ལ་དྭགས་ཀླུ་འཁྱིལ་དགོན་གྱི་ཆོས་བརྡ་གསལ་བསྒྲགས།

ཕྱི་ཚེས་ ༣༠ ཉིན་༸གོང་ས་མཆོག་དབུ་བཞུགས་ཐོག་ཆོས་ལུགས་རིས་མེད་ཀྱི་མཁས་དབང་འདུ་འཛོམས་ཀྱིས་ཕར་ཕྱིན་མཁས་པའི་བགྲོ་གླེང་གནང་རྒྱུ། མངའ་རིས་ཚང་དགོན་སྡེ་ཤེས་རིག་འཛིན་སྐྱོང་ལྷན་ཚོགས་ཀྱི་གོ་སྒྲིག་ཐོག་མངའ་རིས་བ་དགེ་བཤེས་དང་། བཀའ་ཆེན། སྔགས་རམས་པ། བསྐྱེད་རམས་པ་རྣམས་ལ་མཚུངས་མེད་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་ཕྱག་འཁྱེར་སྩལ་རྒྱུ་དང་། ཕྱི་ཚེས་ ༡ ཉིན་༸གོང་ས་མཆོག་གིས་སེར་སྐྱ་མང་ཚོགས་ལ་ཤེས་རབ་སྙིང་པོའི་ཆོས་འབྲེལ་དང་མངའ་རིས་ཚང་དགོན་ཁག་བདུན་གྱི་དགེ་འདུན་འདུས་དམངས་དང་སེར་སྐྱ་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་སྟབས་བདེ་ཞིག་འདེགས་འབུལ་ཞུ་རྒྱུ་གཏན་འཁེལ་བ་ལགས་ན་ཆོས་ལུགས་རིས་མེད་ཀྱི་སློབ་གཉེར་བ་དགེ་འདུན་ཞལ་གྲངས་ ༡༠ རེ་ལས་མི་ཉུང་བ་ཞིག་དབྱར་ཆོས་ཆེན་མོ་དེའི་སློབ་གཉེར་ལ་ཕེབས་འཐུས་དང་། སྐབས་དེར་བཞུགས་ཡུལ་དང་ཞལ་ལག་སོགས་དགོན་པས་གོ་སྒྲིག་འཐུས་གཙང་ཞུས་ཏེ་དགོན་པ་ཕན་ཚུན་འབྲེལ་ལམ་གོང་འཕེལ་ཡོང་སླད་དང་ཕར་ཕྱིན་གྱི་གཞུང་ལ་སྒྲོ་འདོགས་ཉམས་ལེན་ལ་དམིགས་ཏེ་གོ་སྒྲིག་ཞུ་བཞིན་པ་ལགས་ན་གོང་གསལ་ལྟར་དུས་ཐོག་ཏུ་ཕེབས་ལམ་ཡོང་བ་ཞུ་རྒྱུ་ཡིན་པས་ལ་དྭགས་ཀླུ་འཁྱིལ་དགོན་དགའ་ལྡན་དར་རྒྱས་གླིང་ཡིག་ཚང་ལ་གཤམ་གསལ་ཁ་པར་ཨང་གྲངས་ཐོག་འབྲེལ་ལམ་ཡོང་བ་ཞུ།

ལ་དྭགས་ཀླུ་འཁྱིལ་དགོན་དགའ་ལྡན་དར་རྒྱས་གླིང་ཡིག་ཚང་ནས།

ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༣༠ ལ།

ཁ་པར་ཨང་གྲངས་། Phone No 01982:227238 Moble No 09419176739

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།