དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཚོགས་པས་གལ་ཆེའི་གསལ་བསྒྲགས།

༄༅། །ཞྭ་སེར་བསྟན་པའི་གཙུག་ནོར་དགའ་ལྡན་ཁྲི་ཐོག་ ༡༠༢ ྋསྐྱབས་རྗེ་རི་རྫོང་རིན་པོ་ཆེ་དཔལ་བཟང་པོ་མཆོག ༠༩།༡༢།༢༩ སྔ་དྲོ་ཕྱག་ཚོད་ ༧ ཐོག་གྷ་ཡ་མེ་འཁོར་བབས་ཚུགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གཏན་འཁེལ་བར་གནས་མཆོག་རྡོ་རྗེ་གདན་མཆོད་རྟེན་དྲུང་ཆེ་མཆོག་དང༌། དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཚོགས་པ། དགེ་ལུགས་མ་དགོན། དགའ་ལྡན་འཕེལ་རྒྱས་གླིང་རྣམ་རྒྱལ་གྲྭ་ཚང༌། གདན་གསུམ་གྲྭ་ཚང་དྲུག་གི་ཕྱག་མཛོད་རྣམ་པ། བཀྲིས་ལྷུན་པོ། རྒྱུད་གྲྭ་སྟོད་སྨད། གསུང་ཆོས་ཀྱི་སྦྱིན་བདག་རྣམ་པ། ལ་དྭགས་མི་མང་ཐུན་མོང༌། ས་གནས་གཞོན་ནུ་དང༌། རྡོར་གདན་ཚོང་པའི་སྒྲིག་འཛུགས་སོགས་དད་ལྡན་སེར་སྐྱ་མི་མང་བཅས་ཕེབས་བསུར་བཅར་རྒྱུ།

༢༽ ཕྱག་ཚོད་ ༨ ཐོག་རྡོར་གདན་བོད་དགོན་དགའ་ལྡན་འཕེལ་རྒྱལ་གླིང་རྣམ་རྒྱལ་གྲྭ་ཚང་གཙུག་ལག་ཁང་མདུན་དུ་སེར་ཕྲེང་དང༌། སྤྱན་རྒྱ་སྤོས་སྣས་ཕེབས་བསུ་དང་འབྲེལ་འདུ་ཁང་གི་བཞུགས་ཁྲིར་ཞབས་སོར་འཁོད་དེ་དབུ་མཛད་ནས་ཞལ་འདོན་གནས་བཅུ་དབུ་འཛུག་གནང་རྒྱུ། གསོལ་ཇ་བཞེས་འབྲས་འདེགས་འབུལ་གྱིས་ཇ་མཆོད་སྒྲུབ་མཚམས་ཆོ་འཕྲུལ་སྨོན་ལམ་ཚོགས་པ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་འབྲེལ་སྐུ་མགྲོན་རྣམས་ནས་རིམ་བཞིན་མཇལ་བཅར་ཞུ་རྒྱུ།

༣༽ སྤྱན་རྒྱ་སྤོས་སྣས་མཆོད་རྟེན་རིན་པོ་ཆེའི་ནང་སྟོན་པ་བཀའ་དྲིན་ཅན་གྱི་དྲུང་དུ་གནས་གཟིགས་སྒྲུབ་མཚམས་མགྲོན་ཁང་དུ་ཞབས་སོར་འཁོད་རྒྱུ་བཅས་ཀྱི་མཛད་རིམ་སྙིང་བསྡུས་སུ། རྡོར་གདན་གསུང་ཆོས་སྦྱིན་བདག་དང༌། སྨོན་ལམ་ཚོགས་པ་ཐུན་མོང་ནས་ཕྱི་ལོ་༠༩ ཟླ་བ་༡༢ ཚེས་༢༠ བཟང་པོར་ཕུལ།། འབྲེལ་གཏུག་ཞུ་ཡུལ་ཞལ་བར་ཨང་གྲངས།   ༩༧༧༡༩༠༩༠༡༢

༄༅། །རྡོ་གདན་བོད་མགོན་དགའ་ལྡན་འཕེལ་རྒྱལ་གླིང་རྣམ་རྒྱལ་གྲྭ་ཚང་གི་དབུ་ལས་རྣམ་པའི་དྲུང་དུ།

ཆེད་ཞུ། འཇམ་མགོན་རྒྱལ་བའི་གདུང་ཚབ་དགའ་ལྡན་ཁྲི་ཐོག ༡༠༢། རི་རྫོང་རིན་པོ་ཆེ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་འཆིབས་བསྒྱུར་བསྐྱང་གཏན་འཁེལ་བའི་མཛད་རིམ་ཟུར་འབུལ་ལྟར་སྤྱན་རྒྱ་སྤོས་འཛིན་དབུ་གདུག་དང༌། གསོལ་ཇ་བཞེས་འབྲས་བཅས་འདི་ག་གྲྭ་ཚང་ནས་གྲ་སྒྲིག་སྐྱབས་འཇུག་ཡོང་བ་མཁྱེན།

 རྡོེ་གདན་གསུང་ཆོས་དང༌། སྨོན་ལམ་ཚོགས་པ་ཐུན་མོང་ནས་ཕྱི་ལོ་ ༠༩ ཟླ་བ་ ༡༢ ཚེས་ ༢༠ བཟང་པོར་ཕུལ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: