ཁོ་བོས་བལྟས་ན་ཁག་ཡོད་ཀྱི་མ་རེད།

ཁོ་བོས་བལྟས་ན་ཁག་ཡོད་ཀྱི་མ་རེད། དྲང་པོར་བཤད་ན་བོད་ནང་གི་འགོ་ཁྲིད་ཁག་གི་གཏམ་བཤད་ལ་དུས་རྒྱུན་དུ་ཁོ་བོས་ཆ་འཇོག་གཉིས་བྱེད་བཞིན་ཡོད། དཔེར་ན་ཕྱི་ནས་རྒྱ་གཞུང་དང་བསྟུན་ནས་མི་འདོད་བཞིན་དུ་བཤད་དགོས་པ་ཞིག་ཡིན་ཀྱང་། ནང་ནས་གཞན་ཞིག་བཤད་ཀྱི་ཡོད་པ་འཇོག་གི་ཡོད། འདི་ནི་བོད་ཀྱི་ས་ཁུལ་ཁག་ཚང་མའི་འགོ་ཁྲིད་སྟེ་དཔེར་ན་དགོན་སྡེ་དང་ཚོགས་པ་ཁག་ཚང་མ་ལ་ཁྱབ་ཀྱི་ཡོད། བྱས་ཙང་ལམ་སེང་རྒྱུགས་ཁྱི་རེད་ཟེར་བ་སོགས་ཀྱི་ཚིག་ངན་སྨྲས་ན་འགྲིག་གི་མ་རེད་སྙམ།


བརྗོད་གཞི་གཞན་ཁག་ལ་གཟིགས།