རིན་མེད་གཞས་སྣ་འཁྲབ་སྟོན་ཞུ་རྒྱུ།

༄༅། །༢༠༡༡ལོའི་བཀའ་བློན་ཁྲི་པའི་འོས་བསྡུ་ཆེན་མོར་འོས་མི་ཞུགས་མཁན་ཧ་ཅང་མང་པོ་བྱུང་སྟེ་ད་ལྟ་བོད་ཀྱི་མང་གཙོའི་ལོ་རྒྱུས་རང་བཞིན་ལྡན་པ་ཞིགཆགས་ཡོད་པར་བརྟེན་འདི་ག་བཞུགས་སྒར་དུ་རྟེན་གཞི་བྱས་ཡོད་པའི་གངས་ལྗོངས་གླུ་གར་ཚོགས་པའི་ངོས་ནས་༢༠༡༠ལོའི་ཟླ་༠༩ཚེས་༡ཉིན་དང་རེས་གཟའ་ཉི་མའི་ཉིན་བོད་ཀྱི་གཞས་སྣ་འདྲ་མིན་གཟིགས་འབུལ་ཞུ་རྒྱུ་ལགས་ན། བོད་རིགས་སྤུན་ཟླ་རྣམ་པ་ཚོ་གཟིགས་མོར་གང་མང་མཉམ་འཛོམས་ཀྱིས་སྤྲོ་བ་ཆེན་པོ་ཡོང་བའི་རེ་བ་ཡོད་ལ། རྩ་ཆེ་བའི་འོས་བསྡུ་ཆེན་མོ་འདི་ཉིད་ལམ་ལྷུང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་ཅིག་ང་ཚོ་གཞོན་སྐྱེས་ཁག་ཅིག་ནས་གཞས་སྣ་གསར་འདེམས་གཟིགས་འབུལ་འདི་ཞུ་རྒྱུ་ཡིན།

གཟིགས་འབུལ་ཞུ་ཡུལ། བོད་གཞུང་ཟློས་གར་ཚོགས་པ།

དུས་ཚོད། ༢༠༡༠ལོའི་ཟླ་༠༩ཚེས་༡༡དང་རེས་གཟའ་སྤེན་པ།

གོ་སྒྲིག་ཞུ་མཁན། གངས་ལྗོངས་གླུ་གར་ཚོགས་པས་འདི་ག་གསར་ཁང་ལ་རེ་སྐུལ་གནང་བ་ལྟར་འདིར་བཀོད་པ་ཞིག་ཡིན་ན་དེ་ལུགས་དགོངས་མངའ་ཡོད་པ་མཁྱེན།

བཀྲ་ཤིས་བདེ་ལེགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།