར་བརྟེན་བདེན་བཞིའི་ངོ་བོ་ལ་བཟླས་པ་ཞེས་པ་དེས་ང་རང་ཚོའི་བདེ་སྡུག་རྒྱུ་རྐྱེན་དང་བཅས་པ་དེ་དག་གི་འགྲེལ་བཤད་རྒྱབ་ཡོང་གི་ཡོད། གཞིའི་གནས་ཚུལ་གང་ཞིག་ཡོད་པ་དེ་དག་འགྲེལ་བཤད་རྒྱབ་ཀྱི་ཡོད། དེས་ན་ཁ་སང་སྐད་ཆ་བྱུང་བ་ལྟར་རེད། རྒྱྣརྟྟཔྱརྣ ྔཏྲདྲྟརྣཏྲྟ ༼དེང་དུས་ཚན་རིག༽ ཞེས་པ་དེའི་ཁོངས་རེད་ཅེས་ཕལ་ཆེར་བརྗོད་ཐུབ་པ་ལྟ་བུ་ཞིག་རེད།

                ཡིན་ན་ཡང་ རྒྱྣརྟྟཔྱརྣ ྔཏྲདྲྟརྣཏྲྟ ༼དེང་དུས་ཚན་རིག༽ ནང་གཙོ་བོ་ཁ་སང་སྐད་ཆ་བྱུང་བ་ལྟར་ཕར་བརྟག་དཔྱད་བྱས་ཏེ་བརྟག་དཔྱད་བྱེད་སའི་ཡུལ་དེ་ཚད་བཞག་རྒྱུ་ཡོད་པ་དང༌། རྩིས་རྒྱག་རྒྱུ་ཡོད་པ་དེ་འདྲ་ཞིག་གཙོ་བོ་བྱེད་ཀྱི་ཡོད་སྟབས་གཟུགས་ཅན་གཙོ་བོ་ལྟ་བུ་ཞིག་རེད། རྒྱྣརྟྟཔྱརྣ ྔཏྲདྲྟརྣཏྲྟ ༼དེང་དུས་ཚན་རིག༽ ནང་ནང་ཤེས་པའི་རྣམ་གཞག་གི་ཐོག་ལ་དོ་སྣང་བྱེད་མཁན་ཉུང་ཉུང་རེད། གཞི་ནས་དུས་རབས་ཉི་ཤུ་པའི་མཇུག་ནས་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད།

                ནམ་རྒྱུན་ཚན་རིག་པ་ཚོགས་སྐབས་ངས་དེ་བཤད་ཀྱི་ཡོད། ཤེས་པའི་ནང་ནས་སྒོ་ལྔའི་ཤེས་པ་སྟེ། མིག་ཤེས་དང༌། རྣ་ཤེས། སྣ་ཤེས། ལྕེ་ཤེས། ལུས་ཤེས་ཞེས་པ་དེ་འདྲའི་སྒོ་ལྔའི་ཤེས་པ་ཕྱི་རོལ་གྱི་ཆོས་ཤིག་ལ་དམིགས་ནས། དེས་དམིགས་རྐྱེན་ལྟ་བུ་བྱས་ཏེ་སྐྱེས་པའི་ཤེས་པའི་རིགས་མང་པོ་ཞིག་ཡོད། དེ་དག་ཀླད་པ་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཆགས་ཡོད། དཔེར་ན་ཀླད་པ་དུམ་བུར་ཕྱེ་སྐབས་ རྒཎརྣཐྲསྤྱཎཐྲྟ ༼སྐད་ཡིག༽ ཡོང་ས། ཆདྲཔྲདྲྣརྣ ༼འཆར་སྣང༌།༽ ཡོང་ས། ཚོན་གཞི་མཐོང་བ། སྒྲ་ཐོས་མཁན། དེ་ཚོ་ཚང་མ་ཀླད་པའི་ཀླད་རྩ་སོ་སོས་བྱེད་རྒྱུ་ཡོད་པ་དེ་དག་ཕལ་ཆེར།

ལུས་ལ་ལུས་དབང་ཇི་བཞིན་དུ། །

                གསུངས་པ་ལྟར་ལུས་ཤེས་ཀྱིས་ཐམས་ཅད་ལ་ཁྱབ་པ་དང༌། མིག་གི་དབང་པོ་ལ་སོགས་པ་དབང་པོ་བྱེ་བྲག་པ་སོ་སོར་ལུས་དབང་གིས་ཁྱབ་པ་ཞིག་ང་ཚོའི་དཔེ་ཆའི་ནང་ལ་བཤད་ཀྱི་ཡོད། དེར་བརྟེན་གཙོ་བོར་ལུས་ཤེས་དང་འབྲེལ་བའི་ཀླད་རྩ་དེ་དག་མངོན་གསལ་དོད་པོ་ཡོད་པ་ཞིག་ང་རང་ཚོའི་དཔེ་ཆའི་ནང་རྟོག་པ་དང་རྟོག་མེད་ཞེས་གཉིས་ཕྱེ་གི་ཡོད། 

 

 

རྟོག་པ་དང་རྟོག་མེད་ཀྱི་ཤེས་པས་

ཡུལ་ལ་འཇུག་ཚུལ།

 

                ཤེས་པ་ལྟ་བུར་ཆ་བཞག་ན། ཁྱེད་རང་ཚོས་ངའི་གདོང་ལ་ལྟ་སྐབས་ལྟ་བཞིན་པའི་མུར་ང་མཐོང་མཁན་དང༌། ང་ལ་དམིགས་པའི་བློ་ཞིག་ཡོད། དཔེར་ན། ངའི་ལག་པ་དང་མགོ་འགུལ་བསྐྱོད་བརྒྱབ་པ་དེ་དག་ད་ལྟ་གང་ཞིག་ཡོད་པ་དེ་དག་ཆ་ཚང་མཐོང་གི་ཡོད། ངེས་པ་འདྲེན་མ་འདྲེན་གནས་ཚུལ་ཐ་དད་རེད། ྋརྒྱལ་བ་རིན་པོ་ཆེའི་མིག་གི་རྣམ་འགྱུར་ལྟ་བུ་འདི་འདྲ་ཞིག་འདུག་བསམ་པའི་ཐོག་ལ་ཡིད་བློ་གཏད་པ་ཡིན་ན་ཚོན་གཞི་གང་ཞིག་ཡོད་པ་དང༌། དཔེར་ན་ངའི་མིག་གིས་གང་ཞིག་བྱེད་མིན་རྩེ་གཅིག་ཏུ་ཡིད་བློ་གཏད་ན་མིག་གི་ཤེས་པར་ངའི་ལག་པ་འགུལ་བསྐྱོད་བརྒྱབ་པ་དེ་མཐོང་གི་ཡོད་ཀྱང་ངེས་པ་འདྲེན་གྱི་མེད། དཔེར་ན་ངས་མར་ལྟ་སྐབས་ཁྱེད་རང་ཚོ་ཆ་ཚང་ཞིག་ངས་མཐོང་གི་ཡོད། ཕལ་ཆེར་ད་ལྟ་ངའི་མིག་གི་དབང་པོ་ཨོ་ཙམ་ཡོད་པའི་རྟགས་རེད། དེ་དག་ཆ་ཚང་མཐོང་མཁན་ཞིག་དང༌། མི་ཁ་ཤས་ཀྱིས་ཆུང་ཆུང་ལས་མཐོང་གི་མེད། ཁོང་ཚོ་སྨན་ཁང་ནང་བརྟག་དཔྱད་བྱེད་སྐབས་འོད་ལྟ་བུ་ཞིག་ཐིག་ཐིག་བལྟས་ཏེ་མིག་གཡས་གཡོན་གང་གིས་མཐོང་མ་མཐོང་ལྟ་གིན་འདུག་ཅིང༌། དེས་ན་འདིར་ཡོད་པ་དེ་དག་གི་ཕྱེད་ཀ་ཙམ་ཞིག་མཐོང་གི་འདུག འདི་ཕྱོགས་ཀྱང་མཐོང་གི་འདུག་ཀྱང་དེ་ཐམས་ཅད་ལ་ངེས་པ་འདྲེན་གྱི་མེད། 

                དཔེར་ན་ཕྲུ་གུ་སྟོང་ཕྲག་ཁ་ཤས་ཀྱི་གདོང་དེ་དག་གསོལ་ཧྲིག་གེར་མཐོང་གི་ཡོད་ཀྱང་དེའི་ནང་ནས་ཕྲུ་གུ་གཅིག་གི་གདོང་ལ་ཡིད་བློ་གཏད་པ་ཡིན་ན་ངེས་པ་འདྲེན་ཡོང་གི་ཡོད། དེར་བརྟེན་ ངདྲཏྲྤསྤྱཔྱྟ ༼གཟུགས་བརྙན།༽ ལྟ་བུ་ཆ་ཚང་ཤར་མཁན་གྱི་ཤེས་པ་ཞིག་དང༌། དེའི་ནང་ནས་གཅིག་རྡོག་སྒྲུག་བརྒྱབ་སྟེ་དེའི་སྟེང་དུ་དམིགས་སུ་གསལ་མཁན་དེ་ཕལ་ཆེར་ཡིད་བློ་ཆགས་ཀྱི་ཡོད། མདོར་ན་ཐད་ཀར་མཐོང་སྐབས་ལྟ་མཁན་གྱི་ཤེས་པ་ལྟ་བུ་ཞིག་ཡོད་པ་དེ་དབང་པོའི་ཤེས་པ་རྟོག་མེད་དེ་རེད། རྩ་བའི་འདུ་ཤེས་ལ་སོགས་པ་དེ་དག་ཡོད་ཀྱང་ད་ལྟ་བརྗོད་པའི་ངེས་པ་འདྲེན་པ་ཞེས་པ་དེ་ཕལ་ཆེར་ཡིད་བློའི་སྟེང་དུ་འགྲོ་གི་ཡོད། དེ་ཡིད་བློ་རྟོག་པ་ཞེས་པ་དེ་རེད།

མདོར་ན་ཁྱེད་རང་ཚོས་ཡར་ང་ལ་བལྟས་ཏེ་ངའི་གཟུགས་ཀྱི་དབྱིབས་དང་རྣམ་འགྱུར་ཆ་ཚང་བསམ་བློའི་ནང་ལ་གཟུགས་བརྙན་དེ་ཤར་ཚར་བའི་རྗེས་སུ་མིག་བཙུམ་ནས་འདི་ལྟར་བསྡད་ན་གཟུགས་བརྙན་དེ་ཤར་གྱི་འདུག་གམ། མིག་བཙུམ་ནས་མིག་གི་ཤེས་པས་ལས་ཀ་མ་བྱས་པར་གོང་དུ་མིག་གི་ཤེས་པས་མཐོང་བ་ཡིད་བློའི་སྟེང་དུ་དཔར་ལྟ་བུ་བརྒྱབ་སྟེ་དེ་རྟོག་པ་ཞེས་པ་དེ་རེད། རྟོག་པ་ལ་དཔེར་ན་མིག་བཙུམ་ནས་ཡིད་བློ་རྟོག་པ་ལ་ྋརྒྱལ་བ་རིན་པོ་ཆེའི་རྣམ་འགྱུར་མཐོང་བ་དེ་དོན་དངོས་ལ་ཡོད་དམ་ཞེ་ན། དེ་མེད་ལ་དེ་འདས་ཚར་བ་རེད།

                རྟོག་མེད་ཀྱི་ཤེས་པས་འདི་ལྟར་མཐོང་སྐབས་ད་ལྟ་ཡོད་བཞིན་པའི་ྋརྒྱལ་བ་རིན་པོ་ཆེ་དེ་མཐོང་གི་ཡོད། མིག་བཙུམ་ཏེ་ཡིད་བློ་རྟོག་པར་སླེབས་སྐབས་མཐོང་མ་ཐག་པའི་གཟུགས་བརྙན་དེ་ཤར་བ་ལས་མཐོང་བ་ངོ་མ་དེ་འགག་ཚར་བ་རེད། གཅིག་བྱས་ན་ང་འདིར་མ་བསྡད་པར་ཕྱིན་ཚར་བའི་རྗེས་སུའང་ཁྱེད་རང་ཚོས་མིག་བཙུམ་ནས་བསམ་བློ་བཏང་ན་ང་རྐུབ་སྟེགས་འདིའི་སྟེང་དུ་ཡོད་པ་ཞིག་བློ་ལ་ཤར་གྱི་ཡོད།

                དོན་སྤྱི་ཞེས་དོན་སྤྱིའི་སྣང་བ། རྟོག་མེད་ཀྱི་ཤེས་པས་ཡུལ་དུས་གནས་སྐབས་མ་འདྲེས་པར་རྟོག་མེད་ཤེས་པས་ང་འདིར་མཐོང་བ་དེ། ད་ལྟ་ང་འདིར་ཡོད་བཞིན་པ་དེ་མཐོང་གི་ཡོད་པ་ལས་ཁ་སང་དེ་ཡང་མིན། ཡུལ་དུས་གནས་སྐབས་བྱེ་བྲག་པ་ཞིག་ད་ལྟ་རང་ང་འདིར་ཡོད་པ་དེ་མཐོང་གི་ཡོད། རྟོག་པ་ཞེས་བརྗོད་སྐབས་ཡུལ་དུས་གྱི་རང་བཞིན་འདྲེས་ཏེ་ཁ་ཉིན་མས་ཉིན་རྐུབ་སྟེགས་སྟེང་དུ་ཡོད་པའི་ྋརྒྱལ་བ་རིན་པོ་ཆེ་དེ་དང༌། ད་ལྟ་མིག་བཙུམ་ནས་འདི་ལྟར་བསམ་བློ་ཞིག་བཏང་བ་ཡིན་ན། དེ་ཁ་སང་ཡང་ཡོད་ལ་ཁས་ཉིན་ཡང་ཡོད་བསམ་པ་ཞིག་དྲན་གྱི་ཡོད། དེ་དང་འབྲེལ་ནས་རྟག་འཛིན་གྱི་བློ་ཞེས་པ་དེ་ཡོང་གྲབས་བྱེད་ཀྱི་ཡོད་ཀྱང་གང་ལྟར་ཡུལ་དུས་རང་བཞིན་འདྲེས་ཡོང་གི་ཡོད། 

                རྟོག་པར་ཡུལ་དུས་རང་བཞིན་འདྲེས་ནས་ཡོང་བ་སྟེ། མེ་ཏོག་དེ་ངས་སྔ་ལོ་ཡང་མཐོང་སོང་ཞེས་བརྗོད་པ་ལྟ་བུ་དང༌། མེ་ཏོག་དེ་ཁ་སང་ས་ཆ་གཞན་ཞིག་ནས་མཐོང་སོང་ཞེས་བརྗོད་པ་ལྟ་བུ་ནི་ཡུལ་དུས་རང་བཞིན་འདྲེས་ཡོང་གི་ཡོད། རྟོག་མེད་ཤེས་པས་ཐད་ཀར་གང་ཞིག་ཡོད་པ་དེ་ཡུལ་དུས་རང་བཞིན་མ་འདྲེས་པར་མཐོང་ཡོང་གི་ཡོད། དེར་བརྟེན་རྟོག་པ་དང་རྟོག་མེད་ཟེར་བ་དེར་ཁྱད་པར་ཆེན་པོ་འདུག་ཀྱང༌། ད་ལྟ་ཚན་རིག་གི་ཐོག་ནས་ཀླད་པའི་ཀླད་རྩའི་ཐོག་ནས་རྟོག་པ་དང་རྟོག་མེད་ཀྱི་དབྱེ་བ་ཕྱེ་ཐུབ་ཀྱི་མེད། ད་ལྟ་ཚན་རིག་གི་ཐོག་ནས་ཀླད་པའི་འགྲེལ་བཤད་དང༌། ཤེས་པའི་འགྲེལ་བཤད་རྒྱབ་རྒྱུ་དེ་འདང་གི་མེད་པའི་རྟགས་གཅིག་འདི་འདུག

 

ཚད་མ་དང་ཚད་མིན་གྱི་ཤེས་པའི་

བྱེད་ལས་ཀྱི་སྐོར།

 

                རྟགས་གཞན་ཞིག་ནི། ཚད་མ་དང་ལོག་ཤེས་དང་ཚད་མ་དང་ཚད་མིན་ཞེས་དབྱེ་བ་ཕྱེ་མི་ཐུབ་པ་དེ་ཡིན། ང་རང་ཚོས་ཚད་མ་ཧ་ཅང་གི་གལ་ཆེན་པོར་བརྩིས་ཏེ་སྤྱིར་སློབ་སྦྱོང་བྱེད་པ་དེ་ཡང་དོན་ཇི་བཞིན་ཤེས་པའི་དོན་དུ་སློབ་སྦྱོང་བྱེད་ཀྱི་ཡོད། གྟྣཐྲཔྱཎསྣྲདཕྲ  ༼ས་ཁམས་རིག་པ།༽ བསླབས་ནས་དངོས་ཡོད་ཀྱི་ས་བབ་ཇི་འདྲ་ཞིག་ཡོད་པ་དེ་ཤེས་པའི་དོན་དུ་རེད། ཁྱཏྲྣརྣྣནདྲཏྲ ༼དཔལ་འབྱོར་རིག་པ།༽ བསླབས་སྐབས་ ཁྱཏྲྣརྣྣནདྲཏྲ ནང་གི་དངོས་ཡོད་གནས་ཚུལ་ཇི་འདྲ་ཡིན་མིན་དེ་དག་བསླབས་ཀྱི་ཡོད། དངོས་ཡོད་གནས་ཚུལ་དེ་མ་ཤེས་ན་དེ་དང་ ཁྟཎརྡ ༼འབྲེལ་བ།༽ བྱེད་རྒྱུ་ཁག་པོ་རེད།

                དཔེར་ན་ཨེམ་རྗེ་ཞིག་གིས་གཟུགས་པོའི་གནས་སྟངས་དེ་དག་བསླབས་ནས་ཤེས་པར་བྱེད་དགོས་པ་ལས་དེ་དག་མ་ཤེས་ན་ནད་ལ་ ཁྟཎརྡ ༼འབྲེལ་བ།༽ བྱེད་ཤེས་ཐབས་མེད། ནད་བཅོས་ཐབས་ཀྱང་ཤེས་ཀྱི་མེད། དེར་བརྟེན་མདོར་ན་ཚད་མ་ཞེས་པ་ལྟ་བུ་མིང་གང་ཞིག་བཏགས་ཀྱང་འདོད་པའི་དོན་འདོད་པ་བཞིན་དུ་འགྲུབ་པར་དེ་ཚུལ་ཕྱིན་ཅི་མ་ལོག་པར་རྟོགས་པའི་བློ་ཚད་མ་ཞིག་དགོས་ཀྱི་ཡོད། བློ་ཚད་མ་དེས་ཐབས་ལམ་དབྱིན་ཇིའི་སྐད་དུ་ ངྟཎརྡདྲཔྲྤདྲཏྲ ༼དངོས་ཡོད།༽ དངོས་ཡོད་གནས་ཚུལ་ལ་རན་པའི་བཅོས་ཐབས་ཞེས་བརྗོད་ན་ ངྟཎརྡདྲཔྲྤདྲཏྲ ༼དངོས་ཡོད།༽ རྒྱྟྤདྣརྟ ༼ཐབས་ལམ།༽ ངྟཎརྡདྲཔྲྤདྲཏྲ ཡོང་དང་མི་ཡོང་ཞེས་བརྗོད་པ་དེ་ ངྟཎརྡདྲྤཕྲ ༼ངོ་མ།༽ ངོ་མ་དེ་དང་ཏག་ཏག་རན་པ་ཞིག་ཡོད་ན་ ངྟཎརྡདྲཔྲྤདྲཏྲ ༼དངོས་ཡོད།༽ རེད། དངོས་ཡོད་གནས་ཚུལ་དེ་དང་མ་རན་ན་ ངྟཎརྡདྲཔྲྤདྲཏྲ མ་རེད། དེར་བརྟེན་ཡུལ་གྱི་གནས་ཚུལ་དེ་ཡང་ ངྟཎརྡདྲྤཕྲ དེ་ཆ་ཚང་ཤེས་པ་དེ་ཚད་མ་རེད།

                ཡུལ་གྱི་གནས་ཚུལ་ཆ་ཚང་རྟོགས་པའི་ཐོག་ནས་དངོས་ཡོད་གནས་ཚུལ་དེ་དང་འཚམས་པའམ་དེ་དང་རན་པའི་ཐབས་ཤེས་བྱེད་པ་དེ་ ངྟཎརྡདྲཔྲྤདྲཏྲ རེད། དེའི་ཡུལ་ཆ་ཚང་ཤེས་པའི་ཚད་མ་དེ་དང་མཉམ་དུ་ཡུལ་དེར་ཇི་ལྟར་དཔྱད་སྟངས་དེ་ནི་ཡུལ་དེར་འབྲེལ་བ་བྱེད་སྟངས་ཇི་འདྲ་བྱས་ནས་བྱེད་དགོས། དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་བྱེད་པ་དེ་ཚད་མ་ཆགས་ཡོང་གི་ཡོད། སྤྱིར་ཚད་མ་ཞེས་བརྗོད་ན་བློ་ཚད་མ་དང་གང་ཟག་ཚད་མ་ཞེས་བཞག་རྒྱུ་ཡོད། དེར་བརྟེན་མདོར་ན་མི་བསླུ་བ་ཞིག་གི་སྟེང་ནས་འགྲོ་དགོས་ཤིང་དེ་ལྟར་བྱས་ན་འདོད་པའི་དོན་འགྲུབ་ཀྱི་རེད།

                དཔེར་ན་རྒྱལ་ཁབ་ཆེན་པོ་ཨ་མི་རི་ཀའི་སྲིད་བྱུས་ལྟ་བུ་དང༌། དཔེར་ན་དབྱི་རག་ནང་གི་སྲིད་བྱུས་ལ་ཆ་བཞག་ན། མི་མང་པོ་ཞིག་གིས་དེ་ནོར་སོང་ཞེས་བཤད་ཀྱི་ཡོད། ནོར་བ་དེ་དངོས་ཡོད་གནས་ཚུལ་ལ་མ་རན་པ་ཞིག་ཆགས་པ་རེད། ཐོག་མར་རྙོག་དྲ་དེ་མི་རེ་གཉིས་ཀྱིས་བཟོས་པ་ལྟ་བུ་ཞིག་དང༌། ཉུང་ཤས་ཤིག་གིས་བཟོས་པ་ལྟ་བུའི་བསམ་བློ་བཏང་ཞིང༌། དངོས་ཡོད་གནས་ཚུལ་ལ་ཧ་ཅང་གི་རྒྱ་ཆེན་པོ་ཞིག་ཡོད། དངོས་ཡོད་གནས་ཚུལ་རྒྱ་ཆེན་པོ་དེ་ཇི་བཞིན་མ་ཤེས་པར་གནས་ཚུལ་བྱེ་བྲག་པ་ཞིག་རྡོག་སྒྲུག་བརྒྱབ་ནས་རྙོག་དྲ་ཚང་མ་འདིས་བཟོས་པ་རེད་ཅེས་བརྗོད་སྐབས་དེ་ལོག་ཤེས་རེད།  དངོས་ཡོད་གནས་ཚུལ་རྒྱ་ཆེན་པོ་ཞིག་གི་རྙོག་དྲ་ཡོད་པ་དེ་མ་བཤད་ཅིང་དེར་རྟོག་པ་མ་འཇུག་པར་བྱེ་བྲག་པ་ཞིག་བསྒྲུག་ནས་སྐྱོན་ཐམས་ཅད་དེས་བྱུང་བ་རེད་ཅེས་བརྗོད་པ་དེ་ཕྱིན་ཅི་ལོག་གི་བློ་རེད། དངོས་ཡོད་གནས་ཚུལ་མིན་ལ་དེ་ལོག་ཤེས་རེད།

                གཅིག་བྱས་ན་དེ་ལ་མཐའ་གཅིག་ཏུ་འཛིན་པའི་བློ་ཡིན་ན་ལོག་ཤེས་རེད། དེར་བརྟེན་ལོག་ཤེས་དེས་དྲངས་པའི་ ངྣརྡདྲཏྲཕྲ  ༼སྲིད་བྱུས།༽ ཆགས་སྐབས་ ངྣརྡདྲཏྲཕྲ  ༼སྲིད་བྱུས།༽ དེ་ནོར་འཁྲུལ་ཆགས་པ་རེད། ནོར་འཁྲུལ་དེའི་འབྲས་བུ་དེ་ཕམ་ཉེས་རེད། ཁྲཎདྲརྡསྤྱཔྱྟ ༼དོན་གོ་མ་ཆོད་པ།༽ རེད། དེས་ན་ང་རང་ཚོའི་མི་ཚེའི་ནང་གི་ལས་ཀ་གང་ཞིག་ཡིན་ན་ཡང་ཚད་མའི་བློ་ཞིག་གིས་ཆོས་དང་འཇིག་རྟེན་ཉིན་ཞག་གཅིག་གི་ལྟོ་ཆས་ཟ་རྒྱུ་ཚུན་ཆད་དང༌། གཉིད་ཉལ་རྒྱུ་ཚུན་ཆད་ཚང་མར་ཚད་མའི་བློས་ལས་ཀ་བྱེད་དགོས་ཀྱི་ཡོད།  དེར་བརྟེན་ཚད་མ་དང་ཚད་མིན་དང་ཚད་མ་དང་ལོག་ཤེས་གི་དབྱེ་བ་ཕྱེ་བ་རེད། མདོར་ན་དངོས་པོར་ཚད་མ་དང་ལོག་ཤེས་ཞེས་པ་དེ་ང་རང་ཚོའི་ཉིན་རེའི་འཚོ་བའི་ནང་དུ་ཡོད་ཅིང༌། ཉིན་རེའི་འཚོ་བའི་ནང་ལ་ གྲརྣསྤྲྣརྡསྤྲྟནྟརྣྤ  ༼ཐེ་གཏོགས།༽ འབྲེལ་བ་ཆེན་པོ་ཡོད་པ་ཞིག་རེད།

 

ཚན་རིག་པར་ལྐོག་ཏུ་གྱུར་པའི་ནང་

ཤེས་པའི་རྣམ་དབྱེའི་སྐོར།

 

 

                ཚན་རིག་གི་ཐོག་ནས་ཚད་མ་དང་ཚད་མིན་གྱི་དབྱེ་བ་ཕྱེ་ཐུབ་ཀྱི་མེད། ཀླད་པའི་གནས་སྟངས་ཀྱི་སྟེང་ནས་ཚད་མ་དང་ཚད་མིན་གྱི་དབྱེ་བ་ཕྱེ་ཐུབ་ཀྱི་མེད། ཡུལ་གཅིག་ལ་དམིགས་ནས་སྐད་ཅིག་སྔ་མ་ལོག་ཤེས་ཡིན་པ་དང༌། སྐད་ཅིག་ཕྱི་མར་རྐྱེན་གཞན་ཞིག་ལ་བརྟེན་ནས་འདི་ངས་ནོར་འདུག དེ་རེད་མི་འདུག་འདི་རེད་བསམ་པའི་ཚད་མ་སྐྱེས་པའི་བློ་ཡུལ་གཅིག་ལ་དམིགས་ནས་རྒྱུན་གཅིག་གི་སྟེང་ལ་རྒྱུན་སྔ་མ་ལོག་ཤེས་ཡིན་པ་དང༌། རྒྱུན་ཕྱི་མ་ཚད་མ་ཡིན་པ་དེ་ཀླད་པའི་ཀླད་རྩའི་སྟེང་ནས་འགྲེལ་བཤད་རྒྱབ་རྒྱུ་ཕལ་ཆེར་ཁག་པོ་རེད། ངས་ཚན་རིག་པ་དེ་ཚོར་དེ་ང་རང་ཚོས་བརྟག་དཔྱད་བྱེད་དགོས་ཀྱི་འདུག་ཅེས་རེ་སྐུལ་ཞུ་གི་ཡོད། ངས་ངོ་ཤེས་པའི་ཚན་རིག་པ་མང་ཆེ་བས་འདིའི་ཐོག་ལ་བརྟག་དཔྱད་བྱེད་ཀྱི་མི་འདུག་པས་དེར་བརྟག་དཔྱད་བྱེད་དགོས་ཀྱི་འདུག་ཅེས་ཞུ་གི་ཡོད། མདོ་དོན་དེ་ཡོད་པ་ནི་དངོས་ཡོད་གནས་ཚུལ་ང་ཚོས་དངོས་སུ་མཐོང་བ་དེ་རེད། རྟགས་གཅིག་དེ་འདུག

ཚན་རིག་པས་ཀླད་པའི་ཀླད་རྩའི་ཐོག་ནས་འགྲེལ་བཤད་རྒྱབ་མཁན་ཚོས་མི་ལ་སྡུག་བསྔལ་བྱུང་སྟེ་སྡུག་བསྔལ་ཉམས་སུ་མྱོང་བའི་སྐབས་ཀྱི་ཚོར་བ་ཤུགས་དྲག་པོ་ཡོང་བའི་ཀླད་པའི་གནས་ལྟ་བུ་དེ། སྙིང་རྗེ་ཤུགས་ཆེན་པོ་སྐྱེས་ནས་སེམས་ལ་ཅུང་ཟད་མི་བདེ་བ་ཡོང་བ་སྟེ། སེམས་ལ་གང་དྲག་ཅི་དྲག་བསམ་པ་སྐྱེ་བའི་གནས་སྐབས་ལ་ཚོར་བ་མྱོང་མཁན་དེ་ཀླད་པའི་གནས་གཅིག་རེད་ཅེས་བརྗོད་ཀྱི་འདུག དེ་ངས་གོ་ཐོས་བྱུང་སྐབས་ཚན་རིག་ཚོགས་ཆེན་ལ་ཡོད་པའི་ཚན་རིག་པ་ཚོར་ངས་དེ་དུས་བརྗོད་རྒྱུ་བྱུང༌། ཨ་མ། དེ་འདྲ་ཡིན་ན་ང་ཚོའི་ཀླད་པ་འདི་ཧ་ཅང་གི་ལྐུག་པ་རེད་འདུག་ཅེས་བརྗོད་པ་ཡིན། གང་ལགས་ཤེ་ན། རང་ལ་སྡུག་བསྔལ་བྱུང་སྟེ་མི་འདོད་པའི་ཚོར་བའམ་ཡིད་མི་བདེ་བ་ཤུགས་ཆེན་པོ་ཞིག་ཡོང་བ་དེ་དང༌། གཞན་གྱི་སྡུག་བསྔལ་བསམ་ནས་དེས་རྐྱེན་པས་སེམས་ལ་ཡིད་མི་བདེ་བ་ཡོང་བ་གཉིས་པོ་དེ་རྩ་བ་ནས་ཐ་དད་རེད།

                ཡིན་ན་ཡང་ཀླད་པ་གཅིག་གི་སྟེང་ལ་འགུལ་སྐྱོད་བརྒྱབ་ཀྱི་ཡོད། དེར་བརྟེན་ཀླད་པའི་རིམ་པ་ལྟ་བུ་དེའི་ཐོག་ནས་ཚོར་བ་དེ་ཡིད་མི་བདེ་བའམ་ཡིད་བློང་བློང་པོ་ཆགས་པའི་ཚོར་བ་ཉམས་སུ་མྱོང་མཁན་དེ་ཀླད་རྩ་གཅིག་ཆགས་པ་ལས་ཡིད་བློང་བློང་པོ་ཡོང་བའི་རྒྱུ་རྐྱེན་དེ་རྩ་བ་ནས་ཐ་དད་རེད།

                གཅིག་དེ་རང་ལ་སྡུག་བསྔལ་བྱུང་སྟེ་མི་བཟོད་པ་དེས་ཡིད་བློང་བློང་པོ་ཆགས་པ་ཞིག་དང༌། གཅིག་ཤོས་དེ་གཞན་གྱི་སྡུག་བསྔལ་བསམ་ནས་ཡིད་བློང་བློང་པོ་ཆགས་པའི་རྒྱུ་གཉིས་པོ་དེ་རྩ་བ་ནས་ཐ་དད་རེད།

                དེར་ང་གང་དྲག་ང་ཅི་དྲག་བསམ་པའི་བློ་དེ་བློའི་རང་བཞིན་དེ་ཉིད་སྦུབ་སུབ་དོག་པོ་དང་རྒྱ་ཆུང་ཆུང་རེད། དེའི་སྐབས་ལ་ཞུམ་པ་རེད། ད་ང་གང་དྲག་ང་ཅི་དྲག་བསམ་པ་ཞིག་གིས་རང་སྟེང་ལ་སྡུག་བསྔལ་གྱིས་ནོན་པའི་གནས་སྐབས་ལ་བློ་ཡི་ཡོང་སྟངས་དེ་ང་ཧ་ཅང་གི་ཐབས་སྡུག་པོ་ཆགས་སོང་བསམ་པ་ལྟ་བུས་སེམས་ཞུམ། བློ་ཕམ། སྐྱབས་མེད་མགོན་མེད་ཀྱི་ཚོར་བ་ལྟ་བུ་ཞིག་སླེབས་ཡོང་གི་ཡོད། 

                གཞན་གྱི་སྡུག་བསྔལ་བསམ་ནས་སྙིང་རྗེ་སྐྱེ་སྐབས་བློ་ཞུམ་པའི་བསམ་བློ་དེ་མེད་ཅིང༌། རང་གིས་ང་གང་དྲག་ཅི་དྲག་བསམ་པའི་བློ་དེའི་ཟུར་ཆ་ཙམ་ཡང་མེད། ཕ་རོལ་པོ་སྡུག་བསྔལ་གྱིས་མནར་བ་དེར་གང་དྲག་ཅི་དྲག་བསམ་པའི་བློ་སྐྱེ་སྐབས་བློ་དེར་སྙིང་སྟོབས་ཡོད་པས་བློ་དེར་ཞུམ་པ་ཞེས་པ་དེ་རྩ་བ་ཉིད་ནས་མེད། དབྱིན་ཇིའི་སྐད་དུ་ ྔྟརྡཐ སྐྲྣརྣཐདྲརྟྟརྣཏྲྟ ༼རང་རང་གི་གདེང་ཚོད་དམ། ཡིད་ཆེས།༽ ཧ་ཅང་གི་ཤུགས་ཆེན་པོ་ཞིག་ཡོད། ཡིན་ན་ཡང་ཀླད་པའི་ཀླད་རྩས་དེ་ངོ་ཤེས་ཀྱི་མེད།

                རྒྱུ་ཡི་གནས་སྐབས་ལ་སྙིང་རྗེའི་བློ་དེ་སྙིང་སྟོབས་ཡོད་པ་དང༌། སེམས་ཤུགས་ཡོད་པ། སྤོབས་པ་ཡོད་པའི་བློ་དེས་དྲངས་ནས་ཅུང་ཟད་སེམས་ལ་མི་བདེ་བ་ལྟ་བུ་ཆགས་ཡོད་པ་དེ་དང༌། རངསྟེང་དུ་སྡུག་བསྔལ་བྱུང་སྟེ་རྩ་བ་ནས་སེམས་ཞུམ། ཕམ། ཅི་བྱ་གཏོལ་བྲལ་དུ་གྱུར་བའི་བསམ་བློ་དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་ཀྱང་ཡིད་མི་བདེ་བ་ཡོང་བའི་ཚོར་བ་ལྟ་བུ་ལུས་ཤེས་ཀྱིས་མྱོང་སྐབས་ཀླད་རྩ་གཅིག་གི་སྟེང་ལ་འགྲོ་གི་ཡོད།

                དེར་བརྟེན་རྩེད་མོ་རྩེད་ནས་འདི་ལྟར་བཤད་ཀྱི་ཡོད། དཔེར་ན་ང་ཚོས་མིག་ཆུ་གཏོང་བ་དེ། ང་ཚོ་ཚང་མ་མིག་ཆུ་གཏོང་མྱོང་མཁན་ཤ་སྟག་རེད། དེས་ན་མཚམས་རེ་དགའ་ཐག་ཆོད་ནས་མིག་ཆུ་གཏོང་གི་ཡོད། སོ་སོའི་དགའ་ཉེ་ཐུག་པ་དང༌། ཡང་ན་ཕ་མ་གཉིས་ཟླ་བ་མང་པོར་མ་ཐུག་པར་ཐེངས་གཅིག་ཐུག་སྐབས་ཨ་མ་ལགས་ཞེས་འབོད་ནས་ཧ་ཅང་གི་དགའ་པོ་བྱུང་སྟེ་མིག་ཆུ་ཤོར་བ་ལྟ་བུ་དང༌། དེ་བཞིན་ཨ་མ་དང་དགའ་ཉེ་ལྟ་བུས་ལག་རྟགས་ཡག་པོ་ཞིག་སྤྲད་དེ་དགའ་པོ་བྱུང་བ་ལྟ་བུ་དང༌། ཡིག་རྒྱུགས་ཧ་ཅང་གི་ཡག་པོ་འཕྲོད་ནས་དགའ་ཐག་ཆོད་ནས་ཡང་མིག་ཆུ་ཤོར་གྲབས་བྱེད་པ་ལྟ་བུ་ཡོང་གི་ཡོད།                 ཡང་ཧ་ཅང་གི་སེམས་ཁྲལ་ཆེན་པོ་བྱུང་བ་སྟེ་དཔེར་ན་ཕ་མ་དང་སྤུན་མཆེད་ཤི་བ་ལྟ་བུ་གྲ་མ་འགྲིགས་ཆེན་པོ་ཞིག་བྱུང་སྟེ་ཡང་མིག་ཆུ་ཤོར་བ་ལྟ་བུ་བྱེད་ཀྱི་ཡོད། 

                དེ་མིན་བསྟན་བཤིག་བསླངས་ནས་བགད་མོ་ཆེན་པོ་ཤོར་བའི་ངང་ནས་ཡང་མིག་ཆུ་ཤོར་བ་ཞིག་ཀྱང་ཡོང་གི་ཡོད། དེར་བརྟེན་སྔོན་ལ་རོབས་ཙམ་བཤད་ན་ང་རང་ཚོས་མིག་ཆུ་ཤོར་བར་དགའ་དྲགས་ནས་མིག་ཆུ་ཤོར་བ་གཅིག་དང༌། སྡུག་དྲགས་ནས་མིག་ཆུ་ཤོར་བ་གཅིག བགད་མོ་ཆེན་པོ་ཤོར་སྐབས་མིག་ཆུ་ཤོར་བ་གཅིག་བཅས་དེ་དག་རྒྱུ་ཡི་གནས་སྐབས་སུ་ཧ་ཅང་མི་འདྲ་བ་ཞིག་སྟེ། གཅིག་དེ་དགའ་དྲགས། གཅིག་ཤོས་སྡུག་དྲགས། སྐྱོ་དྲགས་པ་བཅས་རྒྱུའི་གནས་སྐབས་སུ་ཧ་ཅང་མི་འདྲ་བ་ཡོད་ཀྱང་ལུས་པོའི་ ངྟཎཏྲྤདྲྣརྣ ༼རྣམ་འགྱུར།༽ ཡོང་སྐབས་མིག་ནས་མིག་ཆུ་གཅིག་པ་དོན་ཡོང་གི་ཡོད། མིག་གིས་མིག་ཆུ་ཡོང་ས་དེ་དག་དབྱེ་བ་ཕྱེ་ཤེས་ཀྱི་མེད། དགའ་དྲགས་ནས་མིག་ཆུ་ཤོར་གྱི་ཡོད་པ་དང༌། སྡུག་དྲགས་ནས་མིག་ཆུ་ཤོར་གྱི་ཡོད་པའི་དབྱེ་བ་ཕྱེ་ཤེས་ཀྱི་མི་འདུག་ཅིང༌། ངདཕྲཔྲདྲཏྲཎརྡ ངྟཎཏྲྤདྲྣརྣ ༼ལུས་ཀྱི་རྣམ་འགྱུར།༽ དེ་མི་འདུག

                དེར་བརྟེན་ངས་ནམ་རྒྱུན་རྩེད་མོ་རྩེད་ནས་བཤད་ཀྱི་ཡོད། མིག་དེ་སྤྱང་པོ་ཡིན་ན་དགའ་དྲགས་ནས་མིག་ཆུ་ཤོར་སྐབས་མིག་གཡས་པ་ནས་མིག་ཆུ་དོན། སྡུག་དྲགས་ནས་མིག་ཆུ་ཤོར་སྐབས་མིག་གཡོན་པ་ནས་མིག་ཆུ་ཤོར་ན་མིག་དེ་སྤྱང་པོ་ཡོད་པའི་རྟགས་རེད། དེ་མི་འདུག་ཅིང་དེ་དག་ཕལ་ཆེར་གཅིག་པ་ལྟ་བུ་རེད།

                ཀླད་པའི་ཀླད་རྩའི་སྟེང་ནས་དགའ་སྡུག་ཡོང་བའི་སྐབས་ཀྱི་རྣམ་འགྱུར་ཐོན་པ་དེ། རགས་པའི་སྟེང་ནས་འདི་ལྟར་རྣམ་འགྱུར་ཐོན་པ་ལས་བློ་ཡི་སྤུ་རིས་མི་འདྲ་བ་ཕྲ་མོའི་སྟེང་ནས་ཁྱད་པར་ཞིག་ཕལ་ཆེར་མེད། གཅིག་བྱས་ན་མངོན་གྱི་མེད་པ་ཡིན་ནམ། ཤེས་པ་ཞེས་བརྗོད་སྐབས་ཧ་ཅང་ཕྲ་མོ་ཞིག་རེད། ཀླད་རྩ་ཞེས་བརྗོད་སྐབས་གཟུགས་ཅན་རགས་པ་རེད། དེར་བརྟེན་ཤེས་པའི་སྟེང་གི་རྣམ་འགྱུར་འདྲ་མིན་ཕྲ་མོ་དེ་དག་ཀླད་རྩའི་སྟེང་ནས་དེ་ཙམ་མི་མངོན་པ་ཡིན་སྲིད། གཅིག་བྱས་ན་ད་ལྟ་ཀླད་པའི་རྣམ་གཞག་བཤད་པ་དེ་གང་ཙམ་ཞིག་ཤེས་ཀྱི་ཡོད་པ་ལས་ཀླད་པའི་རྣམ་གཞག་དཔྱིས་ཕྱིན་པ་ད་ལྟ་ཤེས་ཀྱི་མེད། ཀླད་པ་ཆུང་ཆུང་དེའི་གནས་སྟངས་ཞིབ་ཕྲ་ཞིག་ད་ལྟ་ཤེས་ཀྱི་མེད། ད་ལྟ་ རྒྱཕྲཔྲྤྟཔྱཕྲ ༼སྦས་པའི་གནས་དོན།༽ ལྐོག་གྱུར་བྱས་ཏེ་བསྡད་པ་མང་པོ་ཞིག་ཡོད། ད་དུང་རིམ་པས་ཉམས་ཞིབ་རྩད་གཅོད་བྱེད་སྐབས་ཞིབ་ཚགས་སུ་འགྲོ་བ་དང༌། ཞིབ་ཚགས་པ་ཞིག་ཤེས་རྒྱུ་ཡོད་མདོག་ཁ་པོ་རེད། གཅིག་བྱས་ན་ཀླད་པ་ཇི་ཙམ་ ྔྣསྣྲདདྲཔྲྤདྲཏྲ ༼མགོ་རྙོག་བཟོས་པ།༽ ཡོད་ཀྱང༌། ྔྣསྣྲདདྲཔྲྤདྲཏྲ ༼མགོ་རྙོག་བཟོས་པ།༽ ཟེར་ན་ཤེས་ཀྱི་རེད། འཁྲུག་ཆ་དོད་པོ་ཇི་ཙམ་ཡོད་ཀྱང་ཤེས་པ་ལ་ལྟོས་ན་རགས་པ་རེད།

                དེར་བརྟེན་ད་ལྟ་ རྒྱྣརྟྟཔྱརྣ ྔཏྲདྲྟརྣཏྲྟ ༼དེང་དུས་ཀྱི་ཚན་རིག༽ ཐོག་ནས་ཤེས་པའི་རྣམ་གཞག་དེར་དོ་སྣང་གསར་པ་ཞིག་བྱེད་ཀྱི་ཡོད། ཁྱནྣྤདྲྣརྣ ༼སེམས་ཚོར་དྲག་པོ།༽ སྟེང་ལ་ཡང་དོ་སྣང་གསར་པ་ཞིག་བྱེད་ཀྱི་ཡོད། ཚོར་བ་ཤུགས་ཕྲ་མོ་ཡོད་པའི་བློ་དེ་དག་ལ་དོ་སྣང་བྱེད་ཀྱི་ཡོད་ཀྱང་ཧ་ཅང་གི་ཞིབ་ཚགས་ཞིག་ཁག་པོ་རེད། 

                སངས་རྒྱས་པའི་གཞུང་དང་སྤྱིར་རྒྱ་གར་གྱི་གནའ་རབས་གཞུང་ནས་བློའི་རྣམ་གཞག་མང་པོ་ཞིག་བཤད་ཀྱི་ཡོད། མུ་སྟེགས་པའི་གཞུང་ནས་བློའི་རྣམ་གཞག་མང་པོ་ཞིག་བཤད་དེ། ཏིང་ངེ་འཛིན་གྱི་རྣམ་གཞག་མུ་སྟེགས་པའི་གཞུང་ནང་དུ་བཤད་ཀྱི་ཡོད་ལ་སྒོམ་མཁན་ཡང་ཡོད། ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་བསྒོམ་མཁན་ཡང་ཡོད། མུ་སྟེགས་པའི་གཞུང་ནས་རྒྱ་ཆེན་པོ་བཤད་ཀྱི་ཡོད། 

                ལྷག་པར་སངས་རྒྱས་པའི་གཞུང་གི་ནང་ནས་དེ་བཞིན་སེམས་སམ་བློའི་རྣམ་གཞག་ཧ་ཅང་གི་མང་པོ་བཤད་ཀྱི་ཡོད། དེར་བརྟེན་དེས་གཞིའི་རྣམ་གཞག་ཤེས་པ་ལ་  རྒྱྣརྟྟཔྱརྣ ྔཏྲདྲྟརྣཏྲྟ  ༼དེང་དུས་ཀྱི་ཚན་རིག༽ གཅིག་པུའི་ཐོག་ནས་གཞིའི་རྣམ་གཞག་ཕྱི་དངོས་པོའི་གནས་ཚུལ་ཤེས་པ་ལས་ནང་ཤེས་པའི་རྣམ་གཞག་དེ་ རྒྱྣརྟྟཔྱརྣ ྔཏྲདྲྟརྣཏྲྟ  ༼དེང་དུས་ཀྱི་ཚན་རིག༽ ཐོག་ནས་ད་ལྟ་ཧ་ཅང་ཁག་པོ་རེད། སྐྱསྤྱརྟརྟདདྲཔྲྤ ངཔྲཕྲཏྲདྣརྡྣཐྲཕྲ ༼ནང་པའི་སེམས་ཁམས་རིག་པ།༽ ཇྟཔྲྤྟཔྱརྣ ངཔྲཕྲཏྲདྣརྡྣཐྲཕྲ ༼ནུབ་ཕྱོགས་པའི་སེམས་ཁམས་རིག་པ།༽ གཉིས་བསྡུར་བ་ཡིན་ན། ཇྟཔྲྤྟཔྱརྣ ངཔྲཕྲཏྲདྣརྡྣཐྲཕྲ ཞེས་པ་དེ་ སྐྱཎཏཕྲ ༼ཕྲུ་གུ་དམར་འབྱར།༽ ལྟ་བུ་ཞིག་རེད། གཞི་ནས་ཡར་ལོངས་ཡོང་གི་ཡོད། 

                ནང་པ་སངས་རྒྱས་པའི། རྐྱརྣཏྲདྲྟརྣྤ གྲརྣརྟདྲཎརྣ  སྣྲཔྲཕྲཏྲདྣརྡྣཐྲཕྲ ༼རྒྱ་གར་གྱི་གནའ་རབས་སེམས་ཁམས་རིག་པ།༽ ཞེས་བརྗོད་པ་ཡིན་ན་ཧ་ཅང་གི་ཚད་མཐོ་པོ་རེད། གྲརྣཏྲརྡསྤྱརྟདྲརྣཐྲ སྐྱསྤྱརྟརྟདདྲཔྲྤ ངཔྲཕྲཏྲདྣརྡྣཐྲཕྲ ༼ནང་པའི་སེམས་ཁམས་རིག་པ་ཚུད་པའི།༽ ཞེས་བརྗོད་པ་ཡིན་ན་ཧ་ཅང་གི་ཚད་མཐོ་པོ་རེད། དེ་ རྐྱཏྣསྤྱྤ ྔཏྲདྲྟརྣཏྲྟ ༼ཚན་རིག་ཐོག༽ གཞི་དངོས་པོའི་གནས་ཚུལ་ཞེས་པ་དེ་རེད།

 

འདོད་ཡོན་ལྔ་དང་འབྲེལ་བའི་ཆགས་

སོགས་ཀྱི་ཤེས་པའི་སྐོར།

 

 

                ངས་འདི་གཅིག་བཤད་འདོད་བྱུང༌། ཡང་ཀླད་རྩའི་ནང་ཀླད་པའི་གཤམ་འོག་ཞིག་ཏུ་ཀླད་པའི་གནས་ལྟ་བུ་གཅིག་དང༌། དེ་ཡང་ཆགས་པ་དང་ཞེ་སྡང་སྐྱེ་བ་དེ་དག་ཡོང་སའི་གནས་ཤིག་ཡོད། འདི་བསམ་བློ་ཞིག་བཏང་ཚེ་ཁྱེད་རང་ཚོས་ཀྱང་བསམ་བློ་ཞིག་ཐོངས་དང༌། ང་ཚོ་འདོད་པ་ཁམས་པ་རེད། འདོད་པ་ཁམས་པ་ཡིན་ན་སྤྱིར་བཏང་གཙོ་བོ་དེ་ཆགས་པར་བརྩིས་ན། ཆགས་པའི་རིགས་དེ་དག་གཟུགས་དང༌། སྒྲ། དྲི། རོ། རེག་བྱ་བཅས་གཟུགས་ཅན་གྱི་ཆོས་ལ་ཆགས་པ་ཞིག་ཕལ་ཆེར་གཙོ་བོ་རེད། དེར་བརྟེན་དེ་ལུས་ཤེས་ཀྱི་སྟེང་དུ་འབྲེལ་བ་ཡོད་སྟབས་དེ་ཀླད་རྩའི་ནང་ནས་ངོས་འཛིན་ཐུབ་པ་ཞིག དེ་ཡང་བསམ་བློ་བཏང་བ་དང་རིམ་པས་བརྟག་དཔྱད་བྱེད་རྒྱུ་ཞིག་ཡོད་ས་རེད།

                དཔེར་ན་གཟུགས་ལ་ཆགས་པའི་ཆགས་པ་སྐྱེ་བའི་གནས་སྐབས་ཀྱི་ཀླད་རྩ་དེ་དང༌། ཉོན་མོངས་ཅན་གྱི་ཐར་པ་ལ་ཡིད་ཆགས་པའི་ཆགས་པ་ཡོང་གི་ཡོད་དམ་མེད། ཐར་པ་ཚད་མས་ངེས་ན་ཐར་པ་བདེན་སྟོང་ཤེས་དགོས། དེ་འདྲའི་བློ་དེ་ཉོན་མོངས་ཅན་གྱི་བློ་ཅང་ཡོང་གི་ཨེ་ཡོད།

                མདོར་ན་ཆོས་ཀྱི་སྐྱེ་མཆེད་དང༌། ཡིད་ཀྱི་སྐྱེད་མཆེད། ཆོས་ཀྱི་སྐྱེད་མཆེད་འདོད་ཡོན་མ་ཡིན་པ། དཔེར་ན་ཁམས་གོང་མའི་ཞི་རགས་ཀྱི་རྣམ་པ་ཅན་ལྟས་ཡོང་སྐབས་གོང་ས་ལ་ཞི་བར་ལྟས་ནས་དེ་ལ་ཆགས་པའི་ཆགས་པ་ཡོང་གི་རེད། དེ་ཡིད་བློའི་སྟེང་ནས་འགྲོ་གི་རེད། དེར་བརྟེན་ང་ཚོ་འདོད་པའི་འདོད་ཡོན་ལྔ་ལ་ཆགས་པའི་ཆགས་པ་སྐྱེ་བའི་གནས་སྐབས་དང༌། ཡིད་བློ་ཁོ་ནའི་ཐོག་ནས་ཆགས་པ་སྐྱེས་པའི་ཡུལ་ཞིག་ལ། ཆགས་པ་སྐྱེས་པའི་གནས་སྐབས་ཀྱི་ཀླད་རྩར་ཁྱད་པར་ཡོད་མེད་ང་ཚོས་ཞིབ་འཇུག་བྱེད་རྒྱུ་ཡོད་པ་རེད་བསམ་གྱི་འདུག དེས་ན་གཞི་དངོས་པོའི་གནས་ཚུལ་ཞེས་བརྗོད་པ་པ་དེ་ཡང་ན་  སྐྱསྤྱརྟརྟདདྲཔྲྤ ྔཏྲདྲྟརྣཏྲྟ ༼ནང་པའི་ཚན་རིག༽ ཞེས་པ་དེ་རེད། དེ་ནང་པས་བདེན་བཞི་གསུངས་པའི་ནང་ནས་སྡུག་བསྔལ་བདེན་པ་དང༌། ཀུན་འབྱུང་བདེན་པ་ཞེས་པ་དེ་རེད། འགོག་པའི་བདེན་པ་ཞེས་བརྗོད་སྐབས་ཕལ་ཆེར་ སྐྱསྤྱརྟརྟདདྲཔྲྤ ངདདྲརྡྣཔྲྣསྣྲདཕྲ ༼ནང་པའི་ལྟ་གྲུབ།༽ སླེབས་ཀྱི་ཡོད། ནང་པའི་ལྟ་བ་དང་ནང་པའི་གྲུབ་མཐའ་དེ་དག་ཕལ་ཆེར་སླེབས་ཀྱི་ཡོད། སྡུག་བསྔལ་གྱི་ནང་དུའང་འདུ་བྱེད་ཀྱི་སྡུག་བསྔལ་སྡུག་བསྔལ་ཡིན་པ་དེ་ཕལ་ཆེར་ནང་པའི་ལྟ་གྲུབ་ཀྱི་སྟེང་དུ་སླེབས་མི་ཡོང་ངམ། དེ་བཞིན་ཀུན་འབྱུང༌། ལས། ཉོན་མོངས་ཞེས་བརྗོད་སྐབས་ཀྱང་ཕལ་ཆེར་ལྟ་གྲུབ་ཀྱི་སྟེང་དུ་འབྲེལ་བ་ཕལ་ཆེར་ཡོད། སྡུག་བསྔལ་རགས་པའམ་སྡུག་བསྔལ་ཡོང་བའི་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་རགས་པ་དེ་དག་ཕལ་ཆེར་ རྒྱྣརྟྟཔྱརྣ ྔཏྲདྲྟརྣཏྲྟ ༼དེང་དུས་ཀྱི་ཚན་རིག༽ ཐོག་ནས་འབྲེལ་བ་བྱས་ཏེ་བཤད་ཐུབ་པ་ཞིག་ཕལ་ཆེར་ཡོང་མདོག་ཁ་པོ་རེད། དེ་ནས་སྡུག་བསྔལ་ཕྲ་བའི་གནས་སྐབས། དེ་བཞིན་ཉོན་མོངས་ཕྲ་བའི་རིགས་དེ་དག་ངོས་འཛིན་པ་ལ་ཉོན་མོངས་པ་དེ་ཕྱིན་ཅི་ལོག་པའི་བློ་ཡིན་པ་ཤེས་དགོས།

                མ་རིག་པ་རེད་ཅེས་བརྗོད་པ་དེ་ཤེས་པར་ཡུལ་གང་ཞིག་ལ་བློ་དེས་རྨོངས་ནས་ཡུལ་དེ་ཕྱིན་ཅི་ལོག་ཏུ་འཛིན་པའི་མ་རིག་པ་ལ་གཉིས་ཏེ། མི་ཤེས་པ་ཙམ་གྱི་མ་རིག་པ་གཅིག་དང༌། ཕྱིན་ཅི་ལོག་ཏུ་རྟོགས་པའི་མ་རིག་པ་གཅིག་བཅས་གཉིས་ཡོད་པ་ལས་མི་ཤེས་པ་ཙམ་གནས་ཚུལ་ཐ་དད་རེད། ཅུང་ཟད་དྲག་གི་རེད། ཕྱིན་ཅི་ལོག་ཏུ་རྟོགས་པའི་མ་རིག་པར་ལྟ་བ་ལ་ཕྲ་རགས་ཡོད་པ་ལྟར་མ་རིག་པ་འཇོག་སྟངས་ལའང་ཕྲ་རགས་མང་པོ་ཡོང་གི་ཡོད། དེ་ནང་པའི་ལྟ་གྲུབ་དང་འབྲེལ་བ་ཡོད། གཞིའི་གནས་ཚུལ་ཡིན་ན་ཡང་གཞིའི་གནས་ཚུལ་འགྲེལ་བཤད་རྒྱབ་སྐབས་དེ་སྤྱིར་བཏང་རང་ག་བའི་ཐོག་ནས་ཤེས་ཐུབ་རྒྱུ་ཁག་པོ་རེད། གཞིའི་གནས་ཚུལ་ཡིན་ན་ཡང་དེ་ཤེས་པར་སངས་རྒྱས་པའི་གྲུབ་མཐའ་ལ་བརྟེན་ནས་ཤེས་དགོས་པ་ཞིག་ཕལ་ཆེར་རེད། དེར་བརྟེན་ལྟ་གྲུབ་དང་འབྲེལ་ནས་འགྲེལ་བཤད་རྒྱབ་དགོས་པ་ཞིག་དང༌། གཞིའི་གནས་ཚུལ་མང་པོ་ཞིག་ལྟ་གྲུབ་དང་འབྲེལ་ནས་ཤེས་དགོས་པ་ཞིག་ཕལ་ཆེར་རེད།

 

འགོག་བདེན་དང་ཐར་པའི་དོན་དང༌།

དེའི་སྒྲུབ་ཐབས་སོགས་ཀྱི་སྐོར།

 

                འགོག་བདེན་ཞེས་པ་དེ་ཤེས་པ་ལ་སྟོང་ཉིད་བསྒྲུབ་དགོས་ཤིང༌།  སྟོང་པ་ཉིད་དམ་འགོག་བདེན་ཡག་པོ་ཞིག་ཤེས་པ་ལ། དཔེར་ན་བྱེ་བྲག་སྨྲ་བས་འགོག་བདེན་བཤད་ཀྱི་ཡོད་ཀྱང་དེས་འགོག་བདེན་དཔྱིས་ཕྱིན་པ་ཞིག་འགྲེལ་བཤད་རྒྱབ་ཐུབ་ཀྱི་མེད། དབུ་མ་བས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པའི་སྟོང་པའི་དོན་དཔྱིས་ཕྱིན་པ་ཞིག་འགྲེལ་བཤད་བརྒྱབ་པའི་སྟེང་ནས་འགོག་བདེན་འགྲེལ་བཤད་རྒྱབ་རྒྱུ་དང༌། འགོག་བདེན་ཤེས་དགོས་པ་ལས་སྤྱིར་བཏང་སྡུག་ཀུན་གཉེན་པོ་སྐྱེས་པའི་སྟོབས་ཀྱིས་ཉེ་བར་ཞི་བ་ཞེས་ཚིག་སྤམ་པོ་ལྟ་བུའི་ཐོག་ནས་འགོག་བདེན་བཤད་ན་བཤད་ཐུབ་ཀྱང་འགོག་བདེན་ཞེས་པ་དེ་དོན་དངོས་ཇི་འདྲ་ཞིག་རེད་དམ་ཟེར་ན་བཤད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད།

                དེར་བརྟེན་འགོག་བདེན་ཡག་པོ་ཞིག་ཤེས་པ་ལ་སྟོང་པ་ཉིད་ཅེས་པ་དེ་ཤེས་དགོས་ཀྱི་ཡོད། འགོག་བདེན་ཡག་པོ་ཞིག་ཤེས་པ་ལ་ཉོན་མོངས་ཟད་རུང་ཡིན་པ་ཤེས་དགོས། ཉོན་མོངས་ཟད་རུང་ཡིན་པ་ཤེས་པ་ལ་ཉོན་མོངས་ཀྱི་རྩ་བ་དེ་ཕྱིན་ཅི་ལོག་པའི་བློ་ཡིན་པ་ཤེས་དགོས། དེ་ཕྱིན་ཅི་ལོག་པའི་བློ་ཡིན་པ་ཤེས་པ་ལ་ཡུལ་གྱི་གནས་ལུགས་ཇི་ལྟར་ཡིན་པ་ལས་རྒྱབ་འགལ་དུ་འཛིན་པའི་ཐོག་ནས་དེ་ཕྱིན་ཅི་ལོག་པའི་བློ་ཡིན་པ་ཤེས་དགོས་པ་ལས་དེ་ལས་ལོགས་སུ་དེ་ཕྱིན་ཅི་ལོག་པའི་བློ་ཡིན་པ་ཤེས་ཐུབ་ཀྱི་མེད། དེར་བརྟེན་ཡུལ་གྱི་གནས་ལུགས་ཇི་འདྲ་ཡིན་པ་ཤེས་དགོས། ཡུལ་གྱི་གནས་ལུགས་སྟོང་ཞིང་བདག་མེད་པ་ཡིན་པ་དང༌། རང་བཞིན་གྱིས་གྲུབ་པའི་སྟོང་པ་དེ་ལྟ་བུའི་ཡུལ་གྱི་གནས་ལུགས་དེ་ཡིན་པའི་སྟོང་པ་ཉིད་ཅེས་པ་དེ་མ་ཤེས་ན་བཤད་ཐུབ་པ་ཁག་པོ་རེད། དེར་བརྟེན་སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་ཡག་པོ་ཞིག་ཤེས་པ་ལ་འགོག་བདེན་དང་འབྲེལ་བ་ཡོད། སྟོང་ཉིད་ཅེས་པ་དེ་དང་འབྲེལ་བ་ཡོད།

                དེ་ནས་འགོག་བདེན་གྱི་རྣམ་བཞག་ཡོད་ཆོག་པ་ཞིག་བཤད་པ་དེ་སྟོང་ཉིད་དང་འབྲེལ་བ་ཡོད། དེར་བརྟེན་ལམ་བདེན་ཞེས་པ་དེ་ཡང་རྩ་བ་སྟོང་ཉིད་དམ་བདག་མེད་མངོན་སུམ་དུ་རྟོགས་པའི་བློ་ཞིག་ལ་ལམ་བདེན་ཞེས་བརྗོད་ཀྱི་ཡོད། དེ་ལྟ་བུའི་ལམ་བདེན་དེ་ཡང་སྤྱིར་ཤེས་བྱ་ལ་ཡོང་ཆོག་པ་ཞིག་ཡིན་པའི་ཐོག་ནས་གཞིའི་གནས་ཚུལ་ལྟ་བུ་ཞིག་བཤད་ཀྱི་ཡོད་ཀྱང་དེ་ཡག་པོ་ཞིག་ཤེས་པ་ལ་གྲུབ་མཐའི་རྣམ་གཞག་ཤེས་དགོས་ཀྱི་ཡོད།

                དེ་ཡང་ཁ་སང་ངས་དུམ་བུ་གསུམ་དུ་ཕྱེས་པ་སྟེ། ནང་པའི་ཚན་རིག་དང༌། ནང་པའི་ལྟ་གྲུབ། ནང་པའི་ཆོས་བཅས་གསུམ་པོ་དེ་ཡིན། ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་གཉིས་པོ་དེ་བདེན་བཞིའི་ངོ་བོ་ལ་བཟླས་པ་དེའི་སྟེང་ནས་ཕལ་ཆེར་བཤད་ཀྱི་ཡོད།

                འགོག་བདེན་གྲུབ་པའི་ཐོག་ནས་ཐར་པ་གྲུབ་ཡོང་གི་ཡོད། ཐར་པ་བསྒྲུབ་རྒྱུ་དང་ཐར་པ་ཞེས་པ་ཞིག་ཡོད་ཅེས་བརྗོད་པ་དེ། མདོར་ན་མ་རིག་པ་ཞེས་པ་དེ་མེད་པ་བཟོས་སོང་ན་དེ་ཐར་པ་རེད། མ་རིག་པ་མེད་པ་བཟོ་ཐུབ་རྒྱུ་ཡོད་མེད་དེ་མ་རིག་པ་ཞེས་པ་དེ་ཕྱིན་ཅི་ལོག་གི་བློ་ཡིན་མིན་གྱི་སྟེང་ནས་བསམ་བློ་གཏོང་རྒྱུ་རེད།

                མ་རིག་པ་ཕྱིན་ཅི་ལོག་པའི་བློ་ཡིན་དང་མིན་ཟེར་བ་དེ་ཤེས་བྱ་དངོས་པོའི་གནས་ཚོད་ལ་ཆོས་རྣམས་རང་བཞིན་གྱིས་གྲུབ་པ་ཡིན་དང་མིན། རང་བཞིན་གྱིས་གྲུབ་པར་འཛིན་པའི་འཛིན་པ་དེ་འཁྲུལ་བའི་བློ་རེད་དམ་མ་རེད། ཕྱིན་ཅི་ལོག་པའི་བློ་རེད་དམ་ཕྱིན་ཅི་མ་ལོག་པའི་བློ་གང་ཡིན། དེ་ཡུལ་གྱི་གནས་ལུགས་ཇི་འདྲ་ཡིན་པ་དེ་གཏན་ལ་ཕབ་པའི་ཐོག་ནས་ཡུལ་གྱི་གནས་ལུགས་དེ་རྒྱབ་འགལ་དུ་འཛིན་པའི་བློ་ཞིག་འདུག་ན་དེ་ཕྱིན་ཅི་ལོག་པའི་བློ་རེད། ཡུལ་གྱི་གནས་ལུགས་ཇི་ལྟར་ཡིན་པ་ལྟར་ཤེས་མཁན་དེ་ཕྱིན་ཅི་མ་ལོག་པའི་བློ་རེད།

                དཔེར་ན། ཕྱིན་ཅི་ལོག་པའི་བློ་བཤད་སྐབས་མི་གཙང་བ་ལ་གཙང་བར་ཞེན་པ་དང༌། མི་རྟག་པ་ལ་རྟག་པར་ཞེན་པ། སྡུག་བསྔལ་བ་ལ་བདེ་བར་ཞེན་པ། བདག་མེད་པ་ལ་བདག་ཏུ་ཞེན་པ་ཞེས་མི་རྟག་པ་ལ་བཞི་བཤད་ཀྱི་ཡོད་ཅིང་དེ་དག་རྗེས་སུ་ཐོན་རྒྱུ་རེད།

 

ཆོས་ཀྱི་གོ་དོན་དང༌།

དེ་ཉམས་སུ་ལེན་ཚུལ་གྱི་སྐོར།

 

                སངས་རྒྱས་པའི་  ྔཏྲདྲྟརྣཏྲྟ ༼ཚན་རིག༽ དེ་སངས་རྒྱས་པའི་ལྟ་གྲུབ་དེ་རེད། དེ་བཤད་ཟིན་སྐབས་སངས་རྒྱས་པའི་ཆོས་ཀྱི་སྟེང་ལ་སླེབས་ཀྱི་ཡོད། ཆོས་ཞེས་པའི་གོ་བ་དེ་སྒྲ་ཟོར་ཡངས་བའི་དབང་དུ་མ་བྱས་པར་སྒྲ་དོག་པའི་དབང་དུ་བྱས་ན། ཆོས་ཞེས་པ་དེ་ངྷརྨ་ཞེས་པ་དེ་རེད། ངྷརྨ་ཞེས་པ་དེ་འཛིན་པའམ་སྐྱོབ་པ་ལ་འཇུག་ཅིང༌། འཛིན་པ་ཞེས་པ་དེ་རང་གི་ངོ་བོ་འཛིན་པའམ་རང་གི་མཚན་ཉིད་འཛིན་པའི་ཆ་ནས་བཤད་ན་ཆོས་ཐམས་ཅད་ཞེས་པ་དེ་འགྲོ་གི་ཡོད། 

                ད་ལྟ་འདིར་ཆོས་དང་འཇིག་རྟེན་ནམ་ཆོས་དང་ཆོས་མིན་གྱི་དབྱེ་བ་ཕྱེ་བའི་ཆོས་དེ་འཇིགས་པའམ་སྡུག་བསྔལ་ལས་སྐྱོབ་པར་བྱེད་པ་དང༌།  སྡུག་བསྔལ་ལས་འཛིན་པར་བྱེད་པ་ལ་ཆོས་སམ་ངྷརྨ་ཞེས་བརྗོད་ཀྱི་ཡོད། ལེགས་སྦྱར་སྐད་དུ་ངྷརྨ་ཞེས་པ་དེ་འཛིན་པའམ་སྐྱོབ་པ་ལ་བརྗོད་ཀྱི་ཡོད། དེ་བོད་སྐད་དུ་བསྒྱུར་སྐབས་གོ་རྒྱུ་ཧ་ཅང་ཆེན་པོ་རེད། ཆོས་ཞེས་པ་དེ་བཅོས་པའམ་བཅོས་སྒྱུར་བཏང་བའི་དོན་ཡིན་ཞིང༌། བཅོས་ཤིང་ཆོས་པའམ་ཆོས་ཤིང་བཅོས་པ་དེ་གཉིས་ཚིག་གི་དོན་གཅིག་པ་རེད། འདས་མ་འོངས་ལས་ཆོས་བཞིན་བཅོས་པ་སྟེ། ཆོས་ཞེས་པ་དེ་བཅོས་པའི་དོན་ཡིན་ལ། དེ་གོ་རྒྱུ་ཧ་ཅང་ཡག་པོ་རེད།

                ངྷརྨ་ཞེས་པ་དེ་འཛིན་པའི་དོན་ཏེ། ཇི་ལྟར་འཛིན་གྱི་ཡོད་དམ་ཞེ་ན༑ རྙོག་དྲ་བཟོ་མཁན་གྱི་རྒྱུ་སེམས་མ་དུལ་བ་དེ་བཅོས་ཤིང་ཆོས་པ་སྟེ། སྒྱུར་བཅོས་བཏང་བ་དེ་ཆོས་རེད་བརྗོད་པ་རེད། ངྷརྨ་ཞེས་པ་དེས་འཇིགས་པ་དང་སྡུག་བསྔལ་ལས་སྐྱོབ་པ་ལ་བྱ་བས་སྡུག་བསྔལ་ལས་ཇི་ལྟར་སྐྱོབ་བམ་ཞེ་ན། སྐྱབས་སུ་མཆི་ཞེས་བརྗོད་ནས་སྡུག་བསྔལ་ལས་སྐྱོབ་པ་མིན་ལ། སྡུག་བསྔལ་ལས་སྐྱོབ་ཚུལ་ནི། སྡུག་བསྔལ་ནི་གོང་དུ་བརྗོད་པ་ལྟར་སྡུག་བསྔལ་བདེན་པ་དང༌། ཀུན་འབྱུང་བདེན་པ་ཞེས་གསུངས་ཏེ་སྡུག་བསྔལ་ཞེས་པ་དེ་རྒྱུ་ལ་བརྟེན་ནས་བྱུང་བ་རེད། རྒྱུ་ཀུན་འབྱུང་གིས་སྡུག་བསྔལ་སྐྱེས་པ་རེད་གསུངས་སྐབས་སྡུག་བསྔལ་མེད་པ་བཟོ་བ་དེ་ཡང་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་བཀག་པའི་སྒོ་ནས་སྡུག་བསྔལ་ལས་ཐར་བ་བྱེད་དགོས་པ་ལས་དེ་ལས་ལོགས་སུ་ཐབས་ཤེས་མེད། 

                དེར་བརྟེན་ངྷརྨ་ཞེས་པ་དེས་སྡུག་བསྔལ་ལས་ཇི་ལྟར་བྱས་ཏེ་སྐྱོབ་ཀྱི་ཡོད་དམ་ཞེ་ན། སྡུག་བསྔལ་གྱི་རྒྱུ་བཀག་ནས་རྒྱུ་ལས་ཐར་བས་ན། རྒྱུ་དེའི་དབང་གིས་བྱུང་བའི་འབྲས་བུ་སྡུག་བསྔལ་ལས་ཐར་གྱི་ཡོད། དེར་བརྟེན་འབྲས་བུ་སྡུག་བསྔལ་སྐྱེད་བྱེད་ཀྱི་རྒྱུ་ལས་ཐར་སྟངས་ཇི་ལྟར་ཡིན་ཞེ་ན།

ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌། །

འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །

ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །

ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །

                ཞེས་སྡུག་བསྔལ་ཞེས་པ་དེ་སྟོན་པ་བཅོམ་ལྡན་འདས་ཀྱིས་ཕྱག་གིས་བྱིལ་བྱིལ་ལྟ་བུ་གནང་སྟེ་སྡུག་བསྔལ་སེལ་རྒྱུ་མེད་ལ། སྡུག་བསྔལ་གྱི་རྒྱུ་སྡིག་པ་དེ་བཅོམ་ལྡན་འདས་ཀྱིས་ཁྲུས་གསོལ་གནང་ནས་དག་རྒྱུ་ཡང་མེད། ཡང་གཞན་གྱི་སྡུག་བསྔལ་དེ་བཅོམ་ལྡན་འདས་ཀྱིས་སྙིང་རྗེ་ཆེན་པོ་དང༌། བརྩེ་བ་ཐུགས་རྗེ་ཆེན་པོའི་དབང་གིས་གཞན་གྱིས་སྡུག་བསྔལ་དེ་ཚུར་བཞེས་ཤིང༌། བཅོམ་ལྡན་འདས་རང་ཉིད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དེ་དག་ང་ཚོར་གསོལ་རས་གནང་རྒྱུ་མེད། འོ་ན་སྟོན་པ་ཐུབ་པའི་དབང་པོས་གཞན་གྱི་སྡུག་བསྔལ་སེལ་ཐབས་ཇི་ལྟར་གནང་གི་ཡོད་དམ་ཞེ་ན།

ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །

                ཞེས་པ་ལྟར་ཆོས་རྣམས་ཀྱི་ཡིན་ལུགས་ལ་རྨོངས་པའི་ཆ་ནས་སྡུག་བསྔལ་དེ་བྱུང་བས་ན་ཡིན་ལུགས་ཇི་བཞིན་བཅོམ་ལྡན་འདས་ཀྱིས་བསྟན་ཏེ། ཡིན་ལུགས་ལ་རྨོངས་པའི་བློ་དེ་ཤེས་པའི་ཡོན་ཏན་གྱི་ཐོག་ནས་སེལ་ཏེ་སྡུག་བསྔལ་གྱི་རྒྱུ་སེལ་གྱི་ཡོད། དེར་བརྟེན་ཆོས་ཞེས་པ་དེས་སྡུག་བསྔལ་གྱི་རྒྱུ་མི་ཤེས་པའམ་རྨོངས་པ་དང༌། ཆགས་སྡང་དེ་དག་ང་རང་ཚོའི་བློ་ལ་ཡོད་པ་དེ་ཕར་སྒྱུར་བཅོས་བཏང་སྟེ་བློ་ལ་ཡོད་པ་དེ་ཤུགས་ཆུང་དུ་བཏང་ནས་རིམ་བཞིན་མེད་པ་བཟོས་པའི་ཐོག་ནས་སྡུག་བསྔལ་ལས་སྐྱོབ་དགོས། དེ་དེར་བརྟེན་བོད་སྐད་ནང་གི་ཆོས་ཞེས་པ་དེའི་གོ་རྒྱུ་དེ་རེད། ཆོས་བཞིན་བཅོས་པའམ་བཅོས་སྒྱུར་བཏང་བའི་དོན་ཡིན།

               

སྡུག་བདེན་གསུམ་སོ་སོའི་ངོ་བོ་

ངོས་འཛིན་ཚུལ།

 

               བཅོམ་ལྡན་འདས་ཀྱིས་བདེན་བཞི་གསུངས་སྐབས་བདེན་བཞིའི་ངོ་ལ་བཟླས་པ་ཞེས་པ་དེ་གསུངས་ཟིན་རྗེས་བདེན་བཞིའི་བྱ་བ་ལ་བཟླས་པ་ཞེས་པ་དེས་བླང་དོར་གསུངས་ཀྱི་ཡོད། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་པ་དེས་བླང་དོར་གྱི་གནས་ཇི་ལྟར་སྟོན་གྱི་ཡོད་དམ་ཞེ་ན། སྡུག་བསྔལ་ཞེས་པ་དེ་ཤེས་དགོས་ཞེས་གསུངས་པ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གཙོ་བོར་གསུངས་ཀྱི་ཡོད།

                དེ་ཡང་བོད་ཀྱི་བླ་མ་མཁས་པ་ཞིག་གིས་གསུངས་པའི་ཚིག་དེ་ཧ་ཅང་གསལ་པོ་ཞིག་འདུག་ཅིང༌། རྣམ་འགྲེལ་ལས། 

འདུ་བྱེད་སྡུག་བསྔལ་ལ་དགོངས་ནས། །

སྡུག་བསྔལ་བསྒོམས་པར་གསུངས་པ་ཡིན། །

                ཞེས་པའི་རྣམ་འགྲེལ་གྱི་ཚིག་ཅིག་ཡོད། དཔལ་ལྡན་ཆོས་གྲགས་ཀྱིས། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ཤེས་པར་བྱ། སྡུག་བསྔལ་བསམ་ཞིང་སྡུག་བསྔལ་བསྒོམས་དགོས་ཞེས་གསུངས་པའི་སྡུག་བསྔལ་དེ་འདུ་བྱེད་ཀྱི་སྡུག་བསྔལ་རེད་ཅེས་དང༌། སྡུག་བསྔལ་ཤེས་པར་བྱ་གསུངས་པའི་འགྲེལ་བཤད་གསལ་བ་ཞིག་ནི། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས།

འཁོར་བའི་ཉེས་བརྒྱ་སེམས་པའི་ཚུལ། །

  འཁོར་བའི་ཉེས་དམིགས་བརྒྱ་ཕྲག་ཅེས་དུ་མ་ཡོད་པ་དེ་བསམ་སྟངས་ལ།

མང་ཡང་སྡུག་བསྔལ་སྡུག་བསྔལ་གྱིས། །

འཇིགས་ནས་ཐར་འདོད་ཕྱུགས་ལའང་ཡོད། །

                ཅེས་སྡུག་བསྔལ་གྱི་སྡུག་བསྔལ་ལམ་ཚོར་བ་སྡུག་བསྔལ་ཏེ། ང་ཚོ་ཚང་མས་ཤེས་པའི་ཚོར་བ་སྡུག་བསྔལ་དེ་སྡུག་བསྔལ་དུ་ཤེས་པའི་ཐོག་ནས་སྡུག་བསྔལ་དེ་ལས་ཐར་འདོད་དེ་དུད་འགྲོ་ལ་ཡང་ཡོད་ཅེས་པ་ལྟར། དཔེར་ན་ཁྱི་ལྟ་བུར་རྒྱུག་པ་འཁྱེར་ན་ཁྱི་དེ་བྲོས་འགྲོ་གི་རེད། གང་ལགས་ཞེ་ན། རྒྱུག་པ་ཞུས་ན་ཁྱི་ལ་ན་ཟུག་གཏོང་གི་ཡོད། དེས་སྔ་མོ་ན་ཚ་མྱངས་མྱོང་བས་ན་མི་འདིས་རྒྱུག་པ་འཕྱར་ཡོང་གིས་འདུག་པས་སྡུག་བསྔལ་ཡོང་གི་རེད་བསམ་ནས་ཁྱི་དེ་བྲོས་འགྲོ་གི་ཡོད།

                ཁྱི་དེ་གྲོད་པ་ལྟོགས་ན་རྒྱུག་ཤར་གློད་ནས་ལྟོ་ཆས་ཤིག་འཚོལ་བར་འགྲོ་བ་དེ། ལྟོགས་པའི་སྡུག་བསྔལ་དེ་སྡུག་བསྔལ་དུ་ཤེས་པའི་ཐོག་ནས་སྡུག་བསྔལ་དེ་ལས་ཐར་འདོད་ཀྱི་བློ་སྐྱེས་ཡོང་གི་ཡོད་པས་དེར་བརྟེན།

མང་ཡང་སྡུག་བསྔལ་སྡུག་བསྔལ་གྱིས། །

འཇིགས་ནས་ཐར་འདོད་ཕྱུགས་ལའང་ཡོད། །

ཅེས་ཕྱུགས་དུད་འགྲོ་ཚོ་ལའང་ཡོད་ཅེས་གསུངས་པ་དང༌།

ཟག་བཅས་ཚོར་བ་བདེ་བ་ལས། །

ཡིད་འབྱུང་ཕྱི་རོལ་པ་ལའང་མཆིས། །

                ཞེས་སྤྱིར་ཚོར་བ་བདེ་བ་སངས་རྒྱས་ཀྱི་ས་ལའང་ཡོང་གི་རེད། ཐར་པའི་ས་ལའང་ཚོར་བ་བདེ་བ་ཡོང་གི་རེད། དགྲ་བཅོམ་པ་དག་ས་ལ་གནས་པའི་བྱང་ཆུབ་སེམས་པ་ཚོ་ལའང་ཚོར་བ་བདེ་བ་ཡོང་གི་རེད། དེ་འདྲའི་ཚོར་བ་དེ་ང་ཚོའི་དོན་ངོ་མའི་བླང་བྱ་བསྒྲུབ་བྱ་དེ་རེད། དེ་མིན་གྱི་ཚོར་བ་བདེ་བ་མང་པོ་ཞིག་རྩ་བ་མཐར་ཐུག་ན་ཉོན་མོངས་པའི་གཞན་དབང་དུ་གྱུར་བ་ཞིག་དང༌། ཉོན་མོངས་ཀྱི་གཞན་དབང་དུ་གྱུར་བའི་ཕུང་པོ་དེ་དང་འབྲེལ་བའི་ཚོར་བ་མང་པོ་ཞིག་མདོར་ན་དེ་ཉོན་མོངས་ཀྱི་གཞན་དབང་ཆགས་ཡོད།

                དེར་བརྟེན་ཚོར་བ་བདེ་བའི་ནང་ཟག་བཅས་ཀྱི་ཚོར་བ་བདེ་བ་སྟེ། ཉོན་མོངས་པར་ཟག་པ་ཞེས་བརྗོད་ཀྱི་ཡོད། ཉོན་མོངས་པའི་གཞན་དབང་ཅན་དེར་ཟག་པ་དང་བཅས་པ་ཞེས་བརྗོད་ཀྱི་ཡོད། དེ་ལྟ་བུའི་ཟག་པ་དང་བཅས་པའི་ཚོར་བ་བདེ་བ་ཡིན་ཕྱིན་ཆད་དེ་སྡུག་བསྔལ་བའི་རང་བཞིན་དང༌། འགྱུར་བའི་སྡུག་བསྔལ་རེད། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་ཞེས་པའི་སྡུག་བསྔལ་རིམ་པ་གཉིས་པ་དེ་རེད།

                ང་ཚོ་མང་པོ་ཞིག་གིས་འཛམ་གླིང་འདིའི་སྟེང་བདེ་སྐྱིད་དུ་བརྩིས་པ་མང་པོ་ཞིག་ཟག་བཅས་ཀྱི་ཚོར་བ་བདེ་བ་རེད། དཔེར་ན་ངས་ཕྱི་རྒྱལ་བ་དེ་ཚོར་རྟག་པར་བཤད་ཀྱི་ཡོད། ཁོང་ཚོས་མོ་གྲ་གསར་པ་ཉོ་རྒྱུར་སྔོན་ལ་མོ་གྲ་  རྐྱརྟསྤྲྟཔྱྤདྲཔྲདྲརྣཐྲ  ༼དྲིལ་བསྒྲགས་ཀྱི་བྱེད་སྒོ།༽ བྱས། མོ་གྲ་ཚོས་གཞི་ལེགས་པ་དང༌། བཟོ་ལྟ་ཡག་རབས་སོགས་བཅོ་བརྒྱད་བཤད་ནས་དྲིལ་བསྒྲགས་ཤུགས་ཆེ་བྱེད་སྐབས་ཁོ་ལ་དངུལ་ཅུང་ཙམ་ཡོད་ན། མོ་གྲ་ཉོ་འདོད་ཀྱིས་ཚ་གི་ཚིག་གེ་བཟོས་ཏེ། དེ་རྗེས་ཁོས་མོ་གྲ་དེ་ཉོས་ཟིན་རྗེས་སྐྱིད་ཐག་ཆོད་དེ་ད་ཡིན་ན་འདོད་པའི་དོན་གཙོ་བོ་དེ་འགྲུབ་སོང་བསམ་པ་ལྟ་བུ་ཞིག་དང༌། ཐ་ན་རྨི་ལམ་དུའང་མོ་གྲ་དེ་བཏང་ནས་ཕལ་ཆེར་བསྡད་ཀྱི་རེད། མོ་གྲའི་སྟེང་དུག་སྦྲང་ཞིག་སླེབས་ཀྱང་མ་བཟོད་པ་ལྟ་བུ་བྱས་ཏེ་ངའི་མོ་གྲའི་སྟེང་དུག་སྦྲང་ཞིག་བབས་སོང༌། དུག་སྦྲང་གིས་མོ་གྲའི་སྟེང་སྐྱག་པ་གཏང་གི་རེད་བསམ་པ་ལྟ་བུ་དྲན་གྱི་རེད། དེར་བརྟེན་མོ་གྲར་བརྡབ་ཆག་ཤོར་ན་ཨ་ཅང་ཅང༌། དེའི་སྟེང་དུ་འབུ་ཞིག་ཕྱིན་ཀྱང་དེ་ངའི་མོ་གྲའི་སྒང་ལ་བབས་སོང་བསམ་པ་ལྟ་བུའི་བདེ་བའི་འབྱུང་གནས་དང༌། འདོད་བྱའི་དོན་ཡིད་དུ་འོང་བ་མཐར་ཐུག་པ། ཕྱོགས་མཐའ་དག་ནས་བརྒྱ་ཆ་བརྒྱ་ཐམ་པ་ཡིད་དུ་འོང་བ་མཐོང་བའི་ཆ་ནས་དེ་ལ་ཞེན་ཅིང་ཆགས་པའི་ཆགས་པ་སྐྱེས་པ་དང༌། དཔེར་ན་ང་ཚོ་བོད་པ་ལྟ་བུ་ཞིག་གིས་ཡར་མར་ཕྱིན་ནས་མོ་གྲའི་སྟེང་ཧག་ཐུ་ཡེ་ཞེས་བརྗོད་ན་མི་དེ་ཁོང་ཁྲོ་ཧ་ཅང་ཟ་གི་རེད། ཁོ་སྤྲང་པོ་དེས་ངའི་མོ་གྲའི་སྒང་ལ་ཐུ་ལུད་བརྒྱབ་སྟེ་ལུད་པ་གཡུག་སོང་ཞེས་ལམ་སེང་ཁོང་ཁྲོ་ཟ་གི་རེད། གང་ལགས་ཞེ་ན། ཁོ་མོ་གྲ་དེར་ཧ་ཅང་ཞེན་ཅིང་ཆགས་པའི་བློ་ཡོད་སྟབས་དེའི་མི་མཐུན་ཕྱོགས་ཅུང་ཟད་ཅིག་འཕྲད་ཀྱང་ཞེ་སྡང་སྐྱེས་ཡོང་གི་ཡོད། དེར་བརྟེན་འདོད་ཆགས་དང་ཞེ་སྡང་གཉིས་པོ་དེ་དེ་ལྟར་འགྲོ་གི་ཡོད། ཇི་ཙམ་གྱིས་ཞེན་ཆགས་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་ཞེ་སྡང་ཆེ་བ་ཡོང་བ་ཕལ་ཆེར་ཡོད། 

                དེར་བརྟེན་དེ་ལྟར་ཉི་མ་ནས་བདུན་ཕྲག་དང༌། ཟླ་བ་གཅིག་གཉིས་ཤིག་ཕྱིན་རྗེས་སྔར་གྱི་ཨ་གསར་དེ་རིམ་བཞིན་ཡལ་ཏེ་གང་མཚམས་ཤིག་ནས་མོ་གྲ་གཞན་ཞིག་མཐོང་ན་ངའི་མོ་གྲ་འདི་ཧ་ཅང་གི་སྡུག་ཅག་རེད་འདུག ལྗིད་ཁོག་ལྗི་བ་དང༌། གཏོང་སྐབས་ གྟཎཔྱ ༼དལ་མགྱོགས་བརྗེ་བསྒྱུར།༽ སྤོ་རྒྱུ་དེ་ཡང་ཁག་པོ་ཞིག་འདུག ཅ་མ་ཟིང་སྣུམ་འདི་ཡང་འགྲོ་སོང་ཆེ་བའི་ཁར་སྐད་དེ་ཡང་ཚ་བ་ཞིག་འདུག་བསམ་པ་དྲན་གྱི་རེད། 

ཁོས་མོ་གྲ་དེའི་སྐྱོན་དེ་དག་མཐོང་སྟེ་ཟླ་ཤས་གོང་དུ་མོ་གྲ་དེ་བརྒྱ་ཆ་བརྒྱ་ཐམ་པ་ཡིད་དུ་འོང་བ་མཐོང་བ་དེར་རྩ་བ་ནས་འགྱུར་བ་ཕྱིན་ཏེ་ངས་མོ་གྲ་འདི་གཅིག་བྱས་ན་སྟེར་དགོས་མིན་ནམ། ཡང་འུ་ཐུག་ན་ངས་མོ་གྲ་འདི་གཡང་ལ་གཡུག་དགོས་མིན་ནམ་བསམ་པ་དེ་ཕལ་ཆེར་དྲན་གྱི་རེད། མོ་གྲ་སྔར་ཡིད་དུ་འོང་བ་མཐོང་སྟེ་སྲེད་ཞེན་དྲག་པོ་སྐྱེ་སའི་ཡུལ་གཅིག་ཉིད་ཕྱིས་སུ་ཞེ་སྡང་སྐྱེ་ས། མི་དགའ་བ་སྐྱེ་ས། སུན་སྣང་སྐྱེ་ས་ཞིག་ཆགས་ཀྱི་ཡོད། དེ་ལ་འགྱུར་བའི་སྡུག་བསྔལ་ཟེར་གྱི་ཡོད། 

                དཔེར་ན་ཕྱི་རྒྱལ་ལ་མི་ཁ་ཤས་དེ་འདྲ་ཞིག་ཡོང་གི་འདུག སྔོན་ལ་མིང་མེད་པའི་དཀའ་ངལ་གྱིས་མིང་ཡོང་སླད་དཀའ་ལས་ཆེན་པོ་བརྒྱབ་རྗེས་མིང་གང་འཚམས་ཆགས་ཏེ་དཔར་རྒྱག་མཁན་ལྟ་བུ་གང་དུ་ཕྱིན་ཀྱང་ཚག་ཤག་ཚག་ཤག་ཅེས་དཔར་བརྒྱབ་མཁན་བྱུང་ན་སུན་པ་ལ་ཞེས་བརྗོད་དེ་སུན་འགྲོ་གི་འདུག ང་ལ་ཡང་སུན་གྱི་མི་འདུག་གམ་ཞེས་འདྲི་མཁན་མང་པོ་ཡོང་གི་འདུག ང་ལ་ཚོར་བ་གང་ཡང་མེད། མིས་གང་ཞིག་བྱས་ཀྱང་ཁོ་རང་གཡུག་ཞོག ང་རང་གི་ངོས་ནས་བསམ་པ་རྣམ་དག་བྱས་ན་གཡས་ནས་དཔར་བརྒྱབ་ཀྱང་གཡུག་བཞག གཡོན་ནས་དཔར་བརྒྱབ་ནའང་གཡུག་བཞག་ན་ཚོར་བ་གང་ཡང་མི་འདུག དེར་དོ་སྣང་བྱས་ན་སུན་རྒྱུ་དེ་ཕལ་ཆེར་རེད།

                དཔེར་ན་གཏམ་སྙན་གྲགས་མེད་པའི་སྐབས་གཏམ་སྙན་གྲགས་ཡོང་བའི་དོན་དུ་དཀའ་ལས་ཇི་ཙམ་བརྒྱབ་ཀྱི་མི་འདུག་གམ། བགད་མོ་བགད་ནས་ཨེ་དྲག རྔན་པ་སྤྲད་ནས་ཨེ་དྲག ངཎཔྱྤཕྲ ༼སྤྲོ་སྐྱིད།༽ བཏང་ནས་ཨེ་དྲག གང་ཞིག་བྱས་ཏེ་བྱུང་ཡང་མིང་ཡོང་རྒྱུའི་དོན་ལ་ཧ་ལས་པ་ཞིག་བྱེད་དགོས་ཀྱི་འདུག་ཅིང༌། མིང་གང་འཚམས་ཤིག་བྱུང་སྟེ་མི་མང་པོས་ལྟ་རུབ་བརྒྱབ་པའི་སྐབས་ལ་སུན་ཐག་ཆོད་ནས་འགྲོ་གི་འདུག་ཅིང༌། དེ་ཡང་འགྱུར་བའི་སྡུག་བསྔལ་རེད། གཏམ་སྙན་གྲགས་ལ་བརྟེན་ནས་སྡུག་བསྔལ་ཡོང་བ་དང༌། ལྟོ་གོས་ལ་བརྟེན་ནས་སྡུག་བསྔལ་ཡོང་བ། གཉེན་ཉེ་དུ་ལ་བརྟེན་ནས་སྡུག་བསྔལ་ཡོང་བ། གནས་ཁང་ལ་བརྟེན་ནས་སྡུག་བསྔལ་ཡོང་བ། མདོར་ན་མཐོན་པོའི་ཐ་མ་ལྷུང་བ། བསགས་པའི་མཐའ་མ་འཛད་པ། འགྲོགས་པའི་མཐའ་མ་བྲལ་བ། མཐོན་པོའི་མཐའ་མ་གུད་པ་ཚང་མ་གསུངས་ཀྱི་ཡོད་ལ། དེ་དག་འགྱུར་བའི་སྡུག་བསྔལ་ཞེས་པ་དེ་ཡིན།

                ཧོབ་སྟེ་བདེ་བ་ལྟ་བུ་ཡོད་ཀྱང་དེ་རྒྱུ་མ་དག་པ་ལས་སྐྱེས་ཤིང༌། རྒྱུ་ཉོན་མོངས་པའི་དབང་གིས་བྱས་ཏེ་ཉོན་མོངས་པའི་གཞན་དབང་ཡིན་སྟབས་དེས་ཉོན་མོངས་སྐྱེ་བའི་གྲོགས་བྱེད་པ་དང༌། དེས་སྡུག་བསྔལ་སྤྲད་པ་ཞིག་ཡོང་གི་ཡོད་སྟབས་ཟག་བཅས་ཀྱི་ཚོར་བ་བདེ་བ་ཚང་མ་སྡུག་བསྔལ་བ་རེད་ཅེས་གསུངས་ཀྱི་ཡོད། ཚོར་བ་སྡུག་བསྔལ་རེད་ཅེས་བརྗོད་ཀྱི་མེད་ཀྱང་སྡུག་བསྔལ་བ་རེད་ཅེས་བརྗོད་ཀྱི་ཡོད། སྡུག་བསྔལ་དང་སྡུག་བསྔལ་བ་གཉིས་ལ་ཁྱད་ཆེ། ཤེས་སོང་ངམ། དེར་བརྟེན།

ཟག་བཅས་ཚོར་བ་བདེ་བ་ལས། །

ཡིད་འབྱུང་ཕྱི་རོལ་པ་ལའང་མཆིས། །

                ཞེས་ཟག་བཅས་ཀྱི་ཚོར་བ་བདེ་བ་དེ་ཉིད་སྡུག་བསྔལ་ཡིན་པ་ཤེས་པ་དེ་མུ་སྟེགས་པ་ལ་ཡང་ཡོད། སྤྱིར་བཏང་ང་ཚོ་མི་ལ་ཕལ་ཆེར་མེད་ཀྱང་མུ་སྟེགས་པའི་ཏིང་ངེ་འཛིན་དོན་དུ་གཉེར་མཁན་དང༌། བསམ་གཟུགས་སྒོམ་མཁན་དེ་ཚོའི་གྲས་ཟག་བཅས་ཀྱི་ཚོར་བ་བདེ་བ་ལ་ཡིད་འབྱུང་ནས། འདོད་པའི་ཡོན་ཏན་ལ་རྩ་བ་ནས་ཉེས་དམིགས་སུ་མཐོང་སྟེ་དེ་ལས་ཡིད་ཐག་བསྲིང་ནས་ནང་གི་ཏིང་ངེ་འཛིན་གྱི་རོ་ལ་ཆགས་ཏེ་ཏིང་ངེ་འཛིན་རྩེ་གཅིག་ཏུ་སྒོམ་རྒྱུ། མདོར་ན་གོང་ས་ཞི་བ་ལ་བལྟས། རང་ས་རགས་པ་ལ་བལྟས་ནས་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་སྒོམ་མཁན་ཞེས་པ་དེས་ཟག་བཅས་ཀྱི་ཚོར་བ་བདེ་བ་ལའང་ཡིད་སུན་གྱི་ཡོད། དེར་བརྟེན།

ཟག་བཅས་ཚོར་བ་བདེ་བ་ལས། །

ཡིད་འབྱུང་ཕྱི་རོལ་པ་ལའང་མཆིས། །

                ཞེས་གསུངས་སོ། །འོ་ན་ནང་པ་སངས་རྒྱས་པས་སྡུག་བསྔལ་སྒོམ་སྟངས་ཇི་ལྟར་ཡིན་ནམ་ཞེ་ན། དེས་ན། དེ་ཕྱིར་ཞེས་རྒྱུ་མཚན་བཀོད་ནས།

དེས་ན་འདུ་བྱེད་རང་བཞིན་གྱིས། །

ཉེ་བར་ལེན་པའི་ཕུང་པོ་འདི། །

སྡུག་བསྔལ་གྲུབ་དང་འགྲུབ་པའི་སྣོད། །

ནས་དང་འབྲས་དང་ཟུག་རྔུ་ལྟར། །

དམིགས་ནས་སྒོམ་ན་བྱིང་གཡོ་ལ། །

                ཞེས་ཉེ་བར་ལེན་པ་ནི་འདུ་བྱས་པ་སྟེ། ལས་ཉོན་གཉིས་དེར་བརྗོད་ཀྱི་ཡོད། ལས་ཉོན་གཉིས་ཀྱིས་ཉེར་ལེན་བྱས་ནས་མི་འདོད་པ་དེས་གྲུབ་ཡོང་གི་ཡོད། མི་འདོད་པ་ཞིག་དྲངས་ཡོང་གི་ཡོད། དེའི་དབང་གིས་བྱུང་བའི་ཕུང་པོ་དེར་ཉེར་ལེན་གྱི་ཕུང་པོ་ཞེས་བརྗོད་པ་རེད། ལས་ཉོན་ལ་ཉེར་ལེན་གྱི་མིང་བཏགས་ཏེ་དེའི་དབང་གིས་གྲུབ་པའི་ཕུང་པོ་དེར་ཉེར་ལེན་གྱི་ཕུང་པོ་ཞེས་ཟེར། དེར་བརྟེན་ཉེ་བར་ལེན་པའི་ཕུང་པོ་འདི་ལས་ཉོན་གྱི་གཞན་དབང་ཅན་ཡིན་པས་ན་ལས་ཉོན་གྱི་གཞན་དབང་ཅན་ཡིན་ནོ་ཅོག་ལ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར་གྱི་ཡོད། སྡུག་བསྔལ་འདུ་བྱེད་པའམ་སྡུག་བསྔལ་བཟོ་མཁན། སྡུག་བསྔལ་གྱི་གཞི་བྱེད་མཁན། སྡུག་བསྔལ་གྱི་ སྐྱཎཔྲདྲཔྲ ༼རྨང་གཞི།༽ ལྟ་བུ་བྱས་ཡོང་མཁན་དེ་བཤད་ཀྱི་ཡོད། དེར་བརྟེན། 

ནས་དང་འབྲས་དང་ཟུག་རྔུ་ལྟར། །

དམིགས་ནས་སྒོམ་ན་བྱིང་གཡོ་ལ། །

                ཞེས་དེ་འདྲའི་འདུ་བྱེད་ཀྱི་སྡུག་བསྔལ་དེ་ཤེས་པ་ཞིག་བྱུང་ན། འདུ་བྱེད་ཀྱི་སྡུག་བསྔལ་དེ་ལས་ཐར་འདོད་ཀྱི་བློ་སྐྱེས་སྐབས་ཟག་བཅས་ཀྱི་ཚོར་བ་བདེ་བར་ཡིད་མི་ཆགས་པ་སོགས་རང་ཤུགས་ཀྱིས་ཡོང་བ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་སྡུག་བསྔལ་དུ་ཤེས་སྐབས་སྡུག་བསྔལ་དེ་ལས་ཐར་བའི་གནས་སྐབས་དེར་ཐར་པ་ཞེས་བརྗོད་ཀྱི་ཡོད། 

                ཐར་པ་ཞེས་པ་སྤྱིར་མུ་སྟེགས་པའི་གྲུབ་མཐའ་ཁ་ཤས་ཀྱིས་ཐར་པ་བཤད་ཀྱི་ཡོད་ཀྱང་དེ་འདྲའི་ཐར་པར་ངོས་འཛིན་གྱི་མེད། སངས་རྒྱས་པའི་གཞུང་ནས་ཐར་པ་ཞེས་པ་དེ་བདག་འཛིན་ཉོན་མོངས་ལ་བཞག་ནས་ཉོན་མོངས་དེའི་གཞན་དབང་དུ་ཡོད་ཕྱིན་ཆད་ལ་གཏན་དུ་བདེ་བ་མེད། ཉོན་མོངས་ལ་ཉེས་དམིགས་སུ་བལྟས་ནས་ཉོན་མོངས་ཀྱི་གཞན་དབང་ལས་ཐར་བ་ཞིག་དགོས། ཉོན་མོངས་པའི་དགྲ་ལས་རྒྱལ་བ་ཞིག་དགོས་པ་རེད། ཉོན་མོངས་པའི་དགྲ་ལས་རྒྱལ་ཞིང་ཉོན་མོངས་པའི་དགྲ་ལས་ཐར་བ་དེ་ཐར་པ་རེད། དེ་འདྲའི་ཐར་པ་དོན་གཉེར་གྱི་བློ་ངོ་མ་དེ་ཡོང་གི་ཡོད། ཐར་པ་ཞེས་བརྗོད་སྐབས་དག་ཞིང་ལྟ་བུ་ཞིག་ལ་བརྩིས་ནས་དེར་སྐྱེ་བར་ཤོག་ཅེས་བརྗོད་ན་དེ་ཙམ་ཚད་མཐོ་པོ་མ་རེད།

                འདུ་བྱེད་ཀྱི་སྡུག་བསྔལ་ཤེས་པའི་ཐོག་ནས་དེ་ལས་ཐར་བ་ཞིག་བྱ་བསམ་པའི་བློ་སྐྱེ་སྐབས་ཐར་པ་དོན་གཉེར་གྱི་བློ་ངོ་མ་དེ་རེད། དེར་བརྟེན་སྡུག་བསྔལ་ཤེས་པར་བྱ་གསུངས་པའི་གནད་འགག་དེ་རེད། 

                སྡུག་བསྔལ་ལས་ཐར་ན་བསམ་པའི་བློ་ཞིག་སྐྱེ་སྐབས་སྡུག་བསྔལ་ལས་ཇི་ལྟར་ཐར་དགོས་སམ་ཞེ་ན། འདུ་བྱེད་ཀྱི་སྡུག་བསྔལ་ཤེས་པའི་ཐོག་ནས་དེ་ལས་ཐར་བའི་བསམ་བློ་ཞིག་འཁོར་སྐབས་སྡུག་བསྔལ་གྱི་རྒྱུ་ཡོད་དམ་མེད། སྡུག་བསྔལ་གྱི་རྒྱུ་ཡོད་ན་སྡུག་བསྔལ་གྱི་རྒྱུ་དེ་མེད་པ་བཟོ་ཐབས་ཡོད་དམ་མེད། མེད་པ་བཟོ་ཐུབ་དང་མི་ཐུབ་ཞེས་པ་དེ་སྡུག་བསྔལ་གྱི་རྒྱུ་དེར་འགལ་ཟླའི་ཆོས་ཡོད་དམ་མེད། འགལ་ཟླའི་ཆོས་ཡོད་ན་སྡུག་བསྔལ་གྱི་རྒྱུ་དེར་འགལ་ཟླ་ཞིག་ཡོད་ན་བསམ་བློ་གཏང་རྒྱུ་ཞིག་ཡོད། 

                སྡུག་བསྔལ་གྱི་རྒྱུ་དཔེར་ན་འདོད་ཆགས་དང༌། ཞེ་སྡང༌། ང་རྒྱལ་དེ་དག་ལ་འགལ་ཟླ་ཡོད་ཅིང༌། ཞེ་སྡང་ཞེས་བརྗོད་སྐབས་ཞེ་ནས་སྡང་བ་སྟེ། ཞེ་ཐག་པ་ནས་མི་དགའ་བར་དེར་སྡང་བའི་སེམས་དང༌། གནོད་པའི་སེམས། འཁོན་དུ་འཛིན་པའི་སེམས་ཤུགས་ཆེན་པོ་ཡོད་པའི་བློ་ཞིག་ཡོད་པ་དེར་ཞེ་སྡང་ཞེས་བརྗོད་ཀྱི་ཡོད།

 

སྡུག་བསྔལ་དང༌། ཆགས་སྡང་འགོག་ཚུལ་

དཔེ་དང་བཅས་པ།

 

                བྱམས་པ་ཞེས་པ་དེས་མཐའ་གཅིག་ཏུ་ཡུལ་དེ་ཡིད་དུ་འོང་བར་བལྟས་ནས་དེ་ལ་སྐྱིད་པ་ཞིག་དང༌། བདེ་བ་ཞིག་དང༌། ལེགས་པ་ཞིག་བྱུང་ན་བསམ་པའི་བློ་དེར་བྱམས་པ་ཞེས་བརྗོད་ཀྱི་ཡོད། དེར་བརྟེན་ཡུལ་དེར་ཞེ་ཐག་པ་ནས་སྡང་བའི་བློ་དེ་དང༌། ཡུལ་དེར་ཞེ་ཐག་པ་ནས་བྱམས་པའི་བློ་གཉིས་འཛིན་སྟངས་འགལ་བ་རེད། 

                ཇི་ཙམ་གྱིས་ཡུལ་དེར་བྱམས་པ་བསྒོམ་ན་དེའི་ཚོད་ཀྱིས་ཞེ་སྡང་མི་དགའ་བ་དེ་ཤུགས་ཆུང་དུ་འགྲོ་བ་དང༌། ཇི་ཙམ་གྱིས་ཡུལ་དེར་སྡང་བའི་བློ་སྐྱེས་ནས་དེ་འདྲའི་མི་དེ་སྡུག་པ་ལ། བསམ་པ་ངན་པ་ལ། དེ་འདྲའི་མི་དེའི་སྤྱོད་པ་ངན་པ་ལ་བསམ་སྟེ་སྡུག་ས་ཤ་སྟག་ནས་བསམ་བློ་བཏང་ན། མི་དགའ་བའི་བློ་ཇི་ཙམ་ཤུགས་ཆེ་རུ་ཕྱིན་པའི་ཚོད་ཀྱིས་མི་དེར་ཡག་པ་ཞིག་བྱུང་ན་བསམ་པའི་བློ་དེ་སྐྱེ་གི་མེད། མི་དེ་སྙིང་རྗེ་མི་གཅིག་པ་རེད། ང་ནང་བཞིན་སྡུག་བསྔལ་མི་འདོད་པ་རེད། སྙིང་རྗེ་གང་དྲག དེ་སྡུག་བསྔལ་དང་བྲལ་བ་ཞིག་དང༌། བདེ་བ་དང་ལྡན་ན་བསམ་པའི་བློ་ཇི་ཙམ་བྱུང་བའི་ཚོད་ཀྱིས་མི་དེས་སྡུག་ཆགས་ཤིག་བྱས་ཀྱང་སྙིང་རྗེ། ཨོ་ཙམ་རེད་ཅེས་བརྗོད་པ་ལྟ་བུ་ཞིག་ཡོང་གི་ཡོད།  

                དེར་བརྟེན་བྱམས་པའི་བློ་དེ་དང་ཞེ་སྡང་གི་བློ་གཉིས་པོ་དེ་འགལ་བ་རེད། དེ་བཞིན་ཞེན་ཅིང་ཆགས་པའི་བློ་དེས་ཡུལ་དེ་ཆ་ཐམས་ཅད་ནས་ཡིད་དུ་འོང་བར་བལྟས་ནས་ཡུལ་དེར་བློ་དེ་ཞེན་ཅིང་མཆེད་པའམ་ཐིམ་འགྲོ་བ་ལྟ་བུ་ཞིག་ཡོང་གི་ཡོད་ཅིང༌། དེ་ལ་ཆགས་པ་ཞེས་བརྗོད་པ་རེད། ཡུལ་དེ་ཡིད་དུ་འོང་བར་མཐོང་ནས་ཡུལ་དེར་ཞེན་ཅིང་ཆགས་པ་དེའི་ལྡོག་ཕྱོགས་ཡུལ་དེའི་སྐྱོན་མཐོང་བ་དང༌། ཡུལ་དེ་མི་སྡུག་པར་མཐོང་ན་ཡུལ་དེར་བློ་ཉེ་པོ་ཆགས་པ་དེ་ཐག་རིང་དུ་འགྲོ་གི་ཡོད། དེར་བརྟེན་མི་སྡུག་པ་སྒོམ་པའི་བློ་དེས་ཡིད་དུ་འོང་བ་མཐོང་ནས་ཞེན་ཅིང་ཆགས་པའི་བློ་དེ་ཉུང་དུ་འགྲོ་བ་ཞིག་ཡོང་གི་ཡོད།

                ང་རྒྱལ་ལྟ་བུ་སྐྱེ་སྐབས་སོ་སོར་དཔེ་ཆ་བཞག་ན། ང་སློབ་སྦྱོང་ནི་ཡག་པོ་ཡོད། ལུས་རྩལ་ཡང་ཡག་པོ་ཡོད། ངས་ལུས་རྩལ་ཨང་ཀི་དང་པོ་ལེན་གྱི་ཡོད་བསམ་ནས་དེ་ཁོ་ནར་བསམ་བློ་བཏང་ན། སེམས་ལ་ང་རྒྱལ་ལྟ་བུ་སྐྱེས། ལུས་རྩལ་སྐྱོ་པོ་དེ་ཚོའི་གྲས་ལ་མཐོང་ཆུང་བྱེད་པ་ལྟ་བུ་ཞིག་ཡོང་གི་རེད། སེམས་ནང་གྲོད་ཁོག་ལྟ་བུ་ཁེངས་ནས་བསྡད་པ་དང༌། རྒྱག་པ་ལྟ་བུ་ཕྱིའི་རྣམ་འགྱུར་དེ་ཡང་སྦོག་སྦོག་ལྟ་བུ་བྱེད་པ་ཡོང་གི་ཡོད། 

དེ་འདྲ་སྐྱེས་པའི་སྐབས་དེར་ང་ཨང་རྩིས་ཧ་ཅང་སྐྱོ་པོ་ཡིན་བསམ་པ་སེམས་ནང་དྲན་ན་ལུས་རྩལ་ཧ་ཅང་ཡག་པོ་ཡོད་ཀྱང་ཨང་རྩིས་བརྒྱབ་དགོས་བྱུང་ན་མགོ་འཕུར་ནས་བསྡད་མཁན་ཞིག་དང༌། ཡང་ན་སྨྱུ་གུ་ཁར་བཅུག་ནས་འདི་ལྟར་སྡོད་དགོས་པ་དེ་མ་དྲན་པར་ང་ལུས་རྩལ་ཡག་པོ་ཡོད་བསམ་ནས་དྲན་ན་སེམས་ལ་ང་རྒྱལ་སྐྱེས་ཡོང་གི་ཡོད། སོ་སོའི་སྐྱོན་དང་ཞན་ཆ་དེ་དག་བསམ་བློ་འཁོར་ནས་གོང་ལ་སེམས་འཕང་མཐོས། སེམས་ང་རྒྱལ་གྱི་གོང་བུ་ལྟ་བུ་ཆགས་ནས་ཡོད་པའི་སྐབས་དེར། དཔེར་ན་ ྔཏྲདྲྟརྣཏྲྟ ༼ཚན་རིག༽ སྐོར་དང༌། ྔཏྲདྲྟརྣཏྲྟ ༼ཚན་རིག༽ ནང་རྩིས་དེ་གལ་ཆེན་པོ་རེད། དཔེར་ན་ ྔཏྲདྲྟརྣཏྲྟ ༼ཚན་རིག༽ ནང་  རྒྱཎྤདནཎྤདྲཏྲ ༼ཨང་རྩིས།༽ དེའི་ནང་ལ་ང་ཧ་ཅང་སྐྱོ་པོ་ཡིན་བསམ་པ་སེམས་ནས་དྲན་མ་ཐག་སྔོན་གྱི་སེམས་ཡར་ཁེངས་པ་དེ་ལམ་སེང་མེད་པ་ཆགས་ཡོང་གི་ཡོད། ང་རྒྱལ་དེ་དང་རང་གི་སྐྱོན་མཐོང་བའི་ཐོག་ནས་ཞུམ་པ་ཞེས་བརྗོད་ཆོག་གི་མེད་དམ། ཞུམ་པའི་བློ་གཉིས་པོ་དེ་ཡང་འགལ་ཟླ་རེད། གལ་ཆེ་ཤོས་དེ་རེད།

བདག་ཏུ་འཛིན་པ་ཞེས་པའི་བློ་དེ་དཔེར་ན་ང་ཚོར་ཆགས་སྡང་གི་བློ་སྐྱེས་ཡོང་སྐབས་སོ་སོའི་ཆགས་པ་སྐྱེ་སའི་ཡུལ་ཡིད་དུ་འོང་བ་དེ་འཛམ་གླིང་གི་སེམས་ཅན་ཐམས་ཅད་ཀྱིས་ཡིད་དུ་འོང་བར་མཐོང་གི་མེད། འཛམ་གླིང་གི་མི་  སྐྱདྲརྡརྡདྲྣརྣ ༼དུང་ཕྱུར།༽ དྲུག་ཚང་མས་ཡིད་དུ་འོང་བ་མཐོང་གི་མེད། ཡིད་དུ་འོང་བ་ཐམས་ཅད་ལ་ཆགས་པ་སྐྱེ་སའི་ཡུལ་གཅིག་ཀྱང་མེད། གཅིག་གིས་ཡིད་དུ་འོང་བ་མཐོང་བ་དེ་གཅིག་ཤོས་ཀྱིས་ཡིད་དུ་མི་འོང་བ་མཐོང་གི་རེད། གཅིག་གིས་ཡིད་དུ་མི་འོང་བ་མཐོང་བ་དེ་གཅིག་ཤོས་ཀྱིས་ཡིད་དུ་འོང་བ་མཐོང་གི་རེད།

                ང་རང་ཚོ་མི་གཅིག་ལ་ཆ་བཞག་ཀྱང་ཁ་སང་ཡིད་དུ་འོང་བ་མཐོང་བ་དེ་ཉིད་དེ་རིང་ཡིད་དུ་མི་འོང་བ་མཐོང་གི་ཡོད། ཁ་སང་ཡིད་དུ་མི་འོང་བ་མཐོང་བ་དེ་ཉིད་དེ་རིང་ཡིད་དུ་འོང་བ་མཐོང་ཡོང་གི་ཡོད། རྐྱེན་ལ་བརྟེན་ནས་འགྲོ་གི་འདུག དེར་བརྟེན་ཡིད་དུ་འོང་མི་འོང་ཟེར་བ་དེ་ང་ལ་ཡིད་དུ་འོང་མི་འོང་གི་སྐད་ཆ་ལས་ཕ་རོལ་ཡུལ་གྱི་ངོས་ཁོ་ན་མིན། ཡུལ་དེ་གཅིག་པ་ཡིན་ཀྱང་ང་རང་ཁ་སང་སེམས་སྐྱིད་པོ་དེ་ཙམ་མེད་སྟབས་ཡུལ་དེ་ཡིད་དུ་མི་འོང་བ་མཐོང་བ་དང༌། སོ་སོ་སྡོད་སའི་ཁང་པའི་ནང་ཁ་སང་སེམས་འཁྲུགས་པ་ཡིན་སྟབས་ཁང་པའི་ནང་དུའང་ཅ་མ་ཟིང་ཁང་པ་འདིས་ཀྱང་ཅིག་འགྲིག་མི་འདུག་བསམས་ནས་ཁོང་ཁྲོ་ཟ་བ་ལྟ་བུ་དང༌། དེ་རིང་ཡང་སེམས་སྐྱིད་པོ་ཆགས་སྐབས་ངའི་ཁང་པ་འདི་སྐྱིད་པ་ལ་བསམ་ཏེ་ཡང་དེར་ཞེན་ཆགས་སླེབས་པ་ཡོང་གི་ཡོད། ཁང་པ་ཁ་སང་གི་ཁང་པ་དེ་ཡིན་ན་ཡང་ལྟ་མཁན་གྱིས་ལྟ་སྟངས་དེར་ཁྱད་ཡོད་སྟབས་ཁ་སང་ཡིད་དུ་མི་འོང་བར་མཐོང་ཞིང༌། དེ་རིང་ཡིད་དུ་འོང་བར་མཐོང་ཡོང་གི་ཡོད། དེ་གང་ཞིག་རེད་དམ་ཞེ་ན། ཡིད་དུ་འོང་མི་འོང་ཞེས་པ་དེ་སུ་ལ་ཡིད་དུ་འོང་བ་སྣང་བ་དང་སུ་ལ་ཡིད་དུ་མི་འོང་བ་སྣང་བའི་སྒོ་ནས་ཡིད་དུ་འོང་མི་འོང་ཟེར་བ་ཞིག་འཇོག་རྒྱུ་ལས་ཡུལ་ཁོ་ནའི་ངོས་ནས་བཤད་ཐུབ་རྒྱུ་མེད།

དེར་བརྟེན་ཡིད་དུ་འོང་བ་སྣང་ནས་དེར་ཆགས་པ་སྐྱེ་སྐབས་ང་ལ་ཡིད་དུ་འོང་བ་སྣང་གི་འདུག་ཅེས་ཞེན་ཆགས་སླེབས་ཡོང་གི་ཡོད་པ་ལས་ང་དང་མ་འབྲེལ་བའི་ཐོག་ནས་ཆགས་པ་སྐྱེ་རྒྱུ་མེད། དེ་བཞིན་ཞེ་སྡང་ཡང་ང་ལ་ཡིད་དུ་མི་འོང་བ་སྣང་གི་འདུག་ཅེས་ཞེ་སྡང་སྐྱེ་གི་ཡོད་པ་ལས་ང་དང་མ་འབྲཻལ་བའི་ཐོག་ནས་ཞེ་སྡང་སྐྱེ་རྒྱུ་ཞིག་མེད།

 

སྡུག་བསྔལ་གྱི་རྩ་བ་ཉོན་མོངས་ངོས་ཟིན་ནས་

དེ་སྤོང་ཐབས་སྐོར།

 

 

             དེར་བརྟེན་ཆགས་སྡང་གིས་མཚོན་པའི་ཉོན་མོངས་དེ་དག་ཚང་མ་བདག་དང་འབྲེལ་བའི་ཐོག་ནས་ཆགས་སྡང་སྐྱེ་བ་ལས་བདག་དང་མ་འབྲེལ་བའི་ཐོག་ནས་ཆགས་སྡང་སྐྱེ་གི་མེད།

                དེ་ལ་བདག་ཏུ་འཛིན་པ་ཇི་ཙམ་གྱིས་ཤུགས་ཆེ་བ་ཡོད་པ་དང༌། ངར་འཛིན་པའམ་བདག་ཏུ་འཛིན་པ་དེ་ཇི་ཙམ་གྱིས་ཤུགས་ཆེ་བ་ཡོད་པའི་ཚོད་ཀྱིས་ཆགས་སྡང་ཤུགས་ཆེ་བ་ཡོད། བདག་ཏུ་འཛིན་པ་ཇི་ཙམ་གྱིས་ཤུགས་ཆུང་བའི་ཚོད་ཀྱིས་བདག་ཏུ་འཛིན་པ་ཤུགས་ཆུང་བ་ཡོད། བདག་ཏུ་འཛིན་པའི་བློ་དེར་རིགས་མང་པོ་ཡོད། ཕུང་པོར་དབང་སྒྱུར་མཁན་གྱི་རྗེ་བོ་ལྟ་བུ་རང་རྐྱ་ཐུབ་པའི་རྫས་ཡོད་དུ་ལྟ་བའི་བདག་ཏུ་འཛིན་པ་ཞིག་དང༌། ཕུང་པོ་དང་མཚན་ཉིད་མི་མཐུན་པའི་བདག་ཏུ་འཛིན་སྟངས། ཕུང་པོ་དང་མཚན་ཉིད་མཐུན་པའི་བདག་ཏུ་འཛིན་སྟངས་འདྲ་མིན་མང་པོ་ཡོད། 

མདོར་ན་ང་རང་ཚོ་ནང་པ་སངས་རྒྱས་པའི་སྟོན་པ་ཐུབ་པའི་དབང་པོ་རང་ཉིད་ཀྱི་ཉམས་མྱོང་གི་ཐོག་ནས་ཉོན་མོངས་སྐྱེ་བའི་རྩ་བ་དེ་བདག་ཏུ་འཛིན་པ་ཞེས་པ་དེས་བྱེད་ཀྱི་ཡོད་པ་ཞིག་བཅོམ་ལྡན་འདས་ཀྱིས་ཐག་བཅད་ནས་གསུངས་ཡོད། 

                རྗེས་འཇུག་ཀླུ་སྒྲུབ་ཡབ་སྲས་དེ་དག་གིས་བརྟག་དཔྱད་གནང་ཞིང༌། བཅོམ་ལྡན་འདས་ཀྱིས་བཀའ་ཙམ་ལ་ཆ་མ་བཞག་པར་རིགས་པས་དཔྱད་པ་བྱས་ཏེ་བཅོམ་ལྡན་འདས་རང་གི་བཀའ་ལ་ཆ་བཞག་ཀྱང་སྐབས་རེར་ཕུང་པོ་ལྔ་ནི་ཁུར་རོ། །ཁུར་འཁུར་བ་པོ་ནི་གང་ཟག་གོ །ཞེས་བདག་ཡོད་པ་ལྟ་བུ་དང༌། ཕུང་པོའི་ཁུར་འཁུར་མཁན་གྱི་བདག་ཅིག་ཟུར་དུ་ཡོད་པ་ལྟ་བུ་ཞིག་ཀྱང་གསུངས་ཡོད། 

                སྐབས་འགར་ལས་ཡོད་གང་ཟག་མེད་ཅེས་ཀྱང་གསུངས་ཡོད། ཚིག་དེས་ཕུང་པོ་ཡོད་བདག་མེད་ཅེས་གསུངས་པ་ལྟ་བུ་དེ་འདྲ་ཡང་ཡོད། ཡང་སྐབས་རེར་ཕྱི་དོན་མེད་ཤེས་པ་ཡོད་ཅེས་དེ་འདྲ་ཡང་གསུངས་ཡོད། སྐབས་རེར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མེད། དཔེར་ན། གཟུགས་མེད། སྒྲ་མེད། དྲི་མེད་གསུངས་པ་ལྟར་རེད། གང་ཡང་མེད་གསུངས་པ་ལྟ་བུ་དེ་འདྲ་ཡང་ཡོང་གི་ཡོད།

     དེར་བརྟེན་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་ཁམས་དང་མོས་པ་དང་བསྟུན་ནས་གསུང་སྟངས་འདྲ་མིན་ཡོད་སྟབས་ལུང་ལ་བརྟེན་ནས་བདག་མེད་གཏན་ལ་ཕབ་ཐུབ་པ་མི་འདུག་ཅིང༌། བདག་མེད་གཏན་ལ་ཕབ་པ་དེ་རིགས་པ་ཁོ་ནར་བརྟེན་ནས་བདག་མེད་གཏན་ལ་ཕབ་རྒྱུ་ལས་ལུང་ལ་བརྟེན་དགོས་བྱུང་ན་ལུང་འདྲ་མིན་མང་པོ་ཡོད་སྟབས་ཁག་པོ་ཡོད། དེས་ན་བཅོམ་ལྡན་འདས་ཀྱི་གསུང་རང་ལ་གསུང་འདི་སྒྲ་ཇི་བཞིན་པར་ཁས་ལེན་ཆོག་གི་རེད། ངེས་དོན་མཐར་ཐུག་སྟོན་པའི་གཞུང་རེད་ཅེས་པ་ཞིག་དང༌། གསུང་འདི་དང་འདི་ལྟ་བུ་ངེས་དོན་མཐར་ཐུག་སྟོན་པའི་གཞུང་མ་རེད། དེར་རིགས་པས་གནོད་ཀྱི་ཡོད་པས་སྒྲ་ཇི་བཞིན་པར་ཁས་བླངས་ན་འགྲིག་གི་མ་རེད་ཅེས་བརྗོད་པ་ཞིག་ཐེག་ཆེན་གྱི་གཞུང་ནང་གསུངས་ཀྱི་ཡོད།

                བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀྱིས་ཕལ་ཆེར་བཅོམ་ལྡན་འདས་ཀྱི་བཀའ་ལ་སྒྲ་ཇི་བཞིན་པ་ལྟ་བུ་ཞིག་ཕལ་ཆེར་གྱིས་ཁས་ལེན་གྱི་ཡོད། སེམས་ཙམ་པ་ཡན་ཆད་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་ལ་སྒྲ་ཇི་བཞིན་པ་ཡིན་མིན་གཉིས་བཤད་ཡོང་གི་ཡོད། དེར་བརྟེན་སྒྲ་ཇི་བཞིན་པ་ཡིན་མིན་བཤད་དགོས་པ་དེ་རིགས་པ་ལ་གཙོ་བོ་བྱས་པ་ལས། ལུང་ལ་གཙོ་བོར་མི་འཛིན་པར་རིགས་པ་གཙོ་བོ་བྱས་ནས་རིགས་པས་དཔྱད་ཅིང་དེ་ནས་སྒྲ་ཇི་བཞིན་པར་ཁས་ལེན་ཆོག་དང་མ་ཆོག་ཟེར་བ་དེ་རིགས་པ་ལ་བརྟེན་ནས་ཐག་གཅོད་དགོས་ཀྱི་ཡོད།

བདག་མེད་རྟོགས་པའི་ཐབས་གཙོ་བོ་

རིག་པ་ལ་གཏུགས་ཚུལ་སྐོར།

 

 

                ཀླུ་སྒྲུབ་ཡབ་སྲས་ཀྱིས་མཛད་པའི་རིགས་ཚོགས་ཀྱི་གཞུང་སྟེ་དཔེ་ཆའི་མཚན་ལའང་རིགས་པའི་ཚོགས་ཞེས་བརྗོད་ཀྱི་ཡོད། དབུ་མ་རིགས་ཚོགས་དྲུག་ཅེས་བརྗོད་པ་དེ་རིགས་པ་ཤ་སྟག་རེད། མགོན་པོ་ཀླུ་སྒྲུབ་ཀྱིས་མཚམས་རེར་ལུང་ལྟ་བུ་རྒྱབ་རྟེན་ཕྲན་བུ་གསུངས་ཀྱི་ཡོད་པ་ལས་དེ་མིན་རིགས་པ་ཤ་སྟག་རེད། ཕྱིར། ཕྱིར་ཤ་སྟག་རེད།

བདག་ལས་མ་ཡིན་གཞན་ལས་མིན། །

གཉིས་ལས་མ་ཡིན་རྒྱུ་མེད་མིན། །

དངོས་པོ་གང་དང་གང་ལ་ཡང༌། །

སྐྱེ་བ་ནམ་ཡང་ཡོད་མ་ཡིན། །

                ཞེས་པ་ལྟ་བུ་རྩ་བ་ཤེས་རབ་ཀྱི་དབུ་ནས་མཇུག་བར་རྟགས་བསལ་ཤ་སྟག་བཏང་སྟེ་ཕྱིན་ཡོད། རིགས་པ་ཤ་སྟག་རེད། དེར་བརྟེན་ཉོན་མོངས་ཀྱི་རྩ་བ་བདག་འཛིན་ཡིན་པས། དཔེར་ན་ང་རང་བཞིན་གྱིས་གྲུབ་པར་འཛིན་པ་སྟེ་ང་རང་ཚོར་ངའོ་སྙམ་པའི་བློ་ཞིག་ཡོད། ངའོ་སྙམ་པའི་བློ་དེའི་དམིགས་པ་ང་ཞིག་ཡོད། ངའོ་སྙམ་པའི་བློ་དེའི་དམིགས་པ་ང་དེ་རྒྱ་གར་ལ་ལོ་སུམ་སྟོང་ཙམ་གྱི་རིང་ལ་ངའོ་སྙམ་པའི་བློ་དེའི་དམིགས་པ་ང་དེ་ཇི་འདྲ་ཞིག་ཡོད་མེད་རྩད་གཅོད་ཧ་ཅང་བྱས་ཡོད། དམིགས་པ་ཞེས་པ་དེ་བྱ་བྱེད་ལས་གསུམ་ལ་འགྲོ་གི་ཡོད།

                དཔེར་ན་དམིགས་བྱེད་ཀྱིས་དམིགས་པ་དམིགས་ཞེས་བརྗོད་སྐབས་དམིགས་བྱེད་ཅེས་བརྗོད་ན་བྱེད་པ་པོ་དེ་རེད། དམིགས་བྱེད་ཀྱི་དམིགས་པ་ཞེས་བརྗོད་སྐབས་བྱ་བའི་ཡུལ་དེ་རེད། དམིགས་བྱེད་ཀྱིས་དམིགས་པ་དམིགས་ཞེས་པའི་དམིགས་གསུམ་པ་དེ་བྱ་བ་དེ་རེད།

                དེ་བཞིན་ང་ཚོས་བསྒྲུབ་བྱ་སྒྲུབ་བྱེད་ཀྱིས་བསྒྲུབ་བྱ་བསྒྲུབས་ཞེས་བརྗོད་ན་ཡི་གེ་མི་འདྲ་བ་ཡོད། བསྒྲུབ་བྱ་ཞེས་བརྗོད་སྐབས། བསྒྲུབ། སྒྲུབ་བྱེད་ཅེས་བདག་ལ་ཚུར་འབྲེལ་ཡོང་སྐབས། སྒྲུབ། སྒྲུབ་བྱེད་ཀྱིས་བསྒྲུབ་བྱ་དེ་སྒྲུབ་ཀྱི་ཡོད་ཅེས་ད་ལྟ་བའི་ཚིག་སྦྱར་ན་སྒྲུབ་ཅེས་བརྗོད་ཀྱི་ཡོད། དམིགས་བྱེད་ཀྱིས་དམིགས་པ་དམིགས་ཞེས་བརྗོད་ན་ནམ་དུ་ཡང་དམིགས་ཞེས་པ་དེ་ཉིད་ལས་མེད། མདོར་ན་དམིགས་པ་ཞེས་བརྗོད་སྐབས་ངའོ་སྙམ་པའི་བློ་དེས་དམིགས་སའི་ཡུལ་དེ་བཤད་ཀྱི་ཡོད། ངའོ་སྙམ་པའི་བློ་དེས་དམིགས་པ་ང་དེ་གང་ཡིན། ཇི་འདྲ་ཞིག་ཡོད། མུ་སྟེགས་པ་ཚོས་དམིགས་པ་དེ་ཕུང་པོ་དེ་བཞག་ན་འགྲིགས་ཀྱི་མི་འདུག ང་རང་ཚོའི་བློར་ང་སྙམ་པ་ཞིག་འཆར་བ་ལས་ངའི་ཕུང་པོའོ་སྙམ་པའི་བློ་འཆར་གྱི་མི་འདུག་པས་ང་ཞེས་པ་ཞིག་ཡོད། ང་དེ་ལ་ཕུང་པོ་དབང་གི་ཡོད།

                ལུས་སེམས་གཉིས་པོ་དེར་བདག་པོ་རྒྱག་མཁན་དེ་ཡིན་སྟབས་བདག་པོ་རྒྱག་མཁན་དང་བདག་པོ་རྒྱག་རྒྱུ། དཔེར་ན་ཕུང་པོ་དེ་ཉེ་བར་ལེན་པའམ་ཉེ་བར་བླང་བྱ་རེད། ཉེ་བར་བླང་བྱ་དེ་ཉེ་བར་ལེན་པ་པོ་དང་གཅིག་པ་བཞག་ན་བདེ་པོ་མི་འདུག་བསམ་སྟེ་ཉེ་བར་ལེན་པ་པོ་དེ་ཉེ་བར་ལེན་པ་ལས་ལོགས་སུ་ཡོད་དགོས་པ་རེད་བསམ་པའི་ཐོག་ནས་ཕུང་པོ་ལས་དོན་གཞན་པའི་བདག་བཞག་པ་རེད། ཕུང་པོ་ལས་དོན་གཞན་པའི་བདག་བཞག་ན་གོང་དུ་སྐད་ཆ་བྱུང་བ་ལྟར་མི་བདེ་བ་ཧ་ཅང་མང་པོ་ཡོང་རྒྱུ་རེད། ཕུང་པོ་དར་རྒུད་དང་ང་རྒན་གཞོན་བཤད་ཐུབ་རྒྱུ་མེད་པའི་རྙོག་དྲ་ཚ་པོ་ཞིག་ཆགས་ཀྱི་ཡོད། སངས་རྒྱས་པས་ཕུང་པོ་ལས་དོན་གཞན་པའི་བདག་མེད། ཕུང་པོའི་གསེབ་ནས་ཡོད་ཞེས་འདི་ལྟར་ཐག་བཅད་ཀྱི་ཡོད།

                ཁ་སང་སྐད་ཆ་བྱུང་བ་ལྟར་རོབས་ཙམ་བརྗོད་ཟིན་པ་རེད། ཕུང་པོའི་གསེབ་ནས་ཞེས་བརྗོད་སྐབས་མཐར་གཏུགས་ན་ངའོ་སྙམ་པའི་བློ་འདི་འདྲ་ཞིག་ནས་ང་དེ་ཡོད་དགོས་ཀྱི་འདུག་བསམ་ནས་ཨུ་ཚུགས་བརྒྱབ་ནས་བཞག་པ་རེད། དེར་ཨུ་ཚུགས་བརྒྱབ་དགོས་དོན་གང་ཡིན་ཞེ་ན། ཆོས་གང་ཞིག་ཡིན་ན་ཡང་ཐ་སྙད་གདགས་སའི་གཞི་ཞིག་དོན་སྟེང་ནས་ཡོད་དགོས་ཀྱི་ཡོད་པ་ཞིག་ཐག་བཅད་པའི་ནོར་འཁྲུལ་གྱིས་རྐྱེན་པས་ང་ཞེས་པའང་གདགས་གཞིའི་གསེབ་ལྟ་བུ་ཞིག་ནས་ཨུ་ཚུགས་བརྒྱབ་ཏེ་བཞག་དགོས་པ་ཞིག་ཆགས་པ་རེད། མི་བདེ་བ་ཡོད་བཞིན་དུ་ཨུ་ཚུགས་རྒྱག་དགོས་པ་འདི་ཆགས་པ་རེད། དཔལ་ལྡན་ཐལ་འགྱུར་བའི་ལུགས་ཏེ་མགོན་པོ་ཀླུ་སྒྲུབ་ཀྱི་བཞེད་པ་ཐུན་མོང་མ་ཡིན་པར་བརྟེན་ནས་བཏགས་ཙམ་རྟེན་འབྱུང་ཕྲ་མོ་ཞེས་པ་དེ་རེད། བརྟེན་ནས་བཏགས་ཙམ་གྱི་དོན་ཞིག་བཞག་ཐུབ་ན་གདགས་གཞིའི་གསེབ་ནས་བཞག་མི་དགོས་པར་གདགས་གཞི་ལ་བརྟེན་ནས་མིང་བརྡས་བཏགས་ཙམ་ཞིག་ལས་གདགས་གཞིའི་གསེབ་ནས་མཚན་གཞི་བཞག་དགོས་ཀྱི་མེད། དེར་བརྟེན་ང་ཞེས་པ་དེ་ཕུང་པོ་ལ་བརྟེན་ནས་བཏགས་ཙམ་ཞིག་ལས་ཕུང་པོའི་གསེབ་ནས་ང་བཞག་རྒྱུ་མེད། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་ལས།

སྐྱེས་བུ་ས་མིན་ཆུ་མ་ཡིན། །

མེ་མིན་རླུང་མིན་ནམ་མཁའ་མིན། །

རྣམ་ཤེས་མ་ཡིན་ཀུན་མིན་ན། །

དེ་ལས་གཞན་ན་སྐྱེས་བུ་གང༌། །

                ཞེས་ང་ཚོའི་ལུས་འབྱུང་བཞི་འདུས་པའི་གོང་བུ་འདིའི་གསེབ་ནས་ང་ཡི་མཚན་གཞི་འཇོག་རྒྱུ་གཅིག་ཀྱང་མེད། རྣམ་ཤེས་དེ་ཡང་བཞག་རྒྱུ་མེད་ལ༑ ཕུང་པོ་ལས་དོན་གཞན་དུ་ཡང་བཞག་རྒྱུ་མེད། དེས་ན་ང་ཞེས་པ་དེ་གང་དུ་ཡོད་དམ་ཞེ་ན། ཕུང་པོ་ལ་བརྟེན་ནས་བཏགས་ཙམ་ཡིན་པའི་སྐོར་དེ་དག་དབུ་མའི་གཞུང་དེ་ཚོའི་ནང་ཧ་ཅང་གསལ་པོ་ཡོད། 

 

འཕྲལ་ཡུན་བདེ་སྐྱིད་སྐྲུན་ཐབས་ཀྱི་

བློ་སྦྱོང་བའི་གོ་རིམ།

 

 

                དེར་བརྟེན་ང་ཚོས་བསམ་བློ་ཡག་པོ་ཞིག་བཏང་ན་དངོས་གནས་བློ་བདེ་པོ་ཆགས་པ་ཞིག་དང༌། སེམས་ལ་འདི་དངོས་གནས་རེད་འདུག་བསམ་པ་ཞིག སེམས་གྱི་གཏིང་ནས་དགའ་སྣང་སྐྱེས་པ་ཞིག་དང༌། སེམས་ཀྱི་གཏིང་ནས་ཚོར་བ་ལྟ་བུ་སླེབས་པའི་བསམ་བློ་བཏང་ན་ཡོང་རྒྱུ་ཡོད།

                ང་ལ་ཆ་བཞག་ཀྱང་དེ་ཙམ་གྱིས་སྟོང་ཉིད་རྟོགས་མེད་ཀྱང་བསམ་བློའི་ནང་དེ་ལས་འགྲོ་ས་མི་འདུག་བསམ་པ་ལྟ་བུ་ཞིག་བློ་ལ་ཡོང་བ་ཞིག་དང༌། དེ་ཡོང་སྐབས་ཐར་པ་ཞེས་པ་དེ་ཡོད་ཆོག་པ་དང༌། ཆོས་དཀོན་མཆོག་ཞེས་པ་ཞིག་ཀྱང་ཡོད་ཆོག་པ། དེ་འདྲའི་ཆོས་སྟོན་མཁན་གྱི་སངས་རྒྱས་དཀོན་མཆོག་ཅེས་པ་དེ་ཡོད་ཆོག་པ། དགེ་འདུན་དཀོན་མཆོག་ཅེས་པ་དེ་ཡང་ཡོད་ཆོག་པ་འདུག་བསམ་པ་ལྟ་བུ་ཞིག་བློ་ལ་ཤར་རྒྱུ་ཡོད་པ་ཞིག་དང༌། དེ་ལ་བརྟེན་ནས་སྐྱབས་གསུམ་ལ་དད་པ་དམིགས་བསལ་ཅན་ཞིག་སྐྱེ་རྒྱུ་ཡོད་པ་ཞིག་རེད།

དེ་བཞིན་སྡུག་བསྔལ་ཟད་རུང་ཡིན་བཞིན་དུ་སྡུག་བསྔལ་གྱི་རྒྱུ་དང་དུ་བླངས་ནས་རྨོངས་པའི་བྲན་དུ་སོང་བའི་ཉམ་ཐག་པའི་སེམས་ཅན་སྐྱབས་མེད་མགོན་མེད་དེ་དག་ལ་སྙིང་རྗེ་སྐྱེ་བ་དེ་ཤུགས་ཆེན་པོ་ཞིག་ཏན་ཏན་ཡོང་གི་ཡོད། དེར་བརྟེན་སྟོང་ཉིད་ཀྱི་ལྟ་བ་ཞེས་པ་དེ་བསམ་བློ་བཏང་ན་ཐོག་མར་ཐོས་བྱུང་གི་ཤེས་རབ་སྐྱེས། ང་ཚོས་ལུང་ལ་བསམ་བློ་གཏོང་གི་རེད། ལུང་དང་རིགས་པས་བསྒྲུབས་ནས་སེམས་ལ་ངེས་པ་རྙེད་སྐབས་བསམ་བྱུང་གི་ཤེས་རབ། བསམ་བྱུང་གི་ངེས་པ་རྙེད་ཅིང་བསམ་བྱུང་གི་ངེས་པ་རྙེད་པའི་དོན་དེར་ཡང་ཡང་གོམས་ཤིང་འདྲིས་པར་བྱས་ཏེ་གོམས་པའི་ཉམས་མྱོང་སྐྱེ་བ་ལྟ་བུའི་ཐོག་ནས་འགྲོ་གི་ཡོད། 

                བློ་ལ་འགྱུར་བ་གཏོང་སྟངས་དེ། དཔེར་ན་ཁྱེད་རང་ཚོས་ཐོག་མར་ རྐྱསྐྱསྐྲཁ ཞེས་བསླབས་སྐབས་ རྐྱ སྐྱ སྐྲ ཁ ཞེས་ཐོག་མར་སོ་སོས་ཨུ་ཚུགས་བརྒྱབ་ནས་ཕར་བཏགས་པ་ལྟ་བུ་ཞིག་ཡོད། འདི་ལ་ རྐྱ ཞེས་བརྗོད་ཀྱི་ཡོད། འདི་ལ་ སྐྱ ཞེས་བརྗོད་ཀྱི་ཡོད་ཅེས་ཨུ་ཚུགས་བརྒྱབ་ཏེ་འདི་ལ་ཀ་ཅེས་བརྗོད་ཀྱི་ཡོད། འདི་ལ་ཁ་ཟེར་གྱི་ཡོད་ཅེས་གང་མཚམས་ཤིག་ནས་ཁོ་རང་ཕར་བཏགས་པའི་རྣམ་པ་ལྟ་བུ་མེད་པར་གྱུར་ནས་ཕར་ཨུ་ཚུགས་བརྒྱབ་ཏེ་བཏགས་པ་དེ་ཡང༌། རྐྱ  ཞེས་བརྗོད་སྐབས་ཁོ་རང་ཕར་ངོས་ནས་ཏག་ཏག་ཡོད་པ་ལྟ་བུ་ཞིག་བློ་ལ་ཤར་གྱི་ཡོད།

                མདོར་ན་ཐོག་མར་ཨུ་ཚུགས་བརྒྱབ་ན་ལས་མི་ཤེས་མཁན་ཞིག་རིམ་བཞིན་གོམས་སྐབས་འབད་མེད་ལྷུན་འགྲུབ་ཀྱིས་ཐོག་ནས་བློ་ལ་ཤར་བ་ཞིག་ཡོང་གི་ཡོད། དེ་གོམས་པའི་དབང་གིས་བྱུང་བ་རེད། དེར་བརྟེན་དོན་གང་ཞིག་ཡིན་ན་ཡང་གོམས་ནས་རྗེས་སུ་ལས་སླ་པོ་ཆགས་པ་ཞིག་རེད། དེ་ཡང་སྤྱོད་འཇུག་ལས།

གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །

                ཞེས་གསུངས་སོ།།

                མདོར་ན་གོམས་པའི་དབང་གིས་འགྱུར་བ་འགྲོ་བ་དང༌། བློ་ལ་འགྱུར་བ་འགྲོ་བ་ཞེས་པ་དེ་གོང་དུ་བརྗོད་པ་ལྟར་ཐབས་ཀྱི་རྟོགས་རིགས་གྲས་འདུན་པ་དང་འདོད་པ་དེ་ཚོའི་རིགས་ཤིག ཤེས་རབ་ཀྱི་རྟོགས་རིག་གིས་དེ་ཡིན་དང་མིན་བསམ་བློ་བཏང་སྟེ་ཡིན་པ་ལ་ཡིན་པ་ངེས་པ་ཐོབ་ནས་ཐག་ཆོད་པའི་བློ་ཞིག་དང༌། ད་ལྟ་འདིར་སྟོང་ཉིད་གྲུབ་ནས་སྟོང་ཉིད་ཀྱི་བསམ་བློ་བཏང༌། མ་རིག་པ་ཞེས་པ་དེ་ཕྱིན་ཅི་ལོག་པའི་བློ་ཡིན་པ་དེ་མ་རིག་པས་ཇི་ལྟར་བཟུང་བའི་ཞེན་ཡུལ་དེ་ཡོད་དང་མེད་བསམ་བློ་བཏང་ནས་མེད་པ་ཐག་གིས་ཆོད་པ་ཞིག་བློ་ལ་སླེབས་སྐབས་མ་རིག་པ་སྤོང་ཐུབ་པ་ཞིག་དང༌། ཉོན་མོངས་སེམས་ཀྱི་རང་བཞིན་ལ་ཞུགས་མེད་པར་སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་པ་དེ་དག་ལ་བསམ་བློ་བཏང༌། བསམ་བློ་བཏང་ནས་ངེས་པ་རྙེད་སྐབས་ཉོན་མོངས་སྤངས་པའི་བྲལ་བ་ཞིག་ཡོང་ཆོག་པ་བསམ་པ་ཞིག་ཤེས་རབ་ཀྱིས་ངེས་པ་འདྲེན། ཤེས་རབ་ཀྱིས་ངེས་པ་ཐོབ་པ་དེ་བྱུང་ན་ལེགས་པ་ལ་ཨང༌། དེ་འཐོབ་དགོས་ཀྱི་འདུག་བསམ་པའི་དོན་གཉེར་གྱི་འདུན་པ་སླེབས་ཀྱི་ཡོད།

ཤེས་རབ་ཀྱི་གྲོགས་བྱས་ནས་ཐབས་ཀྱི་ཡོན་ཏན་དེ་དག་ཤུགས་ཆེ་རུ་འགྲོ་བ་བཞིན་སྡུག་བསྔལ་ཟད་རུང་ཡིན་པ་ཤེས་རབ་ཀྱི་ཆ་ནས་ངེས་པ་ཐོབ་སྐབས་སྡུག་བསྔལ་དེའི་གཞན་དབང་དུ་སོང་བ་དེ་དག་ལ་གང་དྲག་ཅི་དྲག་བསམ་པའི་སྡུག་བསྔལ་དང་བྲལ་ན་སྙམ་པའི་སྙིང་རྗེའི་བློ་དེ་སྐྱེས་ཡོང་གི་ཡོད།  འདུན་པའི་བློ་དེ་སླེབས་ཡོང་གི་ཡོད། དེར་བརྟེན་འདི་ལྟར་བྱས་ཏེ་རིམ་བཞིན་སེམས་ལ་འགྱུར་བ་ཕྱིན་ཏེ་མྱོང་བའི་སྟེང་དུ་སླེབས། མྱོང་བའི་སྟེང་ནས་སེམས་ལ་ཚོར་བ་ཤུགས་དྲག་པོ་སླེབས་པ་བཅས་ཆོས་ཀྱི་འགྲོ་སྟངས་དེ་འདྲ་རེད། སངས་རྒྱས་པའི་གཞུང་གི་འགྲོ་སྟངས་ནི་ཐོས་བསམ་སྒོམ་གསུམ་བྱས་ཞེས་པ་ལྟར་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། ཀུན་འབྱུང་དེ་ཡང་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་པ་སྟེ་ཉོན་མོངས་པའི་གཞན་དབང་ཅན་དེ་ལ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བརྗོད་ཀྱི་ཡོད་སྟབས་ཀུན་འབྱུང་ཉོན་མོངས་ཞེས་པ་དེ་སྤོང་ཐུབ་རྒྱུ་ཡོད་དམ་མེད་བསམ་བློ་བཏང་སྟེ། དེ་ལ་གཉེན་པོ་སྟོབས་ལྡན་ཡོད་མེད་ཀྱི་ཆ་ནས་བློ་དེ་ཕྱིན་ཅི་ལོག་གི་བློ་ཡིན་དང་མིན། དེ་ལ་གཉེན་པོ་སྟོབས་ལྡན་ཡོད་དམ་མེད། སེམས་ཀྱི་རང་བཞིན་ལ་ཞུགས་ཡོད་དམ་མེད་དེ་དག་དཔྱད་པའི་ཐོག་ནས་ཉོན་མོངས་ཟད་རུང་ཡིན་པ་དང༌། ཉོན་མོངས་སྤང་རུང་ཡིན་པ་དེ་དག་ཤེས་སྐབས་དེ་ནས་འགོག་པ་མངོན་དུ་བྱ་ཞེས་པ་རེད། འགོག་པ་མངོན་དུ་བྱ་འདོད་སླེབས་པ་ཡིན་སྟབས་ཉོན་མོངས་སྤོང་བྱེད་ཀྱི་གཉེན་པོ་རྒྱུད་ལ་སྐྱེ་རོགས་བྱས་ན་བསམ་པའི་དོན་གཉེར་སླེབས་ཏེ་ཉོན་མོངས་པའི་གཉེན་པོའི་ཕྱོགས་དེ་དག་མ་སྐྱེས་པ་སྐྱེས། སྐྱེས་པ་གོང་ནས་གོང་དུ་འཕེལ་བའི་ཉམས་ལེན་བྱེད་རྒྱུའི་ལམ་བསྒོམ་པར་བྱ་ཞེས་པ་དེ་རེད།

 

ཞི་ལྷག་དང་ལམ་བདེན་སོགས་ཀྱི་སྐོར།

 

 

                ལམ་བསྒོམ་པར་བྱ་ཞེས་གསུངས་པ་ནི་ལམ་དེའི་གཙོ་བོ་བསམ་བློ་གཏོང་ས་འཕགས་ལམ་ཞེས་པ་དེ་རེད། སྟོང་ཉིད་མངོན་སུམ་དུ་མཐོང་མཁན་གྱི་ཤེས་རབ་བམ་འཕགས་པའི་ཡེ་ཤེས་ཞེས་པ་དེ་ལ་བརྗོད་ཀྱི་ཡོད། དེ་ཡོང་བར་སྤྱིར་སྟོང་ཉིད་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་འཐོབ་དགོས་ཀྱི་ཡོད། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ནམ་སྟོང་ཉིད་ལ་དམིགས་པའི་ལྷག་མཐོང་ཞེས་པ་དེ་ཡོང་བར་ཐོག་མར་ཞི་གནས་སྒྲུབ་དགོས་ཀྱི་ཡོད། སེམས་རྩེ་གཅིག་པའམ་སེམས་དམིགས་པ་ལ་ལྷན་ནེར་སྡོད་མཁན་གྱི་སེམས་རྩེ་གཅིག་པ་ཞེས་པ་དེ་དགོས་ཤིང༌། དེ་ལྟ་བུའི་སེམས་རྩེ་གཅིག་པ་ཡོང་བར་སྔོན་ལ་རྣམ་གཡེང་རགས་པ་དེ་དག་སྡོམ་པའི་ཚུལ་ཁྲིམས་ཞེས་པ་དེ་དགོས་ཀྱི་ཡོད།

                གང་ལགས་ཤེ་ན། ཏིང་ངེ་འཛིན་ནམ་ཞི་གནས་ཞེས་པའི་སེམས་རྩེ་གཅིག་པ་དེ་ཇི་ལྟར་བྱས་ཏེ་སྒྲུབ་ཀྱི་རེད་དམ་ཞེ་ན། སྨན་བཟས་ནས་སྒྲུབ་ཀྱི་མེད་ལ་ཀླད་པ་ལྐུག་པ་བཟོས་ནས་ཀྱང་སྒྲུབ་ཀྱི་མེད། ཀླད་པ་ཧ་ལས་པའི་སྤྱང་པོ་དང༌། གྲུང་པོ། ཧ་ལས་པའི་ངར་ཤ་ཡོད་པ་དེ་ལྟ་བུའི་ཐོག་ནས་སེམས་དམིགས་པ་ལ་ལྷན་ནེར་སྡོད་དགོས་པ་ཞིག་བཟོ་དགོས་ཀྱི་ཡོད།

                ང་ཚོ་གཉིད་ཁུག་ནས་བསམ་རྒྱུ་དྲན་རྒྱུ་མེད་པར་བློ་ལྷན་ནེར་སྡོད་པ་ཞིག་ཡོད་པ་དེ་མིན། བློ་ཧ་ཅང་གི་གྲུང་པོ་དང་ངར་ཤུགས་ཡོད་པ་དེ་འདྲ་ཞིག་གི་ཐོག་ནས་སེམས་གཞན་དུ་མི་གཡེང་བར་སྐབས་སུ་བབ་པའི་དམིགས་པ་གང་ཡོད་པ་དང༌། གང་ཡིན་པ་དེ་ཉིད་ཀྱི་སྟེང་དུ་ལྷན་ནེར་སྡོད་མཁན་ཞིག་དགོས། དེ་ཡོང་བ་དེ་ཡང་དྲན་པས་བྱེད་དགོས་ཀྱི་ཡོད། རྒྱུན་ལྡན་དུ་དྲན་པས་དམིགས་པ་དེ་བཟུང་ནས་སེམས་དམིགས་པའི་སྟེང་ལ་གནས་ཀྱི་ཡོད་མེད་ཤེས་བཞིན་གྱིས་བྱ་ར་བྱས་ནས་འགྲོ་དགོས། དེར་བརྟེན་སེམས་རྩེ་གཅིག་པ་བསྒྲུབ་རྒྱུ་ཞེས་པ་དེ་གཙོ་བོ་དྲན་པས་དྲན་ཤེས་རྙེད། དྲན་པ་ཡོང་སྐབས་ཤེས་བཞིན་རང་བཞིན་གྱིས་ཡོང་བ་ཞིག་རེད། དེས་ན་སེམས་དམིགས་པ་དེར་ཐོར་རེར་འཛིན་མཁན་གྱི་དྲན་པ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད། དེར་བརྟེན་དྲན་པ་ཡོང་བར་ནམ་རྒྱུན་ནས་ང་རང་ཚོའི་སེམས་རྒྱ་ཡན་ལ་འགྲོ་མཁན་དེ་ག་ལེར་དྲན་པས་ཚུར་འདི་ལྟར་བསྡུ་བ་ཞིག་གོམས་པས་བཟོ་དགོས་ཀྱི་ཡོད། དེ་འདྲའི་རྨང་གཞི་ཞིག་བཟོ་དགོས་ཀྱི་ཡོད།

                དེའི་རྨང་གཞི་བཟོ་མཁན་དེ་ཚུལ་ཁྲིམས་ཞེས་པ་དེ་རེད། ལུས་ཀྱི་སྤྱོད་ལམ་འདི་འདྲ་དེ་འགྲིགས་ཀྱི་མ་རེད། ངག་གི་སྤྱོད་ལམ་འདི་འདྲ་བ་དེ་འགྲིགས་ཀྱི་མ་རེད། ཡིད་ཀྱི་རྣམ་འགྱུར་འདི་འདྲ་བ་དེ་ཡང་འགྲིགས་ཀྱི་མ་རེད་བསམ་པ་ཞིག་ཤེས་པའི་ཐོག་ནས་བསྡོམས་པ་དེས་དྲན་ཤེས་ཐོག་མ་དེ་སླེབས་ཡོང་གི་ཡོད། དེ་ལ་ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཞེས་པ་དེ་རེད།

དགོས་པ་གཞན་ཞིག་ནི་ཁ་སང་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་བསྒྲུབ་བྱ་ལ་མངོན་མཐོ་དང་ངེས་ལེགས་བསྒྲུབ་རྒྱུ་ཞིག་བརྗོད་ཟིན་པ་ལྟར་གནས་སྐབས་ཀྱི་བསྒྲུབ་བྱ་མངོན་མཐོ་དང༌། མཐར་ཐུག་གི་བསྒྲུབ་བྱ་ངེས་ལེགས། མཐར་ཐུག་གི་བསྒྲུབ་བྱ་ངེས་ལེགས་བསྒྲུབ་རྒྱུ་དེ་ཡང་ཏིང་ངེ་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་བམ་ཞི་ལྷག་གཉིས་དེ་རེད། འཕྲལ་གྱི་མངོན་མཐོ་བསྒྲུབ་རྒྱུ་དེ་ཚུལ་ཁྲིམས་ཀྱི་བསླབ་པར་བཞག་པ་རེད། ཚུལ་ཁྲིམས་ཀྱི་བསླབ་པ་དེ་གང་ཞིག་རེད་དམ་ཟེར་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཞེས་པ་དེ་ཡིན། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོ་ཨརྱ་དེ་ཝའི་དབུ་མ་བཞི་བརྒྱ་པ་ལས། 

བསོད་ནམས་མིན་པ་དང་པོར་བཟློག །

བར་དུ་བདག་ནི་བཟློག་པར་བྱེད། །

མཐའ་མར་ལྟ་ཞིག་ཀུན་བཟློག་པ། །

དེ་ཤེས་དེ་ནི་མཁས་པ་ཡིན། །

                ཞེས་གསུངས་པ་ལྟར་རོ། །དེ་ནས་གོ་རིམ་དེ་སྔོན་ལ་མངོན་མཐོ་བསྒྲུབ་རྒྱུ་ཞིག་དང༌། མངོན་མཐོ་བསྒྲུབ་པའི་རྒྱུ་ཚགས་སུ་ཚུད་པ་ཞིག་བྱས་ཏེ་སྐྱེ་བ་ཚེ་རབས་ནས་ཚེ་རབས་སུ་མངོན་མཐོའི་ལུས་རྟེན་འཐོབ་རྒྱུ་གདེང་འཁེལ་བ་ཞིག་བྱ་དགོས་ཤིང༌། དེ་ནས་མིའི་ཀླད་པ་རྣམ་དཔྱོད་ཕུན་སུམ་ཚོགས་པ་ཡོད་པ་དེ་བེད་སྤྱོད་བྱས་ཏེ་ངེས་ལེགས་བསྒྲུབ་རྒྱུ་ཞིག་གི་གོ་རིམ་འདི་ལྟར་གསུངས་ཡོད།

                དེར་བརྟེན་ཐོག་མར་མངོན་མཐོ་འཐོབ་པར་གེགས་བྱེད་མཁན་དེ་ལུས་ངག་གི་ཉེས་སྤྱོད་དེ་དག་ཡིན། ལུས་ངག་གི་ཉེས་སྤྱོད་དེ་གང་ལ་བརྗོད་ཀྱི་ཡོད་དམ་ཟེར་ན། ཉོན་མོངས་པའི་དབང་གིས་བྱུང་བའི་སྤྱོད་པ་ངན་པ་དང༌། གཙོ་བོ་ཉོན་མོངས་འདོད་ཆགས་ཀྱི་དབང་གིས་བྱུང་བའི་སྤྱོད་པར་གཞན་ལ་གནོད་པའི་རང་བཞིན་ཡིན་དང་མིན་སྣ་ཚོགས་ཡོད། ཞེ་སྡང་གིས་ཀུན་ནས་བསླངས་ཏེ་ཞེ་སྡང་གིས་དྲངས་པའི་སྤྱོད་པ་དེ་ཕ་རོལ་པོར་གནོད་པའི་ལས་ཤིག་རེད། དེ་ལ་བསོད་ནམས་མ་ཡིན་པའི་ལས་ཞེས་བརྗོད་ཀྱི་ཡོད།

                གཞན་ལ་གནོད་པའི་ལས་དེ་དག་ནི་གཞན་ལ་གནོད་པ་སྐྱེལ་བ་ཡིན་སྟབས་དེའི་འབྲས་བུར་རང་ལ་སྡུག་བསྔལ་ཡོང་གི་ཡོད། ང་ཚོ་སྡུག་བསྔལ་མི་འདོད་པ་རེད། སྡུག་བསྔལ་མི་འདོད་པ་དེ་འགྲུབ་པའི་རྒྱུ་དེར་བསོད་ནམས་མ་ཡིན་པའི་ལས་ཞེས་བརྗོད་ཀྱི་ཡོད། རང་ཉིད་བདེ་བ་འདོད་ཀྱི་ཡོད་ཅིང་བདེ་བ་ཡོང་བའི་རྒྱུ་དེར་བསོད་ནམས་ཀྱི་ལས་ཞེས་བརྗོད་ཀྱི་ཡོད། 

དེའི་ཐོག་ལ་བློ་རགས་པ་འདོད་པའི་ཡོན་ཏན་ལ་བརྟེན་པའི་བདེ་བ་དེ་ཙམ་མིན་པར་འདོད་པའི་ཡོན་ཏན་ལ་མ་བརྟེན་པར་ནང་གི་ཏིང་ངེ་འཛིན་གྱི་སྟེང་ནས་བདེ་བ་མྱོང་བའི་བདེ་བ་དང༌། ཡང་ན་ཚོར་བ་བཏང་སྙོམས་དོན་དུ་གཉེར་བའི་བསམ་པའི་འདོད་པ་ལས་བརྒལ་བའི་ཁམས་གོང་མ་དོན་དུ་གཉེར་བ་དང༌། དེ་ལྟ་བུའི་ཁམས་གོང་མའི་ལུས་རྟེན་བསྒྲུབ་པའི་རྒྱུ་དེར་མི་གཡོ་བའི་ལས་ཞེས་ཟེར། ལས་ལ་གསུམ་སྟེ་བསོད་ནམས་མ་ཡིན་པའི་ལས། བསོད་ནམས་ཀྱི་ལས། མི་གཡོ་བའི་ལས་ཞེས་གསུམ་བཤད་ཀྱི་ཡོད།

 

ངན་འགྲོ་དག་ཀྱང་དངོས་སུ་ཡོད་པའི་

དཔེ་མཚོན་དང་བཅས་པ།

 

 

                ངན་འགྲོའི་སྐྱེ་བར་འཕེན་བྱེད་སྡུག་བསྔལ་གྱི་སྡུག་བསྔལ་ཚོར་བ་སྡུག་བསྔལ་ཤུགས་དྲག་པོ་ཡོད་པའི་སྐྱེ་གནས་ངན་འགྲོ་དང༌། དུད་འགྲོའི་སྐྱེ་གནས། ཡི་དྭགས་ཀྱི་སྐྱེ་གནས། དམྱལ་བའི་སྐྱེ་གནས་ལྟ་བུ་དང༌། དམྱལ་བ་ཞེས་པ་དེ་མངོན་པ་མཛོད་ནས་གསུངས་པ་ལྟར། 

འདི་འོག་སྟོང་ཕྲག་ཉི་ཤུ་ན། །

མནར་མེད་པ་ཡང་དེ་ཙམ་མོ། །

                ཞེས་མངོན་པ་མཛོད་ནས་གསུངས་པ་བཞིན་ཏག་ཏག་ཡོད་མེད་མི་ཤེས་ཀྱང་དུད་འགྲོ་ཞེས་པ་དེ་ང་ཚོས་མཐོང་གི་ཡོད། དེ་དང་ཆབས་ཅིག་ཡི་དྭགས་ཀྱི་རིགས་འདྲ་མིན་དང༌། དཔེར་ན། ཡུལ་ལྷ་གཞི་བདག་ལྟ་བུ་འདྲ་མིན་ཡོང་གི་ཡོད། འདྲེ་ཞུགས་མཁན་དང༌། ལྷ་ཞུགས་མཁན་དེ་འདྲ་ཅུང་ཟད་ཡོང་གི་ཡོད། དེ་ཚོའི་གྲས་རིགས་འགའ་ཤས་ཡི་དྭགས་རང་རེད།

                དེ་བཞིན་ཁྱེད་ཚོའི་གྲས་ལ་གདོན་འདྲེ་མཐོང་མཁན་མིག་མཐོང་བ་དེ་འདྲ་ཡོད་དམ་མེད། མིག་མཐོང་བ་དེ་འདྲ་ཡོང་གི་འདུག སྔོན་མ་བོད་ལ་ངའི་ངོ་ཤེས་པའི་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་ཤིག་ཡོད། ཁོང་ཉི་མ་གཅིག་ལྷ་སར་ཕྱིན་ནས་ལྷ་སར་འགྲུལ་པ་ཞིག་ཐུག་འདུག འགྲུལ་པ་དེས་ཐེའུ་རང་མཐོང་གི་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག་ཅིང༌། གྲྭ་ཚང་སྐུ་ཞབས་དེ་སྤྱོད་པ་ངན་པོ་འདྲ་ཞིག་ཡོད། ཁོ་རང་གི་མིང་ལ་མི་ཆུང་ཟེར་གྱི་ཡོད་ཅིང༌། མི་གཟུགས་པོ་ཆུང་ཆུང་རེད། གཟུགས་པོ་ཆུང་ཆུང་ཡིན་སྟབས་མི་ཆུང་ཞེས་བཏགས་པ་རེད། ཁོ་ངས་ངོ་ཤེས་ལ། ཕལ་ཆེར་ལྔ་བཅུ་ང་དགུ་ཙམ་ལ་གྲོངས་ཚར་མེད་དམ། སྙིང་རྗེ།

                ཆུང་ཆུང་སྐབས་ལ་ངས་རྩེད་མོ་ལྟ་བུ་རྩེད་ཀྱི་ཡོད། ཁོང་འགྲུལ་པ་དེའི་སར་ཕྱིན་ནས་རྩེད་མོ་ལྟ་བུས་ང་གདོན་འདྲེ་བལྟ་དགོས་ཀྱི་ཡོད་ཅེས་བརྗོད་འདུག ཁོས་འགྲིགས་ཀྱི་རེད་ངས་བཏང་ཆོག་ཅེས་བརྗོད་འདུག དེ་ནས་དགོང་མོ་ཡར་རྩེ་ལ་སླེབས་ཏེ་མ་ཉལ་བ་བསྡད་དེ་གདོན་འདྲེ་ཞིག་ཐུག་རོགས་བྱས་ན་བསམ་ནས་བསྒུགས་བསྡད་ཀྱང་གདོན་འདྲེ་མཐོང་མི་འདུག་ཅིང༌། དགོང་མོ་དང་པོར་མཐོང་མེད་སྟབས་དེ་ནས་དགོང་མོ་ཁ་ཤས་ཤིག་འདི་ལྟར་སྒུག་ནས་བསྡད་ཀྱང་མ་མཐོང་བར་བརྟེན།

                ཡང་ཉིན་གཅིག་ལྷ་སར་འགྲུལ་པ་དེའི་སར་ཕྱིན་ནས་ངས་གདོན་འདྲེ་རྩ་བ་ནས་མཐོང་མ་བྱུང༌། ང་གདོན་འདྲེ་ངེས་པར་དུ་བལྟ་དགོས་ཡོད་ཅེས་བརྗོད་འདུག འགྲུལ་པ་དེས་འོ་ན་ཁྱེད་རང་ཞྭ་མོ་འདི་ཁྱེར་ཞེས་བརྗོད་དེ་ཞྭ་མོ་ཞིག་སྤྲད་འདུག ཞྭ་མོ་དེ་ཡར་ཁྱེར་ནས་ཞྭ་མོ་དེ་གྱོན་ནས་འདི་ལྟར་གདོན་འདྲེ་བསྒུག་བསྡད་པ་རེད། གང་མཚམས་སོང་རྗེས་སྒེའུ་ཁུང་ནང་ནས་གདོང་ཧ་ཅང་གི་སྐྱོ་པོ་ཞིག་གིས་ཡར་འདི་ལྟར་བལྟ་གི་འདུག་ཟེར། དེ་ནས་ཁོ་ཞེད་ནས་མགྱོགས་པོར་ཞྭ་མོ་དེ་ཕུད་ནས་བསྡད་པ་ཡིན་ཞེས་ཟེར་གྱི་འདུག་དེ་ལོ་རྒྱུས་ངོ་མ་རེད། དེ་ལྟ་བུ་ཁྱད་མཚར་དེ་འདྲ་ཡོང་རྒྱུ་ཡོད་པ་རེད།

                མི་ཤི་བ་ཞིག་གི་ཁོའི་བར་སྲིད་དེ་ཚུར་མི་ལ་ཞུགས་ཡོང་མཁན་ཞིག་སྟེ། ཡང་སྔོན་མ་མཆོད་དཔོན་མཁན་པོ་རྒྱ་གར་དུའང་ང་ཚོ་མཉམ་དུ་ཡོང་བ་རེད། ཁོང་གི་ངོ་ཤེས་པའི་གྲྭ་ཚང་སྐུ་ཞབས་ཤིག་གྲོངས་ནས་དེ་གྲྭ་ཚང་སྐུ་ཞབས་གཞན་ཞིག་ལ་ཞུགས་ཤིང༌། དེ་ཞུགས་སྐབས་ཁོ་རང་ལ་ཧ་ཅང་སྡུག་བསྔལ་ཞིག་ཡོད་པས་ཧ་ཅང་ངུ་གི་འདུག་ཅེས་ཟེར།

                སྐབས་དེར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནོར་བུ་གླིང་གར་ཡོད་ཅིང༌། ང་ཚོ་དབྱར་དུས་ཤིག་ལ་རེད། ནོར་བུ་གླིང་གར་གྲོངས་འགྲོ་མཁན་མི་གཤིན་པོ་དེ་གྲྭ་ཚང་སྐུ་ཞབས་དེར་ཞུགས་ནས། དེ་ཉམ་ཐག་པོ་ཡིན་པའི་རྒྱུ་མཚན་ལ་མཆོད་མེ་ཡོད་སར་རྩ་བ་ནས་ཡོང་མི་ནུས་པར་ནག་ཁུང་ཡོད་སར་ཡར་ཞུགས་ཤིང༌། མཆོད་མེ་ཡོད་ས་དང་སྣང་བ་ཡོད་སར་སླེབས་སྐབས་ལམ་སང་ཡལ་འགྲོ་མཁན་ཞིག་རེད། འདྲེ་དེ་ཡར་ཞུགས་སྐབས་སུ་རྟག་ཏུ་མིག་ཆུ་གཏོང་མཁན་ཞིག་དང༌། སྡུག་སྐད་ཧ་ལས་པ་བརྒྱབ་མཁན་ཞིག ང་ལ་ཟ་རྒྱུ་མེད། ང་ལ་འཐུང་རྒྱུ་མེད། གྲོད་ཁོག་ལྟོགས་ཀྱི་འདུག དཀའ་ལས་ཧ་ཅང་ཁག་གི་འདུག་ཅེས་དེ་ལྟར་བཤད་མཁན་ཞིག

                དེ་ནས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་གསུར་ཞིག་བཏང་གནང་མཛད་དེ་མེའི་སྟེང་དུ་རྩམ་པ་ཞིག་བརྒྱབ་ཏེ་གཟིམ་ཆུང་གི་སྒོ་འགྲམ་དུ་བཞག་སྐབས། དགོང་མོ་ཕྱི་པོར་གཟིམ་ཆུང་གི་སྒོ་འགྲམ་དེར་འདྲེ་དེ་ག་ལེར་ཡར་ཞུགས་ནས་མིག་ཆུ་བཏང་བའི་སྐབས་དེར་གསུར་གནང་བ་དེ་སྣ་ཁུག་གི་འཁྲིས་སུ་ཐོག་མ་ནས་ཡོད་ཀྱང་རྩ་བ་ནས་ཤེས་ཀྱི་མི་འདུག་ཟེར། དེ་ནས་ཁྲི་བྱང་རིན་པོ་ཆེས་སྔགས་དྲུག་ཕྱག་དྲུག་བཅས་གསུར་བསྔོས་གནང་མ་ཐག་འདྲེ་ཞུགས་མཁན་དེར་ཚོར་བ་སླེབས་ཡོང་གི་འདུག་ཅེས་ཟེར། དེ་ནས་མེའི་སྟེང་གི་དུ་བ་དེ་ལ་ཆོབ། ཆོབ་ཅེས་ཟ་རྒྱུ་དང་ངོམས་རྒྱུ་ལྟ་བུ་ཞིག་ཡོད་པ་ལྟར་ཧ་ལམ་མེ་ལ་ཡང་ཁ་བརྒྱབ་གྲབས་བྱེད་ཀྱི་འདུག་ཟེར། དེ་མཆོད་དཔོན་ལགས་ཀྱིས་དངོས་སུ་མཐོང་བ་རེད། དེ་ལྟར་བརྗོད་ཀྱི་འདུག

                དེ་རྗེས་ཁོ་རང་མེ་ལ་ཡང་ཁ་བརྒྱབ་གྲབས་བྱས་ནས་ཁོ་རང་ཆོབ། ཆོབ་ཅེས་ཅིག་ཧ་ལས་པ་ཟ་རྒྱུ་ཡོད་པ་ལྟར་བྱས་ཏེ་ད་ཡིན་ན་ང་གྲོད་ཁོག་རྒྱགས་སོང༌། ད་ཡིན་ན་འགྲིགས་སོང་ཞེས་བརྗོད་པའི་ལོ་རྒྱུས་ཡོད། དེ་ཡང་མཆོད་དཔོན་ལགས་ཀྱིས་དངོས་སུ་མཐོང་སྟེ་ང་ལ་བཤད་པ་རེད། མཆོད་དཔོན་ལགས་ཀྱིས་ང་ལ་སྐྱག་རྫུན་བཤད་པ་ནི་ག་ནས་ཡིན། དེ་སྐྱག་རྫུན་བཤད་དགོས་པ་གང་ཡང་མེད། མཆོད་དཔོན་ལགས་ཀྱིས་ང་ལ་སྐྱག་རྫུན་བཤད་ན་མཆོད་དཔོན་ལགས་ལ་རྔན་པ་རག་རྒྱུ་དང་གོ་ས་མཐོ་རུ་འགྲོ་རྒྱུ་གང་ཡང་མེད། དེར་བརྟེན་དེ་བདེན་པ་རེད། རྗེས་སུ་ཁྲི་བྱང་རིན་པོ་ཆེས་ཀྱང་དེ་ལྟར་གསུངས་ཀྱི་འདུག འདི་ཚོའི་གྲས་དེ་ང་རང་ཚོ་མི་མ་ཡིན་པའི་འགྲོ་བ་ཁྱད་མཚར་དེ་འདྲ་ཡོད་པ་ཞིག་རེད།

                ཡང་ཆེ་ས་ནས་བཤད་པ་ཡིན་ན། གནས་ཆུང་ཆོས་སྐྱོང་དང་ལྷ་དེ་ཚོའི་གྲས་དེ་ཡང་ཡོད་ཐག་ཆོད་རེད། དེ་ཚོའི་ནང་ལ་ང་ཚོ་མིའི་སྤྱི་ཚོགས་ལྟར་གཟུགས་མེད་ཀྱི་སྤྱི་ཚོགས་ལྟ་བུ་ཞིག་དང༌། དེའི་ནང་དུའང་མཐོ་བའི་རིགས་ལྟ་བུ་གཅིག་དང༌། ཡོན་ཏན་ཡོད་པའི་རིགས་ལྟ་བུ་གཅིག ཡང་སྐྱོ་བ་ལྟ་བུའི་རིགས་ཤིག སྡུག་བསྔལ་གྱི་འོག་ཏུ་ཚུད་པའི་རིགས་ཤིག་བཅས་མང་པོ་ཡོད་ས་རེད། དེ་དག་གི་གྲས་སུ་ཡི་དྭགས་ཞེས་པ་དེ་ཡང་སླེབས་ཀྱི་ཡོད་པ་རེད།

                མི་མ་ཡིན་པའི་འགྲོ་བ་འདྲ་མིན་ཡོད་པའི་ནང་ཕྱི་རྒྱལ་ལ་ཡང་བཤད་མཁན་འདུག་ཅིང༌། ཡེ་ཤུའི་ཆོས་ཀྱི་ནང་དམིགས་བསལ་འགྲོ་བ་རིགས་དྲུག་དང་ཁམས་གསུམ་རིགས་དྲུག་ཅེས་པའི་དབྱེ་བ་ཕྱེ་གི་མེད་པ་ལས་དེ་མིན་ཁང་པ་དེ་རིགས་ནང་སྒོ་ཕྱེ་བ་དང་སྒོ་བརྒྱབ་པ་སོགས་བྱེད་མཁན་དེ་འདྲ་ཡོང་གི་འདུག་ཅེས་འདྲ་མིན་དེ་འདྲ་བཤད་ཀྱི་འདུག་ཅིང༌། ང་ལའང་དེ་འདྲ་བཤད་མཁན་ཞིག་བྱུང༌། ཁང་པའི་སྒོ་ཕྱེ་བ་དང་སྒོ་བརྒྱབ་པའི་སྒྲ་ ཅཎསྣྲྟ ངྟཏྲྣཔྱརྟདྲརྣཐྲ  ༼སྒྲ་འཇུག་འཕྲུལ་ཆས།༽ ནང་ལ་བཅུག་པ་དེ་འདྲ་བསྟན་མཁན་བྱུང་ལ། དེ་འདྲ་བཤད་མཁན་ཞིག་ཀྱང་བྱུང༌། དེ་ཚོའི་གྲས་འདྲ་མིན་ཡོད་པ་རེད།

                དེར་བརྟེན་སྐྱེ་གནས་ང་ཚོ་མིས་མཐོང་བའི་དུད་འགྲོ་གཅིག་པུ་མིན་པར་སྐྱེ་གནས་འདྲ་མིན་དེ་འདྲ་ཡོད་པ་གསལ་པོ་རེད། དེ་ཚོའི་ནང་དུ་སྐྱེ་གནས་ཀྱི་རིགས་འགའ་ཤས་སྡུག་བསྔལ་ཧ་ཅང་མྱོང་བ་དེ་འདྲ་ཡོང་གི་ཡོད་ཅིང་དེར་དམྱལ་བ་པ་ཞེས་བརྗོད་ཀྱི་ཡོད། དེ་ལས་སྡུག་བསྔལ་ཅུང་ཆུང་བའི་རིམ་པ་ལྟ་བུ་ཡོད་པ་ཞིག་སྟེ་གཙོ་བོ་བཀྲེས་སྐོམ་གྱི་སྡུག་བསྔལ་གྱིས་མནར་བ་དེ་དག་ལ་ཡི་དྭགས་ཅེས་བརྗོད་པ་རེད། ལུས་རྟེན་རགས་པ་ཡོད་པ་ང་རང་ཚོ་འཛམ་གླིང་འདིའི་སྟེང་དུ་ཡོད་པའི་དུད་འགྲོའི་རིགས་དང༌། དུད་འགྲོ་སྤྱི་ཡི་སྡུག་བསྔལ་ལ་གླེན་ཞིང་རྨོངས་པ་ཞེས་བརྗོད་ཀྱི་ཡོད། ང་ཚོ་མི་ལྟར་བསམ་བློ་འཁོར་རྒྱུ་གང་ཡང་མེད། སྙིང་རྗེ། དེ་དག་སྐྱབས་མེད་མགོན་མེད་ཧ་ཅང་སྐྱོ་པོ་ཞིག་རེད། དེར་བརྟེན་འགྲོ་བ་རིགས་དྲུག་ཅེས་བརྗོད་པ་དེ་དེ་རེད།

 

ངན་སོང་དུ་འཕེན་བྱེད་ཀྱི་རྒྱུ་ངོས་འཛིན་ནས་

སྤང་བླང་བྱ་ཚུལ་སྐོར།

 

 

                ངན་འགྲོ་ངན་སོང་གི་གནས་སུ་སྐྱེ་བའི་ལས་ཕལ་མོ་ཆེ་གཞན་ལ་གནོད་པའི་ལས་དེ་དག་གིས་འབྲས་བུས་ཡོང་གི་ཡོད། གཞན་ལ་ཆགས་པའི་ཀུན་ནས་བསླངས་ཏེ་གཞན་ལ་ཕན་པ་བསྒྲུབ་རྒྱུ་ཡོང་གི་རེད། དེ་ལྟ་བུའི་གཞན་ལ་ཕན་པ་བསྒྲུབ་པའི་ལས་དེ་དག་གིས་སྐྱེ་གནས་བཟང་པོ་ལེན་གྱི་ཡོད། དེར་བརྟེན་མི་དགེ་བཅུ་སྤོང་ཞེས་པའི་དེའི་ནང་དུ་སྲོག་གཅོད། མ་བྱིན་ལེན། བཙན་གཡེམ། རྫུན། ཕྲ་མ། ཚིག་རྩུབ། ངག་ཀྱལ་དེ་དག་གིས་གཞན་ལ་གནོད་ཀྱི་ཡོད།             

                ངག་ཀྱལ་ཞེས་པ་དེས་རང་ཉིད་གཅིག་པུ་གཅིག་ལབ་བརྒྱབ་པ་ཡིན་ན་གཞན་ལ་དམིགས་བསལ་གནོད་པ་གང་ཡང་མེད། དེ་མིན་མི་ལས་ཀ་ཧ་ཅང་བྱེད་མཁན་ཞིག་དང༌། ཡང་ན་ཁ་འདོན་དགེ་སྦྱོར་བྱེད་མཁན་ལྟ་བུའི་འཁྲིས་སུ་ཕྱིན་ཏེ་སྒྲུང་ལྟ་བུ་འདྲ་མིན་བཤད་ན་ཁོའི་ཁ་འདོན་ལ་གནོད་པ་སྐྱེལ་བ་དང༌། ཁོའི་ལས་ཀ་དེ་ཡང་འཐུས་ཤོར། དཔེར་ན་འཚེམ་པོ་བ་ལྟ་བུ་ཞིག་གིས་འཚེམ་པོ་རིག་པ་ཧ་ཅང་བསྒྲིམས་ནས་འཚེམ་པའི་སྐབས་ཁོའི་ཉེ་འཁྲིས་སུ་ཕྱིན་ཏེ་ཁ་བརྡར་གློད་ནས་བསྡད་ན་ཁོའི་འཚེམ་པོ་དེ་ཡང་ཡག་པོ་ཞིག་མི་ཡོང་ལ་དུས་ཚོད་ཀྱང་འཕྲོ་བརླག་ཏུ་ཕྱིན། ཁོའི་གླ་ཆ་དེ་ཡང་ཉུང་དུ་ཕྱིན། གཅིག་བྱས་ན་ཁོས་སྐད་ཆ་ཤོད་ཀྱིན་སྐད་ཆ་སྙན་པོ་བྱུང་ན་ཨ་ཙི་གང་འདྲ་རེད་དམ་ཞེས་བརྗོད་ན། ཁོའི་མཛུབ་མོར་ཁབ་ཟུག་རྒྱུའི་ཉེན་ཁ་ཡོད།  

                དེར་བརྟེན་ངག་ཀྱལ་གྱིས་མི་ཞིག་ལ་སྐད་ཆ་སྙན་པོ་བཤད་ནས་བསྡད་ན་མི་དེའི་ལས་ཀར་འཐུས་ཤོར་འགྲོ་བ་ཡོང་གི་ཡོད། གནོད་པ་མེད་པའི་ངག་ཀྱལ་གང་ཞིག་རེད་དམ་ཞེ་ན། རང་ཉིད་གཅིག་པུ་གཅིག་ལབ་བརྒྱབ་ནས་བསྡད་ན་ངག་ཀྱལ་ཡིན་ཡང་དེས་གནོད་པ་གང་ཡང་མེད། དེ་མིན་སྲོག་གཅོད་ནས་བཟུང་སྟེ་རྫུན། ཕྲ་མ། ཚིག་རྩུབ་དེ་དག་གི་བར་དུ་གཞན་ལ་གནོད་པའི་རིགས་ཤ་སྟག་རེད།

                གཞན་ལ་ཡིད་མི་བདེ་བ་དང་བློ་མི་བདེ་བ་ཡོང་བ་དང༌། ལུས་སྲོག་ལ་གནོད་པ་ཤ་སྟག་རེད། དེར་བརྟེན་དེ་དག་བསྡོམ་རྒྱུ་ཞེས་པ་ནི་སྤྱོད་པ་དེ་དག་ནང་བསམ་པ་དང་འབྲེལ་ནས་ཡོང་གི་ཡོད་པ་ལས་ཀུན་སློང་གང་ཡང་མེད་པར་ཡོང་གི་མེད།

                ལས་ལ་བྱས་ལ་བསགས་པ། བསགས་ལ་མ་བྱས་པ། བྱས་ལ་མ་བསགས་པ་ལྟ་བུ་དབྱེ་བ་མང་པོ་ཞིག་ཕྱེ་གི་ཡོད། བྱེད་འདོད་ཡོད་པ་དང༌། བྱེད་འདོད་ཡོད་པའི་ཐོག་ནས་བྱས་པ་དེ་བསགས་ལ་བྱས་པ་དང༌། བྱས་བསགས་གཉིས་ཀ་ཚང་བ་དང༌། བྱེད་འདོད་མེད་ཀྱང་བྱེད་དུ་བཅུག་པ་དེ་དག་ནི་བྱས་ལ་མ་བསགས་པ། བྱེད་འདོད་ཡུན་རིང་པོར་བསམ་བློ་བཏང་ཞིང་དངོས་སུ་ལག་ལེན་དུ་མ་བསྟར་བ་ནི་བསགས་ལ་མ་བྱས་པ་ཞེས་བརྗོད་ཀྱི་ཡོད།

                དེ་ལྟའི་དབང་གིས། ལས་སྟོབས་ཆེ་ཆུང་གི་དབང་གིས་འབྲས་བུ་མྱོང་བར་ངེས་པའི་ལས། མ་ངེས་པའི་ལས། མྱོང་བར་ངེས་པའི་ལས་དེ་ལའང་འབྲས་བུ་ཚེ་འདིར་མཐོང་ཆོས་སུ་མྱོང་བ་དང༌། ཚེ་ཕྱི་མར་སྐྱེས་ནས་མྱོང་འགྱུར་གྱི་ལས། སྐྱེ་བ་ཕྱི་མར་མྱོང་བའི་ལས། ཡང་སྐྱེ་བ་གཞན་དང་གཞན་དུ་མྱོང་བའི་ལན་གྲངས་གཞན་དུ་མྱོང་འགྱུར་གྱི་ལས་ཞེས་ལས་ལ་དབྱེ་བ་ཧ་ཅང་མང་པོ་ཞིག་ཕྱེ་གི་ཡོད།

                དེར་བརྟེན་ལས་དེ་གཙོ་བོ་བསམ་པའི་ཀུན་ནས་བསླངས་ཏེ་ལས་ཤུགས་ཆེ་བ་དེ་དག་བསམ་པས་བྱེད་འདོད་ཀྱིས་ལས་དེ་བསགས་ཀྱི་ཡོད། དེར་བརྟེན་ཀུན་སློང་དང་འབྲེལ་བས་བརྣབ་སེམས་དང༌། གནོད་སེམས། ལོག་ལྟ། དཔེར་ན་བརྣབ་སེམས་ཀྱི་དབང་གིས་ཕལ་ཆེར་མི་གཙང་སྤྱོད་དམ་བཙན་གཡེམ་བྱེད་པ་ལྟ་བུ་དང༌། མ་བྱིན་ལེན་པ་ལྟ་བུ། དཔེར་ན་སྲོག་གཅོད་བྱེད་པའི་རིགས་ཕལ་ཆེར་བརྣབ་སེམས་ཀྱི་ཐོག་ནས་ཡོང་གི་རེད། བརྣབ་སེམས་ཤུགས་ཆེ་རུ་ཕྱིན་ཏེ་ང་ལ་བྱུང་ན་བསམ་པ་དེ་ཤུགས་ཆེ་རུ་ཕྱིན་ཏེ་དེ་རྗེས་དངོས་སུ་མ་བྱིན་ལེན་པ་དང༌། བཙན་གཡེམ་བྱེད་པ། སྲོག་གཅོད་པ་ཡོང་གི་ཡོད།

                དེ་བཞིན་གནོད་སེམས་ཀྱི་ཐོག་ནས་རྫུན་དང་ཕྲ་མ་མདོར་ན་ལུས་ངག་གི་ཉེས་སྤྱོད་དེ་དག་ཡང་ན་བརྣབ་སེམས་ཆགས་པའི་དབང་གིས་ཡོང་བ་དང༌།

ཡང་ན་གནོད་སེམས་ཞེ་སྡང་གི་དབང་གིས་ཡོང་བ། ཡང་ན་གཏི་མུག་ནི་ལོག་ལྟའི་རིགས་ཀྱི་ནང་སླེབས་ཀྱི་ཡོད། མདོར་ན་ཆགས་སྡང་རྨོངས་གསུམ་གྱིས་ལུས་ངག་གི་ལས་དེ་དག་ཡོང་གི་ཡོད། དེར་བརྟེན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཞེས་པ་འདིས་ངན་འགྲོར་སྐྱེ་བའི་གཞན་ལ་གནོད་པའི་ལས། བསོད་ནམས་མ་ཡིན་པའི་ལས། ངན་འགྲོར་སྐྱེ་བ། སྡུག་བསྔལ་གྱི་སྡུག་བསྔལ་ཤུགས་དྲག་པོ་ཡོང་བའི་སྐྱེ་གནས་མི་ཡོང་བ། སྡུག་བསྔལ་གྱི་སྡུག་བསྔལ་ཤུགས་དྲག་པོ་མི་ཡོང་བའི་དོན་དུ་རིམ་པ་དང་པོ་དེར་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཞེས་པ་བཤད་པ་རེད།

                ཚུལ་ཁྲིམས་ཞེས་པ་དེ་ ཁདྲཔྲཏྲདྲསྣྲརྡདྲརྣྟ ༼སྒྲིག་ལམ།༽ ཁདྲཔྲཏྲདྲསྣྲརྡདྲརྣྟ དེར་བསམ་བློ་ཡག་པོ་ཞིག་གཏོང་དགོས། མར་བཀའ་བཏང་སྟེ་རྒྱ་མི་གུང་ཁྲན་གྱི་བཙན་དབང་འོག་འདི་བྱེད་དགོས་འདི་བྱེད་མི་ཆོག་ཅེས་བརྗོད་པ་དེ་གནས་ཚུལ་ཐ་དད་རེད། དེ་ལྟར་མིན་པར་སོ་སོས་ཕན་ཡོན་དང་ཉེས་དམིགས་ཤེས་ནས་འདི་ལྟ་བུ་བྱས་ན་རང་ཉིད་ལ་གནོད་ཀྱི་རེད། འདི་ལྟ་བུ་བྱས་ན་རང་ཉིད་ལ་ཕན་གྱི་རེད་བསམ་པའི་སྐྱོན་དང་ཡོན་ཏན་ཤེས་པའི་ཐོག་ནས་ཕན་པའི་རང་བཞིན་དེ་བསྒྲུབ། གནོད་པའི་རང་བཞིན་དེ་སྡོམ་པ་དེ་ཚུལ་ཁྲིམས་ངོ་མ་དེ་རེད།

                དཔེར་ན། ང་རང་ཚོའི་རང་ཉིད་ཀྱི་གཟུགས་པོའི་འཕྲོད་བསྟེན་ལ་ཁྱེད་རང་གི་ཁྲག་ནང་ཞག་རྩི་འདུག ཁྱེད་རང་ཁ་ལག་ཟ་རྒྱུར་གཟབ་གཟབ་མ་བྱས་ན་ཁྱེད་རང་རིལ་གྱི་རེད། ཁྱེད་རང་ གྱྟཎཔྱྤཎྤྤཎཏྲྤ ༼སྙིང་ནད།༽ ཡོང་གི་རེད། ཁྱེད་རང་གི་ཀླད་རྩ་འགག་ནས་ཀླད་ཁྲག་འདྲེས་ཀྱི་རེད་ཅེས་བརྗོད་པ་ཡིན་ན་ཞག་རྩི་མང་པོ་མ་ཟས་པ་བཅས་གཟབ་གཟབ་བྱེད་ཀྱི་རེད།

                ཁྱེད་རང་ལ་གཅིན་སྙིའི་ན་ཚ་འདུག་པས་འཆམ་འཆམ་མང་ཙམ་བྱེད་དགོས་ཞེས་བརྗོད་ན། དེ་ནས་གཅིན་སྙིའི་ན་ཚ་དེ་ཉུང་དུ་འགྲོ་བའི་དོན་དུ་འཆམ་འཆམ་ལ་མང་ཙམ་འགྲོ་བ་ལྟ་བུ་ཡོང་གི་ཡོད། དེ་ ཁདྲཔྲཏྲདྲསྣྲརྡདྲརྣྟ ༼སྒྲིག་ལམ།༽ རེད། ཁདྲཔྲཏྲདྲསྣྲརྡདྲརྣྟ ༼སྒྲིག་ལམ།༽ དེ་ཨེམ་རྗེས་བཀའ་བཏང་བ་སྟེ་ སྒྲཔྱརྟྟཔྱ ༼བཀོད་པ།༽ བཏང་ནས་བྱས་པ་མིན། ཨེམ་རྗེས་ཁྱེད་རང་དེ་ལྟར་མ་བྱས་ན་ཁྱེད་རང་གི་སྲོག་ལ་ཉེན་ཁ་ཡོད། ཁྱེད་རང་དེ་བྱས་ན་ཁྱེད་རང་ཚེ་རིང་པོར་སྡོད་ཀྱི་རེད་ཅེས་བརྗོད་པ་དེས་སྐྱོན་དང་ཡོན་ཏན་ཤེས་པའི་སྒོ་ནས་གནོད་པའི་བྱ་བ་དེ་བཀག་ཅིང་ཕན་པའི་བྱ་བ་དེ་བསྒྲུབ་པ་རེད། ཁདྲཔྲཏྲདྲསྣྲརྡདྲརྣྟ ༼སྒྲིག་ལམ།༽ དེ་རེད།

                སངས་རྒྱས་པའི་གཞུང་ནས་ཚུལ་ཁྲིམས་ཞེས་གསུངས་པ་དེ་རང་ལ་སྡུག་བསྔལ་ཡོང་བའི་རྒྱུ་རྐྱེན་དེ་དག་བསྡོམ་དགོས་པ་རེད། རང་ལ་བདེ་སྐྱིད་ཡོང་བའི་རྒྱུ་རྐྱེན་དེ་དག་གསོག་དགོས། བསྒྲུབ་དགོས་ཞེས་བརྗོད་པ་ ཁདྲཔྲཏྲདྲསྣྲརྡདྲརྣྟ ༼སྒྲིག་ལམ།༽ དེ་རེད། དེར་བརྟེན་ ཁདྲཔྲཏྲདྲསྣྲརྡདྲརྣྟ ༼སྒྲིག་ལམ།༽ གཙོ་བོ་དེ་དག་ ྔྟརྡཐ ཁདྲཔྲཏྲདྲསྣྲརྡདྲརྣྟ ༼སོ་སོའི་སྒྲིག་ལམ།༽ ཟེར་བ་དེའི་སྟེང་ནས་ཡོང་དགོས་ཤིང་ཡིན་རྒྱུ་དེ་རེད།

                དགོན་པ་གྲྭ་ཚང་ཚོའི་ནང་དུ་རབ་བྱུང་ཕོ་མོའི་ཁྲིམས་ཤིག་ཡོང་གི་ཡོད། ཡིན་ན་ཡང་དོ་བདག་སོ་སོས་ཁྲིམས་དེ་དང་དེ་སྲུང་ན་ཕན་ཡོན་གང་ཞིག་ཡོད་པ་དང༌། ཁྲིམས་དེ་དང་འགལ་ན་ཉེས་དམིགས་གང་ཞིག་ཡོད་པ་དེ་མི་ཤེས་པ་ཡོང་གི་རེད། དེའི་ངོ་བོར་ལྟོས་ན་དགོན་པ་སྤྱིའི་སྒྲིག་དང་ཁྲིམས་ཀྱིས་མར་བཀའ་བཏང་བ་ལྟ་བུ་ཞིག་ཡོད་ཀྱང་དགོན་པ་སྤྱིའི་སྒྲིག་དང་ཁྲིམས་བཟོ་བའི་དམིགས་ཡུལ་གདུལ་བྱ་རྣམས་ཉོན་མོངས་པའི་གཞན་དབང་དུ་མི་འགྲོ་བ་དང༌། ཉེས་སྤྱོད་ཀྱི་གཞན་དབང་དུ་མི་འགྲོ་བའི་དོན་དུ་ཁྲིམས་སུ་བཅའ་བ་རེད། དེར་བརྟེན་ཕན་པའི་རང་བཞིན་རེད། གུང་ཁྲན་ལྟ་བུ་ཞིག་བྱས་ཏེ་གུང་ཁྲན་ཏང་ལ་ཁ་གཏང་ཆོག་གི་མ་རེད། འདི་ཡང་བྱས་ཆོག་ཅེས་བརྗོད་པ་དེ་ཚོའི་གྲས་ཁྱད་མཚར་ཞིག་འདུག་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ནང་ང་ལ་ཁ་མ་གཏོང་ཞེས་པ་ཞིག་ཧ་ལམ་མེད།

                ལོག་ལྟ་ཞེས་པ་དེ་ཕྱིན་ཅི་ལོག་གི་ལྟ་བ་རེད། ཕྱིན་ཅི་ལོག་གི་ལྟ་བ་དེས་ལུས་ངག་གི་ཉེས་པ་དྲངས་ཡོང་གི་ཡོད། དེར་བརྟེན་ཕྱིན་ཅི་ལོག་གི་ལྟ་བ་དེ་ཕར་བཀག་ནས་ཕྱིན་ཅི་མ་ལོག་པའི་ལྟ་བ་སྐྱེ་དགོས་པ་རེད། ཕྱིན་ཅི་མ་ལོག་པའི་ལྟ་བའི་ལྡོག་ཟླ་ཕྱིན་ཅི་ལོག་གི་ལྟ་བ་དེ་བྱེད་རྒྱུ་མེད། དེ་ཉེས་པ་ཆེན་པོ་རེད་ཅེས་དེ་ལྟར་གསུངས་པ་ཞིག་རེད། དཔེར་ན་དཀོན་མཆོག་གསུམ་ཁས་མི་ལེན་པ་ལྟ་བུ་དང༌། བདེན་བཞིན་ཁས་མི་ལེན་པ་དེ་ཚོའི་གྲས་དེ་རང་ཉིད་ལ་གྱོང་རག་རྒྱུ་རེད། དངོས་ཡོད་གནས་ཚུལ་དེ་ ཁྟརྣཕྲ ༼ངོས་ལེན་མི་བྱེད་པ།༽ བྱས་པ་ལྟར་རེད།

                དེ་ཙམ་མ་ཟད་ལོག་ལྟ་ཞེས་པ་དེར་གཉིས་ཡོད། སྒྲོ་འདོགས་ལོག་ལྟ་དང་སྐུར་འདེབས་ལོག་ལྟ་ཞེས་གཉིས་སུ་དབྱེ་ཡོད། དེ་ཡང་སྒྲོ་འདོགས་ལོག་ལྟ་ནི་མེད་པ་ཞིག་ལ་ཡོད་ཅེས་བརྗོད་དེ་ཧམ་པ་བཤད་པ་དེ་སྒྲོ་འདོགས་ལོག་ལྟ་རེད། སྐུར་འདེབས་ལོག་ལྟ་ཞེས་པ་ནི་ཡོད་པ་ཞིག་ལ་མེད་ཅེས་བརྗོད་ན་དེ་སྐུར་བ་བཏབ་པས་ན་སྐུར་འདེབས་ལོག་ལྟ་རེད། དེས་ན་སྐུར་འདེབས་ལོག་ལྟ་བྱེད་རྒྱུ་མེད་ལ། སྒྲོ་འདོགས་ལོག་ལྟ་བྱེད་རྒྱུ་མེད་ཅེས་གསུངས་པ་དེས་གང་ཞིག་བརྗོད་ཀྱི་ཡོད་དམ་ཞེ་ན། དངོས་ཡོད་གནས་ཚུལ་དེ་ཁས་ལེན་དགོས་པ་རེད་ཅེས་བརྗོད་ཀྱི་ཡོད། དེར་བརྟེན་ང་ཚོས་ ཁདྲཔྲཏྲདྲསྣྲརྡདྲརྣྟ ༼སྒྲིག་ལམ།༽ ཟེར་བ་དེ་ཤེས་དགོས་པ་རེད། ཚུལ་ཁྲིམས་ཞེས་པ་དེ་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པ་དང༌། རང་ཉིད་མི་བདེ་བ་ཡོང་བའི་རྒྱུ་རྐྱེན་སྡོམ་པ་དེར་ཚུལ་ཁྲིམས་ཞེས་བརྗོད་ཀྱི་ཡོད།

 

 

 

དཔྱད་འཇོག་གི་སྒོམ་དང༌། དྲན་ཤེས་བསྟེན་ཚུལ།

 

 

                དེ་ལྟ་བུའི་སྒོ་ནས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལ་བསླབ་ནས་འཕྲལ་དུ་མངོན་མཐོ་འཐོབ་པ་དང༌། དེ་དང་ཆབས་ཅིག་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལ་བརྟེན་ནས་དྲན་ཤེས་བག་ཡོད་བསྟེན་སྐབས་དྲན་ཤེས་ཀྱི་ཉམས་ལེན་དང༌། དྲན་ཤེས་ཀྱི་ནུས་པ་ཤུགས་ཆེ་རུ་འགྲོ་བའི་ཐོག་ནས་སེམས་ཀྱི་རྣམ་གཡེང་ཕྲ་མོ་བསྡོམ་པའི་ཏིང་ངེ་འཛིན་བསྒྲུབ་པ། དེ་ལ་བརྟེན་ནས་སེམས་རྩེ་གཅིག་པ་དམིགས་པ་གང་ལ་ཡིན་ན་ཡང་སེམས་ལྷན་ནེར་སྡོད་པའི་སེམས་ཀྱི་ཡོན་ཏན་འདི་འཐོབ་པའི་ཐོག་ནས་སེམས་ཀྱིས་དཔྱད་པ་བྱས་ཀྱང་དཔྱད་པའི་ཡུལ་དེ་ལས་གཞན་ལ་སེམས་མ་གཡེང་པར་འགྲོ་གི་ཡོད། དེར་བརྟེན་གནས་ལུགས་གཏིང་ཕྱིན་པ་ཞིག་དཔྱད་ཐུབ་ཀྱི་ཡོད། དཔྱད་པ་མ་བྱས་པར་སེམས་འཇོག་པ་ཡིན་ན་ཡང་འཇོག་པའི་དམིགས་རྟེན་དེའི་སྟེང་དུ་ཆུ་ཚོད་གཉིས་གསུམ་ལྟ་བུ་ལྷན་ནེར་སྡོད་ཐུབ་པ་དེ་འདྲ་ཡོང་གི་ཡོད།

                ངའི་ངོ་ཤེས་པ་དེ་འདྲ་སེམས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་འདི་ལྟར་འཇོག་སྐབས་རིགས་ཁ་ཤས་འཇོག་སྒོམ་རེད། འཇོག་སྒོམ་འདི་ལྟར་བཞག་སྐབས་མདུན་དུ་གང་ཞིག་བྱས་མིན་མ་མཐོང་བ་དེ་འདྲ་ཡོང་གི་འདུག དེ་སེམས་རྩེ་གཅིག་ཏུ་བཞག་པ་ཡིན་སྟབས་གནས་སྐབས་དེར་སྒོ་ལྔའི་ཤེས་པ་དེ་དག་གི་དེ་མ་ཐག་རྐྱེན་ཅུང་ཟད་ཤུགས་ཆུང་དུ་ཕྱིན་ནས་མདུན་དུ་གང་ཞིག་བྱས་མིན་དེ་དག་མ་མཐོང་ཞིང༌། སྒྲ་དེ་དག་ཀྱང་མ་ཐོས་པ་དེ་འདྲ་ཡོང་གི་ཡོད་པ་རེད། མཐོང་དང་ཐོས་པ་ཡིན་ན་ཡང་སྣང་ལ་མ་ངེས་པ་ལྟ་བུ་ཆགས་འགྲོ་གི་ཡོད།

                དེ་བཞིན་དཔྱད་སྒོམ་གྱིས་སེམས་རྩེ་གཅིག་ཏུ་དཔྱད་སྐབས་སེམས་གཞན་དུ་མི་གཡེང་བ་ཞིག་འགྲོ་བ་དང༌། དཔེར་ན་ངས་བཀའ་ཆོས་ཞུ་སའི་རྒན་ཉི་མ་མཁས་པའི་དབང་པོ་རེད། དངོས་གནས་དྲང་གནས་རྒྱན་དྲུག་མཆོག་གཉིས་དང་འདྲ་བ་ཞིག་རེད། ལྷག་པར་དབུ་མ་དང་ཚད་མའི་གཞུང་ལ་ཧ་ལས་པའི་མཁས་པ་རེད། ངས་ཁོང་གི་ས་ནས་དཔེ་ཆ་ཁྲིད་ཅིང་རྒན་ངེད་གཉིས་ནང་ཚག་རེད། རྒན་ལ་བཀའ་འདྲི་དང་དོགས་གཅོད་ལྟ་བུ་ཞུས་ཤིང༌། གལ་ཆེའི་དོགས་གཅོད་ལྟ་བུ་ཞུ་སྐབས་རྒན་གྱིས་འདི་ལྟར། རྒན་གྱི་སྤྱན་དེ་ཙམ་ཡག་པོ་མེད་ཅིང་ཀྱོག་ཀྱོག་ལྟ་བུ་ཞིག་ཡོད། རྒན་གྱིས་འདི་ལྟར་དཔྱད་པའི་ཡུལ་དེར་རྩེ་གཅིག་ཏུ་དཔྱད་སྐབས་དེའི་འཁྲིས་སུ་གང་ཞིག་བྱས་མིན་རྒན་གྱིས་རྩ་བ་ནས་མཁྱེན་གྱི་མི་འདུག་ཅིང༌། ཡུལ་ལ་དཔྱད་པའི་དཔྱད་སྒོམ་བྱེད་པའི་གནས་སྐབས་ལའང་དཔྱད་པ་བྱེད་སའི་ཡུལ་དེ་ཉིད་དྲན་པས་བཟུང་ནས་བསྡད་ཀྱི་ཡོད་པའི་རྟགས་དེ་རེད།

                མདོར་ན་དྲན་ཤེས་བརྟེན་པ་དེ་དཔྱད་སྒོམ་སྐབས་སུའང་ཡོང་གི་ཡོད། འཇོག་སྒོམ་གྱི་སྐབས་ལ་ཡང་ཡོང་གི་ཡོད། དེར་བརྟེན་ཏིང་ངེ་འཛིན་བསྒྲུབ་པ་དེ་རེད། དེ་ལ་བརྟེན་ནས་ཤེས་རབ་བསྒྲུབ་རྒྱུ་ཞེས་པ་དེ་དག་འདི་ལྟར་འགྲོ་གི་ཡོད། དེའི་ཐོག་ནས་གཙོ་བོ་བདག་མེད་རྟོགས་པའི་ཤེས་རབ་ཞེས་པ། རྩ་བ་ཚུལ་ཁྲིམས་མུ་སྟེགས་པར་ཡང་ཡོད། ཏིང་ངེ་འཛིན་མུ་སྟེགས་པ་ལ་ཡང་ཡོད། ཞི་རགས་ཀྱི་རྣམ་པ་ཅན་གྱི་འཇིག་རྟེན་ལྷག་མཐོང་ཞེས་པ་དེ་མུ་སྟེགས་པ་ལ་ཡང་ཡོད།

སངས་རྒྱས་པས་བདག་མེད་པའི་ལྟ་བ་གཞི་ལ་བཞག་པའི་ཐོག་ནས་བདག་འཛིན་སྤངས་པའི་ཐར་པ་བསྒྲུབ་པའི་ཚུལ་ལས་བརྩམས་པའི་བསླབ་པ་གསུམ་གསུངས་པ་དེ་ལ་ལྷག་པའི་བསླབ་པ་ཞེས་བརྗོད་ཀྱི་ཡོད། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ། ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཞེས་བརྗོད་པ་དགོས་པ་དེ་སྤྱིར་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན། ཤེས་རབ་མུ་སྟེགས་པ་ལ་ཡང་ཡོད་ཅིང༌། བདག་མེད་པའི་ལྟ་བའི་ཁྱད་པར་དང་འབྲེལ་ནས་ཡོད་སྟབས་ལྷག་པ་ཞེས་པའི་ཚིག་སྣོན་པ་རྒྱག་པ་དེ་ལྟར་ཡིན།

                དེས་ན་དེ་དག་འགྲེལ་བཤད་བརྒྱབ་སྐབས་ང་ཚོ་ནང་པ་ཡག་པ་རེད་ཅེས་སྐད་ཆ་བཤད་ཀྱི་མེད་ལ། ནང་པ་ཡག་ཤོས་རེད་ཅེས་པའི་སྐད་ཆ་ཡང་བཤད་ཀྱི་མེད།

 

ཕན་བདེའི་གཞི་རྩ་ཆོས་ལུགས་ཕན་ཚུན་

མཐུན་ལམ་བྱ་དགོས་སྐོར།

 

 

                ལེགས་དང་ཉེས་ཞེས་པ་དེ་ཕན་པ་ཞིག་དགོས་ལ་ཕན་དང་མ་ཕན་ཞེས་པ་དེ་ཡང་རན་པ་ཞིག་དགོས་ཀྱི་ཡོད། མི་འགའ་ཞིག་ལ་འཇིག་རྟེན་བཀོད་པ་པོའི་ལྟ་གྲུབ་དེས་ཕན་པ་ཡོད། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཞེས་བརྗོད་སྐབས་མགོ་སྦོས་ཏེ་དེ་རྙོག་དྲ་ཧ་ཅང་ཚ་པོ་འདུག་ཅེས་ཟེར་བ་དེ་འདྲ་ཡོང་གི་རེད། དེ་ལས་དཀོན་མཆོག་མཁྱེན་ཞེས་བརྗོད་ན་སྟབས་བདེ་བ་འདུག དེས་ན་དཀོན་མཆོག་མཁྱེན་ཞེས་དཀོན་མཆོག་གི་བཀའ་བསྒྲུབ་པ་ལ་བྱམས་པ་བསྒོམས། སྙིང་རྗེ་བསྒོམས། བཟོད་པ་བསྒོམས་པ་སོགས་ཡག་པོ་ཡོད། མིའི་ཀླད་པ་དེ་འདྲ་ཞིག་ཡོད་པའི་མི་ཞིག་ལ་འཇིག་རྟེན་བཀོད་པ་པོའི་ལྟ་གྲུབ་ལས་བརྩམས་པའི་ཆོས་བཤད་པ་དེ་ཕལ་ཆེར་རན་པ་དང་ཕན་པ་ཡོད།

                བསམ་བློ་ཅུང་ཙམ་གཏོང་མཁན་ཞིག་ཡིན་ན་ཚང་མ་འཇིག་རྟེན་བཀོད་པ་པོས་བྱས་པ་རེད། དམག་འཁྲུག་དེ་ཡང་འཇིག་རྟེན་བཀོད་པ་པོས་བྱས་པ་རེད། ང་ཚོའི་ཉོན་མོངས་དེ་ཡང་འཇིག་རྟེན་བཀོད་པ་པོས་བྱས་པ་རེད། མཚམས་རེ་ངས་རྩེད་མོ་དང་གཏན་བཤིག་བསླངས་ནས་བཤད་ཀྱི་ཡོད། ཕལ་ཆེར་དཀོན་མཆོག་གིས་འཇིག་རྟེན་འདི་བཀོད་ནས་དེང་སྐབས་དཀོན་མཆོག་གིས་དགོངས་པ་བཞེས་སྐབས་ངས་བཀོད་ཐལ་ཤོར་འདུག་དགོངས་ཀྱི་མེད་དམ་བསམ། འཇིག་རྟེན་ཧ་ཅང་རྙོག་དྲ་ཚ་པོ་ཞིག་དཀོན་མཆོག་གིས་བཀོད་པ་རེད། དེང་སྐབས་འབ་སུ་གང་ཡང་འདུས་ཀྱི་མི་འདུག་པ། འཛམ་གླིང་འདིའི་སྟེང་རྙོག་དྲ་ཧ་ཅང་འདུག རྙོག་དྲ་ཚ་པོ་དེ་འདྲ་ཞིག་གི་དོན་དུ་དཀོན་མཆོག་གིས་བཀོད་པ་ཡིན་ན་དཀོན་མཆོག་བརྩེ་བའི་བདག་ཉིད་མ་རེད། འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གིས་རྙོག་དྲ་དེ་འདྲ་ཡོང་བསམ་པ་མ་བྱུང་གསུང་རྒྱུའི་ཉེན་ཁ་འདུག དེས་ན་རིགས་པས་དཔྱད་ན་རྙོག་དྲ་ཡོད་པ་ཁ་སང་བརྗོད་ཟིན་པ་རེད།

                དེར་བརྟེན་ཅུང་ཟད་དཔྱད་པ་བྱེད་མཁན་ཞིག་ལ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་བཤད་པ་དེ་དག་ཁྱད་མཚར་འདུག དེ་མ་རེད་ཅེས་བརྗོད་རྒྱུ་མི་འདུག་བསམ་པ་ལྟ་བུ་ཞིག་ཡོང་རྒྱུ་ཡོད། དེས་ན་ཁ་སང་བརྗོད་པ་ལྟར་རེད། བྱམས་པ་དང་བརྩེ་བ་ཞེས་པ་དེ་ཚོའི་ཆ་ནས་ཆོས་ལུགས་གཙོ་ཆེ་བ་ཚང་མའི་བསླབ་བྱ་གཅིག་པ་རེད། མི་ལ་ཕན་གྱི་ཡོད་པས་ཧ་ཅང་ཡག་པོ་རེད། ང་ཚོས་གུས་ཞབས་བྱེད་དགོས་ལ་གུས་ཞབས་བྱེད་འོས་པ་རེད།

                ལྟ་གྲུབ་ཀྱི་ཐོག་ནས་བཤད་ན་ནང་པ་ཕྱུག་གི་རེད། ནང་པ་ཧ་ཅང་གི་གཏིང་ཟབ་པོ་དང་རྒྱ་ཆེན་པོ་རེད། དེར་བརྟེན་ལྟ་གྲུབ་ཀྱི་སྐད་ཆ་བཤད་པ་ཡིན་ན་ནང་པ་ཧ་ཅང་གི་རྒྱ་ཆེན་པོ་རེད། ནང་ཆོས་ངོ་སྤྲོད་དེ་འདྲ་ཞིག་མིན་ནམ།

 

བདེན་བཞིའི་བླང་དོར་གྱིས་སེམས་ཀྱི་

དཀའ་ངལ་སེལ་ཚུལ།

 

                སྔོན་ལ་སྡུག་བསྔལ་བདེན་པ་དང༌། ཀུན་འབྱུང་བདེན་པ་ཞེས་སྡུག་ཀུན་གཉིས་པོ་དེ་རྒྱུ་འབྲས་ཀྱི་འགྲོ་སྟངས་དང༌། ལུགས་འབྱུང་ལྡོག་གི་ཐོག་ནས་བསམ་བློ་གཏོང་རྒྱུ་ཞིབ་ཚགས་སུ་བཏང་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཞེས་པ་དེ་རེད། འགོག་བདེན་འཐོབ་པའི་ལམ་བདེན་ཅུང་ཟད་ཞིབ་ཚགས་སུ་བཏང་ན་བྱང་ཕྱོགས་སོ་བདུན་ཞེས་པ་དེའི་ཐོག་ནས་འགྲོ་རྒྱུ་རེད།

                ཐོག་མར་ང་ཚོའི་ལུས་དྲན་པ་ཉེར་བཞག་ཞེས་པ་དེར་བསམ་བློ་བཏང་སྟེ་མི་གཙང་བར་གཙང་བར་ཞེན་པའི་ཕྱིན་ཅི་ལོག་གི་ལྟ་བ་དེ་ལྡོག་རྒྱུ། དེ་ནས་མི་རྟག་པ་ལ་རྟག་པར་ཞེན་པའི་ཕྱིན་ཅི་ལོག་གི་བློ་དེ་ལྡོག་པ་ལ་མི་རྟག་པ་སྒོམ་རྒྱུ། དེ་དག་གིས་དལ་འབྱོར་བསྒོམ་རྒྱུ་དང༌། མི་རྟག་པ་བསྒོམ་རྒྱུ་དེ་དག་སླེབས་ཀྱི་ཡོད། སྡུག་བསྔལ་ལ་བདེ་བར་ཞེན་པའི་ཕྱིན་ཅི་ལོག་གི་ལྟ་བ་དེ་འགོག་པའི་དོན་དུ་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་བསམ་པ་དང༌།  འཁོར་བ་སྤྱི་བྱེ་བྲག་གི་སྡུག་བསྔལ་བསམ་པའི་སྐབས་སུའང་རྒྱུ་དང་འབྲས་བུ་བསླུ་བ་མེད་པའི་ལས་འབྲས་བསམ་དགོས་ལ་དེ་དག་སླེབས་ཀྱི་ཡོད། མདོར་ན་ཚེ་འདིའི་སྣང་ཤས་ལྡོག་པ་དང༌། ཕྱི་མའི་སྣང་ཤས་ལྡོག་པ་དེ་དག་གི་ཐོག་ནས་ཐར་པ་དོན་གཉེར་གྱི་བློ་སྦྱང་བ་དང་ཐར་པ་བསྒྲུབ་རྒྱུ་དེ་འདྲ་ཞིག་རེད། དེར་རྫུ་འཕྲུལ་གྱི་ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དེ་ནས་འཕགས་ལམ་ཡན་ལག་བརྒྱད་ཅེས་པ་དེ་མདོ་ཞིག་གི་ཁུངས་བྱས་ནས་བཤད་པ་ཞིག་འདུག དེར་བརྟེན་ང་ཚོ་ད་ལྟ་ལས་དང་པོ་བའི་གནས་སྐབས་ལ་ནམ་རྒྱུན་ང་ཚོའི་ཕར་ཕྱིན་ནང་མང་ཆེ་བ་དེ་དག་གིས་འཕགས་ལམ་ཡན་ལག་བརྒྱད་དང༌། བྱང་ཆུབ་ཡན་ལག་བདུན་ཞེས་པ་དེ་འཕགས་ལམ་ལ་ཡར་སྦྱར་ཡོད་པ་རེད། པ་ལི་གི་མདོ་ཞིག་གི་ནང་ང་ཚོ་ད་ལྟ་ལས་དང་པོ་བའི་སྐབས་ནས་བསླབ་པ་གསུམ་གྱི་ནང་དུ་འཕགས་ལམ་ཡན་ལག་བརྒྱད་དེ་ཕར་སྦྱར་ནས། ད་ལྟ་ང་ཚོའི་ཚུལ་ཁྲིམས་ཀྱི་བསླབ་པའི་ནང་འཚོ་བ་མཐའ་གཉིས་སུ་མ་ལྷུང་བ་ལོག་འཚོས་མ་བསླད་པ་དེ་འདྲའི་འཚོ་བ་དེ་ཡང་དག་པའི་འཚོ་བ། དེ་བཞིན་རྫུན་ལ་སོགས་པ་གཞན་ལ་གནོད་པ་བྱེད་པའི་ངག་མི་སྨྲ་བ་དེ་ཡང་དག་པའི་ངག ཕན་པའི་རང་བཞིན་གྱི་ངག་སྨྲ་བ། ལོག་འཚོས་མ་བསླད་པའི་འཚོ་བ་དོན་མཐུན་གྱི་འཚོ་བ་བྱེད་པ་དེ་ཡང་དག་པའི་འཚོ་བ། ཡང་དག་པའི་ངག ཡང་དག་པའི་ལས་ཀྱི་མཐའ། ཏིང་ངེ་འཛིན་དང༌། དྲན་པ་ཞེས་པ་དེ་དག་ང་ཚོས་རྩེ་གཅིག་ཏུ་བསམ་གཏན་བསྒྲུབ་རྒྱུའི་ཁུངས་དེ་རེད།

                དེ་ནས་ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་ཞེས་པ་དེ་དག་དཔྱད་སྒོམ་བྱེད་པ་དེ་འདྲའི་ལྷག་མཐོང་གི་ཕྱོགས་དེ་རེད། འཕགས་ལམ་ཡན་ལག་བརྒྱད་དེ་ང་ཚོ་ལས་དང་པོ་བའི་སྐབས་ནས་ཉམས་ལེན་བྱེད་རྒྱུ་དེ་ཧ་ཅང་ཡག་པོ་འདུག་ཅིང་དེ་ལྟར་བྱས་ཏེ་འགྲོ་གི་ཡོད། དེ་ང་ཚོ་པ་ལི་གི་གཞུང་དང་ཐུན་མོང་བ་རེད། ད་ལྟ་ངས་བཤད་པ་དེ་དག་པ་ལི་གི་གཞུང་དང་ཐུན་མོང་བ་རེད། དབུ་མའི་ལྟ་བ་བཤད་པ་དེ་ཅུང་ཙམ་མི་འདྲ་བ་རེད།

                དེ་ནས་ཐེག་པ་ཆེན་པོ་ཞེས་སམ་དཔལ་ནཱ་ལེཌནའི་ཆོས་རྒྱུད་ཅེས་བརྗོད་སྐབས་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་པ་དང༌། དེས་ཟིན་པའི་ཐོག་ནས་ཕྱིན་དྲུག་གི་ཉམས་ལེན་བྱེད་རྒྱུ། ད་དུང་དེའི་ཐོག་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྐོར་སྣོན་པ་རྒྱག་རྒྱུ། དེ་དག་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་ཞེས་པ་དེ་རེད། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་ཆོས་རྒྱུད་ཅིག་ཆགས་ཡོད།

                ངས་གོང་དུ་འདི་གཅིག་བརྗོད་རྒྱུ་ལུས་འདུག བདེ་བ་དང་སྡུག་བསྔལ་ཞེས་པ་དེའི་ནང་གཙོ་བོ་ལུས་ཚོར་ལ་བརྟེན་པའི་བདེ་སྡུག་ཅིག གཙོ་བོ་ལུས་ཚོར་བརྟེན་པའི་བདེ་སྡུག་དེ་ནི་ཕལ་ཆེར་ཚན་རིག་པའི་ཚན་རིག་དང་འབྲེལ་བའི་དངོས་པོ་ཡར་རྒྱས་དེ་དག་གིས་སེལ་ཐུབ་ཀྱི་ཡོད། ཡིད་བློ་དང་འབྲེལ་བའི་སྡུག་བསྔལ་ཞིག་ཡོད། ཡིད་བློ་རྟོག་པའི་སྟེང་ནས་རེ་དོགས་ཀྱི་རྣམ་རྟོག་མང་པོ་སྐྱེས། དེ་ལ་བརྟེན་ནས་སེམས་ཁྲལ་དང་དངངས་སྐྲག་མང་པོ་ཡོང་བ་དང༌། ཧ་ཅང་མ་སྐྱིད་པ་ཡོང་བ་ཞིག་ཡོད། དེ་སྒོ་ལྔའི་དབང་ཤེས་ལ་མིག་གིས་གཟུགས་ཡིད་དུ་འོང་བ་མཐོང༌། མེ་ཏོག་ལ་སོགས་པ་མདུན་ལ་ཡིད་དུ་འོང་བ་ཞིག་ཤར། རོལ་མོ་ཡིད་དུ་འོང་བ་དེ་འདྲ་ཉན། སྣ་ཡིས་དྲི་ཞིམ་པ་དང༌། ལྕེ་ཡིས་རོ་ཞིམ་པ་དང༌། རེག་བྱས་ལུས་ཚོར་བདེ་བ་མྱོང་བ། གཉེན་ཉེ་དུ་བཟང་པོས་བསྐོར་ནས་ཡོད་པ་དེ་འདྲ་ཞིག་གི་ངང་ནས་ཡིད་བློའི་སྡུག་བསྔལ་དེ་སེལ་ཐུབ་ཀྱི་མེད།

                ངའི་ངོ་ཤེས་པ་འབྱོར་ལྡན་པ་དང༌། ཤེས་ཡོན་ཅན་ ྕརྣདྲསྤྲྟཔྱཔྲདྲྤཕྲ ༼གཙུག་ལག་སློབ་གྲྭ་ཆེན་མོ།༽ དང་ སྐྲདཎརྣཏྲྟརྡརྡྣཔྱ ༼གཙུག་ལག་སློབ་གྲྭ་ཆེན་མོའི་གཙོ་འཛིན།༽ མཐུན་རྐྱེན་ཧ་ཅང་འཛོམས་པོ་ཡོད་པ། ཁོ་རང་ལོ་གཅིག་གི་ཡོང་འབབ་ ཁྣརྡརྡཎཔྱ རྒྱདྲརྡརྡདྲྣརྣ ༼ཨ་སྒོར་ས་ཡ།༽ ལས་ལྷག་ཡོང་བ་ཧ་ཅང་གི་ཕྱུག་པོ་སེམས་ཁྲལ་རྩ་བ་ནས་བརྒྱབ་མི་དགོས་པ་ཞིག་རེད། འོན་ཀྱང་ཧ་ཅང་མ་སྐྱིད་བྱས་ཏེ་བསྡད་མཁན་དེ་འདྲ་ཞིག་བར་སྐབས་ཐུག་སོང༌། ཁོ་རང་སེམས་རྩ་བ་ནས་སྐྱིད་པོ་མི་འདུག་ལྟོ་གོས་ཀྱི་སེམས་ཁྲལ་རྩ་བ་ནས་མེད། མི་ཚོས་ཀྱང་ང་ལ་ཆ་བཞག་གི་ཡོད། ལས་ཀ་ཡང་ཧ་ཅང་གི་ཡག་པོ་ཡིན། འོན་ཀྱང་ང་ཧ་ཅང་སེམས་མ་སྐྱིད་འདུག་ཅེས་ཧ་ཅང་གི་སྡུག་བསྔལ་བཤད་ཀྱི་འདུག དཔེར་ན་དེ་དང་དེ་མཚུངས་རེད།

                མདོར་ན་ཡིད་བློའི་སྡུག་བསྔལ་དེ་སྒོ་ལྔའི་དབང་ཤེས་ཀྱིས་ཡིད་དུ་འོང་བའི་ཆ་རྐྱེན་གྱིས་ཚིམ་པ་བྱུང་བ་དེ་ཙམ་གྱིས་ཡིད་བློའི་སྡུག་བསྔལ་དེ་སེལ་ཐུབ་ཀྱི་མེད། ཡིད་བློའི་སྡུག་བསྔལ་སེལ་རྒྱུ་དེ་ཡིད་བློ་རང་ཉིད་ཀྱི་སྟེང་ནས་སྡུག་བསྔལ་དེ་བྱུང་བ་ཡིན་སྟབས་ཡིད་བློ་རང་ཉིད་ཀྱི་སྟེང་ནས་སྡུག་བསྔལ་སེལ་བའི་གཉེན་པོ་ཞིག་བཙལ་རྒྱུ་ལས་ཐབས་གཞན་མེད། དེ་ཡང་གཙོ་བོ་ཡིད་བློའི་ཐོག་ནས་སྡུག་བསྔལ་ཡོང་བ་དེ་དུད་འགྲོ་ལས་ང་ཚོ་མི་མང་བ་རེད།

                མིའི་ནང་ནས་ཀྱང་ཤེས་ཡོན་ཏོག་ཙམ་ཡོད་པ་དེ་དག་ཕལ་ཆེར་ཡིད་བློའི་སྡུག་བསྔལ་མང་བ་ཡོད། གང་ཡང་མི་ཤེས་མཁན་འདི་གར་སྤྲང་པོ་སློང་མཁན་སྐྱོ་པོ་དེ་འདྲ་ཡོད་པ་དེ་ཚོའི་གྲས་དེར་ཕལ་ཆེར་ངས་བལྟས་ན་ཡིད་བློའི་སྡུག་བསྔལ་ཉུང་བ་ཡོད་ལ། དེ་བཞིན་ཕྲག་དོག་དང་འགྲན་སེམས་ཀྱང་ཉུང་བ་ཡོད། ང་རྒྱལ་ཕལ་ཆེར་ཡོང་རྒྱུ་མེད། དེས་རྐྱེན་པས་བློ་ལ་རེ་དོགས་ལུ་གུ་རྒྱུད་དུ་བཅིངས་པ་དེ་ཕལ་ཆེར་ཉུང་གི་རེད།

                ཤེས་ཡོན་ཅུད་ཟད་ཡོད་པའི་ཐོག་སྐྱིད་དུས་ཏོག་ཙམ་ཡོད་མཁན་དེ་དག་ཕྲག་དོག་ཚ་བ། འགྲན་སེམས་ཆེ་བ། ང་རྒྱལ་ཚ་བ། དེས་རྐྱེན་པས་ཆགས་སྡང་གི་བློ་སྣ་མང་པོ་ཞིག་ཡོང་གི་ཡོད། དེར་བརྟེན་ཡིད་བློ་ལ་བརྟེན་པའི་སྡུག་བསྔལ་དེ་དག་གཙོ་བོ་མིའི་རྣམ་དཔྱོད་ལ་བརྟེན་ནས་ཡོང་གི་ཡོད། མིའི་རྣམ་དཔྱོད་ལ་བརྟེན་ནས་ཡིད་བློའི་སྡུག་བསྔལ་མང་པོ་ཞིག་ཡོང་གི་ཡོད་སྟབས་རྣམ་དཔྱོད་ལ་བརྟེན་ནས་བྱུང་བའི་ཡིད་བློའི་སྡུག་བསྔལ་སེལ་རྒྱུ་དེ་ཡང་རྣམ་དཔྱོད་རང་ཉིད་ཀྱི་སྟེང་ནས་སེལ་ཐབས་བྱེད་དགོས་པ་ལས་ཐབས་ཤེས་གཞན་མེད། རྣམ་དཔྱོད་རང་ཉིད་ཀྱི་སྟེང་ནས་བྱུང་བའི་སྡུག་བསྔལ་དེ་སེལ་ཐབས་ལ་དཀོན་མཆོག་མཁྱེན་བསམ་པ་གཅིག་པུས་ཕན་གྱི་མེད།

                རྣམ་རྟོག་གིས་རྐྱེན་པའི་སྡུག་བསྔལ་ཡོང་བ་མང་པོ་ཞིག་མི་གཙང་བ་ལ་གཙང་བར་ཞེན། མི་རྟག་པ་ལ་རྟག་པར་ཞེན། སྡུག་བསྔལ་ལ་བདེ་བར་ཞེན་པ་དེའི་ཐོག་ནས་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་སངས་རྒྱས་ཀྱི་ཆོས་ཀྱིས་གང་ཞིག་བྱེད་ཀྱི་ཡོད་དམ་ཞེ་ན་ངོ་སྤྲོད་བྱེད་རྒྱུ་དེ་རེད། འདི་བདེ་བ་མ་རེད་སྡུག་བསྔལ་རེད། འདི་རྟག་པ་མ་རེད་མི་རྟག་པ་རེད། འདི་གཙང་བ་མ་རེད་མི་གཙང་བ་རེད་ཅེས་ངོ་སྤྲོད་གནང་བ་དེས་ཕན་གྱི་ཡོད། ནད་ནད་ངོ་འཕྲོད་པ་ལྟ་བུ་ཞིག་རེད། འདི་གཅིག་བཤད་འདོད་བྱུང༌།

 

ནང་ཆོས་ཀྱི་སྙིང་དོན་ལྟ་སྤྱོད་གཉིས་ཀྱི་དོན་བསྡུས།

 

                ནང་ཆོས་ཀྱི་སྙིང་པོ་ཚུར་བསྡུས་ན་ལྟ་བ་དང་སྤྱོད་པ་གཉིས་རེད། ལྟ་བ་དེ་རྟེན་འབྱུང་གི་ལྟ་བ་རེད། སྤྱོད་པ་དེ་འཚེ་བ་མེད་པ་རེད། འཚེ་བ་མེད་པ་ཞེས་བརྗོད་པའི་དོན་ནི་བྱམས་བརྩེ་ལ་ཐུག་ཡོད། བྱམས་བརྩེ་ཡོད་ན་འཚེ་བ་མེད་པ་རང་བཞིན་གྱིས་ཡོང་གི་རེད། བྱམས་བརྩེ་མེད་ན་འཚེ་བ་མེད་པ་ཡོང་རྒྱུ་མེད། དེར་བརྟེན་བྱམས་བརྩེ་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན་རྟེན་འབྱུང་གི་ལྟ་བ་ལ་ཐུག་པ་རེད། གཞན་ལ་གནོད་པ་བསྐྱལ་ན་རང་ལ་སྡུག་བསྔལ་ཡོང་གི་རེད། གཞན་ལ་ཕན་བཏགས་ན་རང་ལའང་བདེ་བ་ཡོང་གི་རེད། ཕུགས་རྒྱང་རིང་པོའི་རྒྱུ་འབྲས་ཀྱི་སྐད་ཆ་ཙམ་མིན་པར་ད་ལྟ་འཕྲལ་སེལ་དུ་ཇི་ཙམ་གྱིས་གཞན་ལ་བསམ་བློ་བཏང་བ་ཡིན་ན་རང་ཉིད་སྐྱིད་པ་ཡོད་པ་རེད། ཇི་ཙམ་གྱིས་རང་དོན་ཁོ་ན་བསམ་བློ་བཏང་བ་ཡིན་ན་མཐར་ཐུག་དེར་སེམས་སྦུབ་སུབ་དོག་པོ་ཆགས་པ་དང་མ་སྐྱིད་པ་ཡོང་གི་རེད།

                དེང་སང་ཚན་རིག་པའི་ཐོག་ནས་བརྟག་དཔྱད་བྱེད་སྐབས་ཇི་ཙམ་གྱིས་སྙིང་རྗེའི་བསམ་པ་ཡོད་པ་དེས་མི་དེའི་སེམས་སྐྱིད་པོ་འདུག་ཅེས་བརྗོད་ཀྱི་འདུག་ཅིང༌། ངའི་ངོ་ཤེས་པ་ཚན་རིག་པ་དང༌། དེ་བཞིན་སློབ་གྲྭའི་དགེ་རྒན་དེ་འདྲར་ངས་འབོད་སྐུལ་ལྟ་བུ་བྱས་པའི་རྐྱེན་གྱིས་ཁོ་རང་ཚོའི་སློབ་གྲྭའི་ནང་གི་ཕྲུ་གུ་ཚོར་ཆུ་ཚོད་སྐར་མ་བཅུ་ཉི་ཤུ་ཙམ་རེ་སྙིང་རྗེ་སྒོམ་རྒྱུ་དང༌། བྱམས་པ་སྒོམ་རྒྱུ་བྱས་ཏེ་དེ་འདྲའི་ཚོད་ལྟ་བྱེད་སྐབས་བདུན་ཕྲག་ཁ་ཤས་ཀྱི་རྗེས་སུ་ཕྲུ་གུའི་གཤིས་ཀ་འགྱུར་ཏེ་གཤིས་ཀ་འཇམ་དུ་འགྲོ་གི་འདུག གཤིས་ཀ་བཟང་དུ་འགྲོ་གི་འདུག་ཟེར། དེ་བཞིན་མི་དེའི་བློ་ལྷོད་དུ་འགྲོ་བ་དང་སེམས་ཀྱང་སྐྱིད་དུ་འགྲོ་གི་འདུག་ཅེས་དེ་ལྟར་བརྗོད་ཀྱི་འདུག

                དེ་བཞིན་དངོས་སུ་གློག་དཔར་རྒྱབ་སྐབས་ཀླད་པའི་ནང་དུ་སྙིང་རྗེའི་བློ་ཤུགས་ཆེན་པོ་ཡོད་སྐབས་ཀླད་པ་གཡོན་པའི་ངོས་སུ་འཁྲུག་ཏུ་འགྲོ་གི་ཡོད་པ་རེད། འགྱུར་བ་ལྟ་བུ་མང་དུ་འགྲོ་གི་ཡོད་ཅིང་དེ་བཟང་པོར་བརྩི་གི་འདུག ལུས་པོར་ཡང་ཕན་གྱི་རེད་ཅེས་བརྗོད་ཀྱི་འདུག ཞེ་སྡང་གི་བསམ་པ་དེ་ཚོའི་གྲས་དེས་གཡས་ཀྱི་ངོས་དེ་འཁྲུག་པ་ལྟ་བུ་དེ་འདྲ་བཤད་ཀྱི་འདུག དེ་ཙམ་མ་ཟད་ད་ལྟ་ གྲནནསྤྱརྣྟ་པྲཕྲཔྲྤྟན ༼ནད་རིགས་སྔོན་འགོག་གི་མ་ལག༽ ཟེར་བ་ཞིག་ཡོད། ང་ཚོའི་ནད་འགོག་པའི་གཟུགས་པོའི་བཅུད་ལྟ་བུ་ཞིག་ གྲནནསྤྱརྣྟ་པྲཕྲཔྲྤྟན  ཟེར་བ་ཞིག་ཡོད། ཚན་རིག་པ་ཁ་ཤས་ཀྱིས་བརྗོད་གསལ་ཁོང་ཁྲོ་ཤུགས་ཆེན་པོ་བྱས་ན་ཁོང་ཁྲོས་ གྲནནསྤྱརྣྟ་པྲཕྲཔྲྤྟན ཟ་གི་ཡོད་པ་རེད་འདི་ལྟར་བརྗོད་ཀྱི་འདུག ཁོང་ཁྲོའི་ལྡོག་ཕྱོགས་བྱམས་པ་དང་བརྩེ་བ་ཞེས་པའི་བློ་དེ་འདྲ་སྐྱེས་པ་ཡིན་ན། གྲནནསྤྱརྣྟ་པྲཕྲཔྲྤྟན དེ་ཤུགས་ཆེ་རུ་འགྲོ་གི་རེད་ཅེས་དེ་འདྲ་བརྗོད་ཀྱི་འདུག

                དེར་བརྟེན་དངོས་སུ་ང་ཚོའི་ལུས་པོ་རང་གི་སྟེང་ནས་སེམས་ཞི་བ་ དུལ་བ་དེ་ཚོའི་གྲས་ཀྱིས་ལུས་པོར་ཕན་གྱི་ཡོད། སེམས་རྩུབ་ཅིང་མ་ཞི་བ་མ་དུལ་བ་དེ་ཚོའི་གྲས་ཀྱིས་ལུས་པོར་གནོད་ཀྱི་ཡོད། དེའི་ཆ་ནས་བཤད་ཀྱང་སེམས་དུལ་བ་དགོས་པ་དེ་གལ་ཆེན་པོ་རེད། དེ་དག་གིས་བདེ་སྐྱིད་ཅེས་པ་དེ་བརྟེན་ནས་འབྱུང་བ་ཡིན་པ། བདེ་སྐྱིད་གཙོ་བོ་ཡིད་བློའི་སྟེང་ནས་ཡོང་བ༑ བྱེ་བྲག་ལུས་པོའི་སྟེང་ནས་ཡོང་བ། དེ་གཉིས་ཀར་བྱམས་པ་དང་བརྩེ་བས་ཕན་གྱི་ཡོད་པ་ཞིག་རེད།

                ཆོས་ཁས་ལེན་མཁན་ཡིན་ན་ཡང་རེད། ཆོས་ཁས་མི་ལེན་མཁན་ཡིན་ན་ཡང་རེད། བྱམས་པ་དང་བརྩེ་བ་ཞེས་པ་དེ་མི་ཚེ་སྐྱིད་པ་ཞིག་དང་ལུས་པོ་བདེ་བ་ཞིག་དགོས་ན། ཚེ་རིང་བ་ཞིག་དགོས་ན་བྱམས་པ་དང་བརྩེ་བ་ཞེས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ཆོས་ལ་ཡིད་ཆེས་ཡོད་ཀྱང་རུང་མེད་ཀྱང་རུང་གནས་ཚུལ་ཐ་དད་རེད། མདོར་ན་བྱམས་པ་དང་བརྩེ་བ་ཞེས་པ་དེ་མིའི་སྲོག་ལྟར་གལ་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་དགོས་པ་དེ་ཚང་མས་དོ་སྣང་བྱེད་དགོས་པ་ཞིག་རེད། དེ་ངས་ནམ་རྒྱུན་གང་ས་གང་དུ་ཤོད་བཞིན་པ་དེ་རེད། ཉི་མ་གསུམ་གྱི་ལེགས་སྦྱར་ཚར་བ་རེད།

               

ཉིན་གསུམ་པའི་དྲི་བ་ཁག་དང༌། དེའི་བཀའ་ལན།

 

 

                དྲི་བ། ཞོགས་དུང་སོགས་བོད་ནང་གི་གཞོན་སྐྱེས་ཁག་ཅིག་གིས་བོད་མི་རིགས་ཡར་རྒྱས་འགྲོ་བར་ནང་པའི་ཆོས་ཀྱིས་འགོག་རྐྱེན་བྱེད་ཀྱི་ཡོད་ཚུལ་བརྗོད་བཞིན་འདུག་པས་ྋགོང་ས་མཆོག་གིས་དེའི་ཐོག་ལ་བཀའ་སློབ་ཅིག་གནང་རོགས་གནང༌།

 

                བཀའ་ལན། དེར་ཁག་མེད། དེང་སང་འཛམ་གླིང་འདིའི་སྟེང་མི་རིགས་ཀྱི་ཐོབ་ཐང་དང༌། མི་རིགས་ཀྱི་ལྟ་བ་ཤུགས་ཆེ་རུ་འགྲོ་གི་ཡོད་ཅིང་དེ་ཡག་པོ་རེད།

                ངས་ངོ་ཤེས་པའི་བོད་རིགས་གུང་ཁྲན་ཏང་ཡོན་དཔེར་ན་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་མཚོན་མང་པོ་ཞིག་ཆོས་ལ་དད་པ་མེད། ང་ཚོ་སྔ་མོ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གཅིག་ང་གཉིས་ནས་ངོ་ཤེས་པ་རེད། ཆོས་ལ་དད་པ་མེད་ཀྱང་མི་རིགས་ཀྱི་ལྟ་བ་ཧ་ལས་པ་ཞིག་ཡོད། མདོར་ན་མི་རིགས་ཀྱི་ཐོབ་ཐང་རྩོད་པ་སོགས་ཧ་ལས་པ་བྱས་ཡོད། དེར་བརྟེན་མི་རིགས་ཀྱི་ལྟ་བ་ཧ་ཅང་ཤུགས་ཆེན་པོ་ཡོད་པ་རེད། དེ་འདྲའི་ཐོག་ནས་གང་དྲག་བསམ་པ་ལྟ་བུ་ཞིག་སེམས་ནང་ངར་ཤ་ཤུགས་ཆེན་པོ་ཡོད་པའི་སྐབས། སྐབས་རེར་ང་ཚོ་དེ་སྔ་ཆོས་ཀྱིས་བོད་སྐྱོབ་ཐུབ་མི་འདུག་བསམ་པའི་བསམ་བློ་འཁོར་བ་ཡོང་སྲིད་པ་ཞིག་རེད།

                གཉིས་ནས་ང་རང་ཚོའི་དགོན་པ་བླ་བྲང་ཞེས་པ་དེ་དག་གི་ཐོག་ནས་བྱེད་སྟངས་ལྟ་བུ་ནོར་ཡོད། བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པ༑ དངོས་གནས་ཆོས་བཞིན་འདུལ་བ་བཞིན་ཡག་པོ་ཞིག་མེད་པའི་ཐོག་ནས་ཁ་སང་ངས་ལ་དྭགས་པའི་གནས་ཚུལ་ཞིག་བརྗོད་པ་ལྟ་བུ་དེ་འདྲ་རེད། དེ་ལྟ་བུས་ཀྱང་རྐྱེན་བྱེད་ཀྱི་མེད་དམ་བསམ་གྱི་འདུག

                ཡང་ཁ་སང་ངས་བརྗོད་པ་ལྟར་མའོ་ཙེ་ཏུང་གིས་ཆོས་དུག་རེད་བརྗོད་པ་དང༌། དེ་བཞིན་མར་ཁེ་སིས་ཀྱང་ཆོས་དུག་རེད་ཅེས་པ་ཞིག ཆོས་ཞེས་པ་དེ་ སྒྲསྣྲདྲསྤྱན  ༼ཉལ་ཐའམ། དུག་ནག༽ རེད་ཅེས་དེ་ཚོ་གཙོ་བོ་བཤད་ས་དེ་ཡེ་ཤུ་ཆོས་ལ་བརྗོད་ཀྱི་ཡོད།

                མདོར་ན་ཆོས་ཀྱི་མིང་གི་ཐོག་ནས་ཆོས་ཀྱིས་སྤྱི་ཚོགས་ནང་བཤུ་གཞོག་གཏོང་བ་ལྟ་བུ་དེ་འདྲ་ཏན་ཏན་ཡོང་གི་ཡོད། ཆོས་ངོ་མ་བྱས་པ་ཡིན་ན་རྩ་བ་ཉིད་ནས་མེད་ཀྱང་ང་ཚོའི་བྱེད་སྟངས་མང་པོ་ཞིག་རྗེས་ལུས་ཏན་ཏན་ཡོད། དེ་འདྲས་རྐྱེན་པས་བློ་ཕམ་དང་ཡིད་ཆད་ཡོང་གི་རེད།

                ལྟ་གྲུབ་རང་གི་ཐོག་ནས་སངས་རྒྱས་པའི་ཆོས་དང༌། དེའི་ནང་ཚན་ནས་དཔལ་ནཱ་ལེཌནའི་ཆོས་རྒྱུད་ལ་ལྟ་གྲུབ་ཀྱི་ཐོག་ནས་རྩོད་པ་རྩོད་ཐུབ་མཁན་ཞེས་པ་དེ་ཧ་ཅང་ཁག་པོ་རེད། ཤུགས་ཆེ་ཤོས་དེ་དབྱིན་ཇིའི་སྐད་ལྟར་ན་ སྐྲདཎརྡྟརྣཐྲྟ ༼འགྲན་བསྡུར་བྱེད་པ།༽ ཡོང་བ་དེ་ཚན་རིག་གི་ཐོག་ནས་ཡོང་སྲིད་པ་ཞིག་རེད། ཆོས་ལུགས་མང་པོ་ཞིག་ལ་ཚན་རིག་གི་ཐོག་ནས་ སྐྲདཎརྡྟརྣཐྲྟ ཡོང་གི་ཡོད། ནང་པ་སངས་རྒྱས་པ་ལ་ཚན་རིག་གི་ཐོག་ནས་ སྐྲདཎརྡྟརྣཐྲྟ ཡོང་རྒྱུའི་ཚབ་ལ་ཕན་ཐོགས་ཡོད་པ་ལྟ་བུ་ཞིག་རེད།

                ཆོས་ལ་སྐྱོན་བརྗོད་བྱེད་མཁན་གྲས་དེ་དག་སོ་སོའི་རང་དབང་རེད། སྔོན་ལ་ཞིབ་འཇུག་བྱེད་པ་དང༌། ཡང་སྐབས་རེར་བགྲོ་གླེང་བྱེད་ཐུབ་ན་ཡག་པོ་རེད། བོད་ནས་ཡོང་མཁན་དེ་ཚོའི་གྲས་མང་ཆེ་བ་འདི་མིན་ནམ་བསམ་གྱི་འདུག མི་རིགས་ཀྱི་ལྟ་བ་དང་སེམས་ཤུགས་ཆེན་པོ་རེད། ཕྱོགས་གཅིག་ནས་དེའི་རྒྱབ་ལྗོངས་སམ་དེ་ཡོང་བའི་རྐྱེན་གཅིག་དེ་ཁོང་ཁྲོ་ཡོད་པ་རེད། རྒྱ་མི་གུང་ཁྲན་གྱིས་གནམ་གྱིས་ས་བརྡུང་བ་ལྟར་བྱས་སྟབས་སེམས་ཀྱི་ནང་ནད་མ་འཁྱོག་པར་ཁོང་ཁྲོ་བྱས། ང་ཚོའི་མེས་པོ་གོང་མ་ཚོས་དེ་ཡང་ལྐུག་རྟགས་བསྟན་འདུག འདི་ཡང་འཐུས་ཤོར་ལ་ཕྱིན་འདུག་བསམ་པ་ཞིག་གིས་ཕལ་ཆེར་གཙོ་བོ་དེ་རེད། དེ་འདྲའི་རྒྱུ་མཚན་མིན་ནམ་བསམ་གྱི་འདུག

 

                དྲི་བ། དཀོན་མཆོག་གསུམ་པོ་སྐྱབས་སུ་བསྟེན་དགོས་ཞེས་འཇིག་རྟེན་པའི་ལྷ་ཀླུ་སོགས་ལ་དད་པ་རྩེ་གཅིག་གིས་མཆོད་བཀུར་བྱེད་བཞིན་པ་དེ་དཀོན་མཆོག་གསུམ་པོ་སྐྱབས་སུ་བསྟེན་པའི་གྲས་སུ་བརྩི་གི་ཡོད་དམ།

 

                བཀའ་ལན། སྐྱབས་འགྲོའི་བསླབ་བྱའི་ནང་དུ་ཡོད་པ་ལྟར་སྐྱབས་ལ་རྩེ་གཉིས་སམ་སྐྱབས་ལ་གཉིས་འཛིན་ཞེས་པ་དེ། གཞན་དུ་མི་སྨྲ་བའི་སྒོ་ནས་སྐྱབས་སུ་འགྲོ་བ་ཞེས་པ་ནི། མདོར་ན་སྐྱབས་ལ་གཉིས་འཛིན་ལྟ་བུ་བྱས་ན་འགྲིགས་ཀྱི་མེད་ཅིང༌། ངས་ཕྱི་རྒྱལ་དེ་འདྲར་ཡང་བཤད་ཀྱི་ཡོད། ལས་དང་པོ་བའི་གནས་སྐབས་ལ་ཡེ་ཤུའི་སྟོན་པ་ལ་ཡང་ཡིད་ཆེས་དང་དད་པ་བྱས། སངས་རྒྱས་པའི་སྟོན་པ་ལ་ཡང་ཡིད་ཆེས་དང་དད་པ་བྱས་ན་འགྲིགས་མདོག་ཁ་པོ་རེད། དེ་ནས་རིམ་པས་ཚད་མཐོ་རུ་ཕྱིན་ཏེ་ནང་པ་སངས་རྒྱས་པའི་བདག་མེད་པའི་ལྟ་བ་ཞེས་པ་དེ་འདྲའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན། འཇིག་རྟེན་བཀོད་པ་པོ། བདེན་པ། རྟག་པ། བརྟན་པ། འགྱུར་བ་མེད་པ་ཞིག་ཁས་ལེན་ཐབས་རྩ་བ་ནས་མེད། དེར་བརྟེན་སྐྱབས་གཉིས་ཞེས་པ་དེ་ཅུང་ཙམ་ཁག་པོ་བྱེད་ཀྱི་རེད་ཅེས་དེ་འདྲ་བཤད་ཀྱི་ཡོད། 

                དེ་བཞིན་ང་ཚོ་བོད་པ་ནང་ཚག་ལ་ཆ་བཞག་ཀྱང་སྐྱབས་ལ་གཉིས་འཛིན་ཞེས་པ་དེ་སངས་རྒྱས་དཀོན་མཆོག་དང༌། ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་ཅེས་བརྗོད་སྐབས་སངས་རྒྱས་དང་དགེ་འདུན་གྱི་ཐུགས་རྒྱུད་ལ་ཡོད་པའི་ཡོན་ཏན་དེར་བརྗོད་ཀྱི་ཡོད། འཕགས་ལམ་ཐོབ་པ་དང་འཕགས་ལམ་ཡན་ཆད་ཀྱི་དགེ་འདུན་དཀོན་མཆོག་ཅེས་བརྗོད་སྐབས་སྟོང་ཉིད་མངོན་སུམ་དུ་རྟོགས་མཁན་ཡན་ཆད་ཅིག་ལ་དགེ་འདུན་དཀོན་མཆོག་ཅེས་བརྗོད་ཀྱི་ཡོད། ཆོས་དཀོན་མཆོག་ཞེས་པ་དེ་ཡང་འགོག་ལམ་གྱིས་བསྡུས་པའི་ཆོས་དཀོན་མཆོག་ལ་བརྗོད་ཀྱི་ཡོད། དེར་མ་སླེབས་པའི་ལྷ་དང་འདྲེ་གང་ཞིག་ཡིན་ཀྱང་སྐྱབས་གནས་ཡང་དག་ཆགས་མེད་ལ། སྐྱབས་གནས་ལ་བརྩི་ཤེས་ཐབས་མེད།

                དེར་བརྟེན་ང་རང་ཚོས་ཆོས་སྲུང་ཞེས་པ་དེ་ཚོའི་ནང་དུའང་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པ་ཞེས་དབྱེ་བ་ཕྱེ་གི་ཡོད། འཇིག་རྟེན་པའི་ནང་ལའང་དྲེགས་པ་ཞེས་དབྱེ་བ་ཕྱེ་གི་ཡོད། འཇིག་རྟེན་པའི་རིགས་དེ་དག་ལ་ཡིད་ཁྱེད་ཤེས་ཀྱིས་བསམ་པས་སྐྱབས་བཅོལ་ན་སྐྱབས་འགྲོ་ཉམས་པ་དང་སྐྱབས་འགྲོ་སྟོང་འགྲོ་གི་རེད།

དེས་ན་སྐུ་མདུན་སྐུ་གོང་མས་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་མར་བཀའ་སློབ་གནང་བ་ཞིག་གི་ནང་དུ་རྒྱལ་པོ་ཤུགས་ལྡན་ལ་ཧ་ཅང་ཡིད་ཆེས་དང་དེ་ལྟར་བྱས་ཚེ་སྐྱབས་འགྲོའི་བསླབ་བྱ་དང་འགལ་གྱི་རེད་ཅེས་གསུངས་པའི་གནས་ཚུལ་དེ་རེད།

                དེ་བཞིན་གནས་ཆུང་བ་དེ་འདྲས་ཀྱང་ང་ལ་སྐད་ཆ་དྲིས་མྱོང༌། གནས་ཆུང་སྐུ་ཞབས་ཁ་ཤས་ཀྱིས་གནས་ཆུང་ཞེས་བརྗོད་སྐབས་སྐྱབས་གནས་ལྟ་བུ་ཞིག་ལ་བརྩི་གི་འདུག་པས་དེ་གང་འདྲ་རེད་དམ་ཟེར། དེ་ངེས་པ་དོན་ལ་གང་ཞིག་ཡིན་ཀྱང་ཐུན་མོང་གི་སྣང་ངོར་དྲེགས་པ་ཆགས་ཡོད། འཇིག་རྟེན་པ་ཆགས་ཡོད་པ་རེད། དེར་བརྟེན་སངས་རྒྱས་ལྟ་ཅི་སྨོས་དགེ་འདུན་དཀོན་མཆོག་གི་གྲས་སུ་བཞག་ནས་སྐྱབས་སུ་མཆི་རྒྱུ་མེད་ཅེས་དེ་འདྲ་བཤད་མྱོང༌།

                དྲེགས་པའི་རིགས་དེ་འཇིག་རྟེན་པའི་ལྷ་རེད། དེར་འཕྲིན་ལས་བཅོལ་ནས་གྲོགས་འཕྲིན་ལས་བྱེད་རོགས་བྱེད་ཅེས་དང༌། ཁྱེད་རང་ཚོ་སློབ་ཕྲུག་ཚོར་ཆ་བཞག་ན། ཡིག་ཚད་ཡག་པོ་ཡོང་བར་འཕྲིན་ལས་བྱེད་རོགས་བྱེད་བརྗོད་པ་ཡིན་ན་དེར་ཁྱད་གང་ཡང་མེད། གྲོགས་འཕྲིན་ལས་བྱེད་ཐུབ་ཀྱི་ཡོད་མེད་མི་ཤེས། དེ་རིང་ཡིག་ཚད་ཡག་པོ་ཡོང་ཆེད་ཕྲིན་ལས་བྱེད་རོགས་བྱེད་ཅེས་འཕྲིན་བཅོལ་འདྲ་གཏོང་བར་ཕྱིན། སང་ཉིན་གནངས་ཉིན་རྗེས་སུ་ཡིག་ཚད་ཡག་པོ་མ་བྱུང་ན་འཕྲིན་བཅོལ་གཏོང་རོགས་བྱོས་ཞེས་དངུལ་སྤྲད་པ་དེ་མར་སློག་ཤོག་འཕྲིན་ལས་གྲུབ་མ་སོང༌། ངའི་ཡིག་ཚད་ཡག་པོ་བྱུང་མ་སོང་ཞེས་དངུལ་དེ་མར་ཁྱེར་ཤོག་ཅེས་བརྗོད་ཀྱང་ཐོབ་ཐང་ཡོད། དེ་ལྟར་འཕྲིན་ལས་ལྟ་བུ་བཅོལ་ན་འགལ་བ་གང་ཡང་མེད། དེ་མིན་སེམས་ཀྱི་གཏིང་ནས་ཁྱེད་ཤེས་བསམ་པའི་བསམ་བློ་བཏང་ན་ནོར་འཁྲུལ་རེད། ནང་པའི་གྲལ་ནས་བུད་འགྲོ་གི་ཡོད། དེ་ངས་ནམ་རྒྱུན་རྟག་པར་བཤད་ཀྱི་ཡོད།

ང་ཚོའི་དགོན་པ་ཚོས་སྟོན་བཅོམ་ལྡན་འདས་དེ་ཉིད་གཙུག་ལག་ཁང་གི་དབུས་དེར་བརྟེན་གཙོ་སྤྱིར་བཏང་ལྟ་བུ་ཞིག་བྱས་ཏེ་དེའི་མདུན་དུ་སླེབས་སྐབས་ཁྱེད་ནི་བླ་མ་ཁྱོད་ནི་ཡི་དམ་ཟེར་མཁན་ཉུང་ཉུང་ལྟ་བུ་ཞིག་རེད། མར་ཙམ་དེར་མགོན་ཁང་ལ་སླེབས་སྐབས་མགོན་པོ་དང་ལྷ་མོ་ཡིན་ཟེར་བ་ལྟ་བུ་འདྲ་མིན་མཆེ་བ་གཙིགས་པ་དང༌། གྲི་ཁྱེར་བ། ཐོད་ཁྲག་ཁྱེར་བ་དེ་དག་མཐོང་སྐབས་ཞེད་ཀྱང་ཞེད། དེ་འཕྲིན་ལས་ད་ལྟ་རང་བསྒྲུབ་མཁན་གྱི་ཞེ་པོ་ཞིག་ཡིན་ཞེས་བསམ་ནས་དྲན་མཁན་དེ་འདྲ་ཡོང་གི་ཡོད། རང་ཉིད་སེར་སྣ་ཆེན་པོ་ཡོད་ཀྱང་དངུལ་ཁུག་ནས་དངུལ་ཏོག་ཙམ་བཏོན་ཏེ་འདིས་གསེར་སྐྱེམས་ཤིག་གཏོང་རོགས་གནང་ཞེས་བརྗོད་ཀྱི་རེད།

                བཅོམ་ལྡན་འདས་མཐོང་དུས་སྐྱབས་སུ་མཆི་ཞེས་བརྗོད་པ་ཙམ་ལས་གང་ཡང་མེད། དེ་ནོར་འཁྲུལ་རེད། དེ་རྩ་བ་ནས་ང་ཚོ་རྗེས་ལུས་རེད། ཆོས་ཡག་པོ་མ་ཤེས་པའི་རྟགས་རེད། 

 

                དྲི་བ། ངས་སྟོང་ཉིད་སྐོར་ལ་སློབ་སྦྱོང་བྱས་ཤིང་བསམ་བློ་མང་པོ་བཏང་སྐབས་སེམས་ནང་གི་དཀའ་ངལ་མང་པོ་ཞིག་སེལ་བར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང༌། ཡིན་ན་ཡང་སྐབས་ཤིག་ལ་འཇིག་རྟེན་གྱི་བྱ་བཞག་ཚང་མ་རྩིས་མེད་བཏང་བ་ལྟ་བུ་ཞིག་ཆགས་སོང༌། དེ་ལྟར་ཆགས་ཏེ་མི་གཞན་ལ་སྐད་ཆ་ག་རེ་ཡིན་ན་ཡང་འཛེམ་ཟོན་མེད་པར་བཤད་ཐུབ་མཁན་ཞིག་ཆགས་སོང༌། གང་ཞིག་ཡིན་ན་ཡང་རང་བཞིན་གྱིས་མེད་བསམ་པའི་བསམ་བློ་འཁོར་ཏེ་དེ་འདྲ་བཤད་མཁན་ཞིག་ཆགས་སོང༌། དེས་རྐྱེན་པས་མི་གཞན་དང་མི་མཐུན་པ་ཆགས་ཀྱི་འདུག

                ཡིན་ན་ཡང་མདོ་ཡི་ནང་སྟོང་ཉིད་ཀྱི་ལྟ་བ་དེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་མེད་དུ་མི་རུང་བར་གལ་ཆེན་པོར་གསུངས་འདུག དེར་དཀའ་ངལ་ཞིག་འདུག དཀའ་ངལ་དེ་སེལ་ཐབས་ལ་བཀའ་སློབ་ཅིག་གནང་རོགས།

 

                བཀའ་ལན། ཁྱེད་རང་ཕལ་ཆེར་འདི་འདྲ་ཞིག་མིན་ནམ། དེ་རིགས་རྒྱ་མིའི་བླ་མ་དེ་འདྲ་ཡང་ཡོང་གི་འདུག ང་ལ་དེ་འདྲ་འདྲི་མཁན་ཡང་བྱུང་སོང༌། ཐ་སྙད་དུ་ཤེས་རབ་སྙིང་པོ་བཏོན་ནས་སྟོང་ཉིད་སྒོམ་གྱི་ཡོད་ཟེར་གྱི་ཡོད། སྟོང་ཉིད་སྒོམ་པའི་ལག་རྗེས་ལ་ཚོར་བ་དེ་ཙམ་མེད་མཁན། དབྱིན་ཇིའི་སྐད་ལྟར་ན་མི་དེ་ སྐྲྣྣརྡ ༼ཚོར་བ་ཞེ་དྲག་མེད་པ།༽ ལྟ་བུ་ཞིག་ཆགས་ཏེ༑ གཞན་དག་གི་བདེ་སྡུག་དང་དེ་འདྲའི་ཐོག་ལ་ཚོར་བ་དེ་ཙམ་མེད་མཁན། མི་དེ་ཚོར་བ་དེ་ཙམ་རང་མེད་པའི་བཟོ་ལྟ་བུ་ཞིག་ཆགས་པ་ཞིག་ཡོང་གི་འདུག

                དེ་འདྲ་ང་ལ་དྲི་བ་ཞིག་ཀྱང་དྲིས་མྱོང༌། དེ་འདྲ་ཡོང་གི་འདུག དེ་གང་གིས་བྱས་པ་རེད་དམ་ཟེར་གྱི་འདུག ངས་དེ་ནི་དོ་བདག་ངོ་མས་ཉམས་ལེན་ཇི་ལྟར་བྱེད་ཀྱི་ཡོད་མེད་ངས་ཤེས་ཀྱི་མ་རེད། གོ་རྟོགས་གང་འདྲ་ཡོད་མེད་ཀྱང་ངས་ཤེས་ཀྱི་མ་རེད། འདི་ལྟར་ཚོད་དཔག་བྱས་ན་ཅི་ཡང་ཡིད་ལ་མི་བྱེད་པ་ཞེས་པ་དེར་བསམ་བློ་གཏོང་གི་ཡོད་པ་རེད། གང་ཡང་བསམ་བློ་མ་བཏང་བར་འདི་ལྟར་བསྡད་པ་དེ་འདྲའི་ཐོག་ནས་ག་ལེར་བྱིང་བ་བསགས། བྱིང་བ་བསགས་པའི་ཉེར་ལེན་གྱིས་ཆོས་དང་རྣམ་འབྱེད་ཀྱི་ཤེས་རབ་རྟུལ་དུ་འགྲོ་བ་ཞིག་ཡོད། དེ་འདྲ་ཡང་གཅིག་བྱས་ན་ཡོང་སྲིད་ཀྱི་རེད།

                དེ་མིན་སྟོང་ཉིད་ལ་མོས་པ་བྱས་ཏེ་གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་ལྟའོ། །ཞེས་ལྟ་བུའི་ཚིག་དེའི་རྗེས་སུ་འབྲངས་པའི་གོ་བ་ཞིག་བླངས་ནས། སྟོང་པའི་གོ་བ་དེ་གང་ཡང་རྙེད་རྒྱུ་མེད་པ། གང་ཡང་མེད་པ་དེར་བསམ་བློ་གཏོང་གི་མེད་དམ། དེ་གང་གིས་ལན་པ་རེད་དམ་ཞེ་ན། སྟོང་པ་རྟེན་འབྱུང་ལ་ཤར་བ་དེ་མ་བྱུང་བ་རེད། མགོན་པོ་ཀླུ་སྒྲུབ་ཀྱིས།

རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །

དེ་ནི་བརྟེན་ནས་བཏགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །

ཞེས་ཐ་སྙད་དུ་རང་མཚན་འདོད་མཁན་གྱི་དབུ་མ་བ་མན་ཆད་ཀྱིས་ཐ་སྙད་དུ་རང་མཚན་མི་བཞེད་མཁན་གྱི་དབུ་མ་བར་ཁྱེད་རང་ཆད་མཐའ་རེད་ཅེས་སྐྱོན་བརྗོད་བྱེད་སྐབས་མགོན་པོ་ཀླུ་སྒྲུབ་ཀྱིས་དེའི་ལན་ལ་ང་ཆད་མཐའ་བ་མ་རེད། ང་རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་ལེན་མཁན་ཞིག་ཡིན་ཞེས་གསུངས་ཡོད། དེར་བརྟེན་ང་སྟོང་ཉིད་སྨྲ་བ་ཡིན་གསུངས་པ་ཙམ་མིན་པར་ང་རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བ་ཡིན་གསུངས།

                དབུ་མ་བཞི་བརྒྱ་པའི་འགྲེལ་པའི་ནང་དུའང་ཡོད༌། དེར་བརྟེན་སྟོང་པའི་དོན་དེ་རྟེན་འབྱུང་གི་དོན་ལ་གོ་བ་ཞིག་དང༌། མདོར་ན་སྟོང་པ་ཡིན་པའི་རྒྱུ་མཚན་དེ་བཏགས་དོན་བཙལ་ནས་མི་རྙེད་པའི་ཕྱིར་ཟེར་བ་མིན་པར་སྟོང་ཉིད་ཀྱི་རྒྱུ་མཚན་བརྟེན་ནས་གྲུབ་པ་རེད། བརྟེན་ནས་བཏགས་པའི་གོ་བ་དེ་ཡག་པོ་ཞིག་ཆགས་ན་སྟོང་པ་རྟེན་འབྱུང་ལ་ཤར་གྱི་ཡོད། རྟེན་འབྱུང་རྒྱུ་མཚན་དུ་བྱས་ཏེ་སྟོང་པ་ཡིན་པར་བསྒྲུབ། དེའི་ངེས་པ་གོམས་སྐབས་སྟོང་པ་རྟེན་འབྱུང་ལ་ཤར་བ་ཞིག་རེད།

                དེས་ན་ངས་ཕྱི་རྒྱལ་མི་དེ་འདྲར་བཤད་ཀྱི་ཡོད། སྟོང་ཉིད་ཅེས་པ་དེ་ ཉྟཔྱྣ ༼ཀླད་ཀོར།༽ ལྟ་བུ་གང་ཡང་མེད་པའི་སྐད་ཆ་མ་རེད། ཉྟཔྱྣ ཅེས་པ་དེ་གཅིག་འདུག་པ། ཉྟཔྱྣ མེད་ན་བཅུ་དང་བརྒྱ་སོགས་ཡོང་ཐབས་མེད། ཉྟཔྱྣ འདུག་པ། ཁོ་རང་ལ་མཛུབ་མོ་འཛུགས་ས་གང་ཡང་མེད། གཅིག་ཡོད་པས་དེས་ནུས་པ་ཞིག་ཐོན་གྱི་ཡོད། དེར་བརྟེན་སྟོང་པའི་རང་བཞིན་རེད་ཅེས་བརྗོད་སྐབས་ཡོད་ཅེས་བརྗོད་ཀྱི་ཡོད། སྟོང་པའི་རང་བཞིན་རེད་ཅེས་བརྗོད་སྐབས་མེད་ཅེས་རྩ་བ་ནས་བརྗོད་ཀྱི་མེད་ཅེས་བཤད་ཀྱི་ཡོད། དེར་བརྟེན་གཅིག་བྱས་ན་རང་དྲི་བ་འདྲི་མཁན་དེ་སྟོང་པ་ཞེས་པའི་དོན་དེ་གང་ཡང་མེད་པ་ལྟ་བུ་ཞིག་དང༌། མཐར་ཐུག་དེ་སྙིང་པོ་མེད་པ་ལྟ་བུ་གང་ཡང་མེད་པ་དེ་འདྲ་ཞིག་བསམ་བློ་འཁོར་ནས་ཐ་སྙད་ལ་སྣང་ཆུང་བྱེད་པ་དེ་འདྲ་ཡོང་སྲིད་པ་རེད།

                ཁྱེད་རང་གིས་སྙིང་རྗེའི་བསམ་བློ་ཞིག་ཐོངས་དང༌། སྟོང་ཉིད་ལ་བསམ་བློ་བཏང་སྟེ་སྙིང་རྗེའི་ཤུགས་དེ་ཉིད་ཆེ་རུ་འགྲོ་གི་འདུག་གམ་ཆུང་དུ་འགྲོ་གི་འདུག སྟོང་ཉིད་བསམ་བློ་བཏང་སྟེ་དམིགས་པ་ཉམ་ཐག་པའི་སེམས་ཅན་ལའང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞིག་མཐོང༌། དེ་སྡུག་བསྔལ་གྱིས་མནར་བའི་ཚུལ་དེ་ཡང་སྒྱུ་མ་དང་རྨིག་རྒྱུ་ལྟ་བུ་སྤྱིར་བཏང་ཞིག་ལས་གཙིགས་འཛིན་བྱེད་རྒྱུ་གང་ཡང་མེད་པ་དེ་ལྟ་བུ་ཞིག་མཐོང་སྟེ་མཐར་ཐུག་དེར་སྡུག་བསྔལ་དང་བྲལ་ན་བསམ་པའི་བློ་དེ་ཡང་མེད་མཁན་ཞིག་ཆགས་ན། ཁྱོད་རང་གི་སྟོང་ཉིད་ཀྱི་གོ་བ་དེ་ནོར་འཁྲུལ་གྱི་སྟེང་ལ་ཕྱིན་པ་རེད། སྟོང་ཉིད་ཀྱི་གོ་བ་ཡག་པོ་ཞིག་དང༌། སྟོང་ཉིད་ཀྱི་གོ་བ་རྣལ་མའི་སྟེང་ལ་ཕྱིན་ན་སྙིང་རྗེའི་བློ་ཤུགས་ཆེ་རུ་འགྲོ་དགོས་པ་རེད།

                ངས་ངོ་ཤེས་པ་ཆབ་མདོ་ནས་ཡིན་པའི་རྙིང་མའི་བླ་མ་ཞིག་ཡོད། སྐུ་ཞབས་ཨ་འཛིན་ཞུ་བ་གཤེགས་ཚར་བ་རེད། ཁོང་ངེད་གཉིས་ཆོས་གྲོགས་ལྟ་བུ་ངོ་ཤེས་པ་རེད། དེ་འདྲ་བཤད་ཀྱི་ཡོད་ལ་ཁོང་གིས་ཀྱང་གསུང་གི་རེད། ཁོང་གིས་ང་ལ་དེ་འདྲ་བཤད་ཀྱང་བཤད་ཀྱི་ཡོད་ལ། དངོས་སུ་ང་ཐུག་ནས་རྫོགས་པ་ཆེན་པོའི་ལྟ་བ་གསུངས། ཁོ་རང་ག་དུས་བསམ་བློ་བཏང་ཡང་རང་དབང་མེད་པར་སྙིང་རྗེ་སྐྱེས་ཡོང་གི་འདུག་ཅེས་ཟེར། ཉམ་ཐག་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཤུགས་དྲག་པོ་སྐྱེ་གི་འདུག་ཅེས་ཁོང་རྟག་པར་ངུས་བསྡད་ཀྱི་རེད། ངེད་གཉིས་སྐད་ཆ་ཅི་འགྲོས་མིན་འགྲོས་དང་དེ་ནས་ཉམས་ལེན་སྐོར་བཤད་ན་ལམ་སེང་མིག་ཆུ་གཏོང་གི་རེད། དེ་སྟོང་པའི་གོ་བ་གནད་དུ་ཕྱིན་པ་རེད། སྟོང་པའི་གོ་བ་གནད་དུ་ཕྱིན་ནས་སྟོང་ཉིད་ཀྱི་ལྟ་བ་དེས་བྱམས་སྙིང་རྗེ་དང་དད་པ་ལ་སོགས་པ་དེ་དག་ལ་གྲོགས་བྱས་ཏེ་དེ་ཚོ་ཤུགས་ཆེ་རུ་གཏོང་བ་ཞིག་ཡོང་གི་ཡོད། དེ་འདྲ་མིན་ནམ། རང་གིས་སྟོང་པ་ཉིད་སྟོང་པ་ཡིན་ཞེས་པའི་ཚིག་དེ་ཧ་ཅང་བེད་སྤྱོད་བྱེད་ཀྱི་ཡོད། ཚིག་དེར་མོས་པ་ལྟ་བུ་སྐྱེ་གི་ཡོད་ཀྱང་སྟོང་ཉིད་ཀྱི་གོ་བ་ངོ་མ་དེ་ད་ལྟ་ངས་ཀླུ་སྒྲུབ་ཀྱི་དགོངས་དོན།

རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །

དེ་ནི་བརྟེན་ནས་བཏགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །

གང་ཞིག་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །

དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །

                ཞེས་གསུངས་པ་འདིར་ཅུང་ཙམ་བསམ་བློ་བཏང་ན་ཕན་གྱི་མེད་དམ། རྩ་བ་ཤེས་རབ་ཀྱི་རབ་བྱེད་ཉི་ཤུ་རྩ་བཞི་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ཁྱོད་རང་དོ་སྣང་ཡོད་ན་སྔོན་ལ་རབ་བྱེད་ཉི་ཤུ་རྩ་དྲུག་པ་དེ་གཅིག་ཀློག ང་ཚོ་མ་རིག་པས་ཕུང་གི་ཡོད་པ་དེ་གཅིག་ཤེས་པར་བྱས། མ་རིག་པ་མེད་པ་བཟོ་རྒྱུ་དེ་སྟོང་ཉིད་ཀྱི་ལྟ་བ་ཡིན་པ་དེ་ངོ་ཆ་འཕྲོད་པ་ཞིག་དེ་རབ་བྱེད་བཅོ་བརྒྱད་པ་དེ་གཅིག་བལྟས།

                དེ་ནས་སྟོང་པའི་དོན་དེ་གང་ཞིག་རེད་དམ། སྟོང་པ་ཡིན་ན་ཅི་ཡང་མེད་པ་རེད་དམ་ཟེར་ན། དེ་ནས་རབ་བྱེད་ཉི་ཤུ་རྩ་བཞི་པ་དེ་གཅིག་བལྟས་ཏེ་སྟོང་ཉིད་སྨྲ་བ་ལ་དངོས་སྨྲ་བས་གནོད་པ་ཇི་འདྲ་འཕེན་གྱི་འདུག་གམ། སྐྱོན་བརྗོད་ཇི་ལྟར་བྱེད་ཀྱི་འདུག ཚུར་སྐྱོན་བརྗོད་བྱས་པ་དེར་མགོན་པོ་ཀླུ་སྒྲུབ་ཀྱིས་ལན་གང་འདྲ་ཞིག་བསྐྱོན་འདུག གསལ་བཤད་ཇི་ལྟར་གནང་འདུག དེ་དག་མཐོང་ན་ཁྱེད་རང་གི་སེམས་ལ་ངེས་པ་ཞིག་རྙེད་ཀྱི་རེད། དེ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་བརྟེན་ནས་བཏགས་པའི་ངོས་འཛིན་ལྟ་བུ་ཅུང་ཙམ་གསལ་བ་དེ་རབ་བྱེད་ཉི་ཤུ་རྩ་གཉིས་པའི་ནང་ཡོད། དེ་བཞིན་གཤེགས་པ་བརྟག་པ་ཞེས་པ་དེ་རེད། དེ་ཅིག་བལྟས་ན་ཡག་པོ་ཡོད་པ་རེད། ཤེས་སོང་ངམ། གཞན་ངས་མི་ཤེས། དེ་འདྲ་ཞིག་མ་གཏོགས་ང་ལ་བཤད་རྒྱུ་མི་འདུག

 

                དྲི་བ། ང་ཚོ་བོད་པའི་སློབ་ཕྲུག་ཚོས་ནང་ཆོས་གཞི་རྩར་འཛིན་པའི་ཐོག་ནས་སྤྱི་ཚོགས་ལ་ཞབས་འདེགས་ཇི་ལྟར་ཞུ་ཐུབ་བམ།

                བཀའ་ལན། འཛམ་གླིང་འདིའི་སྟེང་གི་ཤེས་ཡོན་སྡེ་ཚན་འདྲ་མིན་  ཁྱཏྲྣརྣྣནདྲཏྲ ༼དཔལ་འབྱོར།༽ ཞེས་པ་ལྟ་བུ་དང༌། རྐྱཔྱྤ ༼སྒྱུ་རྩལ།༽ ཞེས་པ་ལྟ་བུ། ྔཏྲདྲྟརྣཏྲྟ ༼ཚན་རིག༽ ཅེས་པ་ལྟ་བུ་འདྲ་མིན་ཧ་ཅང་མང་པོ་བསླབས་པ་དེ་དག་ཡིན་རྒྱུ་མི་ལ་ཞབས་འདེགས་ཞུ་རྒྱུ་ཞིག་མ་རེད་དམ། ཡིན་ན་ཡང་དེ་ཚོའི་གྲས་དེ་མི་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ན་ཡང་མང་པོ་ཞིག་མི་ལ་བརྡབ་གསིག་བཟོ་བ་ལྟ་བུ་ཞིག་མི་འདུག་གམ། ཁྱཏྲྣརྣྣནདྲཏྲ ༼དཔལ་འབྱོར།༽ ལྟ་བུ་ཞིག་སྦྱངས་ཏེ་དཔལ་འབྱོར་ལོངས་སྤྱོད་སྐོར་ལ་མཁས་པ་ལྟ་བུ་ཞིག་བྱས། གང་མཚམས་མཁས་པ་ལྟ་བུ་ཆགས་སྐབས་དངུལ་ཇི་ལྟར་བྱས་ཏེ་གསོག་དགོས་མིན་དང༌། ཁྲིམས་མཐུན་བྱས་ནས་དངུལ་གསོག་རྒྱུ། ཁྲིམས་དང་མི་མཐུན་པའི་ཐོག་ནས་དངུལ་གསོག་རྒྱུ། རྩིས་ཁྲ་རྫུན་མ་བཟོ་རྒྱུ། རྩིས་ཁྲར་ཕྱི་ནང་གཉིས་བཞག་རྒྱུ། རྐྱསྤྱརྟདྲྤྣཔྱ ༼རྩིས་ཞིབ་པ།༽ ཡོང་སྐབས་མགོ་སྐོར་ཇི་ལྟར་བྱས་ཏེ་གཏོང་དགོས། དེ་ནས་ཁྲིམས་དཔོན་ལྟ་བུར་ཐུག་སྐབས་རྔན་པ་ཇི་ལྟར་སྤྲོད་དགོས་ཀྱི་འདུག དེ་དག་མི་སྤྱང་པོ་ཞིག་གིས་བྱེད་པ་ལས་མི་ལྐུག་པས་བྱེད་ཤེས་ཀྱི་མ་རེད། ལྐུག་པས་དེ་འདྲ་བྱས་ན་རྫུན་རྐུབ་ལུགས་རྒྱུ་རེད། སྤྱང་པོ་ཡིན་སྟབས་ཁོ་ལ་མིས་དོགས་པ་མི་ཟ་བ། མིས་མ་མཐོང་བའི་འོག་ནས་ང་ཚོ་བོད་པའི་གཏམ་དཔེར་ས་འོག་དར་ཐག་ཟེར་བ་ཞིག་བཤད་རྒྱུ་ཡོད། ས་འོག་དར་ཐག་བྱས་པ་ཞིག་གི་ཐོག་ནས་རང་དོན་ཆ་ཚང་འགྲུབ་རྒྱུ། གཞན་ལ་གནོད་པ་ཆ་ཚང་སྐྱེལ་བ་ཞིག་བྱེད་ཀྱི་འདུག གང་གིས་མ་འགྲིགས་པ་རེད་དམ། རྒྱྣརྟྟཔྱརྣ ྔཏྲདྲྟརྣཏྲྟ ༼དེང་དུས་ཀྱི་ཚན་རིག༽ ཞེས་པ་དེ་མི་ལ་བདེ་སྐྱིད་ཡོང་བའི་དོན་དུ་བཟོས་ཀྱང་ སྒྱསྤྱཏྲརྡྟཎཔྱ ཕྟཎསྣྲྣརྣ ༼རྡུལ་ཕྲན་ཚོན་ཆ།༽ ཞེས་པ་དེ་ཚོའི་གྲས་དེ་ཐ་མ་མིས་བེད་སྤྱོད་གང་ཞིག་བྱས་སོང་ངམ། སྒྱསྤྱཏྲརྡྟཎཔྱ ཁྱརྣྟཔྱཐྲཕྲ ༼རྡུལ་ཕྲན་གྱི་ནུས་པ།༽ དེ་གང་དུ་བེད་སྤྱོད་བྱེད་ཀྱི་འདུག་གམ། མི་གཏོར་རྒྱུ་དང་མི་གསོད་རྒྱུ། ལུང་པ་རྩ་མེད་བཟོ་རྒྱུ་དེ་འདྲའི་སྟེང་དུ་ཕྱིན་སོང་ངམ། དེར་བརྟེན་དེ་དག་ཚན་རིག་གིས་ནོར་བ་མ་རེད། ཅྟཏྲདརྣྣརྡྣཐྲཡཕྲ ༼བཟོ་ལས་རིག་རྩལ།༽ སྡུག་ཆགས་མ་རེད། ཅྟཏྲདརྣྣརྡྣཐྲཕྲ དགོས་ཀྱི་ཡོད། ཚན་རིག་ཀྱང་དགོས་ཀྱི་ཡོད། དཔལ་འབྱོར་དགོས་ཀྱི་འདུག ཡིན་ན་ཡང་དེ་དག་བེད་སྤྱོད་ལོག་པར་བྱས་ཏེ་མི་ལ་བརྡབ་གསིག་བཟོ་རྒྱུ་དང༌། མི་ལ་རྙོག་དྲ་བཟོ་རྒྱུ་དེ་འདྲ་ཞིག་ཆགས་པ་དེ་གང་གིས་ལན་པ་རེད་དམ།

                རྩ་བའི་ རྒྱྣྤདྲསྤྲཎྤདྲྣརྣ ཀུན་སློང་དེ་ཡག་པོ་ཞིག་མེད་པའི་ཐོག་ཉོན་མོངས་པའི་གཞན་དབང་ལ་འགྲོ་སྐབས་དེ་ཐམས་ཅད་གནོད་པའི་རང་བཞིན་ལ་ཕྱིན་པ་རེད། བྱམས་པ་དང་སྙིང་རྗེའི་གཞན་དབང་དུ་ཕྱིན་ན་ཅི་བྱས་ཕན་པའི་རང་བཞིན་དུ་འགྲོ་རྒྱུ་རེད། དེར་བརྟེན་ང་ཚོའི་བཀའ་འགྱུར་བསྟན་འགྱུར་ནང་ ཁྱཏྲྣརྣྣནདྲཏྲ ༼དཔལ་འབྱོར་རིག་པ།༽ སྐོར་ལ་མེད། དེས་ན་ང་ཚོས་ཆོས་བྱེད་ཀྱི་ཡོད་ཅིང༌། ཆོས་ནས་ང་ཚོས་སྤྱི་ཚོགས་ལ་ཕན་ཐོགས་བྱེད་ཀྱི་ཡིན་ཞེས་བཀའ་འགྱུར་དང་བསྟན་འགྱུར་སྔོག་སྟེ་ ཁྱཏྲྣརྣྣནདྲཏྲ ༼དཔལ་འབྱོར་རིག་པ།༽ ཡར་རྒྱས་གཏོང་རྒྱུ་དང༌། འཛུགས་བསྐྲུན་བྱེད་རྒྱུ་དེ་ཚོའི་གྲས་མེད། འཛུགས་བསྐྲུན་བྱེད་རྒྱུ་སོགས་དེང་སང་གི་ཤེས་ཡོན་དེ་དག་སྦྱངས་ནས་བྱེད་དགོས་ཀྱི་ཡོད། 

                ཡིན་ན་ཡང་བཀའ་འགྱུར་བསྟན་འགྱུར་ནང་གཙོ་བོ་རྟེན་ཅིང་འབྲེལ་བར་འབྱུང་བ་རེད་ཅེས་པ་ཞིག་དང༌། དེའི་བསླབ་བྱའི་སྟེང་ལ་འདྲིལ་སྐབས་སེམས་བཟང་པོ་བྱེད་དགོས། མི་ལ་གནོད་པ་བྱེད་རྒྱུ་མེད་ཅེས་པ་དེའི་སྟེང་དུ་ཕབ་སྐབས་དེ་སེམས་ལ་བཞག་སྟེ་ཚན་རིག་གི་ལས་ཀ་བྱེད་མཁན་ཡིན་ན་ཡང་རེད། ཅྟཏྲདརྣྣརྡྣཐྲཕྲ ༼བཟོ་ལས་རིག་རྩལ།༽ ལས་ཀ་བྱེད་མཁན་ཡིན་ན་ཡང་རེད། ཁྲིམས་ཀྱི་ལས་ཀ་བྱེད་མཁན་ཡིན་ན་ཡང་རེད།

                དེང་སང་སྨན་པར་ཆ་བཞག་ན་རྒྱ་ནག་ནང་སྨན་པ་རྫུན་མ་དེ་འདྲ་ཡོང་གི་འདུག་ཅེས་ཟེར་གྱི་འདུག དངུལ་ཁོ་ན་བསམ་བློ་བཏང་བ་ལས་མི་ཚོས་ལ་མ་ཚོས་དེ་འདྲ་བྱུང་ན་ཁོ་ཤི་མ་རན་གོང་ནས་ཕར་བསད་ནས་ཁོག་པའི་ནང་གི་མཆིན་པ་དང༌། གློ་བ་དང༌། མཁལ་མ་དང༌། སྙིང་ལ་སོགས་པ་བཙོང་ནས་ཧ་ཅང་གི་ཉེན་ཁ་འདུག སྔོན་མ་ལོ་ཤས་ཤིག་གི་གོང་ལ་དེ་འདྲ་ཞིག་གོ་སོང༌། ལྷ་ས་ནས་ཕྲུ་གུ་རྡོག་རྡོག་དེ་འདྲ་བརླག་འགྲོ་གི་འདུག་ཅེས་ཟེར། རྒྱུ་མཚན་དེ་མཆིན་པ་དང༌། གློ་བ་དང༌། སྙིང་དེ་ཚོ་བཙོང་གི་ཡོད་པ་རེད་ཟེར།

                དེ་ནས་སྨན་པ་རང་ལ་ཆ་བཞག་ཀྱང་དེང་སང་རྒྱ་ནག་ནང་སྨན་ཁང་ནང་འགྲོ་སྐབས་ཧ་ཅང་གཟབ་གཟབ་མ་བྱས་ན་སྨན་པས་བེད་ཉེས་བྱེད་ཀྱི་འདུག་ཟེར། མདོར་ན་སྨན་པས་དངུལ་ཁོ་ན་བསམ་བློ་བཏང་བ་ལས་གཞན་དག་བསམ་བློ་འཁོར་གྱི་མི་འདུག་ཅེས་དེ་འདྲ་བཤད་ཀྱི་འདུག དེར་བརྟེན་གང་གིས་མ་འགྲིགས་པ་རེད་དམ། ལག་རྩལ་གྱིས་མ་འདང་བ་མ་རེད་དམ་ལྷག་བསམ་གྱིས་མ་འདང་བ་རེད།

                ང་ཚོ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་གང་ཞིག་བཤད་ཀྱི་ཡོད་པ་རེད་དམ་ཟེར་ན། གོང་དུ་བརྗོད་པའི་སྟོང་ཉིད་རྟེན་འབྱུང་གི་ལྟ་བ་དེས་ང་ཚོར་  ༼སེམས་གུ་ཡངས་པོ།༽ བཟོ་གི་ཡོད། དེ་ནས་བྱམས་པ་དང་སྙིང་རྗེ་ཞེས་པ་དང༌། མ་མཐར་ཡང་གཞན་ལ་གནོད་པ་བྱེད་རྒྱུ་མེད་ཅེས་པའི་བསླབ་བྱ་དེ་སེམས་ལ་བཅངས་ནས་ཕྱིན་ན། ཁྱེད་རང་ཚོ་སློབ་གྲྭའི་ནང་སློབ་སྦྱོང་བྱས་པ་དེ་དག་ཚང་མ་གཞན་ཕན་རང་བཞིན་དུ་འགྱུར་གྱི་རེད། མི་ཚེ་དོན་དང་ལྡན་པ་ཡོང་བར་ཕན་གྱི་རེད།

                བསམ་པ་དེ་མ་བྱུང་ན་སློབ་སྦྱོང་བྱས་པ་དེ་དག་ཕན་པའི་རང་བཞིན་དུ་འགྲོ་དང་གནོད་པའི་རང་བཞིན་དུ་འགྲོ་ཉེན་ཡོད་ཧ་མི་གོ་བ་རེད། དེར་བརྟེན་ཆོས་ཀྱི་ཐོག་ནས་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་རྒྱུ་ཞེས་པ་དེ་ཆོས་ཁོ་ནའི་ཐོག་ནས་སྐད་ཆ་བཤད་ཀྱི་མེད། ཆོས་ཀྱིས་བསམ་པ་སྒྱུར་བཅོས་གཏོང་གི་ཡོད། མ་རབས་ཀྱི་བསམ་པ་དེ་སྒྱུར་བཅོས་བཏང་ནས་ཡ་རབས་ཀྱི་བསམ་པ་བཟོ་གི་ཡོད།

                ལྷག་པར་ཁྱེད་རང་ཚོར་ངས་འབོད་སྐུལ་བྱེད་རྒྱུར་ཁ་སང་ཁས་ཉིན་སྐད་ཆ་བྱུང་བ་ལྟར་ང་ཚོའི་མང་ཚོགས་སྐྱ་བོ་ཕོ་མོ་ཚོའི་ཆོས་ཀྱི་ཤེས་ཚད་དེ་མཐོ་རུ་གཏོང་དགོས་ཀྱི་འདུག ཁ་སང་རྒྱ་གར་ལྷོ་ཕྱོགས་ལའང་ངས་བརྗོད་རྒྱུ་བྱུང༌། རིམ་པས་ང་ཚོའི་མང་ཚོགས་ཁྱིམ་པ་ཕོ་མོའི་ཁྱིམ་ཚང་ནང་རྩ་བ་ཤེས་རབ་ཞེས་པ་དེ་ཚོའི་གྲས་དེ་ཉར་ཏེ་དུས་དུས་སུ་ཀློག་མཁན་ཞིག་བྱུང་རོགས་བྱས་ན། དངོས་གནས་དྲང་གནས་ཀྱི་བོད་པའི་སྤྱི་ཚོགས་འདི་བདེ་སྐྱིད་ལྡན་པ། རྣམ་དཔྱོད་དང་ལྡན་པ་ཞིག་ཏན་ཏན་ཡོང་ཐུབ་ཀྱི་རེད། ཆོས་གཅིག་པུའི་ཐོག་ནས་མིན་པར་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པའི་ཐོག་ལ་སངས་རྒྱས་པའི་ཆོས་དྭངས་མའམ་ཆོས་ངོ་མ་དེ་ངོ་ཤེས་པའི་ཐོག་ནས། སངས་རྒྱས་པའི་ཆོས་ངོ་མ་ངོ་ཤེས་པ་ལ་མིའི་རྣམ་དཔྱོད་ཆ་ཚང་བེད་སྤྱོད་བྱེད་དགོས་པ་ལས་རང་དགར་ཡོང་ཐུབ་ཀྱི་མེད།

                བླ་མ་ལྟ་བུ་ཞིག་གིས་མར་མཎིའི་ལུང་ཞིག་བཏོན། མཎི་བགྲང་པ་གཅིག་པུས་སངས་རྒྱས་པའི་ཆོས་པ་རྣམ་དག་ཆགས་རྒྱུ་དང༌། སངས་རྒྱས་པའི་ཆོས་པ་ནུས་པ་ཐོན་པ་ཡོང་ཐུབ་པ་ཁག་པོ་རེད། ང་ཚོ་ཕྱག་འཚལ་བསྐོར་སྦྱོང་གིས་མཚོན་པའི། སྐུ་གསུང་ཐུགས་རྟེན་བཤམས་ནས་ཡོན་ཆབ་ཕུལ་རྒྱུས་མཚོན་དེ་དག་ཧ་ཅང་ཡག་པོ་རེད། དེ་དག་དཔག་ཚོད་ཆོས་ཀྱི་བྱ་བ་རེད། བསོད་ནམས་གསོག་གི་ཡོད་ཀྱང་དེ་གཅིག་པུ་སངས་རྒྱས་པའི་ཆོས་ངོ་མ་དེ་མིན།

                ནཱ་ལེཌནའི་མཁས་པ་ཚོའི་གསུང་དང་ཀླུ་སྒྲུབ་ཀྱི་གཞུང་ལྟ་བུར་ལྟོས་དང༌། དཔྱད་པ་བྱེད་རྒྱུ་དང་རྒྱུ་མཚན་ལ་བསམ་བློ་བཏང་ནས་བྱེད་རྒྱུ། མདོར་ན་ཀླད་པ་དཀྲུག་རྒྱུ་དེ་གསུངས་པ་ལས་ཕྱག་དང་མཆོད་འབུལ་བྱེད་རྒྱུའི་གྲས་དེ་དག་ཀླུ་སྒྲུབ་ཀྱི་གསུང་ནང་ཅང་མེད། ང་ཚོའི་ཆོས་ངོ་མ་དེར་ཏོག་ཙམ་རྙོག་དྲ་ཡང་ཡོད་ཅིང་སློབ་སྦྱོང་བྱས་ན་མ་གཏོགས་ཡོང་གི་མ་རེད། དེ་དག་ཕར་སྣང་ཆུང་ལྟ་བུར་བཞག་ཏེ་ང་ཚོ་ཁ་གཡམ་གཡམ་གིས་བྱེད་རྒྱུ་ལས་སླ་པོ་ཡོད་པ་དེ་དག་ང་ཚོས་དེ་བྱས་འདུག དེ་ང་ཚོས་བསྒྱུར་བཅོས་གཏོང་དགོས།

                དེར་བརྟེན་ངས་ ཅཕྟརྣྤཕྲ་ཁྲདྲཔྱཔྲྤ སྐྲྟརྣྤསྤྱཔྱཕྲ སྐྱསྤྱརྟརྟདདྲཔྲྤ ༼དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ།༽ བྱེད་དགོས་ཞེས་བཤད་པ་དེ་དེ་རེད། ཤེས་ཡོན་ཡོད་པ་དེ་འདྲ་ཞིག་བྱུང་ན་ཚན་རིག་གི་ཐོག་ནས་ སྐྲདཎརྡྟརྣཐྲྟ ༼འགྲན་བསྡུར།༽ ཡོང་བ་དེ་ཏག་ཏག་ སྐྲདཎརྡྟརྣཐྲྟ ཚབ་ལ་ཚུར་ཕན་ཐོགས་ཡོད་པ་དེ་འདྲ་བྱུང་ན་ཡག་པོ་འདུག དེར་བརྟེན་ཁྱེད་རང་ཚོས་སངས་རྒྱས་པའི་ཆོས་བསླབས་ནས་དེས་ནུས་པ་ཐོན་རྒྱུ་དེ་ལྷག་བསམ་སྐྱེ་རྒྱུ་དང༌། སྙིང་སྟོབས་སྐྱེ་རྒྱུ། སྤོབས་པ་སྐྱེ་རྒྱུ། མི་རིགས་ཀྱི་ལྟ་བ་ཡིན་ན་ཡང་རྨོངས་ཞེན་གྱི་ལྟ་བ་དེ་མིན་པར། རྣམ་དཔྱོད་ལྡན་པའི་མི་རིགས་ཀྱི་ལྟ་བ་སླེབས་པ། མི་རིགས་ཀྱི་སྤོབས་པ་སླེབས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ང་རྒྱལ་དང་ཕྲག་དོག་དང་དེ་འདྲའི་ཐོག་ནས་མི་རིགས་ཀྱི་ལྟ་བ་སླེབས་པ་མིན་པར་རྣམ་དཔྱོད་ཀྱི་ཐོག་ནས་མི་རིགས་ཀྱི་ལྟ་བ་སླེབས་པ་དེ་འདྲ་བྱུང་ན་ཡག་པོ་འདུག འདི་གར་བཞག་དགོས་མིན་ནམ།

 

སངས་རྒྱས་ཆོས་ཚོགས་མའི་འགྲེལ་པ།

 

                སངས་རྒྱས་ཆོས་ཚོགས་མར་འགྲེལ་བཤད་ཅིག་རྒྱབ་ན།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

                ཞེས་པ་དེས་སྐྱབས་འགྲོ་བཤད་ཀྱི་ཡོད། སྐྱབས་སུ་འགྲོ་སའི་ཡུལ་དེ་སངས་རྒྱས་དང༌། ཆོས། དགེ་འདུན་ཞེས་བཤད་ཡོད། སངས་རྒྱས། ཆོས། དགེ་འདུན་ཞེས་པའི་དགེ་འདུན་ནི་གོང་དུ་བརྗོད་པ་ལྟར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་རྟོགས་པ་ཡོད་མཁན་དེ་ཡན་ཆད་ལ་དགེ་འདུན་ཞེས་བརྗོད་པ་ལས་དེ་མེད་མཁན་དེར་དགེ་འདུན་གྱི་མིང་ཐོབ་ཀྱི་མེད།

དགེ་བ་ཞེས་པ་དེ་ཐར་པར་བཞག་ནས་ཐར་པའི་ངོ་བོའམ་ཐར་པ་ཐོབ་བྱེད་ཀྱི་ལམ་གྱི་གཙོ་བོ་དེ་རང་ཉིད་ལ་མངོན་དུ་གྱུར་བའི་སྒོ་ནས་ཐར་པ་དོན་གཉེར་གྱི་བློ་བཅོས་མ་མ་ཡིན་པ་སྟོབས་དང་ལྡན་པ་ཞིག་ཡོང་ཐུབ་པ། དེར་བརྟེན་ཐར་པ་དགེ་བར་རྩེ་གཅིག་ཏུ་འདུན་པ་ཡིན་སྟབས་དགེ་འདུན་ཞེས་བརྗོད་ཀྱི་ཡོད་པ་རེད། 

                གྲྭ་ཆས་གྱོན་པ་གཅིག་པུའི་སྐད་ཆ་མ་རེད། དེ་འདྲའི་ཐར་པ་ངོ་ཤེས་ཤིང་ཐར་པའི་དོན་མངོན་དུ་གྱུར་ནས་དེ་འདྲའི་རང་གི་རྟོགས་པ་ལ་བརྟེན་ནས་ཐར་པ་ལ་རྩེ་གཅིག་པའི་ཡིད་སྐྱེས། དེ་ལ་ཡིད་ཕྱོགས་པ་ཞིག་གི་བློ་སླེབས་སྐབས་ཁྱིམ་པ་ཡིན་ན་ཡང་འདྲ། སུ་དང་སུ་ཡིན་ན་ཡང་འཕགས་པའི་དགེ་འདུན་རེད།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

ཞེས་པའི་ཚིག་དེའི་ནུས་པས་དཀོན་མཆོག་གསུམ་པོ་དེར་སྐྱབས་སུ་འགྲོ་བ་དེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་གི་ཡིན་ཞེས་པའི་ཚིག་དེའི་ནུས་པས་སྐྱབས་སུ་འགྲོ་སའི་ཡུལ་དགེ་འདུན་དེ་ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་བཤད་ཀྱི་ཡོད། དེར་བརྟེན་ཆོས་དཀོན་མཆོག་དེ་ཡང་ཐེག་ཆེན་གྱི་ཆོས་དཀོན་མཆོག་བཤད་ཀྱི་ཡོད། དེས་ན།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

                ཞེས་པ་དེས་ཐེག་ཆེན་གྱི་སྐྱབས་འགྲོ་བཤད་པ་རེད། ཐེག་ཆེན་གྱི་སྐྱབས་འགྲོ་ནི་མདོ་སྡེ་རྒྱན་ལས།

ཀུན་ཏུ་འགྲོ་དང་ཁས་ལེན་རྟོགས་དང་ཟིལ་གནོན་པ། །

                ཞེས་པ་དེས་ཐེག་ཆེན་གྱི་སྐྱབས་འགྲོའི་ཁྱད་ཆོས་བཤད་པ་རེད། དམིགས་པ་ཀུན་ཏུ་འགྲོ་བ་སེམས་ཅན་མཐའ་དག་ལ་དམིགས་ནས། ཀུན་ཏུ་འགྲོ་དང་ཁས་ལེན་སངས་རྒྱས་འཐོབ་བྱར་ཁས་ལེན་པ། པ་ལི་གི། ཅདྟཔྱཎསྤྲཎརྟཎ ༼ཐེག་དམན།༽ དང་དེ་ཚོའི་སྐྱབས་འགྲོ་དེ་ལྟ་བུ་མིན། རྩ་བ་སྐྱབས་འགྲོ་རྣམ་དག་རེད། ཧ་ཅང་གི་ཡག་པོ་ཡོད་ཀྱང་དེར་ཁྱད་པར་ཅུང་ཟད་ཡོད། ད་ལྟ་ང་ཚོས་བརྗོད་པ་དེ་དང༌། ཀུན་ཏུ་འགྲོ་དང་ཁས་ལེན་རྟོགས་པ་ཞེས་བརྗོད་སྐབས་བྱང་ཆུབ་རྟོགས་པའི་ཁྱད་པར་དང༌། བྱང་ཆུབ་ཞེས་པའི་གོ་བ་མཐར་ཐུག་དེ་ཆོས་ཀྱི་དབྱིངས་དང་རོ་གཅིག་ཏུ་སོང་བའི་ཐུགས་ཡེ་ཤེས་དེ་ནི་བྱང་ཆུབ་ཞེས་པ་དེ་རེད། མཉམ་བརྗེ་དང་འདྲེས་མཁན་གྱི་བྱང་ཆུབ་དེར་བརྗོད་ཀྱི་ཡོད། དེར་བརྟེན་བྱང་ཆུབ་རྟོགས་པའི་ཁྱད་པར། དེ་ལྟ་བུའི་སྐྱབས་འགྲོ་དེས་སྐྱབས་འགྲོ་གཞན་ཟིལ་གྱིས་གནོན་པའི་ཁྱད་པར་ཡོད་སྟབས་ཟིལ་གྱིས་གནོན་པའི་ཁྱད་པར་ཞེས་ཟེར། དེ་འདྲའི་སྐྱབས་འགྲོ་དེ་ང་རང་ཚོས།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

ཞེས་བརྗོད་པའི་སྐྱབས་འགྲོ་དེ་བཤད་ཀྱི་ཡོད། 

བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

                ཅེས་པ་འདིས་བདག་གིས་དགེ་བའི་རྩ་བ་གང་བསགས་པ་དེ་ཐམས་ཅད་ང་རང་སྐྱིད་པ་དང༌། ང་རང་བདེ་བའི་དོན་དག་མིན་པར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཡོང་བའི་ཆེད་དུ་ཡིན་བསམ་པ་ཞིག་དང༌། མཐའ་དག་ལ་ཕན་པ་དང་བདེ་བ་ཡོང་བའི་ཆེད་དུ་ང་རང་ཕན་བདེ་སྒྲུབ་ཐུབ་མཁན་ཞིག་གི་སྐྱེས་བུ་དམ་པ་སངས་རྒྱས་ལ་འགྱུར་བར་ཤོག་ཅེས་བརྗོད་པའོ།།

                འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་ཚིག་དེའི་གོང་འོག་གཉིས་ཆར།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

 ཞེས་པའི་སྐབས་སུ་བདག་ཅེས་པའི་ཚིག་གཅིག་དང༌། 

བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

                ཅེས་ཡང་བདག་ཅིག་བཅས་བདག་ཅེས་པའི་ཚིག་དེ་ཐོན་སྐབས་བདག་དེར་བསམ་བློ་ཞིག་གཏོང་དགོས། ཕུང་པོ་ལས་དོན་གཞན་པའི་བདག་འདུག་གམ། ཕུང་པོའི་གསེབ་ནས་བདག་འདུག་གམ། བདག་གང་དུ་འདུག་གམ། བདག་ཅེས་པ་འདི་མིང་རྐྱང་བཏགས་ཡོད་ཙམ་ཕུང་པོ་ལ་བརྟེན་ནས་བཏགས་ཙམ་གྱི་བདག་ཅིག་ཡིན་པ་ཤེས་པར་བྱས་ཏེ་དེ་འདྲའི་བདག་དེས་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི་གི་ཡིན་ཞེས་བརྗོད་པ་དང༌། 

                དེ་འདྲའི་བདག་དེས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག་ཅེས་བསམ་བློ་གཏོང་བ་དང༌། རང་གི་བདག་དེ་བརྟེན་ནས་བཏགས་ཙམ་གྱི་བདག་ཅིག་ཡིན་སྟབས་སངས་རྒྱས་འཕགས་པ་ཞེས་པ་དེ་བརྟེན་ནས་བཏགས་ཙམ་ཡིན་པ་དང༌། དགེ་འདུན་དཀོན་མཆོག་ཅེས་པ་དེ་ཡང་བརྟེན་ནས་བཏགས་ཙམ་ཡིན་པ། བརྟེན་ནས་བཏགས་ཙམ་ལས་རང་བཞིན་གྱིས་གྲུབ་པའི་སྟོང་པ་ཡིན་པ་དེ་མངོན་སུམ་དུ་ཤེས་མཁན་གྱི་དོན་དེ་མངོན་དུ་གྱུར་མཁན་གྱི་བློ་དེ་ཆོས་དཀོན་མཆོག་ཡིན་པ། དེ་དག་ཤེས་པའི་ཐོག་ནས་སངས་རྒྱས་ཆོས་ཚོགས་མ་ཚར་ཅིག་བཏོན་ཡང་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་ཡོངས་རྫོགས་ཚུར་དྲིལ་ཡོང་གི་ཡོད། དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་ཁྱེད་རང་ཚོས་ཤེས་པར་བྱས།

                བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །ཞེས་བརྗོད་ཀྱི་འདུག་པ་དེ་བརྗོད་ཆོག་གི་རེད། འོན་ཀྱང་ད་ལྟ་བདག་ཅེས་པ་དེ་བརྟེན་ནས་བཏགས་པ་ཡིན་པ་དང༌། བརྟེན་ནས་བཏགས་པ་ལས་བདག་རང་བཞིན་གྱིས་གྲུབ་པ་མེད་པ། དེར་བརྟེན་སངས་རྒྱས་འཕགས་པ་ཡང་རང་བཞིན་གྱིས་གྲུབ་པ་མེད་པ། དགེ་འདུན་དཀོན་མཆོག་ཀྱང་རང་བཞིན་གྱིས་གྲུབ་པ་མེད་པ༑ དེ་འདྲའི་བསམ་བློ་ཞིག་འཁོར་བའི་ཐོག་ནས་སངས་རྒྱས་ཆོས་ཚོགས་མ་བཏོན་པ་ཡིན་ན། ཡེ་ཤེས་ཀྱི་ཚོགས་དེ་སླེབས་ཀྱི་ཡོད། དེར་བརྟེན།

བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །

ཞེས་མ་བརྗོད་པར།

བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །

                ཞེས་བརྗོད་ན་རྒྱ་ཆེ་རུ་ཕྱིན་པ་རེད། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་ཚང་ཡོད་སྟབས་བསོད་ནམས་ཞེས་མ་བརྗོད་པར་ཚོགས་རྣམས་ཞེས་བརྗོད་ན་ཚོགས་གཉིས་ཀ་འདུས་པ་ཞིག་བསམ་བློ་བཏང་ན་དེ་ཡག་པོ་ཡོད། 

མི་བརྗེད་པའི་གཟུངས་སྒྲུབ་ཚུལ་དང་ལྗགས་ལུང༌། 

                རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས། ཨོཾ་ཨ་ར་པ་ཙ་ན་ངྷཱི། ཨོཾ་ཨ་ར་པ་ཙ་ན་ངྷཱི། ཨོཾ་ཨ་ར་པ་ཙ་ན་ངྷཱི། མིད་པའི་ནང་དེར་ཡི་གེ་ངྷཱི་ཞིག་ཡོད་བསམ་པ་བྱས། དེ་ནས་སྙིང་གར་ཡི་གེ་ངྷཱི་ཞིག་ཡོད་བསམ་པ་བྱས། དེ་ནས་ང་ཚོ་མཉམ་དུ་ཨོཾ་ཨ་ར་པ་ཙ་ན་ངྷཱི། ངྷཱི་ཞེས་དབུགས་ཐེངས་གཅིག་ལ་དབུགས་གང་རིང་གིས་བགྲང་བ་དང༌། མིད་པའི་ནང་གི་ངྷཱི་དེ་ནས་མར་ངྷཱི་ཐིགས་པ་བརྒྱབ་པ་དང༌། མར་ཁུ་བཞུར་བ་ནང་བཞིན་བྱས་ཏེ་ངྷཱི་རེ་རེ་མར་བྱུང་ནས་སྙིང་གའི་དབུས་ཀྱི་ཡི་གེ་ངྷཱི་དེ་འོད་འཕྲོ་མཁན་ཞིག མི་བརྗེད་པའི་གཟུངས། དེ་རིང་ཐེངས་གཅིག་སློབ་སྦྱོང་བྱས་པ་ཡིན་ན། སང་ཉིན་གནངས་ཉིན་ནས་མ་བརྗེད་པར་བསྡད་པའི་མི་བརྗེད་པའི་གཟུངས་ཞེས་པ་དེ་བསྒྲུབ་ཀྱི་ཡོད་པ་རེད། དེར་བརྟེན་ངྷཱི་དེ་ནས་ཐིགས་པ་རེ་རེ་མར་བརྒྱབ་ནས་སྙིང་གའི་ངྷཱི་ཡིག་དེར་ཐིམ་པའི་རྐྱེན་གྱིས་སྙིང་གའི་ངྷཱི་ཡིག་དེ་ལས་འོད་རིམ་བཞིན་ཤུགས་ཆེ་རུ་ཕྱིན་ཏེ་མི་ཤེས་པའི་མུན་པ་སྤྱི་དང༌། ལྷག་པར་དུ་མི་བརྗེད་པའི་གཟུངས་ཁྱད་པར་ཅན་ཐོབ་སོང་སྙམ་པ་བྱས། དེ་ནས་མཐའ་མ་དེར་ངྷཱི་ཞེས་བརྗོད་པ་དང༌། དེའི་ནང་གི་ངྷཱི་དེ་སྙིང་གའི་ངྷཱིའི་ནང་དུ་མར་ཐིམ་སོང་བསམ་པ་བྱོས་ཨང༌། དབུགས་ཐེངས་གཅིག་ལ་བགྲངས་དགོས་པ་རེད། ཨོཾ་ཨ་ར་པ་ཙ་ན་ངྷཱི་ཞེས་པ་དེ་ཁྱེད་རང་ཚོས་ཞོགས་པར་གཉིད་སད་པ་དང་ཨ་ར་པ་ཙ་གསོག་ན་དེ་ཡག་པོ་ཡོད་པ་རེད། དེའི་རྗེས་དེ་ལ་ངྷཱི་ངྷཱི་ངྷཱི་ཟེར་བ་དེ་ཏོག་ཙམ་གསོག

                ང་ཆུང་ཆུང་སྒང་ནས་ཨ་ར་པ་ཙ་བགྲང་གི་ཡོད། ཏན་ཏན་རིག་པ་ཡག་ཏུ་འགྲོ་གི་ཡོད་པ་ལྟ་བུ་ཞིག་འདུག དེ་ང་རང་ཉམས་མྱོང་གི་ཐོག་ནས་ཕལ་ཆེར་བཤད་ཐུབ་ཀྱི་རེད། ཏན་ཏན་རིག་པ་ཡག་ཏུ་འགྲོ་བ་ལ་ཕན་གྱི་ཡོད་པ་ལྟ་བུ་ཞིག་འདུག དེ་འདྲ་རེད། ད་བྱས་ན་ཚར་སོང་ཞེས་བསྩལ་ཏོ།།   །།

  

༄༅། །ལྷར་བཅས་སྲིད་ཞིའི་རྣམ་འདྲེན། འཛམ་གླིང་ཞི་བདེའི་དེད་དཔོན། གངས་ལྗོངས་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་

ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་

ཨ་རིའི་གྲོས་ཚོགས་ནས་ཆེས་མཐོའི་གསེར་གྱི་གཟེངས་

རྟགས་འབུལ་བཞེས་མཛད་པའི་རྟེན་འབྲེལ་

དུས་སྟོན་ཁྱད་པར་ཅན་གྱི་དགའ་

སྟོན་སྲུང་བརྩི་དང༌།

བཀའ་དྲིན་རྗེས་

དྲན་ཆེད་

དུ་

སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ནས་དཔར་སྐྲུན་དང་འགྲེམས་སྤེལ་ཞུས། 

བོད་ཀྱི་ནང་ཆོས་ངོ་སྤྲོད་སྙིང་བསྡུས། 

མདུན་ཤོག་དང༌། རྒྱབ་ཤོག་གི་སྐུ་དཔར།

སྐུ་ཡིག་པར་པ་བསྟན་འཛིན་ཆོས་འབྱོར།

 

བོད་རྒྱལ་ལོ་ ༢༡༣༥ རབ་གནས་མེ་བྱི་ལོ་དང༌།

ཕྱི་ལོ་ ༢༠༠༨ ལོར་དཔར་སྐྲུན་ཞུས་པའོ།། ཤམ་བྷ་ལའི་ཕོ་ཉའི་སློབ་སྟོན་པ་དགེ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཡིག་ཐོག་ཕབ་གནང་སྟེ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།