མདོ་སྟོད་སྤྱི་འཐུས་འོས་མི།

དགེ་བཤེས་སེར་སྨད་བློ་དགའ།
དམིགས་ཡུལ་དོན་ཚན་བཞི།

༡ བོད་ཀྱི་རྩ་དོན་ཐོག་རང་ཉིད་ཀྱི་ནུས་ཤུགས་འདོན་རྒྱུ་དང་དུས་ཚོད་གཏོང་རྒྱུ།
༢ བཅའ་ཁྲིམས་དགོངས་དོན་ལྟར་ཆོས་སྲིད་ཟུང་འབྲེལ་རྒྱུན་སྐྱོང་བྱ་ཐབས།
༣ མདོ་སྟོད་རྒྱ་ཆེ་མི་མང་ལ་བོད་ཀྱི་མང་གཙོའི་ཁེ་ཕན་གཙང་མ་ཡོང་ཐབས།
༤ བོད་ཀྱི་མང་གཙོ་དེ་ཁྲིམས་ལུགས་ལྟར་སྐུལ་འདེད་ནུས་པ་བྱ་རྒྱུ་བཅས་ཡིན།
                    

  དགེ་བཤེས་སེར་སྨད་བློ་དགའ་ཡི་ལོ་རྒྱུས་སྙིང་བསྡུས།
མདོ་ཁམས་ལི་ཐང་ཨོ་ཐོག་འབྲོག་སྡེ་རུ་སྐྱེས། མི་ལོ་བཅུ་བདུན་བར་ཨོ་ཐོག་དགོན་དུ་སློབ་སྦྱོང་བྱས། ༡༩༩༢ ལོར་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང༌། རྒྱ་གར་ལྷོ་ཕྱོགས་ཀྱི་སེར་སྨད་གྲྭ་ཚང་དུ་མི་ལོ་ ༢༢ ལྷག་གི་རིང་སློབ་གཉེར་བྱས།
        ༢༠༠༣  ནས་བཟུང་བརྒྱུད་ལམ་ཁག་ཏུ་སྔ་ཕྱིར་རྩོམ་ཡིག་དགུ་ཅུ་ལྷག་སྤེལ་ཡོད།
        ༢༠༠༤  ནས་སྡིངས་ཆ་འདྲ་མིན་མང་པོར་ཆོས་སྲིད་ཀྱི་གཏམ་བཤད་གོ་སྐབས་བླངས།
        ༢༠༠༧  ནས་བཟུང་མི་ལོ་དྲུག་མ་ཟིན་ཙམ་རིང་བོད་ཀྱི་རིག་གནས་དགེ་རྒན་བྱས།
        ༢༠༠༨  ལོར་བོད་གཞུང་མང་ཛ་དྲག་ཚོགས་པའི་ས་གནས་རྒྱུན་ལས་ཀྱི་འགན་ཁུར།
        ༢༠༠༩  ནས་རྒྱལ་ཡོངས་མང་གཙོ་ཚོགས་པའི་ས་གནས་འབྲེལ་མཐུད་པར་བདམས།
        ༢༠༡༠  མ་སུ་རི་བོད་ཁྱིམ་ནས་ཕྱིར་ཕུད་པའི་བོད་ཕྲུག་དགུའི་མི་ཚེའི་མདུན་ལམ་བཟོས།
        ༢༠༡༠  སྒྲིག་འཛུཌ་ཆེ་ཁག་གསུམ་ནས་ཆབ་སྲིད་སོཌ་ཀྱི་ཟབ་སྦྱོང་གི་ལག་ཁྱེར་བླངས།
        ༢༠༡༡  ལྷོ་ཕྱོགས་སྤེལ་ཀོབ་ས་གནས་མང་གཙོ་ཚོགས་པའི་ཚོགས་གཙོར་བསྐོས།
        ༢༠༡༡  ཝར་ཎར་དགེ་ལུཌ་སྨོན་ལམ་དང་གསུང་ཆོ་གོ་སྒྲིག་པའི་སྤྱི་ཁྱབ་དྲུང་ཡིག་བྱས།
        ༢༠༡༡  སེ་ར་ཐེག་ཆེན་གླིང་དུ་གཞུང་འབྲེལ་འོས་བསྡུ་འགན་འཛིན་གྱི་ལས་འགན་ཁྱེར།
        ༢༠༡༢  བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་དྲུང་ཆེ་རུ་བདམས།
        ༢༠༡༤  དགེ་བཤེས་ཀྱི་མིང་གནས་བླངས་པ་དང་རྡ་ས་སེར་སྨད་ཕྱག་མཛོད་དུ་བསྐོས།
        ད་ལྟ་མང་གཙོ་དྲ་ཚིཌ་ཀྱི་རྩོམ་སྒྲིག་པ་དང་གནམ་འོག་གསར་འགྱུར་གྱི་འགན་ལེན་པ་ཡིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།