༄༅། །ཆོས་འབྱུང་ལེགས་བཤད་སྙིང་བསྡུས་ཀྱི་བསྐྱར་སྦྱོང་དྲི་བ་བརྒྱ་པ་ལེགས་བཤད་འདྲེན་པའི་ཕོ་ཉ་ཞེས་བྱ་བ་བཞུགས་སོ།།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༧ཉིན།
རྩེ་གཅིགྃ་སྒྲུབ་པའི་མཚན་དཔེའི་རྒྱན་ལྡན་སྐུ།ྃ །
དོན་གཉིསྃ་ལྷུན་གྲུབ་འགག་མེད་སྙན་པའི་གསུངྃ༌། །
དུག་གསུམྃ་སྒྲིབ་པ་ཀུན་བྲལ་ཟབ་ཡངས་ཐུགསྃ། །
བདུད་བཞིའིྃ་སྐྱོན་བྲལ་རིན་ཆེན་གསུམ་ལ་འདུད། །

སྐུྃ་ལ་དང་བའི་དད་པས་སྤུ་ལོང་གཡོ། །
གསུྃང་ལ་ཡིད་ཆེས་དད་པ་གཏིང་ནས་སྐྱེས། །
ཐུགྃས་ལ་མངོན་འདོད་དད་པས་ཡིད་རབ་འཕྲོག །
དད་པ་གསུམ་གྱིས་སྐུ་གསུང་ཐུགས་ལ་བསྟོད། ། 

༡༽           བདག་ཅག་གི་སྟོན་པས་འཇིག་རྟེན་འདིར་མཆོག་གི་སྤྲུལ་སྐུའི་རྣམ་པས་མཛད་པ་བཅུ་གཉིས་མཛད་པ་གང་དག་ཡིན་རེ་རེ་ནས་བྲིས།

༢༽          གཞོན་ནུ་དོན་གྲུབ་གྱི་སྲས་དང༌། འཁྲུངས་ཡུལ་དང་ཡབ་ཡུམ་གྱི་མཚན།  བཙུན་མོ་དང་སྐུ་མཆེད་ཀྱི་མཚན་རྣམས་བྲིས།

༣༽          བཟོ་དང་ཡིག་རིགས་ལ་མཁས་པའི་མཛད་པ་དང༌། བཙུན་མོའི་འཁོར་གྱིས་རོལ་ཞིང་རྐྱེན་གང་གི་རབ་ཏུ་བྱུང་ཚུལ་བཅས་བྲིས།

༤༽          རྡོ་རྡེ་གདན་དང༌། ཝཱ་ར་ཎཱ་སི། ཡངས་པ་ཅན། བྱ་རྒོད་ཕུང་རི། ལུབམི་ནི་རྩྭ་མཆོག་གྲོང་བཅས་སུ་མཛད་པ་གང་མཛད་ཚུལ་བྲིས།

༥༽          ཆོས་འཁོར་གྱི་མཚན་ཉིད་དང༌། ཆོས་འཁོར་གྱི་སྒྲ་བཤད། ཆོས་འཁོར་རིམ་གསུམ་གང་དང་གང་ཞིག་ཡིན་བཅས་བྲིས།

༦༽          སྟོན་པས་བདེན་བཞི་བཟླས་པ་གསུམ་དང་རྣམ་གྲངས་བཅུ་གཉིས་ཀྱི་སྒོ་ནས་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་ཚུལ་རྣམས་བྲིས།

༧༽          བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་བའི་སྐབས་ཀྱི་གནས་དུས་དང་གདུལ་བྱ་སོགས་ཀྱི་སྐོར་གསལ་བར་བྲིས།

༨༽          འཁོར་ལོ་ཐ་མའི་མཚན་ཉིད་དང་མཚན་གཞི། ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་ཚུལ་རྣམས་གསལ་བར་བྲིས།

༩༽           སྟོན་པའི་གཏད་རབས་ཀྱི་དོན་དང༌། གཏད་རབས་བདུན་ལས་འཕགས་པ་འོད་སྲུང་ཆེན་པོའི་མཛད་རྣམས་རགས་བསྡུས་ཤིག་བྲིས།

༡༠༽        གཏད་རབས་གཉིས་པ་ཀུན་དགའ་བོའི་མཛད་རྣམ་དང་ཀུན་དགའ་བོས་འདོན་པའི་ཆ་རྐྱེན་གསུམ་པོ་གང་ཡིན་བཅས་བྲིས།

༡༡༽        ཤ་ནའི་གོས་ཅན་ཞེས་པའི་མཚན་ཐོགས་ཚུལ་དང༌། གཏད་རབས་གསུམ་པ་འཕགས་པ་ཤ་ནའི་གོས་ཅན་གྱི་མཛད་རྣམ་བཅས་བྲིས།

༡༢༽        གཏད་རབས་བཞི་པ་དགྲ་བཅོམ་པ་ཉེར་སྦས་ཀྱི་མཛད་རྣམ་རགས་བསྡུས་དང༌། སངས་རྒྱས་ཀྱིས་གང་དུ་ལུང་བསྟན་ཚུལ་བྲིས།

༡༣༽        གཏད་རབས་ལྔ་པ་འཕགས་པ་དྷིའ་ཏི་ཀའི་མཛད་རྣམས་སྙིང་བསྡུས་དང་འཕགས་པ་དྷིའ་ཏི་ཀས་བསྟན་པ་སུ་ལ་གཏད་མིན་བཅས་བྲིས།

༡༤༽       གཏད་རབས་དྲུག་པ་འཕགས་པ་ནག་པོའི་མཛད་རྣམས་རགས་བསྡུས་དང༌། འཕགས་པ་ནག་པོ་ཞེས་མཚན་ཐོགས་ཚུལ་བྲིས།

༡༥༽        འཕགས་པ་ལེགས་མཐོང་དགྲ་བཅོམ་པའི་གོ་འཕང་ཐོབ་ཚུལ་དང༌།  གཏད་རབས་བདུན་པ་ལེགས་མཐོང་ཆེན་པོའི་རྣམ་ཐར་བྲིས།

༡༦༽        སྟོན་པའི་གཏད་རབས་བདུན་པོ་ངོས་འཛིན་གྱིས་དེ་དག་གི་བསྟན་པ་གཅིག་ནས་གཅིག་ལ་གཏོད་ཚུལ་གོ་རིམ་བཞིན་བྲིས།

༡༧༽        བཀའ་བསྡུ་དང་པོའི་འབྱུང་རྐྱེན་དང༌། མཛད་པ་པོ། སྦྱིན་བདག དུས་དང་གནས། བཀའ་བསྡུ་མཛད་ཐབས་བཅས་བྲིས།

༡༨༽        བཀའ་བསྡུ་གཉིས་པའི་འབྱུང་རྐྱེན་དང་མཛད་པ་པོ། སྦྱིན་བདག གནས་དུས་དང༌། བཀའ་བསྡུ་མཛད་ཐབས་བཅས་བྲིས།

༡༩༽        བཀའ་བསྡུ་གསུམ་པའི་འབྱུང་རྐྱེན་དང་མཛད་པ་པོ། སྦྱིན་བདག དུས་དང་གནས། བཀའ་བསྡུ་མཛད་ཐབས་བཅས་བྲིས།

༢༠༽        བཀའ་བསྡུ་མཛད་པོ་རྣམས་ཀྱི་མཚན་དང་བསྡུ་བྱའི་བཀའ། བསྡུ་ཡུལ་གྱི་གནས། བསྡུ་བའི་དུས། སྦྱིན་བདག་བཅས་བྲིས།

༢༡༽        བསྟན་པ་ལ་དགྲ་ལན་གསུམ་ལས་དགྲ་ལན་དང་པོ་བྱུང་ཚུལ་དང༌། དེ་རྗེས་བསྟན་པ་ཉམས་པ་སླར་གསོ་མཛད་ཚུལ་བཅས་རགས་ཙམ་བྲིས།

༢༢༽        བསྟན་པ་དགྲ་ལན་གཉིས་པ་བྱུང་ཚུལ་ཇི་ལྟར་ཡིན་དང༌། དེ་རྗེས་བསྟན་པ་ཉམས་པ་སླར་གསོ་མཛད་ཚུལ་བཅས་རགས་ཙམ་བྲིས།

༢༣༽        བསྟན་པ་དགྲ་ལན་གསུམ་པ་འབྱུང་རྐྱེན་དང་བྱུང་ཚུལ། དེ་རྗེས་བསྟན་པ་ཉམས་གསོ་མཛད་ཚུལ་བཅས་རགས་ཙམ་བྲིས།

༢༤༽       རྒྱན་དྲུག་མཆོག་གཉིས་ངོས་འཛིན་གྱིས་དེ་དག་གིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་མཛད་པ་མཛད་ཚུལ་མདོར་བསྡུས་ཤིག་བྲིས།

༢༥༽        བསྟན་པ་འདི་ལ་སྟོན་པ་གཉིས་པར་གྲགས་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་མཛད་རྣམ་རགས་བསྡུས་ཙམ་བྲིས།

༢༦༽       དཔལ་མགོན་འཕགས་ཀླུ་སྒྲུབ་ཀྱིས་འཁོར་ལོ་གསུམ་གྱི་སྒོ་ནས་བསྟན་པ་རིན་པོ་ཆེར་བྱ་བ་མཛད་ཚུལ་ཇི་ལྟར་ཡིན་གསལ་བར་བྲིས།

༢༧༽       འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ལས་འཕགས་པ་ལྷའམ་ཨཱརྱ་དེ་ཝའི་མཛད་རྣམས་རགས་ཙམ་བྲིས།

༢༨༽        བཀའ་དྲིན་ཅན་གྱི་འཕགས་ཡུལ་གྱི་པཎ་གྲུབ་བཅུ་བདུན་ལས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་མཛད་རྣམ་སྙིང་བསྡུས་ཤིག་བྲིས།

༢༩༽        རྒྱན་དྲུག་མཆོག་གཉིས་ལས་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་མཛད་རྣམ་རགས་བསྡུས་དང་གསུང་པོད་ཇི་ཡོད་བཅས་བྲིས།

༣༠༽        སློབ་དཔོན་ཟླ་བ་གྲགས་པའི་མཛད་རྣམ་སྙིང་བསྡུས་ཙམ་དང༌། དེས་མཛད་པའི་གསུང་པོད་གང་དང་གང་ཡོད་བཅས་བྲིས།

༣༡༽        རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་མཛད་པ་རྣམ་ཐར་མདོར་བསྡུས་དང༌། ཁོང་གིས་བརྩམས་པའི་བསྟན་བཅོས་གང་ཡོད་བཅས་བྲིས།

༣༢༽        ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་བར་མཛད་པ་པོ་མཁན་ཆེན་ཞི་བ་འཚོའམ། བོདྷི་སཏྭའི་མཛད་རྣམ་སྙིང་བསྡུས་ཙམ་ཞིག་བྲིས།

༣༣༽        སློབ་དཔོན་པདྨའི་ངང་ཚུལ་གྱི་མཛད་རྣམ་དང༌། བོད་ཀྱི་བཙན་པོས་གསོལ་བཏབ་བཞིན་བརྩམས་པའི་གསུང་པོད་བཅས་བྲིས།

༣༤༽       རྣམ་རིག་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་ཀྱི་མཛད་རྣམ་དང༌། རྗེ་བཙུན་བྱམས་མགོན་བསྒྲུབས་ཚུལ་བཅས་བྲིས།

༣༥༽        འཛམ་གླིང་འདི་ན་ཀུན་མཁྱེན་གཉིས་པར་གྲགས་པའི་སློབ་དཔོན་དབྱིག་གཉེན་གྱི་མཛད་རྣམ་དང༌། མྱ་ངན་ལས་འདས་ཚུལ་བཅས་བྲིས།

༣༦༽       སློབ་དཔོན་དབྱིག་གཉེན་གྱི་རང་ལས་མཁས་པའི་སློབ་མ་བཞི་པོ་རྣམས་མཁས་བྱའི་གཞུང་དང་སྦྱར་ནས་མཚན་བཅས་བྲིས།

༣༧༽       ཚད་མའི་སྒོ་བརྒྱ་འབྱེད་མཛད་སློབ་དཔོན་ཕྱོགས་གླང་གི་མཛད་རྣམ་དང༌། ཚད་མའི་སྐོར་གྱི་བརྩམས་ཆོས་བཅས་བྲིས།

༣༨༽        གྲགས་པའི་སྒྲ་ཆེན་འཇིག་རྟེན་གསུམ་དུ་གྲགས་པའི་དཔལ་ལྡན་ཆོས་གྲགས་ཀྱི་མཛད་པའི་རྣམ་ཐར་ལས་རགས་བསྡུས་ཤིག་བྲིས།

༣༩༽        སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་རང་ལས་མཁས་པ་འཕགས་པ་རྣམ་གྲོལ་སྡེའི་མཛད་རྣམ་རགས་བསྡུས་ཤིག་བྲིས།

༤༠༽       སློབ་དཔོན་སེངྒེ་བཟང་པོ་ཞེས་པའི་མཚན་ཐོགས་ཚུལ་དང༌། སློབ་དཔོན་འདི་ཉིད་ཀྱི་མཛད་པ་རྣམ་ཐར་སྙིང་བསྡུས་ཤིག་བྲིས།

༤༡༽       སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་ཀྱི་མཛད་རྣམ་སྙིང་བསྡུས་ཤིག་བྲིས།

༤༢༽       འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ལས་སློན་དཔོན་ཤཱཀྱ་འོད་ཀྱི་མཛད་པ་རྣམ་ཐར་རགས་བསྡུས་བྲིས།

༤༣༽       གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མཛད་པ་རྣམ་ཐར་ལས་རགས་བསྡུས་ཙམ་བྲིས།

༤༤༽      པཎ་གྲུབ་བསྟོད་ཆེན་ལྟར་པཎ་གྲུབ་བཅུ་བདུན་རྣམས་གོ་རིམ་མ་ནོར་བར་རྒྱ་བོད་ཀྱི་མཚན་དང་བཅས་ངོས་འཛིན་གསལ་བར་བྲིས།

༤༥༽       ནཱ་ལེདྲནའི་མཁས་པ་སྒོ་དྲུག་རྒྱལ་པོ་གང་གི་སྐབས་བསྐོ་གཞག་བྱས་མིན་དང༌། བསྐོ་བཞག་བྱེད་དགོས་དོན་གང་ཡིན་བྲིས།

༤༦༽       བི་ཀཱ་མ་ལ་ཤིའ་ལའི་ཤར་སྒོ་སྲུང་བ་པཎ་ཆེན་རནཏ་ཨ་ཀ་ར་ཤནྟི་འམ་རིན་ཆེན་འབྱུང་གནས་ཞི་བའི་མཛད་རྣམ་རགས་ཙམ་བྲིས།

༤༧༽       བི་ཀཱ་མ་ལ་ཤིའ་ལའི་ལྷོ་སྒོ་སྲུང་བ་པྲཉཛ་ཀ་ར་གུཏཔ་སྟེ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱི་མཛད་པ་རྣམ་ཐར་ལས་སྙིང་བསྡུས་ཤིག་བྲིས།

༤༨༽       བི་ཀཱ་མ་ལ་ཤིའ་ལའི་ལྕགས་རིའི་ཕྱོགས་བཞི་ལས་ནུབ་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པའི་མཛད་རྣམ་མདོར་བསྡུས་ཙམ་བྲིས།

༤༩༽       བི་ཀཱ་མ་ལ་ཤིའ་ལའི་ཕྱོགས་བཞིར་རྒྱལ་བསྟན་སྲུང་བའི་བྱང་གི་སྒོ་སྲུུང་བ་པཎ་ཆེན་ནཱ་རོ་པའི་མཛད་རྣམ་རགས་ཙམ་ཞིག་བྲིས།

༥༠༽        བི་ཀཱ་མ་ལ་ཤིའ་ལའི་མཁས་པ་སྒོ་སྲུང་དྲུག་ལས་དབུས་ཀྱི་ཀ་ཆེན་དང་པོ་ སྲུང་བ་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་མཛད་རྣམ་བྲིས།

༥༡༽        བི་ཀཱ་མ་ལ་ཤིའ་ལའི་མཁས་པ་སྒོ་དྲུག་ལས་དབུས་ཀྱི་ཀ་ཆེན་གཉིས་པ་སྲུང་བ་པོ་ཉཱཛ་ན་ཤིའ་མི་ཏྲའི་མཛད་རྣམ་སྙིང་བསྡུས་ཤིག་བྲིས།

༥༢༽        གཞུང་ཆེན་བཀའ་པོད་ལྔ་གང་དག་ཡིན་དང༌། བཀའ་པོད་ལྔ་ལ་སློབ་གཉེར་བགྱིས་པའི་རྒྱུ་མཚན་གང་ཡིན་བཅས་བྲིས།

༥༣༽        ཚད་མའི་གཞུང་ལུགས་འཕགས་བོད་དུ་ཇི་ལྟར་དར་ཚུལ་དང༌། རྒྱ་ བོད་དུ་ཚད་མའི་གཞུང་གྲགས་ཆེ་བ་གང་དག་ཡོད་པ་བྲིས།

༥༤༽       ཕར་ཕྱིན་གྱི་གཞུང་གང་དག་ཡོད་དང༌། ཇི་ལྟར་བྱུང་ཚུལ། དེ་དག་གི་བརྗོད་བྱ། བོད་དུ་ནམ་བསྒྱུར་ཚུལ་སོགས་མདོར་བསྡུས་ཤིག་བྲིས།

༥༥༽        དབུ་མའི་གཞུང་ཇི་ལྟར་བྱུང་ཚུལ་དང་དེའི་གཞུང་གྲགས་ཆེ་བ་རྣམས་ངོས་འཛིན་ཏེ་བསྟན་དོན་ཇི་ལྟར་གཏན་ལ་འབེབ་ཚུལ་བཅས་བྲིས།

༥༦༽       མངོན་པའི་གཞུང་གིས་བརྗོད་བྱ་གང་ཞིག་སྟོན་པ་དང༌། མངོན་པའི་གཞུང་ལུགས་དེ་ཉིད་ཚུལ་ཇི་ལྟར་དར་ཚུལ་བཅས་བྲིས།

༥༧༽       འདུལ་བའི་གཞུང་ཇི་ལྟར་དར་ཚུལ་དང༌། འདུལ་བའི་གཞུང་དེ་དག་མཛད་པ་པོ། འདུལ་བའི་གཞུང་གི་བརྗོད་བྱ་གང་ཡིན་བཅས་བྲིས།

༥༨༽        ཐེག་པའི་གོ་དོན་དང་ཐེག་པའི་གྲངས་ངེས། ཐེག་ཆེན་དང་ཐེག་དམན་གྱི་ཁྱད་པར་གང་གི་སྒོ་ནས་འབྱེད་ཚུལ་བཅས་བྲིས།

༥༩༽        ཉན་ཐོས་ཀྱི་ཐེག་པའི་སྒྲ་བཤད་དང༌། ཉན་ཐོས་ཀྱི་ཐེག་པའི་འཇུག་སྒོ་དང༌། ལྟ་སྒོམ་སྤྱོད་འབྲས་ཇི་ལྟར་ཡིན་བཅས་བྲིས།

༦༠༽        རང་རྒྱལ་གྱི་ཐེག་པའི་དོན་དང༌། རང་རྒྱལ་གྱི་ཐེག་པའི་འཇུག་སྒོ་དང་ལྟ་སྒོམ་སྤྱོད་འབྲས་བཞིའི་རྣམ་གཞག་མདོར་བསྡུས་ཤིག་བྲིས།

༦༡༽        ཐེག་ཆེན་གྱི་ཁྱད་ཆོས་དང་ཐེག་དམན་ལས་ཁྱད་དུ་འཕགས་ཚུལ། དབྱེ་བ་དང་རྒྱུ་མཚན་གང་གི་སྒོ་ནས་དབྱེ་ཚུལ་བཅས་བྲིས།

༦༢༽       རྒྱུད་སྡེ་བཞི་ཡི་དབྱེ་ཚུལ་དང༌། རྒྱུད་སྡེ་སོ་སོའི་མིང་འདོགས་ཚུལ། དབང་པོ་རྣོ་བརྟུལ་གྱི་སྒོ་ནས་དབྱེ་ཚུལ་སོགས་བྲིས།

༦༣༽       བྱ་རྒྱུད་ཀྱི་གནས་དང༌། བྱ་རྒྱུད་ཀྱི་རིགས་སོགས་ཀྱི་དབྱེ་བ། སྐུ་གསུང་ཐུགས་གསུམ་གྱི་རྣལ་འབྱོར་སྒྲུབ་ཚུལ་བཅས་བྲིས།

༦༤༽       སྤྱོད་རྒྱུད་ཀྱི་གནས་དང༌། མཚན་བཅས་དང་མཚན་མེད་ཀྱི་ཁྱད་པར།  ཕྱི་ནང་ཡན་ལག་བཞིའི་བཟླས་བརྗོད་བཅས་བྲིས།

༦༥༽       རྣལ་འབྱོར་རྒྱུད་ཀྱི་གནས་དང༌། རྣལ་འབྱོར་རྒྱུད་ཀྱི་སྦྱང་གཞི་སྦྱོང་བྱེད་དང༌། སྦྱངས་འབྲས་བཅས་ཀྱི་རྣམ་གཞག་མདོ་ཙམ་ཤིག་བྲིས།

༦༦༽       རྣལ་འབྱོར་བླ་མེད་ལ་ཕ་མའི་རྒྱུད་གཉིས་སུ་དབྱེ་ཚུལ་དང༌། ཆེད་དུ་བྱ་བའི་གདུལ་བྱ་དང༌། བདེན་གཉིས་ཀྱི་འཇོག་ཚུལ་བཅས་བྲིས།

༦༧༽       ཕྱི་རོལ་པའི་མཚན་ཉིད་དང༌། ཕྱི་རོལ་པའི་སྒྲ་བཤད། ཕྱི་ནང་གི་ཁྱད་པར་གང་གི་སྒོ་ནས་འབྱེད་ཚུལ་བཅས་གསལ་བར་བྲིས།

༦༨༽       ཕྱི་རོལ་པའི་གྲུབ་མཐའ་ལ་དབྱེ་ན་ཇི་ཡོད་དང༌།དེ་དག་རྩ་བ་གང་ལས་གྱེས་པ་དང༌། དེ་དག་གང་དུ་འདུ་ཚུལ་བཅས་བྲིས།

༦༩༽        ཕྱི་རོལ་པའི་གྲུབ་མཐའ་བཅུ་གཉིས་གང་དང་གང་ཡིན་དང༌། གྲུབ་མཐའ་དེ་དག་བྱེད་པོ་སུ་དང་སུ་ཡིན་སོ་སོ་ནས་བྲིས།

༧༠༽        གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་གཏོད་པ་པོ་སུ་ཡིན་དང༌། ཁོང་ཉིད་གནས་དང་དུས་གང་དུ་སྐུ་འཁྲུངས་མིན་བཅས་བྲིས།

༧༡༽        གཡུང་དྲུང་བོན་གྱི་བསྟན་པ་སྲོལ་ཇི་ལྟར་གཏོད་ཚུལ་དང༌། སློབ་མ་འཛམ་གླིང་མཁས་པའི་རྒྱན་དྲུག་བྱུང་བ་གང་དག་ཡིན་བྲིས།

༧༢༽       སྟོན་པ་གཤེན་རབ་ཀྱི་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་བོན་ཆོས་བསྟན་ཞིང༌། བཀའ་འཁོར་རིམ་པ་གསུམ་བསྐོར་ཚུལ་བཅས་བྲིས།

༧༣༽       བྱེ་བྲག་སྨྲ་བའི་དོན་དང་སྒྲ་བཤད། བྱེ་བྲག་སྨྲ་བའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཇི་ཡིན་རྣམས་གསལ་བར་བྲིས།

༧༤༽ མདོ་སྡེ་པའི་གོ་དོན་དང་སྒྲ་བཤད། མདོ་སྡེ་པའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཇི་ལྟར་ཡྀན་བཅས་བྲིས།

༧༥༽       སེམས་ཙམ་པའི་མཚན་ཉིད་དང༌། སྒྲ་བཤད། སེམས་ཙམ་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཇི་ལྟར་ཡིན་བྲིས།

༧༦༽       དབུ་མའི་དོན་དང་སྒྲ་བཤད། དབུ་མ་རང་རྒྱུད་པའི་དབྱེ་བ་དང༌། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཇི་ལྟར་ཡིན་བཅས་བྲིས།

༧༧༽       དབུ་མ་ཐལ་གྱུར་པའི་ལུགས་ཀྱི་གཞིའི་འདོད་ཚུལ་དང༌། ལམ་གྱི་འདོད་ཚུལ། འབྲས་བུའི་འདོད་ཚུལ་བཅས་སོ་སོར་བྲིས།

༧༨༽       འཕགས་བོད་དུ་རྒྱལ་བསྟན་རིན་པོ་ཆེ་དབུ་ཇི་ལྟར་བརྙེས་པ་དང༌། སྲོལ་གཏོད་ཚུལ། བསྟན་པ་དར་ཞིང་རྒྱས་པར་མཛད་ཚུལ་བཅས་བྲིས།

༧༩༽        བོད་དུ་བསྟན་པ་ཕྱི་དར་ཇི་ལྟར་བྱས་ནས་བྱུང་ཚུལ་དང༌། ཕྱི་དར་སྐབས་སྟོད་འདུལ་དང་སྨད་འདུལ་ཇི་ལྟར་བྱུང་ཚུལ་བཅས་བྲིས།

༨༠༽        བསྟན་པ་སྔ་དར་དང་ཕྱི་དར་གཉིས་ཀྱི་ཁྱད་པར་རྒྱུ་མཚན་གང་གི་སྒོ་ནས་འབྱེད་ཚུལ་རྒྱུ་མཚན་དང་བཅས་གསལ་བར་བྲིས།

༨༡༽        འཇིག་རྟེན་གྱི་ཁམས་འདིར་རྒྱལ་བསྟན་རིན་པོ་ཆེ་ཡུན་ཇི་ཙམ་གནས་མིན་གྱི་བསྟན་པའི་གནས་ཚད་ཀྱི་འདོད་ཚུལ་ཇི་ཡོད་སོ་སོར་བྲིས།

༨༢༽        སྔ་འགྱུར་རྙིང་མའི་གྲུབ་མཐའ་སྲོལ་གཏོད་པ་པོ་སུ་ཡིན་དང༌། སྲོལ་ཇི་ལྟར་གཏོད་ཚུལ། རྗེས་འཛིན་སྐྱེས་བུའི་བྱུང་རིམ་བཅས་བྲིས།

༨༣༽        བཀའ་གདམས་པའི་གོ་དོན་དང༌། གྲུབ་མཐའ་འདི་ཉིད་སྲོལ་གཏོད་པ་པོ་སུ་ཡིན། སྲོལ་བཟང་ཇི་ལྟར་གཏོད་ཚུལ་བཅས་བྲིས།

༨༤༽       དཔལ་ས་སྐྱ་པའི་གྲུབ་མཐའི་སྲོལ་གཏོད་པ་པོ་སུ་ཡིན་དང་ཆོས་རྒྱུད་ཀྱི་མིང་ཇི་ལྟར་ཐོགས་ཚུལ། རྒྱུད་འཛིན་ཀྱི་སྐྱེས་བུའི་སྐོར་བཅས་བྲིས།

༨༥༽        བཀའ་བརྒྱུད་པའི་གྲུབ་མཐའི་སྲོལ་གཏོད་པོ་སུ་ཡིན། སྲོལ་ཇི་ལྟར་གཏོད་ཚུལ་དང༌། གྲུབ་མཐའ་འདིའི་མིང་ཇི་ལྟར་ཐོགས་ཚུལ་བཅས་བྲིས།

༨༦༽       བཀའ་བརྒྱུད་ལ་ནང་གསེས་ཀྱི་དབྱེ་བ་ཆེ་བཞི་ཆུང་བརྒྱད་དུ་གྲགས་པ་ལས་ཆེ་བཞི་གང་དག་ཡིན། ཇི་ལྟར་གྱེས་ཚུལ་བཅས་བྲིས།

༨༧༽       བཀའ་བརྒྱུད་ཆུང་བརྒྱད་དུ་གྲགས་པ་རྣམས་ཆེ་བཞི་གང་ལས་བྱུང་ཚུལ། དེ་དག་ཇི་ལྟར་གྱེས་ཚུལ་བཅས་གསལ་བར་བྲིས།

༨༨༽        རི་བོ་དགེ་ལྡན་པའི་གྲུབ་མཐའི་སྲོལ་གཏོད་པོ་སུ་ཡིན་དང༌། གྲུབ་མཐའི་མིང་ཐོགས་ཚུལ། དངོས་སློབ་ཀྱི་མཛད་པ་སོགས་ཀྱི་སྐོར་བྲིས།

༨༩༽        ཞི་བྱེད་པ་ཅེས་པའི་མིང་ཐོགས་ཚུལ་དང༌། ཞི་བྱེད་པའི་གྲུབ་མཐའ་སྲོལ་གཏོད་པོ་སུ་ཡིན། སྲོལ་ཇི་ལྟར་གཏོད་ཚུལ་བྲིས།

༩༠༽        ཞི་བྱེད་པའི་གྲུབ་མཐའི་ཡན་ལག་གཅོད་ཀྱི་དབྱེ་བ་དང༌། ཕོ་གཅོད་མོ་གཅོད་སོ་སོ་གང་ནས་བརྒྱུད་ཚུལ་བཅས་གསལ་བར་བྲིས།

༩༡༽        ཇོ་ནང་པའི་གྲུབ་མཐའི་མིང་ཐོགས་ཚུལ་དང༌། སྲོལ་གཏོད་པོ་སུ་ཡིན།  དེ་དག་གི་རྒྱུད་འཛིན་སྐྱེས་བུའི་སྐོར་གང་ཤེས་བྲིས།

༩༢༽        ཇོ་ནང་པའི་གཞན་སྟོང་གི་ལྟ་བའི་འདོད་ཚུལ་ཇི་ལྟར་ཡིན། གཞུང་གང་ ལ་བརྟེན་ནས་གཞན་སྟོང་འདོད་ཚུལ་བཅས་བྲྀས།

༩༣༽        བོ་དོང་པའི་གྲུབ་མཐའི་སྲོལ་གཏོད་པ་པོ་སུ་ཡིན་དང༌། སྲོལ་ཇི་ལྟར་གཏོད་ཚུལ། བཀའ་རྩོམ་ཇི་ཙམ་ཡོད་པ་བཅས་བྲིས།

༩༤༽       སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བཀའ་བརྒྱད་ཀྱི་གྲུབ་མཐའ་སྲོལ་གཏོད་པ་པོ་སུ་ཡིན་དང༌། དེ་དག་དུས་རབས་གང་དུ་བྱོན་མིན་བྲིས།

༩༥༽        ཆོས་ལུགས་རིས་མེད་ལ་དག་སྣང་སྦྱངས་པའི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་ན་དགེ་ཕན་གང་ཡོད་བྲིས།

༩༦༽        ཆོས་ལ་ཕྱོགས་རིས་ཀྱིས་བསྐུར་བ་བཏབ་པའི་ཉེས་སྐྱོན་གང་ཡོད་ལུང་རིགས་གཉིས་ཀྱི་སྒོ་ནས་རང་གིས་གང་ཤེས་ཤིག་བྲིས།

༩༧༽        ས་དགེ་བཀའ་རྙིང་གྲུབ་མཐའ་ཡན་ལག་དང་བཅས་པ་ལུང་རིགས་ཀྱི་ལམ་ནས་བསྟན་པ་རྣམ་དག་ཡིན་ཚུལ་གང་ཤེས་བྲིས།

༩༨༽        སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་གྲུབ་མཐའ་གང་ལའང་ཕྱོགས་ལྷུང་མི་འོས་ཤིང་བླང་བྱར་ངེས་པའི་རྒྱུ་མཚན་མདོར་བསྡུས་ཤིག་བྲིས།

༩༩༽        ཆོས་འབྱུང་ལ་སློབ་གཉེར་བྱེད་གལ་ཆེ་མིན་དང༌། སློབ་གཉེར་བགྱིས་འབྲས་རང་ལ་ཕན་ཐོགས་གང་བྱུང་སྙིང་བསྡུས་ཤིག་བྲིས།

༡༠༠༽      འཕགས་བོད་གཉིས་ཀྱི་ཆོས་འབྱུང་མ་རྟོགས་པའི་ཉེས་སྐྱོན་དང་ཤེས་པའི་དགེ་ཕན་གང་ཡོད་རང་གིས་གང་ཤེས་བྲིས།

རང་གཞན་ཕནྃ་བདེྃའི་རྩ་ལག་ཐེག་ཆེན་ལམ། །
ལེགསྃ་པར་བཤདྃ་དོན་ཉམས་སུ་བསྟར་བའི་གླིངྃ༌། །
སྲིད་མཐའི་བར་དུ་རྣམ་གསུམ་འཁོར་ལོ་རྣམས། །
དཀར་ཆའི་ཟླ་བ་ལྟ་བུར་འཕེལ་བར་ཤོག །

ཆོས་འབྱུང་ལེགས་བཤད་སྙིང་བསྡུས་ཀྱི་བསྐྱར་སྦྱོང་དྲི་བ་བརྒྱ་པ་ལེགས་བཤད་འདྲེན་པའི་ཕོ་ཉ་ཞེས་པ་འདི་ཡང་སློབ་གཉེར་བའི་བསྐྱར་སྦྱོང་ཆེད་ཆོས་འབྱུང་སློབ་དེབ་ཀྱི་ནང་དོན་

ས་བཅད་དང༌། གོ་རིམ་གཞིར་བཟུང་བཟོ་བཅོས་ཞུས་པའོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།