གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་ནས་ལོ་༥༠འཁོར་བར་དུས་དྲན།

༄༅།།བོད་ཁ་བ་ཅན་གྱི་རྒྱལ་ཁབ་འདི་མི་ལཱུ་ཉིས་སྟོང་བརྒལ་བའི་རྒྱལ་རབས་ལོ་རྒྱུས་ཡོད་པ་ཞིག་དང༌།ལྷག་པར་ྋརྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཐུན་མོང་མ་ཡིན་པའི་གདུལ་ཞིང་ཞིག་ཡིན་ཞིང༌།དེས་ན་བདེན་གསོལ་སྨོན་ལམ་ལས།མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས། །སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང༌།ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི།།འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་གསོལ། །ཞེས་བདེན་པའི་ཡུས་ཀྱི་ཐུགས་སྨོན་ཤུགས་དྲག་གནང་བར་རྒྱུ་མཚན་ཡོད་པ་ཡིན།ད་བར་གཙོ་བོ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་ཀྱི་མཛད་འཕྲིན་དང༌། དེ་བཞིན་བོད་གཞིས་བྱེས་གཞུང་དམངས་ཡོངས་ཀྱིས་ལྷག་བསམ་སྙིང་སྟོབས་འགྱུར་བ་མེད་པར་བོད་དོན་བདེན་པའི་འཐབ་རྩོད་སྔ་འགྱེལ་རྗེས་མཐུད་དུ་བྱས་པ་བཅས་ལ་བརྟེན་ནས། དེང་གི་སྐབས་སུ་བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་ཆབ་སྲིད་འཐབ་རྩོད་ཀྱི་དོ་ར་ཆེན་པོར་སླེབས་པར་མ་ཟད།བདེན་པའི་རྒྱབ་སྐྱོར་ཡང་ཚད་གཞི་མཐོན་པོར་སླེབས་ཡོད།དེ་སྔོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་འདི་རྒྱ་ནག་གཞུང་གིས་ཁྱུར་མིད་བཏང་ཡང༌། ཁོག་ནང་འཇུ་མི་ཐུབ་པར་ཟུག་ཟེར་ལྡང་སྟེ་གང་ལྟར་ཉི་མ་གཅིག་སྐྱུག་བཤལ་བྱེད་དགོས་པ་ཡོང་རྒྱུ་རེད་ཅེས་བཀའ་གནང་ཡོད།རྒྱ་ནག་གཞུང་གིས་བོད་འདི་རྒྱ་ནག་གི་མངའ་ཁོངས་ཆ་ཤས་ཡིན་ཞེས་འུད་ཆེན་པོས་ཤོད་ཀྱི་ཡོད་ཀྱང་ཁྲིམས་ཐོག་ཁུངས་འཕེར་བའི་ཡིག་ཆ་སྣེ་གཅིག་སྟོན་རྒྱུ་མེད་པ་དང༌། ལོ་རྒྱུས་ཐོག་མཆོད་ཡོན་གྱི་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་བྱུང་བའི་གནས་ཚུལ་ལ་སྙད་འདོགས་བྱེད་ཀྱི་ཡོད་ཀྱང༌། དེ་དག་ནི་རྒྱ་ནག་ལ་བཙན་འཛུལ་དབང་སྒྱུར་བྱེད་མཁན་སོག་པོ་དང༌། མན་ཇུ་མི་རིགས་གཉིས་ཀྱི་དུས་སུ་ཡིན་པས་ཁུངས་འཁྱོལ་ཐབས་མེད་པ་གསལ་པཱུ་ཡིན།

དེ་ནས་ཕྱི་ལོ་༡༩༥༡ཟླ་༥ཚེས་༢༣ཉིན་བོད་རྒྱའི་སྐུ་ཚབ་བར་བཞག་པའི་འདྲ་མཉམ་མིན་པའི་གྲོས་མཐུན་ཏེ་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་ཀྱི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་འདི་ཕྱི་ལོ་༡༩༥༩ཟླ་༣པར་རྒྱ་ནག་གཞུང་གིས་ཡོངས་སུ་བརྩི་མེད་བཏང་བ་དང༌།བོད་གཞུང་ཕྱོགས་ནས་ཀྱང་གྲོས་མཐུན་དེ་ཁས་ལེན་མེད་ཅེས་འཛམ་གླིང་ནང་ཡོངས་གྲགས་གནང་སྟེ་ལོ་རྒྱུས་ཐོག་ནུས་མེད་དུ་གྱུར་ཟིན་པའི་གྲོས་མཐུན་གྱི་ཤོག་རོ་དེ་བར་ལམ་ཞིག་ནས་རྒྱ་ནག་གཞུང་གིས་སླར་ཡང་བདག་པོ་བརྒྱབ་སྟེ་ཁོང་ཚོས་བོད་དབང་སྒྱུར་བྱེད་པའི་མཐུ་ལྡན་གྱི་ནོར་བུ་ཞིག་ལ་བརྩིས་ནས་དུས་དྲན་ཟེར་བའི་བྱེད་སྒོ་སྤེལ་གྱི་ཡོད་པ་དེ་ནི་རྒྱལ་ཁ་ཐོབ་ནས་མདུན་སྐྱོད་བྱས་པ་ཞིག་མ་ཡིན་པར།འུ་ཐུག་ཐབས་ཟད་ཀྱིས་ཆབ་སྲིད་ཀྱི་གཡོ་བྱུས་ལ་བརྟེན་ནས་གསོན་རེ་བྱས་པ་ཞིག་ཡིན་པ་གསལ་པཱུ་ཡིན།

འདི་ལཱུའི་ཕྱི་ཟླ་༥ཚེས་༢༣ཉིན་བོད་རྒྱ་བར་འདྲ་མཉམ་མིན་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་སྟེ་ལོ་༥༠འཁོར་བར་རྒྱའི་དབང་འཛིན་ལས་ཁུངས་ཀྱིས་དམ་དྲག་ཆེན་པཱུའི་ངང་ལྷ་སར་དྲན་གསཱུའི་ཚོགས་ཆེན་ཚོགས་ཡོད་པ་དེང་སྐབས་བོད་ཀྱི་རྒྱལ་གཅེས་མི་མང་ནས་འདས་པའི་མི་ལོ་༥༠ནི་བོད་འདི་དམག་འཁྲུག་དང༌། མུ་གེབཙན་གནོན་བཅས་ཀྱི་འོག་ཏུ་ཚུད་པའི་མུན་ནག་གི་དུས་སྐབས་ཡིན་པས་དེ་ལ་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་འཁོད་པའི་ངོ་རྒོལ་ཡི་གེ་སྦྱར་བ་དང༌། དེ་བཞིན་པེ་ཅིང་གཞུང་དང༌།ས་གནས་དབང་འཛིན་ལས་ཁུངས་སོ་སོར་ཡང་ཡི་གེ་བཏང་བ་སོགས་ངོ་རྒོལ་གྱི་རྣམ་འགྱུར་གསལ་པོ་བསྟན་པར་བརྟེན་ཁོ་པ་ཚཱུའི་དུས་དྲན་བྱེད་སྒོ་དེ་ལམ་ལྷོང་ཇི་བཞིན་མ་བྱུང་བར་འཚབ་འཚུབ་ངང་མཇུག་བསྒྲིལ་དགོས་བྱུང་ཡོད།

དེ་རྗེས་བོད་ཀྱི་བརྟན་ལྷིང་བདེ་འཇགས་བཅོས་སྐྱོང་བྱེད་པར་པེ་ཅིང་ནས་དབུས་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་བྱུས་འདོན་པུའུ་ཡི་འགན་འཛིན་གཞོན་པ་དམག་དཔོན་ཝང་ཅིང་ཕིང་གིས་སྣེ་འཁྲིད་པའི་དཔུང་སྡེ་ཁག་གཅིག་བཏང་བ་དེས་དུས་དྲན་ཚོགས་ཆེན་ཐེངས་གཉིས་པ་ཚོགས་ཐུབ་པའི་ཆེད་དུ་ཛ་དྲག་གི་ལས་ཀ་བྱས་པ་དང༌། ཚོགས་ཆེན་དངོས་གཞིའི་དུས་ཚེས་གང་ཞིག་ཏུ་འཚོག་རྒྱུའི་དུས་ཚོད་ཀྱང་མཐཱུ་རིམ་དཔོན་རིགས་ཁ་ཤས་ལས་དེ་མིན་གཞན་གྱིས་མ་ཤེས་པའི་གསང་རྒྱ་དམ་པོ་བྱས་པའི་འོག་ཕྱི་ཟླ་༧ཚེས་༡༧ཉིན་པེ་ཅིང་ནས་སྲིད་འཛིན་གཞོན་པ་ཧུའུ་ཅིན་ཐའོ་ཡིས་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་རྒྱལ་ཡོངས་མི་མང་འཐུས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང༌།རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་ཝང་ཀྲུང་ཡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ་གཞོན་པ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་འཛིན་ཝང་ཀྲའོ་གོ། ཀྲུང་དབྱང་དམག་དབུས་ཀྱི་ཨུ་ཡོན་སྤྱི་ཁྱབ་ཆབ་སྲིད་པུའུའི་ཀྲུའུ་རིན་གཞོན་པ་ཞུས་ཚའོ་ཧེ་སོགས་ཀྱི་སྣེ་འཁྲིད་པའི་མཐཱུ་རིམ་སྐུ་ཚབ་ཚོགས་པ་མི་གྲངས་ལྔ་བཅུ་ཡོད་པ་ཞིག་མཁའ་ལམ་བརྒྱུད་གོང་དཀར་གནམ་གྲུ་འབབ་ཐང་དུ་འབྱོར་པ་དང༌། དེ་ནས་རླངས་འཁོར་ཐོག་བསྡད་དེ་གནའ་བཱུའི་གྲོང་ཁྱེར་ལྷ་སར་འབྱོར་པ་བཅས་ཀྱི་སྐབས་སུ་སྔོན་ཚུད་ནས་བཀོད་སྒྲིག་བྱས་ཏེ་བལྟ་སྲུང་ནན་པཱུའི་འོག་བཞག་པའི་དགའ་བསུ་ཞུ་མཁན་ཁག་གིས་ཁོང་ཚོར་དགའ་བསུ་ཞུས་ཡོད་པ་རེད།དེ་བཞིན་སྐུ་མགྲོན་མགྲོན་འབོད་བྱས་པའི་ཁོངས་སུ་དེ་སྔ་བོད་སྡོད་དབང་འཛིན་ལས་ཁུངས་ཀྱི་གཙོ་བཱུའི་འགན་འཁུར་མྱོང་བའི་མི་སྣ་ཕན་མིང་དང༌། རན་རོང༌། དབྱིན་ཕཱ་ཐང༌། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་ཚལ་བྱུས་མིང༌།ཆབ་སྲིད་ཨུ་ཡོན་ཅང་ཧུ་ཆོན། བོད་མི་རྒྱལ་མཚན་ནོར་བུ།གཞན་ཡང་འགཱུ་ཁྲིད་འདས་པོ་ཁག་གཅིག་གི་བཟའ་ཟླ།དེ་མིན་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་སྐུ་ཚབ།ཁེ་ལས་བརྒྱ་ལྷག་གི་འཐུས་མི་བཅས་ཡོད་པ་རེད།ཚང་མས་དོ་སྣང་ཆེན་པོ་བྱེད་པ་ཞིག་ལ་བོད་མི་འགཱུ་ཁྲིད་རྙིང་པའི་གྲས་ངག་ཕོད་ངག་དབང་འཇིགས་མེད་དང༌།འབའ་པ་ཕུན་ཚོགས་དབང་རྒྱལ་གཉིས་དང་དེ་མིན་བོད་མི་ཁ་ཤས་ཡོད་པ་དེ་ཚོ་མེད་པར་ཡ་མཚན་བྱེད་ཀྱི་ཡོད་པ་རེད།

ཕྱི་ཟླ་༧ཚེས་༡༨ཉིན་ཕོ་བྲང་པོ་ཏ་ལའི་ཞོལ་གྱི་ཐང་ཆེན་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་མི་ལོ་༥༠འཁོར་བའི་དྲན་གསཱུའི་རྡཱུ་རིང་འཛུགས་རྒྱུའི་རྨང་གཞི་འདིང་བ་དང༌།ཅང་ཙེ་མིན་གྱིས་སྤྲད་པའི་དྲན་གསོའི་དངོས་པཱུ་ཁྲོ་ཟངས་ཀྱི་བསང་ཕོར་སྟོང་པ་སྒྲིག་འཇོག་གི་བྱེད་སྒོ་སྤེལ་བར་ཧུའུ་ཅིན་ཐའོ་སོགས་འཐུས་མི་ཚོགས་པ་ཞུགས་ཡོད་པ་རེད། དངོས་གཞིའི་དྲན་གསཱུའི་ཚོགས་ཆེན་ཕྱི་ཚེས་༡༩བོད་ཟླ་༥ཟླ་ནག་གི་ཚེས་༢༩ཉིན་གྱི་སྔ་དྲོ་གོང་གསལ་ཐང་ཆེན་དུ་མི་གྲངས་ཉིས་ཁྲི་ཞུགས་པའི་དྲན་གསཱུའི་ཚོགས་ཆེན་གཟབ་རྒྱས་ཆེ་མདོག་ཅིག་ཚོགས་པ་དེར་ཞུགས་མཁན་མང་ཆེ་བ་ལས་ཁུངས་དང༌། བཟོ་གྲྭསློབ་གྲྭ་སོགས་རྣམ་ཀུན་སྒྲིག་འཛུགས་ཀྱི་ཁོངས་སུ་ཡོད་པའི་མི་ཡིན་པ་དང༌།གྲོང་ཁྱེར་ནང་གི་མི་མང་ལ་ཡིད་མ་ཆེས་པར་ཉེ་འཁོར་གྲོང་གསེབ་ཁག་ནས་མང་ཚོགས་དང་སློབ་ཕྲུག་བཅས་བདུན་སྟོང་ལྷག་ཙམ་སྐོང་ཡོད་པ་རེད།ཚོགས་འདུའི་ཐོག་ཧུའུ་ཅིན་ཐའཱུ་ཡིས་གཏམ་བཤད་བྱས་དོན།བོད་འདི་མེས་རྒྱལ་གྱི་ལྷོ་ནུབ་ཀྱི་མཐའ་མཚམས་སུ་གནས་ཡོད་པ་དང༌།ས་རྒྱ་ཆེ་ཞིང་འཐབ་བྱུས་ཀྱི་གནས་བབ་ཧ་ཅང་ཆེན་པོ་ཡོད།བོད་ཀྱི་གོང་འཕེལ་དང༌།བརྟན་ལྷིང༌།བདེ་འཇགས་བཅས་བོད་ཀྱི་མི་རིགས་ཁག་གི་མི་མང་གི་རྩ་བའི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པ་དང༌།མི་རིགས་མཐུན་སྒྲིལ་དང༌།མེས་རྒྱལ་གོང་བུ་གཅིག་གྱུར།རྒྱལ་ཁབ་ཀྱི་བདེ་འཇགས་བཅས་དང་ཐད་ཀར་འབྲེལ་བ་ཡོད་པས་བོད་དར་རྒྱས་གོང་འཕེལ་ཡོང་བ་བྱེད་རྒྱུ་དང༌། བོད་བརྟན་ལྷིང་མཐུན་སྒྲིལ་ཡོང་བ་བྱེད་རྒྱུ་ནི་བོད་མི་མང་དང་བཅས་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་མང་གི་ཐུན་མོང་གི་བསམ་འདུན་དང༌།ཐུན་མོང་གི་འགན་འཁྲི་ཡིན་ཞེས་དང༌།ཀྲུང་དབྱང་ནས་བོད་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོར་བློ་མཐུན་ཅང་ཙེ་མིན་གྱིས་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང༌། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་གོ་སྐབས་དམ་འཛིན་དང་གོ་སྐབས་བེད་སྤྱོད་ཡག་པོ་བྱས་ཐོག་གསར་ཐོན་ཡར་ཐོན་དང༌། ལས་དོན་ཏན་ཏིག་བྱས་ཏེ་བོད་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་དང༌།བོད་ཀྱི་སྤྱི་ཚོགས་ཀྱི་དུས་བབ་གཞི་རྩའི་ཆར་བརྟན་ལྷིང་ཡོད་པ་ནས་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་རེ་བ་ནན་པོ་འདོན་རྒྱུ་ཡིན།དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་ནི་བོད་ཀྱི་མི་རིགས་ཁག་གི་མི་མང་གི་ཁེ་ཕན་དངོས་ཀྱི་སྔོན་འགྲཱུའི་ཆ་རྐྱེན་ཡིན་ལ། མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་གཏོང་རྒྱུ་དང༌། བོད་ཀྱི་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུའི་རྩ་བའི་འགན་ལེན་ཡང་ཡིན་ཞེས་བརྗོད་ཡོད་པ་རེད།

ཡང་ཁོ་པས་བོད་ཞི་བས་བཅིངས་འགྲོལ་གཏོང་ཐབས་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོབ་ཐད་མི་མང་བཅིངས་འགྲོལ་དམག་གིས་བྱས་རྗེས་ཆེན་པོ་བཞག་ཡོད་པར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང༌།མ་འོངས་པར་མི་མང་བཅིངས་འགྲོལ་དམག་དང༌།དྲག་ཆས་ཉེན་རྟོག་དཔུང་སྡེ།སྤྱི་བདེ་མི་སྣ་བཅས་ཀྱི་འགོ་དམངས་ཡོངས་ནས་དེང་དུས་ཀྱི་དམག་འཐབ་བྱ་ཐབས་དང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་མཐའ་སྲུང་སྲུང་སྐྱོབ་དང༌།བོད་ཀྱི་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོབ་ཐད་ངར་ལྕགས་ཀྱི་ལྕགས་རི་ལྟ་བུའི་ནུས་ཤུགས་འདོན་དགོས་ཞེས་ངན་སྐུལ་ཤུགས་ཆེ་བྱས་ཡོད་པ་རེད།

དེ་རྗེས་དམག་སྲིད་ཀྱི་གཟབ་སྦྲེང་རུ་ཁག་ལ་ལྟ་ཞིབ་བྱས་པ་དང༌།མཇུག་ཏུ་རྒྱ་ནག་ནས་ཡོང་བའི་རིག་རྩལ་ཚོགས་པས་འཁྲབ་སྟོན་བྱས་ཡོད་པ་རེད།དེའི་ནུབ་མོ་ཚོན་ཁྲ་ཅན་གྱི་ཤོག་སྦག་སྤར་བ་བཅས་ཕྱི་ཚུལ་དུས་ཆེན་གྱི་རྣམ་པ་མཚོན་པ་བྱས་ཡོད་ཀྱང༌།ནང་དོན་བདེ་འཇགས་དོགས་ཟོན་ཆེན་པཱུའི་ངང་གང་སར་མང་ཚོགས་འགོག་གནོན་བྱེད་མཁན་གྱི་དྲག་ཆས་ཉེན་རྟོག་དམག་མི་བཀྲམ་སྟེ་དམག་སར་སླེབས་པ་ལྟ་བུའི་སྣང་ཚུལ་ལས་དགའ་སྤྲཱུའི་རྣམ་འགྱུར་མངོན་རྒྱུ་མེད་པ་རེད།

ཕྱི་དྲོ་ལྷ་སའི་མི་མང་ཚོགས་ཁང་ཆེན་མོར་རྫོང་རིམ་པའི་ལས་བྱེད་པ་དང།ཐོན་རིམ་པའི་དམག་དཔོན་བཅས་སྟོང་ཕྲག་ཁ་ཤས་ཡོད་པའི་ཚོགས་ཆེན་ཐོག་ཧུའུ་ཅིན་ཐའཱུ་ཡིས་གཏམ་བཤད་བྱས་པ་དེའི་སྐབས་འདས་པའི་ལས་ཀའི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་པ་དང་སྦྲགས་འབྱུང་འགྱུར་ལས་ཀའི་བྱེད་ཕྱོགས་སྐོར་ལས་བྱེད་པ་རྣམས་ལ་བླང་བྱ་དོན་ཚན་ལྔ་བཏོན་ཡོད་པ་སྟེ། དང་པོ། ཁ་ཕྱོགས་དམ་པོ་བཟུང་བ་དང༌།ལངས་ཕྱོགས་བརྟན་པོ་ཡོང་བ་བྱེད་དགོས།བོད་འདི་ཉིད་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་གཡུལ་ས་མདུན་མར་གནས་ཡོད་པས་བོད་ཀྱི་རྒྱ་ཆེའི་ལས་བྱེད་པའི་ངོས་ནས་བཤད་ན་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་བར་བྱེད་པའི་གལ་ཆེ་ཤོས་ནི་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོབ་དང༌། མི་རིགས་ཁ་བྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་དེ་རེད།ཡིན་མིན་གྱི་གནད་དོན་ཆེན་པོ་འདིའི་ཐད་ངེས་པར་དུ་ངོས་འཛིན་གསལ་པོ་དང༌།རྣམ་འགྱུར་གསལ་པོ། བྱ་སྤྱོད་བརྟན་པོ་བཅས་ཡོང་བ་བྱེད་དགོས།

ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་མང་གི་ལས་བྱེད་པ་ཚང་མ་མི་རིགས་གང་ཞིག་ཡིན་མིན་ལ་མ་ལྟོས་པར་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་པས་ཚང་མས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོབ་དང༌།མི་རིགས་ཁ་བྲལ་ལ་ངོ་རྒོལ་བྱ་རྒྱུ་འདི་རང་ཉིད་ཀྱི་གཞན་ལ་དཀྲི་ཐབས་མེད་པའི་བླ་ན་མེད་པའི་འགན་ཁྲིར་འཁྱེར་དགོས་པ་དང༌།གཉིས་པ།སྙིང་རུས་ཆེན་པོས་སློབ་སྦྱོང་དང༌། དཔའ་ངར་ཆེན་པོས་གསར་གཏོད་བྱེད་དགོས།མ་ཁེ་སི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པར་དང་ཐོག་བསམ་བློར་བཅིངས་འགྲོལ་དང༌། དངོས་ཐོག་བདེན་འཚོལ་བྱ་རྒྱུ་ནི་མར་ཁི་སིའི་རིང་ལུགས་ཀྱི་བླ་སྲོག་ཡིན།

ད་ལྟ་དུས་བབ་གོང་འཕེལ་དང༌། འགྱུར་ལྡོག་འགྲོ་མགྱོགས་པོ་ཡོད་པས་བོད་དུ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང༌། ཡང་ན་གོང་འཕེལ་མགྱོགས་སུ་གཏོང་བར་ཚང་མར་གནས་ཚུལ་གསར་པ་དང༌།གནད་དོན་གསར་པ་མང་པོ་འཕྲད་རྒྱུ་རེད།དེར་བརྟེན་ང་ཚོ་དུས་ཚོད་ཀྱི་ལྟ་བ་ཤུགས་ཆེ་རུ་གཏོང་བ་དང༌། ལྟ་བ་གསར་པ་འཛུགས་པ། བསམ་ཕྱོགས་གསར་པ་དབྱེ་བ།སྒྲིག་གཞི་གསར་པ་འཛུགས་པ་བཅས་ཀྱི་ཐོག་ནས་བོད་ལྗོངས་རང་ངོས་ཀྱི་ཁྱད་འཕགས་འདོན་སྤེལ་གང་ལེགས་བྱས་ནས་བོད་ལྗོངས་གོང་འཕེལ་གྱི་ཆ་རྐྱེན་སྣ་ཚོགས་དེ་བས་གོང་འཕེལ་དང་ཕན་པ་ཡོང་བ་བྱེད་དགོས།

གསུམ་པ། མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་སྦྲེལ་གྱི་སྟོབས་ཤུགས་ཆགས་པ་བྱེད་དགོས།བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མཐུན་སྒྲིལ་བྱེད་རྒྱུ་འདི་མི་རིགས་ཁག་གི་མཐུན་སྒྲིལ་ཡར་རྒྱས་གཏོང་རྒྱུར་འགག་རྩའི་རང་བཞིན་དང༌།གཏན་འཁེལ་རང་བཞིན་གྱི་ནུས་པ་ལྡན་ཡོད་པས་མི་རིགས་གང་ཞིག་གི་ལས་བྱེད་པ་ཡིན་ཡང་ཚང་མས་ཏང་དང་མི་མང་གི་ལངས་ཕྱོགས་ཐོག་ལངས་ཏེ་ཏང་དང་མི་རིགས་ཁག་གི་མི་མང་གི་ཁེ་ཕན་སྲུང་སྐྱོང་བྱས་ཏེ་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་ལྟར་རང་འགུལ་ངང་འགཱུ་ཁྲིད་ཚན་ཁག་གི་མཐུན་སྒྲིལ་སྲུང་སྐྱོང་དང༌། མི་རིགས་ཁག་གི་ལས་བྱེད་པའི་དབར་ཕན་ཚུན་བརྩི་བཀུར་དང༌།ཕན་ཚུན་སློབ་སྦྱོང་བྱེད་རེས་བྱས་ཏེ་སྐྱོན་བསྲང་དགེ་སྒྲུབ་ཀྱི་ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བྱེད་དགོས།བཞི་པ། དཀའ་སྤྱད་འབད་ཐབས་དང་མི་མང་དང་འབྲེལ་བ་དམ་ཟབ་བྱེད་དགོས།བོད་ཀྱི་ལས་བྱེད་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེ་བཏང་སྟེ་མི་མང་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་བྱེད་དགོས།

ཕྱིན་འབྱུང་ཆ་རྐྱེན་ཡག་ཏུ་ཕྱིན་ན་ཡང་སྲོལ་རྒྱུན་བཟང་པོ་འདི་རིགས་དོར་རྒྱུ་མེད།རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་རྟག་ཏུ་གཞི་རིམ་ལ་ཟབ་བསྐྱོད་བྱེད་དགོས་པ་དང༌། དཀའ་ངལ་མང་བའི་ས་ཁུལ་དང༌། མི་རིགས་ཁག་གི་མང་ཚོགས་ཁྲོད་དུ་ཟབ་བསྐྱོད་བྱས་ནས་མང་ཚོགས་ཀྱི་བདེ་སྡུག་ཤེས་རྟོགས་བྱེད་དགོས་པ་དང༌།མང་ཚོགས་ཀྱི་འབོད་སྒྲ་ཉན་པ།མང་ཚོགས་ཀྱི་དཀའ་སྡུག་ཤེས་རྟོགས་བཅས་བྱས་ནས་དུས་རྟག་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་བཞག་སྟེ་ཧུར་བརྩོན་ཆེན་པོས་མང་ཚོགས་ཀྱི་དངོས་ཡོད་གནད་དོན་རྣམས་ཐག་གཅོད་བྱེད་དགོས་པ་དང༌། ཐབས་བརྒྱ་བྱུས་སྟོང་ངང་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་ཡག་པོ་བསྒྲུབ་ཐུབ་པ་བྱེད་དགོས།ལྔ་པ།དངོས་དོན་གཉེར་བ་དང༌། དོན་ཆེན་དམ་འཛིན་བྱེད་དགོས།བོད་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་ཚང་མས་ཀྲུང་དབྱང་གི་དགོངས་དོན་དང༌།བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་ལ་གཞིགས་པ་དང༌། རང་སོ་སཱུའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་ཀའི་འགན་འཁྲི་ཁ་གསལ་དང༌།ལས་ཀའི་འཆར་གཞི་བཟོ་བ།ལས་ཀ་དོན་འཁྱོལ་ཡོང་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་འབད་བརྩོན་བྱེད་དགོས།ལས་དོན་གང་འདྲ་བྱས་ཀྱང་ཚང་མར་སྤུས་ཚད་དང༌། ཕན་འབྲས།ལས་ཕྱོད་བཅས་ལ་དོ་སྣང་བྱེད་དགོས་པ་དང༌། ཚང་མ་བཀོད་སྒྲིག་དམ་ཟབ་དང༌། བྱ་ཐབས་བཟང་པོ། བརྟག་དཔྱད་ནན་པོ་བཅས་བྱས་ཏེ་གཏན་འཁེལ་བྱས་པའི་དོན་གནད་ཁག་ལམ་སེང་ལག་བསྟར་དོན་འཁྱོལ་དང་བློ་ཐག་ཆོད་པོས་བྱ་སྤྱོད་སྤེལ་དགོས།གཏན་འཁེལ་བྱས་པའི་ལས་འགན་སྔོན་འཛིན་དངོས་སྒྲུབ་དང༌། དམ་འཛིན།མཐར་ཕྱིན་པ་བཅས་བྱེད་དགོས་ཞེས་བརྗོད་ཡོད་པ་རེད།

ཕྱི་ཚེས་༢༠ཉིན་ཧུའུ་ཅིན་ཐའོ་ལྷ་སའི་ནུབ་ངོས་སྟོད་ལུང་བདེ་ཆེན་རྫོང་དུ་ལྟ་སྐོར་འཚམས་འདྲིར་བསྐྱོད་ཡོད་པ་དང༌། ས་གནས་ནས་སྔོན་ཚུད་གྲ་སྒྲིག་བྱས་པའི་ཞིང་པ་ལྟོ་གོས་ཆ་རྐྱེན་བཟང་བའི་ཁྱིམ་ཚང་ཁ་ཤས་ལ་བསྐྱོད་དེ་ལྟ་སྐོར་བྱས་པ་དང༌། ཁོང་ཚཱུའི་ཐོན་སྐྱེད་སྐོར་སྐད་ཆ་དྲིས་ཏེ་ཏང་ཀྲུང་དབྱང་གིས་ཁྱེད་ཚོར་སེམས་འཁུར་ཆེན་པོ་གནང་གི་ཡོད་ལུགས་ཤ་ཚ་ཆེ་མདོག་གིས་བཤད་ཡོད་པ་རེད།

དོན་དངོས་ཐོག་སྟོད་ལུང་བདེ་ཆེན་རྫོང་ཁུལ་དུ་མེ་འཁོར་གྱི་ལྕགས་ལམ་འཁེལ་གྱི་ཡོད་པ་དེས་རྐྱེན་པས་ཞིང་པའི་ས་ཞིང་མང་པཱུ་ཞིག་ཤོར་གྱི་ཡོད་པ་དེ་ལ་ཞིང་པ་ཚོས་མི་འདོད་པའི་རྣམ་འགྱུར་སྟོན་གྱི་ཡོད་པར་བརྟེན་དེ་དག་འཇགས་ཐབས་ཀྱི་ཆེད་དུ་ཡིན་པར་བོད་མི་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཕྱི་དྲོ་ཧུའུ་ཅིན་ཐའོ་བོད་དམག་ཁུལ་ཁང་དུ་བསྐྱོད་ནས་བཅིངས་འགྲོལ་དམག་དང༌།དྲག་ཆས་ཉེན་རྟོག་དམགསྤྱི་བདེ་མི་སྣ་བཅས་ཀྱི་ཐཱུན་རིམ་པ་ཡན་གྱི་དམག་དཔོན་ཚོ་དང་ཐུག་འཕྲད་བྱས་ཏེ་རྒྱལ་སྲུང་སྐོར་གཏམ་བཤད་བྱས་དོན། བོད་འདི་རང་རྒྱལ་གྱི་ལྷོ་ནུབ་ཀྱི་རྒྱལ་སྒོ་ལྟ་བུའི་མཐའ་མཚམས་གལ་ཆེ་ཞིག་ཡིན་པར་མ་ཟད། དེར་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང༌།མངའ་ཁོངས་གོང་བུ་གཅིག་གྱུར།མི་རིགས་མཐུན་སྒྲིལ་བཅས་ཀྱི་གལ་ཆེའི་དོན་སྙིང་ཡང་ལྡན་ཡོད།ཀྲུང་དབྱང་ནས་སྔ་བར་ཕྱི་གསུམ་དུ་ཀྲུང་གཱུའི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོབ་དང༌། འཛུགས་སྐྲུན་ལ་ཐུགས་འཁུར་ཆེན་པོ་བཞེས་ཀྱི་ཡོད་ལ།འཐབ་འཛིངས་པ་རྒན་གྲས་མང་པོས་རང་གི་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་ནས་བྱས་རྗེས་རླབས་ཆེན་བཞག་ཡོད།དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་ལ་འཕོ་འགྱུར་ཆེན་པོ་འགྲོ་བ་དང༌། ཀྲུང་གོ་དགྲར་འཛིན་སྟོབས་ཤུགས་ཀྱིས་རང་རྒྱལ་ཁ་བྲལ་དང༌། ཟིང་སློང༌།བཙན་རྒྱལ་རིང་ལུགས་པའི་བཙན་འཛུལ་འོག་འཇུག་རྒྱུའི་རེ་ངན་གཏན་ནས་མཚམས་འཇོག་བྱེད་མྱོང་མེད། དེར་བརྟེན་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་དམག་དོན་འཐབ་བྱུས་དང༌།མེས་རྒྱལ་གོང་བུ་གཅིག་གྱུར།མི་རིགས་མཐུན་སྒྲིལ་དང་བརྟན་ལྷིང་སྲུང་སྐྱོབ། མངའ་ཁོངས་བདག་དབང་བཅས་ཐད་བོད་སྡོད་འགོ་དམངས་ཡོངས་ལ་ལོ་རྒྱུས་ཐོག་དཀའ་ཚེགས་ཆེ་ལ་གཟི་བརྗིད་ཀྱང་ལྡན་པའི་ལས་འགན་ཆེན་པཱུ་ཞིག་ཡོད།

ཀྲུང་དབྱང་ནས་ནུབ་རྒྱུད་མཐའ་མཚམས་འཛུགས་སྐྲུན་དང་སྤྱི་ཚོགས་ཡར་རྒྱས་ལ་དམིགས་ཏེ་ནུབ་རྒྱུད་ཐོན་འབྱེད་ཆེན་པཱུའི་ཐབས་བྱུས་གཏན་འབེབས་བྱས་ཡོད།དེར་བརྟེན་དམག་དམངས་ཡོངས་ཀྱིས་ཕྱོགས་གཅིག་ནས་ནུབ་རྒྱུད་ཐོན་འབྱེད་ཆེན་པཱུའི་གོ་སྐབས་མ་ཤོར་བའི་རྩོད་ལེན་བྱེད་དགོས་པ་དང༌། གཉིས་ནས་དེང་རབས་ཅན་གྱི་དམག་དཔུང་འཛུགས་སྐྲུན་དང༌།ཚན་རྩལ་ཡར་རྒྱས་ལ་ཤུགས་སྣོན་བརྒྱབ་སྟེ་བློ་མཐུན་ཅང་ཙེ་མིན་གྱིས་དམག་ཡོངས་ལ་བླང་བྱ་བཏོན་གནང་བའི་དུས་རབས་གསར་པའི་ལས་འགན་ཁག་ལེགས་འགྲུབ་ཡོང་བ་བྱེད་དགོས་པ་དང༌། མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་བྱས་རྗེས་འཇོག་དགོས་ཞེས་བརྗོད་ཡོད་པ་རེད།

ཕྱི་ཚེས་༢༡ཉིན་ཧུའུ་ཅིན་ཐའོ་གཞིས་རྩེ་གྲོང་ཁྱེར་དུ་འཚམས་འདྲིར་བསྐྱོད་ཡོད་པ་དང༌། ཁོ་པས་བཀྲས་ལྷུན་དགོན་པར་འཚམས་འདྲིའི་ལག་རྟགས་སྤྲད་པར་མ་ཟད།ཁུལ་དེའི་ལས་བྱེད་པའི་ཚོགས་ཆེན་ཐོག་གཏམ་བཤད་རིང་པཱུ་ཞིག་བྱས་ཡོད་པ་རེད།ཁོ་པས་བརྗོད་དོན། གཞིས་རྩེའི་མཐའ་མཚམས་རིང་བ་དང༌།མཐའ་མཚམས་ཀྱི་འགྲོ་ལམ་མང་བ།བོད་ཀྱི་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མདུན་ཕྱོགས་ཡིན་པས།བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་ལས་འགན་སྔར་བཞིན་ཧ་ཅང་ལྕི་ལ་དཀའ་ཚེགས་ཀྱང་ཆེན་པོ་ཡོད་པར་བརྟེན་ང་ཚོས་སེམས་འཁྲལ་དང་སྡུག་བསྔལ་གྱི་འདུ་ཤེས་དང༌།འགན་འཁྲིའི་འདུ་ཤེས་བཅས་སྔར་བས་ཆེ་རུ་གཏོང་བ་དང༌། ནན་ཏན་གྱི་བྱ་ཐབས་སྤྱད་དེ་བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་ལས་དོན་ཁག་ཧ་ཅང་གཟབ་ནན་དང༌། ཡག་པོ་སྒྲུབ་དགོས་པའི་བླང་བྱ་འདོན་རྒྱུ་ཡིན།

བརྟན་ལྷིང་སྲུང་སྐྱོབ་བྱེད་པར་དང་ཐོག་ལས་བྱེད་པས་མ་ཁེ་སིའི་རིང་ལུགས་ཀྱི་མེས་རྒྱལ་གྱི་ལྟ་བ་དང༌།མི་རིགས་ཀྱི་ལྟ་བ།ཆོས་ལུགས་ཀྱི་ལྟ་བ།ཁྲིམས་ལུགས་ཀྱི་ལྟ་བ།དོན་དངོས་ཀྱི་ལྟ་བ་བཅས་འཛུགས་པ་དང༌།དངོས་གཙོ་སྨྲ་བ་དང༌། ལྷ་མེད་སྨྲ་བའི་བསམ་བློ་འཛུགས་རྒྱུའི་སློབ་གསོ་གཏོང་དགོས་པ་དང༌། རྒྱ་ཆེའི་མང་ཚོགས་དང༌།ལྷག་པར་གཞོན་ནུ་ལོ་ཆུང་ལ་རྒྱལ་གཅེས་རིང་ལུགས་དང༌།སྤྱི་ཚོགས་རིང་ལུགས།མཉམ་སྡེབས་རིང་ལུགས་བཅས་ཀྱི་སློབ་གསོ་གཏོང་དགོས།ལྷག་པར་ཁྲིམས་ལུགས་ཀྱི་བསམ་བླཱུའི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས།མེས་རྒྱལ་གྱི་གཅིག་གྱུར་སྲུང་སྐྱོབ་དང༌།ཁ་བྲལ་ལ་ངོ་རྒོལ།མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང༌།དར་ཆ་གསལ་སྟོན་གྱིས་ཁ་བྲལ་རིང་ལུགས་ཀྱི་སྟོབས་ཤུགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་དང།ཆབས་ཅིག་ཆོས་ལུགས་ལས་དོན་ལ་ཁྲིམས་ལུགས་ལྟར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་སོགས་བརྗོད་ཡོད་པ་རེད།

འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་ཝང་ཀྲུང་ཡུས་ཀྱིས་ལྷོ་ཁ་ས་ཁུལ་དང༌།རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཝང་ཅུས་ཧུའུ་ཡིས་ནག་ཆུ་ས་ཁུལ།ཀྲུང་དབྱང་དམག་དབུས་ཀྱི་ཨུ་ཡོན་དང་སྤྱི་ཁྱབ་ཆབ་སྲིད་པུའུ་ཀྲུའུ་རིན་གཞོན་པ་ཞུས་ཚའོ་ཧེས་ཉིང་ཁྲི་ས་ཁུལ། རྒྱ་ནག་མི་མང་འཐུས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སུའུ་ལན་མིན་གྱིས་ཆབ་མདོ།རྒྱལ་པོ་སོགས་ཀྱིས་མངའ་རིས་བཅས་སོ་སོར་བསྐྱོད་དེ་ལས་བྱེད་དང་མང་ཚོགས་བཅས་ལ་འཚམས་འདྲི་དང་གོང་མཚུངས་ཀྱི་གཏམ་བཤད་བྱས་ཡོད་པ་དང༌། རྒྱ་ནག་ནས་ཡོང་བའི་རིག་རྩལ་ཚོགས་པ་མི་གྲངས་བརྒྱ་སྐོར་ཡོད་པ་དེ་དག་ཁག་བགོས་ཀྱིས་འཁྲབ་སྟོན་བྱས་ཡོད་པ་རེད།ས་གནས་སོ་སོར་གཞུང་འབྲེལ་གྱི་གྲ་སྒྲིག་གཟབ་རྒྱས་བྱས་ཡོད་ཀྱང༌། མང་ཚོགས་ཀྱི་ངོས་ནས་ཐེངས་འདིའི་དུས་དྲན་ཁྲལ་དུ་བརྩི་བ་ལས།དགའ་སྤྲཱུའི་རྣམ་འགྱུར་སྟོན་མཁན་མེད་པ་དང༌། ལྷག་པར་བདེ་འཇགས་སྲུང་སྐྱོབ་ལ་བསྙད་དེ་ཉེན་རྟོག་པས་སྐོར་གཡེང་དམ་དྲག་ནན་པོ་བྱེད་པ་དང༌། མང་ཚོགས་ཁག་གཅིག་གི་ཁྱིམ་ཚང་ནང་ཕྱོགས་འགྲུལ་ཡོད་མེད་ཞིབ་རྟོག་བྱེད་པ་སོགས་བདེ་བའི་གོ་སྐབས་མེད་པའི་གནས་ཚུལ་གྱིས་ཡིད་བསུན་ནས་སླར་ཡང་སེམས་ནང་ཁོན་སྐྲན་ཆེན་པཱུ་ཞིག་ཞུགས་ཡོད་པ་དེ་ནི་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ནས་མི་ལོ་༥༠འཁོར་བའི་དུས་དྲན་ཆེན་པོས་བཏབ་པའི་ས་བོན་ཞིག་ཡིན་ཞིང༌།དུས་ཡུན་རིང་པོར་མི་ཐོགས་པར་འབྲས་བུ་སྨིན་ངེས་ཡིན།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བོད་པ་ཡིན་ཚད་ཀྱིས་རང་ཉིད་བོད་པ་ཡིན་པ་ཤེས་པ་བྱས་དེ་བོད་པ་རང་གི་འགན་ལེན་བྱེད་པར་བརྩོན་པ་བྱེད་རྒྱུ་ནི་ཉིན་རེའི་འཚོ་བའི་ནང་གི་རང་རང་གི་ཁ་ལ་ཟ་དགོས་པའི་ཁ་ལག་བཞིན་དུ་འབྲལ་མེད་དུ་ཧུར་བརྩོན་བྱེད་དགོས་ལ། དེ་ཉིད་དང་བྲལ་ན་བོད་ཤི་རྒྱུར་ཉེ་བ་ལས་གསོན་རྒྱུའི་རེ་བ་མེད་པ་ཤེས་དགོས་སོ།