བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ་འགྲེམ་ཚོང་གསལ་བསྒྲགས།

༄༅།  །བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ་འགྲེམ་ཚོང་གསལ་བསྒྲགས། བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༩ ཚེས་ ༢ ཉིན་<<བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ་>> ཞེས་པའི་དེབ་ཕྲེང་གཉིས་དབུ་འབྱེད་དང་འབྲེལ་འདོན་སྤེལ་གནང་བའི་ནང། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ "རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན།" ཞེས་ཇི་སྐད་གསུངས་པ་ལྟར།  མགོན་པོ་གང་ཉིད་ཀྱིས་བོད་མིའི་ཆབ་སྲིད་ཀྱི་ལམ་ལུགས་ཡང་དག་པའི་མང་གཙོའི་ལམ་བཟང་ཐོག་ཇི་ལྟརབཀྲི་གནང་མཛད་ཚུལ་དང།  བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་བཅས་གང་ཟག་བྱེ་བྲག་པ་ཞིག་གི་འདོད་ཕྱོགས་ལྟ་བུ་མིན་པ་ཁུངས་ལྡན་ཡིག་ཆ་ཁག་གཞི་རྩར་བཞག་སྟེ། ཕྱོགས་བསྡོམས་སམ་རྩོམ་སྒྲིག་གནང་བ་ཡིན།
དེར་བརྟེན་ལོ་རྒྱུས་ཀྱི་གཞི་འཛིན་ས་ཞིག་ཆགས་ཡོད་པས་ཐུགས་སྣང་ཅན་སྤུས་གཟིགས་གནང་འདོད་ཡོད་རིགས་ལ།  དེབ་ཕྲེང་ ༢ ལ་ཁྱོན་བསྡོམས་ཧིན་སྒོར་ ༢༥༠།༠༠ ཐམ་པར་སྤུས་ཚོང་ཞུ་རྒྱུ་ཡོད་པ་དང། སློབ་ཕྲུག་རྣམས་ལ་ད་དུང་བརྒྱ་ཆ་ ༣༠ ཐམ་པ་ཆག་ཡང་གིས་སྤུས་ཚོང་ཞུ་རྒྱུ་ཡོད་པས།  གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་གནང་རོགས་ཞུ།

བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༥ ལ་ཕུལ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།