གསུང་ཆོས་གསལ་བསྒྲགས།

༢༠༡༤།༡༡།༢༠ཉིན་སྤེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོག་པོའི་དད་ལྡན་ཆོས་ཞུ་བ་ཁག་ ཅིག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢ ནས་ ༥ བར་ཉིན་བཞིའི་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུང་ཆོས་བཀའ་དྲིན་སྩལ་ རྒྱུ་ཐུགས་གཏན་འཁེལ་ཡོད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོག་པོའི་དད་ལྡན་ཆོས་ཞུ་བ་ཁག་ཅིག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢ ནས་ ༥ བར་ཉིན་བཞིའི་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཐུགས་གཏན་འཁེལ་པ་དང་། ཆོས་ཞུ་བའི་ཕྱག་འཁྱེར་རྣམ་ཀུན་བཞིན་བཞེས་དགོས། ཆོས་ཞུ་བའི་ཕྱག་འཁྱེར་ ༢༠༡༤ ཟླ་ ༡༡ ཚེས་ ༢༤ ཉིན་ནས་འབུལ་རྒྱུ་ཡིན། བཞུགས་སྒར་ཁུལ་གཏན་སྡོད་སེར་སྐྱ་རྣམས་ཀྱི་ལོ་གཅིག་གི་ཕྱག་འཁྱེར་ཐོག་ཐེལ་ཙེ་ དང་། ཕྱག་འཁྱེར་གསར་བཟོ་བཅས་སྔོན་ཚུད་ནས་གསུང་ཆོས་དབུ་འཛུགས་མ་གནང་གོང་ཞུ་ཐུབ་པའི་འབད་བརྩོན་གནང་ཐབས་ཡོང་བ་ཞུ་རྒྱུ་ཡིན། གསུང་ཆོས་རིང་གཙུག་ལག་ཁང་དུ་ཕྱི་རྒྱལ་བ་དང་ཕྱོགས་མཐའ་ནས་ཕེབས་པའི་མི་མང་ཁེ་གཙང་ལ་ཕྱག་འཁྱེར་འབུལ་རྒྱུ་ཡིན་ན་དེ་ལུགས་དགོངས་འཇགས་དང།

གསུང་ཆོས་རིང་ཆོས་ཞུ་བའི་ཕྱག་འཁྱེར་མེད་ཚེ་གསུང་རའི་ནང་རྩ་བ་ནས་གཏོང་རྒྱུ་མིན་ན། དད་ལྡན་ཆོས་ཞུ་བ་ཡོངས་ཀྱིས་སྔོན་ཚུད་ནས་ཕྱེད་དཔར་གཅིག་དང་ངོ་སྤྲོད་ལག་འཁྱེར་མཉམ་འཁྱེར་གྱིས་ཆོས་ཞུ་བའི་ཕྱག་ཁྱེར་ཞུ་བར་ཕེབས་དགོས་། གསུང་ཆོས་ཞུ་བར་ཕེབས་སྐབས་དད་ལྡན་ཆོས་ཞུ་བ་ཡོངས་ཀྱིས་ན་བཟའ་ཚུལ་མཐུན་བཞེས་རྒྱུ་དང་། ཕྱག་དཔེ་དང་མཆོད་ཞལ། བཞུགས་གདན་འཁྱེར་ཆོག་ཀྱང་། གསུང་ཆོས་རིང་དགོས་མེད་ཀྱི་ལག་ཐོག་ཁ་པར་དང་པར་ཆས་སོགས་གློག་ཆས་རིགས་དང་། གྲི  རྩག་སྒྲ་སོགས་མཚོན་ཆའི་རིགས་བསྣམས་མི་ཆོག་པས་སྐབས་མཚམས་དོ་བདག་དང་འབྲེལ་ལས་བཅས་ཚང་མར་དཀའ་ངལ་མི་བྱུང་ཆེད་སྔོན་ཚུད་ནས་ཐུགས་སྣང་དང་འབྲེལ་ཕྱར་གྲུ་མཉམ་འདེགས་གནང་གལ། དེ་བཞིན་རྣམ་ཀུན་ལྟར་དོལ་རྒྱལ་བསྟེན་གསོལ་བྱ་མིའི་རིགས་གསུང་ཆོས་ལ་བཅར་མི་ཆོག་པ་བཅས་དེ་དོན་ཚང་མས་དགོངས་འཇགས་ཡོང་བའི་བརྡ་ཐོར། བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་༢༠༡༤ ཟླ་ ༡༡ ཚེས་ ༢༠ ལ།

ཕྱག་འཁྱེར་འབུལ་ཡུལ།  མེག་གྷན་བདེ་སྲུང་ཡན་ལག་ལས་ཁུངས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།