བརྟན་བཞུགས་བསྟར་འབུལ་གསར་འགོད་གསལ་སྒྲགས།

 ༈ ལྷར་བཅས་སྲིད་ཞིའི་གཙུག་་ནོར་ྋགོང་ས་ལྷ་མིའི་རྣམས་འདྲེན་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐྱེས་འགྲོ་སྤྱི་དང་བྱེ་བྲག་བོད་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེས་དགོངས་ཟབ་མོ་ཐ་དག་ལྷུན་གྱི་འགྲུབ་པ་དང་དགུང་གྲངས་བརྒྱད་ཅུར་བཞེངས་པའི་བཀྲིན་རྗེས་དྲན་སླད་ལྷོ་ཁ་གཞིས་བྱེས་ཡོངས་དང་སྦེལ་ལྗམ་བོད་རིགས་ཚོགས་པ་རྡ་ས་བོད་མིའི་ཚོང་པ་བདེ་དོན་ཚོགས་པ་ལྷ་ས་རྫོང་ཁག་ཚོགས་པ་སོ་སོ་ནས་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་ྋསྙན་སེང་གྲོན་པར་༢༠༡༤ ཟླ་ ༡༠ ཚེས་༡༣ ཉིན་ཕྱིར་ཕེབས་ནང་ཇི་ལྟར་བདག་ཅག་ཚོགས་པ་ལྔ་སོ་སོ་ནས་གསོལ་འདེབས་ཞུས་པ་ལྟར། བོད་རྒྱལ་ལོ་༢༡༤༢ རབ་བྱུང་༡༧བོད་ཟླ་ ༡ཚེས་༡༤ ཕྱི་ལོ་༢༠༡༥ ཟླ་༣ ཚེས་༤ ལ་ཚོགས་པ་ལྔ་མཉམ་རུབ་ཐོག་བརྟན་བཞུགས་འདེགས་འབུལ་ཞུ་འཐུས་ཀྱི་བཀའ་ལན་སྐལ་བཟང་ཐོབ་པར་བརྟེན་ཚོགས་པ་ལྔ་ནང་ཁུལ་གོ་སྡུར་གནང་དོན་ལ་ལྷོ་ཁ་གཞིས་བྱེས་མི་མང་ཡོངས་ཀྱི་གོ་སྒྲིགས་ཚོགས་ཆུང་ནས་སྒྲུབ་གཞག་གི་ཆེད་རྡོ་རྗེ་སློབ་དཔོན་སྐྱབས་རྗེ་རྩེ་སྤྲུལ་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་རྣམ་གཉིས་ངབུ་བཞུགས་ཐོག་ཉིན་བདུན་རིང་སྒྲུབ་གཞག་གནང་རྒྱུ་དང༌། བརྟན་བཞུགས་དངོས་གཞི་ཉིན་སྔ་དྲོ་ཕྱག་ཚོད་༥ནས་༦བར་སྐུའི་ཚེ་སྒྲུབ་གནང་རྒྱུ་སྔ་དྲོ་ཕྱག་ཚོད་༨:༣༠ཐོག་ྋགོང་ས་མཆོག་ཕོ་བྲང་ནས་གདན་འདྲེན་སྐབས་ཕེབས་ལམ་གཡས་གཡོན་གཉིས་སུ་གནས་ཆུང་གྲ་ཚང་དགེ་འདུན་པ་རྣམས་ཀྱི་སེར་ཕྲེང་དང་གོང་དཀར་ཆོས་སྡེའི་་དགེ་འདུན་པ་རྣམས་ཀྱི་རྔ་འཆམ་བླ་ཆེན་རྣམ་པ་དང་ཚོགས་པ་ལྔའི་སྐུ་ཚབ་བཅས་ནས་སྤོས་སྣེ་དང་སྨིན་གླིང་དགེ་འདུན་རྣམས་ནས་སྤྱན་རྒྱ་སྤོས་འཛིན་ལྷོ་ཁའི་ལུང་ཚན་གྱི་གླུ་གར་མཆོད་པ་ཕུལ་སྟེ་གཙུག་ལག་ཁང་དུ་གདན་འདྲེང་ཞུས་ཏེ་བཞུགས་ཁྲི་རིན་པོ་ཆེར་ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་དབུ་བཞུགས་ྋསྐྱབས་རྗེ་ཙེ་སྤྲུལ་རིན་པོ་ཆེ་དང་མཁོ་ཁྱིམ་རིན་པོ་ཆེ་བཅས་ནས་མཇལ་དར་རྐྱང་འབུལ་གནང་རྒྱུ་དང་ཆབས་ཅིག་བརྟན་བཞུགས་ཆོ་ག་དབུ་འཛུག་ཞུ་རྒྱུ་ བརྟན་བཞུགས་དངོས་གཞི་སྐབས་སྐུ་མགྲོན་དུ་ཁྲིམས་ཞིབ་པ་ཆེ་བ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་བོད་མིོའི་སྒྲིགས་འཛུགས་མཛད་གཙོ་བོ་རྣམ་པ་དང༌།  སྤྱི་འཐུས། བཀའ་ཟུར། སྤྱི་ཟུར། ཟུར་སྐྱོང་སྡེ་ཚན་ཁག་གི་འགན་འཛིན་བཅས་ལ་མགྲོན་འབོད་གནང་རྒྱུ་དང་བོད་ཟླ་༡ ཚེས་ ༡༤ ཉིན་སྐུ་མགྲོན་རྣམས་དང་མི་མང་ཡོངས་ལ་ཉིན་ཁྱོང་གསོལ་ཇ་བཞེས་བག་གསོལ་ཇ་འབྲས་བསིལ་ ཉིན་གུང་ཞལ་ལག་འབུལ་རྒྱུ་དང་ལུང་ཚན་ཁག་གི་གཞས་སྣ་གཟིགས་འབུལ་བཅས་ཀྱི་གསར་འགོད་གསལ་སྒྲགས་སུ་ཚོགས་པ་ལྔའི་བརྟན་བཞུགས་གོ་སྒྲིགས་ཚོགས་ཆུང་ནས་༢༠༡༥ ཟླ་ ༣ ཚེས་༢ ལ། ཞེས་བཀོད་གནང་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།