གངས་རིའི་མགོན་པོ་དང་གངས་ཅན་པ།

དམ་ཆོས་པད་དཀར་གྱི་མདོ་ལས།བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།རིགས་ཀྱི་བུ།འདི་ལ་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཅི་སྙེད་ཅིག་སྡུག་བསྔལ་གང་དག་མྱོང་བར་གྱུར་བ་དེ་དག་གིས།གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་ཐོས་ན།དེ་དག་ཐམས་ཅད་སྡུག་བསྔལ་གྱི་ཕུང་པོ་དེ་ལས་ཡོངས་སུ་ཐར་བར་འགྱུར་རོ།རིགས་ཀྱི་བུ།སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་འཛིན་པ་དེ་དག་གལ་ཏེམེའི་ཕུང་བོ་ཆེན་པོར་ལྷུང་ན་ཡང་།དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་གཟི་བརྗིད་ཀྱིས།མེའི་ཕུང་བོ་ཆེན་པོ་་རབ་ཏུ་འབར་བ་དེ་ལས་ཐར་བར་འགྱུར་རོ།རིགས་ཀྱི་བུ།གལ་ཏེ་ཆུ་ཀླུང་དག་གི་ཁྱེར་ལ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་བོས་ན།ཆུ་ཀླུང་དེ་དག་ཐམས་ཅད་ཀྱིས་སེམས་ཅན་དེ་དག་ཐམས་ཅད་གཏིང་ཚུགས་པར་བྱེད་དོ།རིགས་ཀྱི་བུ།གལ་ཏེ་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྒྱ་མཚོའི་ནང་དུ་གྲུར་ཞུགས་ཏེ།འགྲོན་བུ་དང་།གསེར་དང་།ནོར་བུ་དང་།མུ་ཏིག་དང་།བེཌཱུརྱ་དང་།དུང་དང།མན་ཤེལ་དང།རྡོའི་སྙིང་བོ་དང།བྱུ་རུ་དང་།སྦུག་དང་།མུ་ཏིག་དམར་པོ་ལ་སོགས་པའི་ཕྱིར་དོང་བ་དེ་རྣམས།རླུང་ཆེན་པོས་སྲིན་མོའི་གླིང་དུ་འཕངས་བར་གྱུར་ལ།དེ་ནས་སེམས་ཅན་གཅིག་འགའ་ཞིག་གིས་སྤྱན་རས་གཟིགས་དབང་ཕྱུག་ལ་བོས་ན།དེ་དག་ཐམས་ཅན་སྲིན་པོའི་གླིང་དེ་ལས་ཐར་བར་འགྱུར་རོ།རིགས་ཀྱི་བུ།དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཞེས་བཏགས་སོ།ཞེས་གསུང་པ་བཞིན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ཉིད་ཀྱིས་དང་པོ་བྱང་ཆུབ་མཆོག་དུ་ཐུགས་བསྐྱེད་པ་ནས་བཟུང་སྟེ་དེ་བཞིན་གཤེགས་པ་འོད་ཟེར་ཀུན་འཕགས་ཀྱི་ངོ་བོར་སངས་རྒྱས་པའི་བར་དང།སྐལ་བཟང་སངས་རྒྱས་སྟོང་གི་སྤྱན་སྔར་ཐུགས་སྟོབས་སྨོན་ལམ་དམ་བཅའི་མཐུ་ལས་སྟོན་པ་ཤཱཀྱ་ཐུབ་པའི་དུས་སུ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་ནང་ཚན་བྱང་ཆུབ་སེམས་དཔའི་ཚུལ་བཟུང་བ་ནས།རྒྱལ་བོ་འཇིག་རྟེན་དབང་ཕྱུག་སོགས་འཕགས་ཡུལ་གྱི་རྒྱལ་བློན་པན་གྲུབ་ཀྱི་རྣམ་རོལ་གྲགས་ཆེ་བ་སུམ་བཅུ་སོ་དྲུག་དང་།བོད་དུ་ཆོས་རྒྱལ་བཅུ་དང་རྒྱལ་དབང་རིམ་བྱོན་གྱི་ཚུལ་དུ་རྣམ་པར་རོལ་བའི་མཛད་པ་འཕྲིན་ལས་སོགས།དམ་ཆོས་པད་དཀར་གྱི་མདོ་དང་།མ་ཎི་བཀའ་འབུམ།བཀའ་གདམས་གླེགས་
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "གངས་ལྗོངས་གེ་སར་ཚང་བྲིས་རྩོམ་འགྲན་བསྡུར་གྱི་གསལ་སྒྲོག"



བརྗོད་གཞི་གཞན་ཁག་ལ་གཟིགས།