ལག་འཁྱེར།

བོད་གཞུང་གི་སྦྲག་རྟགས་དང་མཐོང་ཆེན།

༄༅། །བོད་གཞུང་གི་རྩིས་དཔོན་ཞྭ་སྒབ་པ་མཆོག སྔར་ཨ་རི་དང་། དབྱིན་ལན། རྒྱ་ནག་སོགས་སུ་ཚོང་དོན་བལྟ་ཞིབ་ཆེད་ཕྱོགས་བསྐྱོད་བྱས་སྐབས་སུ། བོད་གཞུང་བཀའ་ཤག་གི་རྒྱབ་གཉེར་དང་། ས་གནས་རྒྱལ་ཁབ་ཁག་གི་ཐེལ་ཙེ། སྦྲག་རྟགས་སོགས་རེད།

tibetan visa and card

༄༅། །གོང་གསལ་བོད་གཞུང་བཀའ་ཤག་གི་རྒྱབ་གཉེར་དེའི་ནང་དོན་ནི། བོད་གཞུང་དངུལ་ཁང་སྤྱི་ཁྱབ་རྩིས་དཔོན་ཞྭ་སྒབ་པ་བོད་ཀྱི་ཚོང་དོན་ཁེ་གྱོང་བལྟ་ཞིབ་ཏུ་རྒྱ་ནག ཨ་མི་རི་ཀ། ཨེང་ལན་སོགས་ལ་ཆེད་བསྐྱོད་དགོས་རྒྱུ་ཡོང་བ་ལམ་འཁེལ་རྒྱལ་ཁབ་ཚང་མས་ཐོངས་འཛིན་གནང་སྟེ་བཀག་འགོག་མེད་པའི་བཤར་གཏོང་ཐོག འདི་པར་རོགས་རམ་ཆ་འཇོགས་ཡོད་པ་ཞུ། ལྷ་ས་བཀའ་ཤག་ནས་བོད་མེ་ཕག་ཟླ་༨ཚེས་༢༦ལ། ཅེས་བྲིས་ཡོད་པ་རེད།