བོད་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་གསོ་སྐྱོང་ཡག་པོ་ཞིག་གནང་ཐུབ་མི་འདུག་སྙམ།

གལ་སྲིད་བོད་མིའི་ཆེད་ལས་པ་མང་དུ་གཏོང་འདོད་ཡོད་ན་སྤྱིར་སློབ་གྲྭ་ཁག་ནང་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་ཙམ་མ་ཟད། བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་ཕྲུག་བརྒྱ་ཆ་༩༠ཙམ་བོད་ནས་སླེབས་པ་ཡིན་པས་ཆབ་སྲིད་ཀྱི་སློབ་བསོ་སྤྲོད་རྒྱུ་དེ་བས་ཀྱང་གལ་ཆེ་བ་ཡིན། སྤྱིར་བོད་མི་རིགས་ལ་ཕན་པའི་ལས་ཀ་བྱེད་མཁན་སུ་ཡིན་ཡང་བསྔགས་བརྗོད་ཀྱི་གནས་རེད། གང་ནས་བྱུང་ཀྱང་འགྲིགས་པ་རེད། འོན་ཀྱང་བོད་ཁྱིམ་སློབ་ཟུར་ནང་བོད་གཞུང་གི་དྲུང་ཆེ་དང་བཀའ་བློན་སོགས་ཀྱི་ལས་ཀ་བྱེད་མཁན་དེ་ཙམ་མང་པོ་མེད་པ་དེ་གང་ཡིན་ནམ། བོད་སློབ་འཛིན་ཚོགས་འོག་གི་སློབ་གྲྭ་ཁག་ནས་ཐོན་པའི་བཀའ་བློན་དང་དྲུང་ཆེ་སོགས་ཀྱི་ཕྱག་ལས་གནང་མཁན་ཧ་ཅང་མང་པོ་ཡོད་པ་འདས་པའི་བཀའ་བློན་རྣམ་པ་དང་ད་ལྟའི་བཀའ་བློན་ཁྲི་བ་ལྟ་བུ་ཧ་ཅང་མང་པོ་ཡོད་པ་རེད། བོད་ཁྱིམ་ནས་ཐོན་པའི་བཀའ་བློན་དང་དྲུང་ཆེ་དེ་འདྲ་མ་བྱུང་བའི་རྒྱུ་མཚན་གང་ཡིན་ནམ། སློབ་ཕྲུག་ཚོར་ཆབ་སྲིད་ཀྱི་སློབ་གསོའི་མ་འདང་པ་རེད་དམ་ཡང་ན་བོད་ཁྱིམ་སློབ་ཐོན་པ་ཚོར་ཐོབ་ཐང་མེད་པ་གང་རེད། བོད་ཁྱིམ་སློབ་གྲྭ་ནས་བོད་ནས་ཡོང་བའི་ཕྲུ་གུ་དེ་ཚོ་ད་བར་གསོ་སྐྱོང་གནང་བ་བཀྲིན་ཆེན་པོ་ཡིན་ཡང་ལོ་དུས་དང་གྲངས་འབོར་ལ་དཔག་པའི་བོད་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་གསོ་སྐྱོང་ཚད་ལྡན་ཞིག་གནང་ཐུབ་མི་འདུག་སྙམ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "སྲི་ཞུའི་ལས་བྱེད་ཚང་མ་ཚོགས་འདུར་བསྡུ་སྐོང་གནང་འདུག"



བརྗོད་གཞི་གཞན་ཁག་ལ་གཟིགས།