སྙན་ངག་པ་ཁ་བའི་སྲས་ཀྱི་རྩོམ་དེབ་《སྒོ་རས་སྐྱ་བོ》གསར་དུ་ཐོན་པ།

སྙན་ངག་པ་ཁ་བའི་སྲས་ཀྱི་རྩོམ་དེབ་གསར་པ་《 སྒོ་རས་སྐྱ་བོ》གསར་དུ་ཐོན་པ།

རྩོམ་རིག་གི་འཕེལ་ཁ་དར་བའི་བརྡ་འཕྲིན་གསར་པwebwxgetmsgimg 1འི་དུས་རབས་འདིའི་ནང་རྩོམ་པ་པོ་ཁ་བའི་སྲས་ཀྱིས་མི་རིགས་རིག་གནས་ཀྱི་འགན་འཁྲི་ཞིག་གིས་རྩོམ་རིག་གི་བདེན་པ་དང་སྙན་ངག་གི་སྒྱུ་རྩལ་ལམ་ནས་རྗོད་བྱེད་ཚིག་གི་དབྱངས་སྒྲ་སྙན་ཞིང་བརྗོད་བྱ་དོན་གྱི་གནས་ལུགས་ཟབ་པའི་རྩོམ་རྩལ་ཕུན་སུམ་ཚོགས་པའི་རྩོམ་དེབ་ཅིག་བདོ་བ་ནི་ཁྱེད་ཀྱི་ཤེས་བྱའི་རིག་གནས་ཀྱི་གནས་ཚོད་ངེས་ཅན་ཞིག་ཏུ་སླེབས་པའི་མཚོན་རྟགས་ཤིག་ཅི་ལ་མིན།

      ཉམས་མྱོང་སྣ་ཚོགས་དང་དགའ་སྐྱོ་ཆགས་སྡང་གང་ཡིན་ཡང་མི་ཚེའི་འཚོ་བ་དང་འབྲེལ་ཡོད། འཚོ་བ་དེ་དག་གི་ཀློང་ནས་ལོ་རྒྱུས་ལ་བདེན་དཔང་བྱེད་པ་ནི་རྩོམ་རིག་གི་རིན་ཐང་འདི་མེད་ཐབས་མེད་པ་ཞིག་ཡིན་པས་དྲང་བདེན་དང་ལྷག་བསམ་གྱིས་མཚོན་པའི་ཁྱེད་ཀྱི་སྙན་དེབ་འདི་མི་ཡུལ་ལ་ལེགས་སྐྱེས་ཆེ་ཤོས་ཤིག་ཡིན་པ་བཤད་ཀྱང་ཆོག    webwxgetmsgimgདེས་ཕྱིར་བོད་ཁ་བ་ཅན་གྱི་ལོ་རྒྱུས་རིང་ཞིང་འོད་སྟོང་འབར་བའི་རིག་གནས་ཀྱི་རྒྱ་མཚོ་འདི་མི་རིགས་ཀྱི་བླ་སྲོག་ཅིག་ཏུ་ངེས་པས་ཁྱེད་ཀྱིས་ནམ་ཡང་སྲོག་གི་སྙིང་དུ་སྒོམ་པར་ཡི་རངས་དང་རྩོམ་པ་པོའི་སྙིང་སྟོབས་སྔར་ལས་དྲག་ཅིང་སྒྱུ་རྩལ་གྱི་ཁྱད་ཆོས་སྔར་ལས་མཛེས་པའི་སྨོན་འདུན་སྙིང་ནས་ཞུ།

_____ཅེས༢༠༡༧/༡༡/


ཕྱི་ཚེས་ ༢༢ ཉིན་གྲོགས་པོ་སྙན་ངག་པ་ཁ་བའི་སྲས་ཀྱི་རྩོམ་དེབ་གསར་པ་གསར་དུ་ཐོན་པར་ཡི་རངས་བསྔགས་བརྗོད་ཅིག་གི་ཚབ་ཏུ་རྨོངས་རྟུལ་ནག་པོ་འབོད་པས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་ནས་བགྱིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།