དམིགས་བསལ་ལེ་ཚན་གསར་བསྐྲུན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༠ཉིན། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་བོད་ཁམས་སྒ་རྐྱེ་རྒུ་མདོ་ཁུལ་གྱི་ས་འགུལ་སྐབས་གོད་ཆགས་ཕོགས་པ་ཚོར་ཐུགས་གསོའི་འཚམས་འཕྲིན་འབུལ་གཏོང་ཆེད་དམིགས་བསལ་ལེ་ཚན་གསར་བསྐྲུན་ཞུ་རྒྱུའི་གསར་འགོད་གསལ་བསྒྲགས།

༄༅། ནོར་ཝེ་བོད་ཀྱི་རླུང་འཕྲིན་ལས་ཁང་བརྒྱུད་བཙན་བྱོལ་གཙོས་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་ཁམས་སྒ་རྐྱེ་རྒུ་མདོ་ཁུལ་གྱི་ས་འགུལ་སྐབས་གོད་ཆགས་ཕོགས་པ་ཚོར་ཐུགས་གསོའི་འཚམས་འཕྲིན་འབུལ་གཏོང་ཆེད་དམིགས་བསལ་ལེ་ཚན་གསར་བསྐྲུན་ཞུ་རྒྱུ་དང༌། གོ་སྐབས་འདི་བརྒྱུད་འདི་ག་རླུང་འཕྲིན་ཁང་བརྒྱུད་ས་འགུལ་སྐབས་གོད་ཆགས་ཕོགས་པ་ཚོར་དམིགས་བསལ་གདུང་སེམས་མཉམ་སྐྱེས་དང་ཐུགས་གསོའི་འཚམས་འཕྲིན་འབུལ་གཏོང་ཞུ་སླད། འདི་ག་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་ལས་ཁང་དུ་འབྲེལ་བ་གནང་བསྐྱོང་ཡོང་བ་ཞུ།

འདི་ནས་ཁྱེད་རྣམ་པའི་འཚམས་འཕྲིན་རྣམས་སྒྲ་འཇུག་ཞུས་ཏེ་ཉིན་ལྟར་ཆགས་མེད་ད་ལྟ་བོད་ནང་དངོས་སུ་དཀའ་སྡུག་ཚད་མེད་མྱང་དང་མྱོང་བཞིན་པའི་བོད་མི་ཚོར་འདི་གའི་རླུང་འཕྲིན་ལས་རིམ་བརྒྱུད་གསན་ཐུབ་པའི་གོ་སྐབས་བསྐྲུན་རྒྱུ་ཡིན་པ་དེ་དོན་དགོངས་འཇགས་ཞུ།

བོད་ནང་ཐུགས་གསོའི་འཚམས་འཕྲིན་འབུལ་མཁན་རྣམ་པས་འདི་གའི་གཤམ་འཁོད་ཁ་པར་དང་གློག་འཕྲིན་ཁ་བྱང་ཐོག་འབྲེལ་བ་གནང་བསྐྱོང་ཡོང་བ་ཞུ་རྒྱུ་ཡིན། ཁ་པར་ཨང༌། +91-1892-222384 གློག་འཕྲིན་ཁ་བྱང༌། This e-mail address is being protected from spambots, you need JavaScript enabled to view it

གློག་འཕྲིན་ཁ་བྱང་བརྒྱུད་འབྱོར་བའི་དབྱིན་ཡིག་འཚམས་འཕྲིན་རྣམས་ང་ཚོས་བོད་བསྒྱུར་ཞུས་ཏེ་ཉིན་རེའི་ལས་རིམ་ནང་གང་ཐུབ་རྒྱང་བསྲིངས་ཞུ་ཐུབ་པ་ཞུ་རྒྱུ་དང༌། གལ་སྲིད་ང་ཚོར་དེ་ལྟའི་འཚམས་འཕྲིན་མང་པོ་འབྱོར་ཚེ། ང་ཚོས་དམིགས་ལས་རིམ་ཆེད་བཟོས་དང་འབྲེལ་རྒྱང་བསྲིངས་འཕར་མ་ཞུ་ཐུབ་པའི་འབད་བརྩོན་ཡང་ཞུ་རྒྱུ་ཡིན།

ད་ལྟའི་དམིགས་བསལ་ཁ་པར་བརྒྱུད་ང་ཚོར་འབྲེལ་བ་གནང་རྒྱུའི་ལེ་ཚན་འདི་ནི་དེ་རིང་རེས་གཟའ་ཟླ་བ་ཕྱི་ཟླ་ ༤ ཚེས་ ༡༩ ནས་འགོ་འཛུགས་ཞུ་རྒྱུ་དང༌། ཁ་པར་ལེན་རྒྱུའི་དུས་ཚོད་ནི་རྒྱ་གར་གྱི་ལས་ཁུངས་དུས་ཚོད་ཞོགས་པ་ཆུ་ཚོད་ ༩ ནས་ ༥ བར་ཡིན་པ་དེ་དོན་དགོངས་འཇགས་ཞུ།

གོང་གསལ་ཐུགས་གསོའི་འཚམས་འཕྲིན་དང༌། འདི་གའི་ལས་རིམ་ཡོངས་རྫོགས་རྣམ་པ་ཚོས་ང་ཚོའི་དྲ་རྒྱའི་བརྒྱུད་གསན་ཐུབ་ཀྱི་ཡོད་ན། དེ་དོན་ང་ཚོའི་དྲ་རྒྱའི་ཁ་བྱང་ www.vot.org ཐོག་ཐུགས་སྣང་དང༌། དམིགས་བསལ་ལེ་ཚན་འདིའི་ནང་མཉམ་བཞུགས་གང་མང་ཡོང་བའི་རེ་འདུན་ཞུ་བཞིན་ཡོད་པ་བཅས། ནོར་ཝེ་བོད་ཀྱི་རླུང་འཕྲིན་ལས་ཁང་ནས། ཕྱི་ལོ་༢༠༡༠ ཟླ་ ༤ ཚེས་ ༡༩ བཟང་པོར། ཕུལ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)

བཀའ་བློན་ཁྲི་པས་དབུ་མའི་ལམ་ལ་མང་མོས་རྒྱབ་སྐྱོར་ཡོད་སྐོར་མང་པོ་བཤད་ཀྱི་འདུག བོད་མི་མང་གིས་རྒྱབ་སྐྱོར་བྱེད་ཡ་ནི་སྔོན་མའི་དབུ་མའི་ལམ་ཕྱི་སྲིད་ཇུས་ནང་ནང་སྲིད་བོད་ཀྱིས་བཟུང་ལབ་ཡ་དེ་རེད། ད་ལྟ་དབུ་མའི་ལམ་ཞེས་འགྲེལ་བཤད་ག་ཚད་བརྒྱབ་རུང་རྒྱ་ནག་གུང་ཁྲན་གྱི་མི་སེར་བྱས་ནས་སྡོད་རྒྱུ་དེ་རེད། འདི་ལ་ནི་བོད་མི་མང་གི་རྒྱབ་སྐྱོར་ཡོད་མ་པ་མ་རེད། དྲང་བདེན་གྱི་འོས་ཤོག་བསྡུས་དང་ཤེས་ཀྱི་རེད།


 

ས་ཡོམ་གནོན་སྐྱོན་སྐབས་བྱུང་བའི་དངོས་ཀྱི་གནས་ཚུལ་གྱི་པར་མང་ཙམ་འབུལ་རྒྱུ་ ཡོད་ལགས།
འབྲེལ་གཏུག་བྱ་ཡུལ QQ125866071 ཁ་པར་ཨང་ 13897562512
ཧ་ཅང་ཡག་པོ་འདུག བཀའ་དྲིན་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།