ཁམས་ནང་ཆེན་བའི་རྒྱལ་གཅེས་དཔའ་བོ་རྣམས་ལ་བསྔགས་བརྗོད་ཡོད།

ཁམས་ནང་ཆེན་བའི་དཔའ་བོ་དེ་ཚོ་ད་དུང་འབུར་དུ་ཐོན་སྟངས་ལ་ལྟས་ན་དངོས་ནས་ང་ཚོ་བོད་རིགས་སེམས་ཤུགས་སྐྱེ་འོས་པ་ཞིག་རེད། ཉིས་སྟོང་བརྒྱད་ལོར་རྒྱ་ནག་ཏུ་ཨོ་ལིན་པིག་རྩེ་མོའི་སྐབས་སུ་ནང་ཆེན་ལུང་པར་རྒྱ་ནག་གཞུང་གི་ས་གནས་ལས་བྱེད་རྣམས་ལ་མི་མང་ནས་དངོས་སུ་ངོ་རྒོལ་ཁ་གཏད་བྱས་ཡོད་པ་རེད། སླར་ཡང་ཉིས་སྟོང་བརྒྱད་ལོ་ས་ག་ཟླ་བའི་ཚེས་པ་བཅོ་ལྔ་ཉིན་ནང་ཆེན་རྫོང་སྤྱི་བདེ་ལས་ཁུངས་ཀྱི་ཁང་ཐོག་ནས་རྒྱ་གཞུང་གི་རྒྱལ་དར་ཕབས་ནས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་རེད། ལྷག་པར་དུ་འདི་ལོའི་སྤྱི་ཟླ་དྲུག་པའི་ནང་ནས་ནང་ཆེན་རྫོང་ཐོག་ནས་བོད་རིགས་རྣམས་ཀྱིས་རྒྱ་རིགས་ཀྱི་ཚོང་ཁང་ནང་ནས་ཤིང་ཐོག་དང་སྔོ་ཚལ་རིགས་གཏན་ནས་མི་ཉོ་བའི་གྲོས་ཆོད་བཞག་ཅིང་དེ་ནས་བཟུང་ལས་འགུལ་དེ་སྐྱེ་དགུ་མདོ་དང་། རྫ་སྟོད་རྫོང་། ཆུ་དམར་རྫོང་། འབྲི་སྟོད་རྫོང་། འཁྲི་འདུ་རྫོང་སོགས་ས་གནས་མང་པོར་ཤུགས་རྐྱེན་ཐེབས་ཡོད། ད་ནི་མདོ་དབུས་ཁམས་གསུམ་བོད་རིགས་ཡོངས་ནས་ས་བྱི་ཞི་རྒོལ་ཆེན་མོ་ནང་བཞིན་ཐེངས་གཅིག་ཡར་ལངས་རན་འདུག རྔ་རྡུང་ལ་ལྟ་བཞིན་འཆམས་འགྲོས་ཟེར་བ་ནང་བཞིན་འཛམ་བུ་གླིང་གི་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་གཞིས་ལུས་རྒྱལ་གཅེས་མི་མང་གཙོར་བྱས་པའི་བོད་རིགས་ཡོངས་ཀྱི་སེམས་ཤུགས་དང་ལས་སྟངས་ལ་ལྟས་ནས་བསྡད་ཡོད། ད་རན་འདུག བོད་རིགས་རྣམས་བོད་རྒྱལ་ཁབ་ཆེན་པོ་དང་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་དགོས་ཀྱང་འཚེངས་པ་རེད། ལོངས་ཤོག་ལོངས་ཤོག་སྤུན་ཟླ་ཚོ་ལོངས་ཤོག ཆོལ་ཁ་ཆོས་ལུགས་རྡོག་རྩ་གཅིག་སྒྲིལ་ངང་ནས་བོད་རིགས་སྤུན་ཟླ་ཚོ་ལོངས་ཤོག ༧གོང་ས་སྐྱབས་མགོན་ཆེན་པོའི་དགུངས་ལོའི་བབས་ལ་ལྟས་ནས་བོད་རིགས་སྤུན་ཟླ་ཚོ་ལོངས་ཤོག འཛམ་གླིང་རྒྱལ་གཅེས་བོད་ལ་ཚད་མཐོའི་རྒྱབ་སྐྱོར་ལ་ལྟས་ནས་བོད་རིགས་སྤུན་ཟླ་ཚོ་ལོངས་ཤོག རྒྱ་ནག་གུང་བྲན་དམར་པོའི་གཞུང་འདི་འཐོར་ལ་ཉེ་བས་བོད་རིགས་སྤུན་ཟླ་ཚོ་ལོངས་ཤོག
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ནང་ཆེན་ཟུར་མང་དགོན་པའི་དགེ་འདུན་པས་ངོ་རྒོལ། "



བརྗོད་གཞི་གཞན་ཁག་ལ་གཟིགས།