ཕ་སྐད་གཙང་མའི་གླུ་གཞས་ཀྱི་འགྱུར་ཁུགས་སྙན་མོ་ནམ་ཡང་ཉམས་པ་མེད་པར་སྨོན།

ཕ་གཞིས་གཞན་ལག་ཏུ་ཤོར་ཞིང་ཕ་སྐད་རང་ཉིད་ཀྱིས་འདོར་བཞིན་པའི་རང་རེའི་སྤྱི་ཚོགས་ཁྲོད། ཆེས་ཐོག་མར་གཞོན་སྐྱེས་གླུ་བ་གླུ་མ་ཚོའི་ངག་སྙན་མོའི་འགྱུར་ཁུགས་རེ་རེ་ཕ་སྐད་ཀྱི་དྭངས་གཙང་དང་འདྲིས་ནས་ཐོལ་གྱིས་གྲགས་སྐབས། ས་མཐའི་གྲུ་ག་ན་ཉུལ་པའི་སྤུན་ཟླ་གྲངས་མེད་ཅིག་གི་སེམས་པ་རྨང་ནས་སྒུལ་བྱུང་། ཐུགས་རྗེ་ཆེ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བཙན་བྱོལ་ནང་ཕ་སྐད་གཙང་མའི་གླུ་གཞས་འགྲན་བསྡུར།"



བརྗོད་གཞི་གཞན་ཁག་ལ་གཟིགས།