ངོ་དེབ་མིང་རྫུན་བཟོས་ཀྱིས་ཁྲིམས་མེད་ལུང་མེད་བྱས།

ལྷག་བསམ་གྱི་གསར་འགོད་པ་རྣམ་པ། ཚང་མས་ཤེས་གསལ་ལྟར་དེང་སང་ངོ་དེབ་དང་སྐད་འཕྲིན་སོགས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ལ་མིང་དང་འདྲ་པར་རྫུན་མ་སྤྱད་དེ་རང་རའི་སྤྱི་ཚོགས་ནང་གི་མི་སྒེར་དང་ཚོགས་པ་ཁག་ལ་གཞི་མེད་ཀྱིས་སྐྱོན་འཛུགས་བྱེད་མཁན་མང་པོ་ཡོད་པའི་ཚོད་རེད། ངོ་དོབ་ནང་དུ་མི་ཞིག་གིས་མིང་དང་འདྲ་པར་རྫུན་མ་བཀོལ་ཏེ་གཡོ་སྒྱུ་ཁྲམ་གསུམ་གིས་རྫུན་གཏམ་དང་རྫུན་པར་སྣ་ཚོགས་པ་སྤེལ་ཏེ་བོད་པའི་ནང་ཁུལ་དུ་དཀྲུག་ཤིང་སློང་ཅི་ཐུབ་བྱས་པ་དང༌།ྭཁྲིམས་མེད་ལུགས་མེད་བྷེ་ལྗིམ་Belgiumལ་ཡོད་པའི་བོད་པའི་འཕྲོད་བསྟེན་གྱི་ཕུར་མཉེ་ཁང་Tibetan Health Centerཞིག་ལའང་སྔ་ཕྱི་ཐེངས་གཉིས་ལ་སྨན་ཚོང་གི་ལས་ཀ་བྱེད་ཀྱིན་ཡོད་རབས་ཀྱིས་གཞི་མེད་ཉེས་འཛུགས་བྱས་པའི་མི་ངན་དེ་ཟླ་11པའི་ ཚེས་5 ཉིན་ལ་རྩད་ཆོད་ཐུབ་ཡོད་འདུག།  

མིང                  ཆོས་དབྱིངས་གྲགས་པ།
ཕ་ཡུལ                ཁམས་ཏྲེ་ཧོར།
སློབ་གྲྭ                གོ་པ་པུ་བོད་ཁྱིམ་སློབ་གྲྭའི་སློབ་ཟུར༌།
སྡོད་གནས           Iselles, Brussels, Belguim
གློག་འཕྲིན           This e-mail address is being protected from spambots, you need JavaScript enabled to view it
ངོ་དེབ་ཀྱི་མིང་རྫུན        བཀྲ་ཤིས་བདེ་ལེགས།  ཞོགས་པའི་ཉི་འོད།
                     མཁས་པའི་འོད་ཟེར།     ང་རང་སྨྱོན་པ།

ཉིན་དེར་ཉེས་འཛུགས་བྱེད་ཡུལ་དང་ཉེས་འཛུགས་བྱེད་མཁན་གཉིས་མཉམ་དུ་འཛོམས་ཏེ་ཞི་བའི་སྒོ་ནས་སྐད་ཆ་བཤད་རེས་ནག་མེད་ཉེས་འཛུགས་བྱེད་མཁན་གིས་ནོར་འཁྲུལ་ངོས་ལེན་གཙང་མ་ཞུས་པའི་ཞུ་ཡིག་རྒྱ་ཆེ་མི་མང་ལ་འབུལ་བ།ྭ ༼ངོ་དེབ་Facebookམིང་རྫུན་ལ་བཀྲ་ཤིས་བདེ་ལེགས།ྭཞོགས་པོའི་ཉི་འོད།ྭ ང་རང་སྨྱོན་པ།ྭ ང་མཁས་པའི་འོད་ཟེར་ལ་སོགས་པ་བཅས་མིང་རྫུན་མ་ཁུར་ནས་འགོ་བཀའ་ཁྲི་དང༌།ྭཀརྨ་པ་རིན་པོ་ཆེ།ྭབོད་ཀྱི་གཞོན་ནུ་ཚོགས་པ།ྭབུད་མེད་ཚོགས་པ།ྭམ་ཚད། ྭགླུ་བ་བློ་བཟང་བདེ་ལེགས་དང་བསྟན་འཛིན་ཀུན་གསལ་བཅས།

མདོར་ན། བོད་པའི་སྤྱི་ཚོགས་ནང་འདབས་དཀྲུག་ཕུགས་དཀྲུག་མ་བཟོས་བའི་སྣ་མེད། ལྷག་པར་བྷེ་ཇིམ་གནས་སྡོད་དཀར་མཛེས་ཚེ་བརྟན་བཀྲ་ཤིས་ཀི་ཚོང་ཁང་ལ་མིང་འཇེད་སྔ་ཕི་གཉིས་བྱས་པར་ནོར་འཁྲུལ་ངོས་ལེན་དང་མ་འོངས་པར་བོད་པའི་སྤྱི་ཚོགས་ནང་དེ་རིགས་མི་ཡོང་པའི་མཁས་ལེན་དམ་བཅའ་གཙང་འབུལ་བཅས་གུས་པ་དངོས་མིང་པ་ཆོས་དབྱངས་གྲགས་པས་སྤྱི་ལོ་2014ཟླ་11པའི་ཚེས་5གུས་ཕྱག་དང་ཕུལ།

དེ་སྔར་སྤྱི་ལོ་2014 ཟླ་6 ཚེས 22 ཉིན། མི་འདིས་ངོ་དེབ་ཀྱི་མིང་རྫུན་ “བཀྲ་ཤིས་བདེ་ལེགས” ཟེར་བ་བེད་སྤྱད་ཀྱིས་བྷེ་ལྗིམBelgiumལ་ཡོད་པའི་ཁམས་ཏེ་ཧོར་དཀར་མཛེས་བ་ཚེ་བརྟན་བཀྲ་ཤིས་ལགས་ཀྱི་འཕྲོད་བསེན་གི་ཕུར་མཉེ་ཁང Tibetan Health Center ཞིག་གི་ནང་དུ་ལས་བྱེད་རྣམས་བོད་པའི་བུ་མོ་ཡིན་པ་དང་སྒོར་མོའི་ཆེད་དུ་སྨད་འཚོང་གི་ལས་ཀ་བྱེད་ཀིན་ཡོད་རབས་ཀྱིས་རང་སྣང་གང་དྲན་གིས་འདྲ་པར་རྫུན་སྒྲིག་བྱས་ཏེ་ནག་མེད་ཉེས་ལ་འཛུགས་ཆེན་པོ་བྱས་པ་དང༌།ྭ ཉེས་འཛུགས་བྱེད་ཡུལ་གིས་དེ་མ་ཐག་མི་ངན་དེ་སུ་ཡིན་མིན་ལ་རྩད་བཅད་པས་ཕ་ཡུལ་གཅིག་པའི་ཆོས་དབྱིངས་གྲགས་པ་ཁོ་རང་ཡིན་པར་ར་འཕྲོད་གསལ་བོར་བྱུང་ཡང།ྭ གཅིག་ནས་བོད་རིགས་ཀི་སྤུན་ཟླ་ནང་ཁུལ་མཐུན་སྒྲིལ་དང་བསམ་ཤེས་དགོས་གལ་ཆེ་བ་དང༌།ྭ གཉིས་ནས་ཡུལ་ཕྱོགས་གཅིག་པའི་མི་ཡིན་པས་ས་མཐའ་ནས་ངོ་ཚ་རུ་འཇུག་ན་མི་ལེགས་སོ་དགོངས་ནས་བཟོད་སྒོམ་བྱས། འོན་ཏེ།ྭ མི་ངན་གིས་དྲིན་ལན་ལ་དྲིན་ལོག་ཟེར་བ་ལྟར་སྤྱི་ཟླ་10བའི་ནང༌།ྭ ངྟོ་དེབ་ཀི་མིང་ལ་“མཁས་པའི་འོད་ཟེར་བར་བསྒྱུར་ནས་ཡང་བསྐྱར་ཁམས་ཏྲེ་ཧོར་དཀར་མཛེས་བ་ཚེ་བརྟན་བཀྲ་ཤིས་ལགས་ཀྱི་བོད་པའི་འཕྲོད་བསྟེན་གི་ཕུར་མཉེ་ཁང་ Tibetan Health Center དེ་ལ་སྨད་འཚོང་གི་བྱ་བ་གཉེར་བཞིན་ཡོད་རབས་ཀི་རྫུན་མཐར་མེད་པར་རྐྱལ་བས་མ་ཟད།ྭ བཙན་བྱོལ་གྱི་སྤྱི་ཚོགས་ནང་དུའང་སྣོག་རྫུན་འཕྲུལ་གསུམ་གིས་ཁོང་གི་དབུ་ཁྲིད་དང་མི་མང་དཀིལ་མ་ཚུན་ཆད་ལ་རྫུན་གཏམ་དང་རྫུན་པར་སེལ་ནས་གཞི་མེད་ཀི་སྙད་བཙུགས་པ་གྲངས་ཀྱིས་མི་ལྟོང་བར་གཟོད་ཐབས་བྲལ་བས་མི་ངན་ཁོའི་ནང་མི་བཙལ་དུ་ཕྱིན་ཡང༌། ཁོའི་་ཕ་མ་གཉིས་ཀྱིས་མིག་རྩར་མཆི་མ་འཁོར་བཞིན་“བུས་རང་འགུལ་གྱིས་ཁྱིམ་གཡུགས་ནས་ཐོན་ཟིན་པ་མ་ཟད། ད་སྐབས་ཕ་མ་གཉིས་དང་འབྲེལ་བྱེད་ཀྱིན་ཡོད་མ་རེད་ཟེར།”

བོད་པའི་སྤྱི་ཚོགས་སུ་མི་འདིས་སྔ་ཕྱི་བར་གསུམ་དུ་མ་ཉེས་ཁ་གཡོགས་བྱས་མྱོང་བར་༧རྒྱལ་བ་ཀརྨ་པ་རྣམ་པ་གཉིས་དང༌།  ༧ས་སྐྱ་གོང་མ་རིན་པོ་ཆེ།  ༧རྫོང་ས་མཁྱེན་བརྩེ་རིན་པོ་ཆེ་སོགས་ས་དགེ་བཀའ་རྙིང་གི་བླ་སྤྲུ་དགེ་བཤེས་རྣམ་པ། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་དང༌།  མཁས་དབང་བློ་བཟང་སེང་གེ སྤྱི་མཐུས་ཚོགས་གཙོ་སྤེལ་པ་ཚེ་རིང༌། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ།  རྩོམ་པ་པོ་ཟླ་བ་ནོར་བུ།  རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་སོགས་བོད་པའི་འཐབ་རྩོད་ཀྱི་དབུ་ཁྲིད་རྣམ་པ། གཞས་པ་བློ་བཟང་བདེ་ལེགས་དང༌།  བསྟན་འཛིན་ཀུན་གསལ་གཙོས་གཞས་པ་དང་གཞས་མ་རྣམ་པ། ད་དུང༌།  གཞོན་ནུ་ལྷན་ཚོགས་དང༌།  བུད་མེད་ལྷན་ཚོགས་བཅས་ཚང་མ་ལ་གཞི་མེད་ཀྱིས་ནག་མེད་ཉེས་འགེལ་བྱས་པ་དང༌།  འདྲ་པར་རྫུན་སྒྲིག་བྱས་ཏེ་རྫུན་གཏམ་སྣ་ཚོགས་པ་སྤེལ་མྱོང་བ་མ་ཟད། བྷེ་ལྗེམ་ལ་ཡོད་བའི་བོད་བའི་ཚོང་ཁང་དང་བོད་པའི་བུད་མེད་རྣམས་ལ་སྨད་ཚོང་གྱི་ལས་ཀ་བྱེད་ཀྱིན་ཡོད་རབས་ཀྱིས་བསམ་ཡུལ་ལས་འདས་པའི་མ་ཉེས་ཁ་གཡོགས་བྱས་སོ།

(གནས་ཚུལ་འདི་དུགསར་འགྱུར་བརྒྱུད་ལམ་ཁགལ་འཁོར་སྤྲོད་ཆོག་པ་ནི་བྷེ་ལྗིམ་དོན་གཅོད་ཁང་དང་བྷེ་ལྗིམ་ཏྲེ་ཧོར་སྤྱི་སྡུག་བཅས་ནས་ཆོག་མཆན་ཐོབ་སོང་བ་ཞིག་ཡིན།)


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།