གལ་ཆེའི་ཆོས་བརྡ་གསལ་བསྒྲགས།

༄༅།། ལྷག་བསམ་མཚུངས་མེད་གསར་འགོད་པ་རྣམ་པའི་དྲུང་དུ། ཞུ་གསོལ་ནི། ཉེ་ལམ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བསྟན་སྲིད་སྤྱིའི་ཞབས་རིམ་ཆེད་འཕགས་བསྟོད་དང༌།
ཤེས་རབ་སྙིང་པོ། མ་ཎི་སོགས་གསོག་བསྒྲུབ་གནང་ན་དགེ་མཚན་ཆེ་བའི་བཀའ་བཟང་ཕེབས་དོན་བཞིན་རྡ་སར་གནས་ཡོད་ཚོགས་སྐྱིད་བཅུ་གཅིག་གིས་གོ་སྒྲིག་འོག་ཕྱི་ལོ་༢༠༡༣།༨།༢༡ བོད་ཚེས་བཅོ་ལྔ་ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ སྟེང་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཐེག་ཆེན་གཙུག་ལག་ཁང་དུ་ཞབས་རིམ་སྨོན་ལམ་འཚོགས་རྒྱུ་དང༌། དེ་བཞིན་ཉིན་རྒྱབ་བོད་བསྟན་མི་རིགས་ཆེད་རྩ་ཆེའི་རང་ལུས་མཆོད་མེར་ཕུལ་བ་རྣམས་ཀྱི་གཙོ་བོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་བླ་མ་མཆོད་པ་དང་འབྲེལ་བའི་ཚོགས་འཁོར་འབུལ་རྒྱུ་སོགས་ལགས་ན་དེ་དོན་རྣམ་མངའ་ཡོང་བར་མཁྱེན་ཞེས་ཕུལ། །
ཞེས་ཚོགས་སྐྱིད་མཉམ་འབྲེལ་མཐུན་ཚོགས་ནས་ཕྱི་ལོ་༢༠༡༣།༨།༡༨ ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།