ཀུན་སློང་ངན་པའི་ཁ་ད་དེ། མི་ཕན་དུག་གི་གསོས་སུ་གྱུར།

ཁ་སང་ངས་དྲ་ཐོག་འདིར་བསམ་ཚུལ་ཐུང་ཙམ་ཞིག་ཕུལ་ཀྱང་དྲ་ཐོག་ཏུ་བཀོད་མི་འདུག ཡིན་ནའང་དེ་རིང་ཡང་སྐྱར་ལན་གཅིག་གཏང་གི་ཡིན། དེང་སང་འདས་ཟིན་པའི་རྙོག་དྲ་རྣམས་རོ་རྐོ་དོང་སློག་གི་དཔེ་ལྟར་མ་འགྲིག་པ་ཚང་མ་མཚུར་ཕུ་བླ་བྲང་ལ་ལེ་ལན་བཀལ་ནས་ཀརྨ་པའི་བླ་བྲང་ལ་ཤ་ཞེན་ཡོད་མདོག་གིས་གཤེ་གཤེ་གཏོང་བ་འདི་ལ་བལྟས་ན་བཀའ་བརྒྱུད་པའི་བསྟན་པ་ལ་ཕྲག་དོག་གིས་དཀྲུགས་ཤིང་མིན་ནམ་སྙམ། ལར་ནི་འདས་པའི་ལོ་རབས་མང་པོར་བཀའ་བརྒྱུད་པའི་བསྟན་པ་དང་བསྟན་འཛིན་རྣམས་ཀྱང་བོད་གངས་ཅན་ལྗོངས་ཀྱི་ལུགས་གཉིས་ཀྱི་ཁྲོད་ནས་རྟ་ཕོའི་གོམ་འགྲོས་ཙམ་མེད་ན་ཡང་བོང་བུའི་རྒྱུག་འདུལ་ཙམ་གྱིས་ས་ཆོད་བསྡད་པ་ཞིག་རེད་ཨི་ཀོ
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "མཐུན་འབྲེལ་ནང་ལ་མེད་པའི་མཚུར་ཕུ་བླ་བྲང་།"



བརྗོད་གཞི་གཞན་ཁག་ལ་གཟིགས།