དུས་རབས་ཉེར་གཅིག་པའི་ནང་གི་ཞི་བདེའི་སྟོབས་ཤུགས།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༡ཚེས་༧ཉིན་སྤེལ། ཉི་ཧོང་དུ་གོང་ས་མཆོག་གིས་ང་ཚོས་ཨ་རི་དང་དབྱི་རག་སོགས་ཀྱི་བཙན་འཛུལ་གྱི་གནད་དོན་དང་དེ་སྔོན་རྗར་མིན་གྱི་(Berlin wall)ཞེས་པ་དེ་ཚོའི་སྐོར་བལྟས་པ་ཡིན་ན་དུས་རབ་ཉེ་གཅིག་པའི་ནང་ཞི་བདེའི་སྟོབས་ཤུགས་དེ་ཆེ་རུ་ཕྱིན་ཡོད་པ་རེད་ཅེས་ ཁ ཉིན་གཟའ་ཕུར་བུའི་ཉིན་གསུང་བཤད་དང་བཀའ་སློབ་གནང་ཡོད་འདུག་ལ། དེ་རྗེས་༸གོང་ས་མཆོག་གིས་དེ་སྔོན་དམག་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་གི་མི་༡༥༠༠༠༠ཙམ་ཚེ་སྲོག་ཤོར་ཡོད་པའི་ས་ཆར་ཨོ་ཁི་ཎ་ཝའི་ཞི་བདེ་དྲན་རྟེན་གླིང་ཞེས་པའི་ནང་ཚེ་ཤོར་ཡོད་པའི་མི་དེ་དག་གི་རྡོ་བརྐོས་མིང་བྱང་བསྟར་འཕྲེང་དུ་སྒྲིག་ཡོད་པ་དེའི་མདུན་དུ་གསུངས་བཤད་གནང་དོན།

དྲག་པོའི་འཐབ་འཁྲུག་ནི་སྡུག་ངན་བཟོ་མཁན་གྱི་རྒྱུ་ཁོ་ན་ཞིག་ཡིན་པ་དང༌། དེའི་སྒང་ནས་གནད་དོན་ཐག་ཆོད་པ་ཞིག་ཡོང་གི་མེད་དུས། ཉི་ཧོང་གིས་འཛམ་གླིང་འདིར་ནང་འགྲིགས་དང་ཞི་བདེའི་ཁོར་ཡུག་ཞིག་སྐྲུན་པ་ལ་འཚེ་བ་མེད་པའི་ལས་འགུལ་ཞིག་གི་སྣེ་ཁྲིད་དགོས་པ་རེད་ཅེས་གསུངས་ཡོད་འདུག

ཡང་གང་ཉིད་ཀྱིས་མི་རིགས་འདི་ལ་སྟབས་ཉེས་པའི་དམག་འཁྲུག་ཞིག་དང་མིའི་བཟོས་པའི་སྡུག་ངན་དེར་ཉམས་མྱོངས་ཞིག་ཡོད་པ་རེད། འདས་པའི་ཉམས་མྱོངས་དེ་ལས་སློབ་སྦྱོང་བྱས་ནས་མ་འོངས་པར་ཁྱེད་ཚོས་ཞི་བདེའི་ལས་འགུལ་ཞིག་ལ་སྣེ་ཁྲིད་བྱེད་དགོས་པ་རེད་ཅེས་༧གོང་ས་མཆོག་གིས་བཀའ་གནང་ཡོད་འདུག་པ་དང༌། དེ་རྗེས་ཨོ་ཁ་ཎི་ཝའི་ཞི་བདེ་གླིང་དྲན་རྟེན་ཁང་དུ་ཕེབས་ནས་སྔོན་སྨོན་ཡང་གནང་ཡོད་འདུག

 ༧གོང་ས་མཆོག་གིས་མི་མང་དང་མཉམ་དུ་ཚོགས་འཛོམས་བྱེད་རྒྱུ་ནི་ངའི་གལ་གནད་ཆེ་ཤོས་ཤིག་ཡིན་སྐོར་གསུངས་པ། དེ་རྗེས་༧གོང་ས་མཆོག་ཨོ་ཁི་ཎི་ཝ་རུ་མི་མང་འདུ་འཛོམས་ཁང་དུ་ཕེབས་སྐབས། མི་མང་སྟོང་ཚོ་ལྔ་ལས་བརྒལ་བས་རུ་སྒྲིག་ཕེབས་བསུ་ཞུས་ཡོད་འདུག་པ་དང༌། དེ་ཉིན་ཕྱི་དྲོ་༧གོང་ས་མཆོག་གིས་མི་མང་ལ་ཞི་བདེ་དང་སྙིང་རྗེའི་བསམ་པ་ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་གནང་ཡོད་འདུག

༸གོང་ས་མཆོག་གིས་གོ་སྒྲིག་ཞུ་མཁན་རྣམས་ལ་ང་ཚོ་ཕན་ཚུན་ཉན་མྱོངས་སྤེལ་རེས་བྱ་རྒྱུའི་གོ་སྐབས་འདི་ལྟ་བུ་ཞིག་སྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌།  མི་ཚོགས་དང་མཉམ་དུ་འདུ་འཛོམས་བྱ་རྒྱུ་དེ་ནི་གང་ཉིད་ཀྱི་ཆེས་གལ་གནད་ཆེ་ཤོས་ཅིག་ཡིན་པ་ཡང་བསྐྱར་དྲན་སྐུལ་གནང་ཡོད་འདུག

དེ་ཡང་ཐོག་མར་༧གོང་ས་མཆོག་གིས་ཞི་བདེ་ཞེས་པ་ནི་འཚེ་བ་མེད་པ་ཁོ་ན་ཙམ་མ་ཡིན་པ། འགྲོ་བ་མིའི་ནུས་སྟོབས་ལ་བརྟེན་ནས་འཚེ་བའི་རང་བཞིན་དེ་ལས་བཀག་རྒྱ་བྱེད་དགོས་པ་རེད།

བྱམས་སྙིང་རྗེ་ཞེས་པ་ནི་སྙིང་རྗེ་བ་ཙམ་མ་རེད། བྱམས་སྙིང་རྗེ་ཞེས་པ་ནི་བཅོས་མིན་གྱིས་གཞན་ལ་སེམས་ཁུར་དང་གུས་ཞབས་དེའི་འབད་པ་ལ་བརྟེན་ནས་ཚང་མའི་སྡུག་ངན་སེལ་བ་བྱེད་པ་ཞིག་ལ་ཟེར་གྱི་ཡོད་པ་རེད་ཅེས་གསུངས་ཡོད་འདུག

ཡང་༧གོང་ས་མཆོག་གིས་གང་ཉིད་དང་འབྲེལ་བ་ཡོད་པའི་སྒྲུང་ཞིག་གསུངས་དོན། ངོས་རང་ལོ་ན་༡༦སྐབས་སུ་རང་དབང་ཤོར་བ་དང༌། ལོ་ན་༢༤སྐབས་སུ་ངོས་རང་གི་རྒྱལ་ཁབ་ཤོར་ཡོད་དུས། ལོ་ངོ་༥༠ཡི་རིང་ངས་རང་ཉིད་ཀྱི་ཕ་ཡུལ་ནས་སྙིང་ལ་ན་ཟུག་གཏོང་བའི་གནས་ཚུལ་མང་པོ་ཞིག་གོ་ཐོས་བྱུང་ཡོད་པ་རེད། འོན་ཀྱང་ཕན་ཚུན་བསྡུར་ཚད་ཅིག་བྱས་པ་ཡིན་ན། ངའི་སེམས་པ་འདི་ད་དུང་ཡང་ཞི་བདེ་མང་བ་ཞིག་གནས་ཡོད་པ་རེད། གང་ཡིན་ཟེར་ན། དེ་ནི་ངོས་རང་གི་ཨ་མ་ལགས་དང་ནངང་པའི་ཆོས་ཀྱི་བསླབ་བྱ་བྱམས་སྙིང་རྗེ་དེ་ལས་བྱུང་བ་ཞིག་དང༌། མི་མང་པོ་ཞིག་དང་ཕན་ཚུན་ཐུག་འཕྲད་ཀྱི་ཉམས་མྱོངས་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་དང༌། དེ་རྗེས་༧གོང་ས་མཆོག་གིས་མང་ཚོགས་ཆོས་ཞུ་བ་ཚོའི་དྲི་བ་ལ་ལན་འདེབས་གནང་བ་དང༌། གང་ཉིད་ཀྱིས་བོད་དོན་རྒྱབ་སྐྱོར་བ་ཚོར་སློབ་སྦྱོང་དང་བོད་པའི་གནས་སྟངས་ལ་ཐུགས་ཁུར་བྱེད་དགོས་པ་དང༌།

ད་ལྟའི་བོད་ཀྱི་གནས་དོན་མང་པོ་ཞིག་ཤེས་རྟོགས་ཐུབ་པ་ལ་བོད་པའི་རིག་གཞུང་ལ་སློབ་སྦྱོང་བྱེད་དགོས་པ་དང༌། དེ་ནི་ཡག་ཤོས་བྱུང་ན་བོད་ལ་འགྲོ་རྒྱུ་དེ་རེད། རང་དབང་གི་དེ་རུ་དུས་ཚོད་གཏོང་ན་དངོས་ཡོད་གནས་ཚུལ་ལ་སློབ་སྦྱོང་བྱེད་ཐུབ་ཀྱི་རེད་ཅེས་གསུངས་ཡོད་འདུག

གསུང་ཆོས་དང་བཀའ་སློབ་གནང་གྲུབ་རྗེས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མིད་ཀོའོ་ཧིད་གྷལ་གྱིས་༧གོང་ས་མཆོག་ལ་ང་ཚོས་གདན་ཞུ་ལྟར་འདིར་རུ་ཆིབས་བསྒྱུར་བསྐྱངས་བར་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞུ་རྒྱུ་དང༌།  གང་ཉིད་ཀྱི་ ཞི་བདེའི་རླབས་སྒྲ་དེ་མ་འོངས་མུ་མཐུད་ནས་ཨོ་ཁི་ཎི་ཝ་རུ་འཁྱེར་ཡོང་བའི་རེ་བ་བྱེད་བཞིན་ཡོད་ཅེས་ཞུས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།