ཆུ་སྒང་དབུས་འོས་བསྡུ་ཚོགས་ཆུང་གི་གསལ་བསྒྲགས།

༢༠༡༤ལོའི་ཟླ་༡ཚེས་༢༩ཉིན་སྤེལ། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དབུས་རྒྱུན་སྔོན་འགྲོའི་འོས་འདེམས་ཀྱི་དུས་ཚོད་གཏན་འཁེལ་བྱས་ཡོད་པའི་སྐོར་གསལ་བསྒྲགས་ཤིག་སྤེལ་འདུག

དེ་ཡང་གསལ་བསྒྲགས་སུ་འགྲེལ་དོན། ༼༄༅། །རྒྱལ་གཅེས་མདོ་སྟོད་སེར་སྐྱ་མི་མང་ཡོངས་ཀྱི་སྙན་ལམ་དུ་ཆེད་གསོལ། ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༥ རེས་གཟའ་སྤེན་པ་ཉིན་བཙན་བྱོལ་བོད་མི་གནས་ཡུལ་ས་གནས་ཡོངས་སུ་སྐབས་ ༢༠ པའི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་སྔོན་འགྲོའི་འོས་འདེམས་ཀྱི་དུས་ཚོད་གཏན་འཁེལ་བྱས་ཡོད་པ་ལགས་ན། ས་གནས་འོས་བསྡུ་ཚོགས་ཆུང་སོ་སོས་གོ་སྒྲིག་འོག་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་སྒྲིག་གཞིའི་དགོངས་དོན་འགལ་མེད་ཐོག་མདོ་སྟོད་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་ནས་མ་གོ་མ་ཐོས་མེད་པར་མང་གཙོའི་ཁེ་དབང་ངེས་པར་དུ་ལོངས་སྤྱོད་ཐུབ་པ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སུ། མདོ་ཁམས་ཆུ་སྒང་དབུས་འོས་བསྡུ་ཚོགས་ཆུང་སྐབས་༥པས་༢༠༡༤ཟླ་༡ཚེས་༢༩ལ།༽ ཞེས་བཀོད་གནང་འདུག
འབྲེལ་མཐུད་གནང་ཡུལ།

91-9816272440 This e-mail address is being protected from spambots, you need JavaScript enabled to view it


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་ཉེ་ཤུ་པའི་དབུས་རྒྱུན་དེ་བོད་པའི་སྤྱི་ཚོགས་ནང་ལ་མིང་ཅན་ངེན་པ་ཡོད་པ་མ་ཡིན་པ་དང་ལྷག་པར་དུ་རྒྱ་མར་དང་ལགས་སྤྲེལ་ཡོག་རིགས་སོགས་དུས་ནམས་ཡང་འོས་མ་བླུག་རོགས་ཞེས་ཞུ་གི་ཡོད་ད་ལྟའི་དུས་ཚོད་ཛ་དྲག་འདིལ་་ཆུ་སྒང་གི་ལངས་ཕྱོག་གཏོར་ཤིག་མ་ཐེབས་པ་ཞིག་ངེས་པར་དུ་སེམས་ལ་བཅང་དགོས།།



བརྗོད་གཞི་གཞན་ཁག་ལ་གཟིགས།