ས་མིག་གསལ་བསྒྲགས།

༄༅། །བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་མན་སྤར། ཀོ་ལེ་གྷལ།  ཧོན་སུར་སྨན་ཁང་དུ་ཁྲག་ལུད་དང་གློག་དཔར་བརྟག་དཔྱད་མཁན་གཅིག་ལྕོགས་ཀྱི་ས་མིག་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞུགས་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཚང་ཐོག་འཚང་སྙན་འབུལ་དགོས། དགོས་མཁོའི་ཆ་རྐྱེན་ཁག
༡། ཁྲག་ལུད་གློག་དཔར་བརྟག་དཔྱད་མཁན་ B. Sc. or Diploma in Laboratory cum X-ray Technician ཐོན་པའི་ལག་འཁྱེར་ཐོག་ལོ་གཅིག་ཉམས་མྱོང་ཡོད་པ།
༢། དང་བླངས་དཔྱ་དངུལ་ ༢༠༡༤ བར་གཙང་ཕུལ་ཞུས་པའི་ལག་དེབ་ཀྱི་ངོ་བཤུས།
༣། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་འདྲ་པར་ཅན། མཐའ་མ་བཅས་ཀྱི་ངོ་བཤུས།
༤། སྨན་པ་ཚད་ལྡན་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མ།
༥། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།
༦། ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་ཆ་མེད་པའི་ངོས་སྦྱོར།
༧། ལས་མྱོང་ངོས་སྦྱོར།
གོང་གསལ་ཡིག་ཆ་དང་སྙན་ཞུ་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༦ ཕྱི་དྲོ་ཆུ་ཚོད་ ༥ གོང་གཤམ་གསལ་ཁ་བྱང་ཐོག་འབུལ་དགོས། དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང༌། གློག་འཕྲིན་ Email ID  མྱུར་འཕྲིན་ Fax དེ་བཞིན་ཁ་པར་ཨང་གྲངས་སོགས་འཚང་སྙན་ནང་ཁ་གསལ་བཀོད་དགོས།
གོང་གསལ་ཡིག་ཆའི་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ཞིག་གི་དག་མཆན་དང་ལས་དམ་ངེས་པར་འཁོད་དགོས། ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་བཅར་སྐབས་མིག་སྟོན་དགོས།
ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་ཐག་གཅོད་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༥ ལ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།