བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ།

སྲི་ཞིའི་ཕན་བདེའི་འདོད་རྒུ་འབྱུང་བའི་གཏེར།
ཐུབ་བསྟན་བསམ་འཕེལ་ནོར་བུའི་འོད་སྣང་འབར།
བསྟན་འགྲོའི་ནོར་འཛིན་རྒྱ་ཆེར་སྐྱོང་བའི་མགོན།
འཕྲིན་ལས་ཀྱི་རོལ་མཚོ་རྒྱས།
རྡོ་རྗེའི་ཁམས་སུ་བརྟན་པས་ཕྱོགས་ཀུན་བྱམས་བརྩེས་སྐྱོང༌།
གནམ་བསྐོས་དགའ་བ་བརྒྱ་ལྡན་དབུ་འཕང་དགུང་ལ་རེག
ཕུན་ཚོགས་སྡེ་བཞིའི་མངའ་ཐང་རྒྱས།
བོད་ལྗོངས་ཆོལ་ཁ་གསུམ་གྱི་ཁྱོན་ལ་བདེ་སྐྱིད་རྫོགས་ལྡན་གསར་པས་ཁྱབ།
ཆོས་སྲིད་ཀྱི་དཔལ་ཡོན་དར།
ཐུབ་བསྟན་ཕྱོགས་བཅུར་རྒྱས་པས་འཛམ་གླིང་ཡངས་པའི་སྐྱེ་རྒུ་ཞི་བདེའི་དཔལ་ལ་སྦྱོར།
བོད་ལྗོངས་བསྟན་འགྲོའི་དགེ་མཚན་ཉི་འོད་ཀྱི།
བཀྲ་ཤིས་འོད་སྣང་འབུམ་དུ་འཕྲོ་བའི་གཟིས།
ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་གྱུར་ཅིག
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (10)
10 ༢༥༢༠༡༦༠༩༠༣
ངས་ཁྱེད་རྣམ་པར་རྗེས་སུ་ཡིད་རངས་ལས་གཞན་ཅི་ཡོད་ཕོད་། ཁྱེད་རྣམ་པའི་རང་སྲོག་ཀློད་གཏོང་གི་འབད་བརྩོན་དེ་འདྲར་གོང་བཀུར་དང་སློབ་སྦྱོངས་བྱེད་ཡས་ཡིན་།
9 ༠༥༢༠༡༢༡༣༢༩
འདི་ནི་རྒྱལ་གླུ་དང་གཏན་ནས་མི་འདྲ། གང་ཡིན་ཟེར་ན་དེ་ནི་དགོན་པའི་ནང་དུ་སྐྱོར་བཞིན་པའི་ཚོགས་འདོད་དང་འདྲའོ།
རྒྱལ་གླུ་འདི་བརྗོད་བྱ་གཏིང་ཟབ་ལ་རྒྱ་ཆེ་དེ་ཡང་ཆོས་དང་འབྲེལ་ཆེ་འབྱུང་ཁུངས་འབྱེབས་ཤིང་སྙན་སྟོབས་ཆེ་རྒྱལ་ཁབ་རྣམས་ལ་འགྲན་བཟོད་པཞིག་འདུག།
ཐམས་ཅད་མཁྱེན་པའི་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་གཙོས་པའི་བཙན་བྱོལ་བོད་མི་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
6 ༡༨༢༠༡༠༢༣༥༨
ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་སྨོན།། །།
5 ༠༧༢༠༡༠༡༩༡༩
དྲ་རྒྱ་དོ་དམ་པ།
རི་གྲོང་གི་མེ་ལྕེ་ལགས། ཁྱེད་ཀྱིས་གློག་འཕྲིན་གྱི་ཁ་བྱང་བསྐུར་དང་ཐབས་ཤེས་འདྲ་ཨེ་ཐུབ་བལྟའོ། ད་ལྟ་དངོས་སུ་འདིར་མེད་འོན་ཀྱང་ཐབས་ཤེས་ཐུབ་ཀྱི་རེད། ཤམ་བྷ་ལའི་དྲ་རྒྱ་དོ་དམ་པས།
རྒྱལ་གླུ་འདི་གང་ནས་ཉན་རྒྱུན་ཡོད་དམ་ཁོ་བའི་ཡིག་ཟམ་ནང་དུ་མཁོ་འདོན་བྱས་རྒྱུར་རེ་བ་ཤིན་ཏུ་ཆེ།
3 ༠༡༢༠༡༠༡༦༥༤
བོད་ཀྱི་རྒྱལ་གླུ་རྩོམ་པ་པོ་།སྐུ་ཡི་ཡོངས་་འཛིན་ཁྲི་བྱང་རིན་པོ་ཆེ་རེད།བཙན་བྱོལ་ནང་དུ་བརྩམས་པ་རེད་།1960ལོ་མིན་འགྲོ་སྙམ།ཚིག་གོ་སླ་བས་འགྲེལ་བཤད་མ་བྱས།
2 ༡༧༢༠༡༠༡༠༤༨
རྒྱལ་གླུ་དེའི་ཚིག་འགྲེལ་ཞིག་དང་སུ་ཞིག་གིས་བརྩམས་པ་དང་། ག་དུས་བྱུང་མིན་ངོ་སྤྲོད་ཅིག་གནང་རོགས།
1 ༢༣༢༠༡༠༡༦༢༥
ཡག་པོ་བྲིས་འདུག དེ་མ་ཟད་རྗེས་མའི་ཚིག་རྐང་གསུམ་པོ་ཧ་ཅང་གི་ཡག་པོ་བྲིས་འདུག་པས་བཀའ་དྲིན་ཆེ་ཞུ།