དགོངས་ཚུལ།

རྒྱལ་རབས།

སྤྱི་ལོ་༧༩༧ལོར་བོད་བཙན་པོ་རྒྱལ་རབས་ཀྱིས་པའེ་ཐེན་ཤོར་བའི་རྒྱུ་རྐྱེན་སྐོར་གླེང་བ།

སྤྱི་ལོ་༧༩༧ལོར་བོད་བཙན་པོ་རྒྱལ་རབས་ཀྱིས་པའེ་ཐེན་(北庭)ཤོར་བའི་རྒྱུ་རྐྱེན་སྐོར་གླེང་བ། རྩོམ་པ་པོ། Zhmc
ལོ་རྒྱུས་སྟེང༌། བྱང་གི་ལི་ཡུལ་ས་ཁུལ་དེ་གནའ་ནས་བཟུང་དྲུ་གུ་དང་ཧོར། གར་ལོག  ཡུ་གུར་སོགས་མི་རིགས་སྣ་མང་འདུས་པའི་ཡུལ་གྲུ་ཞིག་ཡིན།  མཚོ་ལམ་གསར་བ་(新航路开辟)མ་བཏོད་པའི་གོང་རོལ་དུ། གནས་འདི་འཛམ་གླིང་ཤར་ནུབ་གཉིས་ཕན་ཚུན་འབྲེལ་འདྲིས་བྱས་པའི་བརྒྱུད་ལམ་ཞིག་ཡིན།  ལོ་རྒྱུས་འཕེལ་བའི་འགྲོས་དང་བསྟུན་ནས། ཡུལ་གྲུ་འདིའི་དབང་སྒྱུར་མཁན་ཡང་དགུང་གི་ཉི་ཟླ་འཆར་ནུབ་བཞིན་བརྗེ་སྤོར་བྱས། དུས་རབས་བདུན་པའི་དུས་དཀྱིལ་དུ།

དེ་ལས་མང༌།: སྤྱི་ལོ་༧༩༧ལོར་བོད་བཙན་པོ་རྒྱལ་རབས་ཀྱིས་པའེ་ཐེན་ཤོར་བའི་རྒྱུ་རྐྱེན་སྐོར་གླེང་བ།

 

བོད་ཀྱི་རྒྱལ་པཱུའི་གདུང་རབས་རིམ་བྱོན།

མཐའ་མའི་བསྐྱར་བཅོས། (༣༠༡༩༩༩༠༥༣༠) འབྲི་མཁན། ཡེ་ཤེས་ཆོས་བཟང་། ༠༣༢༠༠༩༡༧༤༨

                ཤམ་བྷ་ལའི་ཕོ་དྲ་བས་ཟླ་༠༡་ཚེས་༣༡ཉིན་སྤེལ། གངས་ཅན་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པཱུ་ནི་རྒྱ་གར་གྱི་རྒྱལ་པོ་ཤཱཀྱ་མུ་མེའི་གདུང་རྒྱུད་ལས་བྱུང་བ་སོགས་བཤད་ཚུལ་མི་འདྲ་བ་སྣ་ཚོགས་མཆིས་ཀྱང༌། འདིར་བོད་རང་གི་མི་རྒྱུད་ཡིན་པའི་དབང་དུ་བྱས་ནས་བརྗོད་ན་དོན་ངོ་མར་འཇུག་ཐུབ་པ་སྣང༌། སྤོ་པོ་ཡུལ་དུ་བུད་མེད་བྱ་མོ་བཙུན་བྱ་བ་ཞིག་ལ་བུ་དགུ་སྐྱེས་པའི་ཆུང་ཤོས་ཨུ་བེར་ཟེར་བ་དེ་མཚན་བཟང་དང་མཐུ་རྩལ་ཁྱད་དུ་འཕགས་པས་གཞན་དང་མི་འདྲ་བར་བརྟེན་ཡུལ་དེའི་མི་རྣམས་ཀྱིས་གདོན་འདྲེར་བརྩིས་ནས་ཡུལ་དེ་ནས་ཕུད་དེ་རིམ་གྱིས་ཡར་ལུང་དུ་སླེབས། དེར་མི་ཀུན་གྱིས་མཚན་བཟང་མཐོང་སྟེ་གཉའ་བར་ཁྲི་ལ་བཏེགས་ཏེ་རྒྱལ་པོར་བཀུར་བས་གཉའ་ཁྲི་བཙན་པོ་ཞེས་གྲགས།

དེ་ལས་མང༌།: བོད་ཀྱི་རྒྱལ་པཱུའི་གདུང་རབས་རིམ་བྱོན།

བསམ་ཚུལ། (2)
   

བོད་མངའ་མཛད་བཅུའི་དུས་རབས་ཀྱི་ངོ་སྤྲོད་མདོ་ཙམ་གླེང་པ།

མཐའ་མའི་བསྐྱར་བཅོས། (༠༡༢༠༠༩༢༡༥༩)

སྔོན་དུ་གླེང་པའི་གཏམ།

བོད་ཀྱི་ལོ་རྒྱུས་བྱུང་རིམ་ཁྲོད། འོ་དེ་པུར་རྒྱལ་གཉའ་ཁྲི་བཙན་པོ་ཚུན་ཆད་ཅུང་ཟད་ཁ་གསལ་བའི་ལུགས་སུ་མཆིས་མོད། དེའི་ཡར་སྔོན་བོད་སྟོད་སིལ་གྱི་བྱུང་རིམ་དང་འབྲེལ་པའི་མངའ་མཛད་སྐོར་སྔོན་གྱི་ལོ་རྒྱུས་ཁ་ཤས་སུ་རྐང་གྲངས་ཙམ་ངོས་འཛིན་བྱས་པ་དང༌། ཡང་ན་ཕྱོགས་སྟོན་ཙམ་གནང་བ་ལས། བོད་མངའ་མཛད་ཆེན་པོ་བཅུའི་བྱུང་རིམ་རྩལ་དུ་བཏོན་ནས་དཔྱད་རྩོམ་སྤེལ་མཁན་ཞིག་ད་ཕན་ཕལ་ཆེར་བྱུང་མྱོང་མེད་པ་འདྲ།

དེ་ལས་མང༌།: བོད་མངའ་མཛད་བཅུའི་དུས་རབས་ཀྱི་ངོ་སྤྲོད་མདོ་ཙམ་གླེང་པ།

བསམ་ཚུལ། (2)
   

གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་ནས་ལོ་༥༠འཁོར་བར་དུས་དྲན།

མཐའ་མའི་བསྐྱར་བཅོས། (༠༩༢༠༠༩༡༠༢༠) འབྲི་མཁན། ཡེ་ཤེས་ཆོས་བཟང་། ༡༩༢༠༠༨༡༤༤༡

༄༅།།བོད་ཁ་བ་ཅན་གྱི་རྒྱལ་ཁབ་འདི་མི་ལཱུ་ཉིས་སྟོང་བརྒལ་བའི་རྒྱལ་རབས་ལོ་རྒྱུས་ཡོད་པ་ཞིག་དང༌།ལྷག་པར་ྋརྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཐུན་མོང་མ་ཡིན་པའི་གདུལ་ཞིང་ཞིག་ཡིན་ཞིང༌།དེས་ན་བདེན་གསོལ་སྨོན་ལམ་ལས།མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས། །སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང༌།ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི།།འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་གསོལ།

དེ་ལས་མང༌།: གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་ནས་ལོ་༥༠འཁོར་བར་དུས་དྲན།

བསམ་ཚུལ། (1)