ནོར་བཅོས།

གོང་དུ་་་་དགེ་ལུགས་རྒྱུགས་སྤྲོད་ལོ་དྲུག་གང་རུང་ལ་མ་འཕྲོད་ན་མི་ཚེ་འདིར་ལྷ་རམས་པའི་གོ་སྐབས་མེད་ཅེས་པ་དེ་མི་གོ་བཞིན་དུ་ཚོད་ཚོད་བྱས་པ་ལས། ལྷ་རམས་ལོ་གཉིས་ལ་མ་གཏོགས་དང་པོ་བཞི་ལ་གལ་སྲིད་ལོ་གཅིག་ལ་མ་འཕྲོད་ནའང་ལོ་རྗེས་མར་གོ་སྐབས་གཅིག་ཡོད། དེའི་འོག་ཏུ་གྲྭ་ཚང་སོ་སོའི་རྒྱུགས་སྤྲོད་ཚར་མ་ཐག་དགེ་ལུགས་རྒྱུགས་སྤྲོད་འགྲོ་དགོས་ཞེས་པ་ཡང་། སློབ་གཉེར་བ་ཉུང་བ་རྣམས་ལ་དེ་ལྟར་ཡིན་པ་ལས། བློ་གསལ་གླིང་ལྟ་བུ་ལ་གྲྭ་ཚང་རྒྱུགས་སྤྲོད་ཚར་ནའང་མ་མཐའ་ལོ་བཞི་དང་ལྔ་སྒུག་དགོས། ད་དང་རྗེས་མ་ནས་དེ་ལས་མང་བ་སྒུག་དགོས། གང་ཡིན་ཞེ་ན་ལོ་གཅིག་ལ་མི་བརྒྱ་ལྷག་འཛིན་གྲྚ་ཐོན་གྱི་ཡོད་ཀྱང་དགེ་ལུགས་རྒྱུགས་སྤྲོད་མི་ཉི་ཤུ་རྩ་ལྔ་ལས་འགྲོ་མི་ཆོག་པས་ཡིན།


བརྗོད་གཞི་གཞན་ཁག་ལ་གཟིགས།