མང་གཙོ་ཚོགས་པའི་གསལ་བསྒྲགས།

༢༠༡༣ལོའི་ཟླ་༩ཚེས་༡༩ཉིན། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང༌། དེའི་ནང་བོད་དོན་དང་འབྲེལ་བའི་ལས་འགུལ་འགའ་སྤེལ་རྒྱུ་ཡིན་ལུགས་གསལ་འདུག དེ་ཡང་གསལ་བསྒྲགས་སུ། ༼ཤེས་གསལ་ལྟར། རྒྱ་ནག་གཞུང་གིས་དྲང་བདེན་གྱི་ཁྲིམས་ལུགས་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་རྩིས་མེད་བཏང་སྟེ། གྲྭ་བློ་བཟང་དཀོན་མཆོག་དང་སྒྲོལ་མ་སྐྱབས་གཉིས་རང་ལུས་མེར་སྲེག་དང་འབྲེལ་བ་ཡོད་པར་བསྙད་ནས་སྲོག་ཐོག་གཏོང་རྒྱུའི་ཡོངས་གྲགས་སུ་ཁྱབ་བསྒྲགས་བྱས་ཟིན་པས།

འདི་ག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་མཉམ་འབྲེལ་གྱི་སྒོ་ནས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁག དེ་བཞིན་རང་དབང་དང་ཞི་
བདེ་ལ་དགའ་བའི་རྒྱལ་སྤྱིའི་གནད་ཡོད་མི་སྣ་ཁག་ལ་མཚན་རྟགས་བསྡུ་རུབ་ཀྱིས་བློ་བཟང་དཀོན་མཆོག་དང་སྒྲོལ་མ་སྐྱབས་གཉིས་ཀྱིས་མཚོན་པའི་ཉེས་མེད་གཞིས་བཞུགས་བོད་མི་རྣམས་ཀྱི་ཚེ་སྲོག་མྱུར་དུ་སྐྱོབ་ཐབས་སུ།  

འབོད་སྐུལ་གསུམ་ཡོད་པ་ནི།

༡༽ གྲྭ་བློ་བཟང་དཀོན་མཆོག་དང་སྒྲོལ་མ་སྐྱབས་གཉིས་ཀྱི་ཚེ་སྲོག་མྱུར་དུ་སྐྱོབ་དགོས།

༢༽རང་ལུས་མེར་སྲེག་གི་ཞི་རྒོལ་ལ་རྒྱ་གཞུང་གིས་དྲང་བདེན་གྱི་ལམ་ནས་བསྐྱར་ཞིབ་བྱེད་དགོས།

༣༽ ྋཔཎ་ཆེན་ཆུང་སྲིད་རིན་པོ་ཆེས་གཙོས་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས།

ཕྱི་ལོ་༢༠༡༣།༠༩།༢༡གཟའ་སྤེན་པའི་ཉིན་གྱི་ཕྱི་དྲོའི་དུས་ཚོད་༥།༤༠ཐོག 《ཚེ་སྲོག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་འབོད་པ།》ཞེས་པའི་དགོང་ཚོགས་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་དུ་སྤེལ་རྒྱུ་ལགས་ན། དེ་ལུགས་བཞིན་དུས་ཐོག་ཏུ་སྐུ་ཉིད་ཕེབས་སྐྱོང་ཡོང་བའི་རེ་འདུན་ནན་གྱིས་ཞུ། སྐུ་མགྲོན་གཙོ་བོ་གསུམ་གྱི་གསུང་བཤད་དང༌། གཞས་པ་བརྒྱད་ཀྱི་གླུ་གཞས་གཏོང་རྒྱུ། སྙན་ངག་པ་གསུམ་གྱི་སྙན་ངག་གྱེར་འདོན་བྱ་རྒྱུ། ཞེས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུས་ས་གཉིས་ཀྱིས་ཕྱི་ལོ་༢༠༡༣།༠༩།༡༧ཉིན་ཕུལ།

ཚོགས་ཡུལ། བོད་ཀྱི་ཟློས་གར་ཁང༌། ཚོགས་དུས། ༢༠༡༣།༠༩།༢༡།གཟའ་སྤེན་པའི་དགོང་མོའི་དུས་ཚོད་༦ཐོག ༽ ཅེས་གསལ་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།