བོད་ཀྱི་སྐད་ཡིག

ཐ་སྙད་རིག་གནས་འཛིན་གྲྭ་གཉིས་པའི་བསྐྱར་སྦྱོང་དྲི་བ་བརྒྱ་པ།།

མཐའ་མའི་བསྐྱར་བཅོས། (༠༨༢༠༡༠༡༠༡༢) འབྲི་མཁན། ཐུབ་བསྟན་ཡར་འཕེལ་ལགས། ༢༩༢༠༠༩༡༥༠༩

རྒྱ་གར་སྐད་ལ་སཾ་སྐྲྀ་ཏ་ལྷ་ཡི་སྐད་དང༌། པྲ་ཀྲྀ་ཏ་ཡུལ་མི་རང་བཞིན་པའི་སྐད། ཨ་ཝ་བྷཾ་ཤ་ཟུར་ཆག་གི་སྐད། པི་ཤ་ཙི་ཤ་ཟའི་སྐད་དང་བཞི་ལས་ལེགས་སྦྱར་ལྷ་ཡི་སྐད་དུ་སྨོས་པ་དང༌། དེ་ལྟར་སྨོས་པའི་དགོས་པ་ནི་ལེགས་སྦྱར་སྐད་ལ་བག་ཆགས་འཇོག་པ་དང༌། རང་རྒྱུད་ལ་བྱིན་རླབས་འཇུག་པ། བསྟན་བཅོས་ཁུངས་བཙུན་ཞིང་གང་ལ་མ་ཕྱི་བྱས་པའམ་དཔེར་མཛད་པ་གོ་བའི་ཆེད་དུ་ཡིན་ ནོ།།

དེ་ལས་མང༌།: ཐ་སྙད་རིག་གནས་འཛིན་གྲྭ་གཉིས་པའི་བསྐྱར་སྦྱོང་དྲི་བ་བརྒྱ་པ།།

 

ཐ་སྙད་རིག་གནས་འཛིན་གྲྭ་དང་པོའི་བསྐྱར་སྦྱོང་དྲི་བ་བརྒྱ་པ།།

མཐའ་མའི་བསྐྱར་བཅོས། (༠༨༢༠༡༠༡༠༡༥) འབྲི་མཁན། ཐུབ་བསྟན་ཡར་འཕེལ་ལགས། ༢༩༢༠༠༩༡༤༤༦

ལྗོན་དབང་གི་གཞུང་དངོས་ལ་ནང་གསེས་གསུམ་སྟེ། སྦྱར་བྱ་ཡི་གེའི་རྣམ་གཞག་བཤད་པ་དང༌། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ། ཞར་བྱུང་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་དང་གསུམ་མོ། །ལྗཽན་དབང་གི་གཞུང་དེ་ཉིད་ས་བཅད་གསུམ་དུ་དབྱེ་ཡོད། དེ་ཡང་བསྟན་བཅོས་བརྩམ་པའི་ཡན་ལག་དང༌། བརྩམ་བྱའི་གཞུང་དངོས། མཇུག་གི་དོན་བསྡུ་བ་དང་གསུམ་མོ།།

དེ་ལས་མང༌།: ཐ་སྙད་རིག་གནས་འཛིན་གྲྭ་དང་པོའི་བསྐྱར་སྦྱོང་དྲི་བ་བརྒྱ་པ།།

 

བོད་ཡིག་གི་ཁྱད་ཡོན་རགས་ཙམ་གླེང་བ་འདྲེན་པའི་ཕོ་ཉ།།

མཐའ་མའི་བསྐྱར་བཅོས། (༠༨༢༠༡༠༡༠༡༧) འབྲི་མཁན། ཐུབ་བསྟན་ཡར་འཕེལ་ལགས། ༢༩༢༠༠༩༡༤༣༦

ཐོག་མར་བོད་དུ་མི་ཡི་འགྲོ་བ་སྤེལ། །བར་དུ་དམ་པའི་ཆོས་ཀྱི་འཚིམ་པར་མཛད། །མཐའ་མར་ཐབས་མཁས་ཐུགས་རྗེས་སྐྱོང་མཛད་པའི། །གངས་ཅན་ཞིང་མགོན་ཕྱག་ན་པདྨོར་འདུད། །ཟླུམ་གཟུགས་གོ་ལའི་ཟལ་མོ་སྒང་པ་ཞེས། །འཛམ་གླིང་ཡང་རྩེར་འགྲན་མེད་ལྷུན་ཆགས་པའི། །རྭ་བ་གངས་རིས་བསྐོར་བའི་བོད་ཁམས་ཀྱི། །སྣོད་དང་བཅུད་གཉིས་ཆགས་ཚུལ་འདི་ལྟ་སྟེ། །མདོ་དབུས་མཐོ་སྒང་ཐོག་མར་ཆུ་ཡིས་གང༌། །ལོ་ངོ་དུང་ཕྱུར་གཅིག་དང་བྱེ་བ་ལྔའི། །ཡས་མས་མཚམས་སུ་གངས་ཅན་སྨན་ལྗོངས་འདི། །ད་དུང་མུ་མེད་རྒྱ་མཚོ་ཆེན་པོ་ཞིག །ལོ་ངོ་ས་ཡ་གཉིས་དང་ལྔ་འབུམ་གོང༌། །ས་བབ་ཁད་ཀྱིས་མཐོ་རུ་སོང་བ་ན༑ ༑ཆུ་རྣམས་རིམ་བཞིན་ཀོང་ཆུར་ཐིམ་པ་ཡིས། །བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོར་དོད།

དེ་ལས་མང༌།: བོད་ཡིག་གི་ཁྱད་ཡོན་རགས་ཙམ་གླེང་བ་འདྲེན་པའི་ཕོ་ཉ།།

 

བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་བཅུའི་ངོ་སྤྲོད།

མཐའ་མའི་བསྐྱར་བཅོས། (༠༢༢༠༠༩༡༠༤༥) འབྲི་མཁན། ཆོས་དཔལ་བཟང་བོ་ཚང་། ༠༢༢༠༠༩༠༧༢༠

རྒྱ་ཆེ་བའི་བོད་རྒྱ་དབྱིན་གསུམ་གྱི་ཡིག་བསྒྱུར་བ་ཚོར་ཕན་རེ་ཡིས་འདིར་སྐུད་ཐོག་དང་སྐུད་ཐོག་མ་ཡིན་པའི་ཚིག་མཛོད་ཁ་ཤས་ངོ་སྤྲོད་བྱེད་རྒྱུ་ཡིན་པས་དྲྭ་གྲོགས་ཚོས་གཟིགས་མོལ་གནང་ཞོར་ཁ་གསབ་དང་སློབ་སྟོན་གནང་བར་ཞུ་ཞུ།

དེ་ལས་མང༌།: བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་བཅུའི་ངོ་སྤྲོད།

བསམ་ཚུལ། (9)
 

དཀའ་གནད་གསལ་བའི་མེ་ལོང༌།

མཐའ་མའི་བསྐྱར་བཅོས། (༠༥༢༠༡༤༡༥༤༥) འབྲི་མཁན། ཐུབ་བསྟན་ཡར་འཕེལ་ལགས། ཤམ་བྷ་ལ་ཕོ་ཉའི་སློབ་སྟོན་པ། ༠༥༢༠༠༩༢༣༤༧

༡༽ དྲི་བ། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་འདི་ཉིད་རྩོམ་པ་པོ་སུ་ཡིན་དང༌། དུས་ནམ་བརྩམས། སྐུལ་བ་པོ་སུ་ཡིན་ནམ།

ལན། གཞུང་འདིའི་རྩོམ་པ་པོ་ནི་མཁས་མཆོག་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡིན་ལ། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་ཞེས་པའི་གཞུང་བཟང་འདི་ཉིད་ཕྱི་ལོ་ ༡༩༠༣ ལོར་རང་གི་སློབ་བུ་རྗེ་དྲུང་སངས་རྒྱས་རྒྱ་མཚོ་དང༌། དོན་གྲུབ་ཕུན་ཚོགས་གཉིས་ནས་དགོས་ཚུལ་ལྟར། མཁས་མཆོག་སི་ཏུ་པཎ་ཆེན་དང་ཐམས་ཅད་མཁྱེན་པ་དངུལ་ཆུ་དྷརྨ་བྷ་དྲ་དཔལ་བཟང་པོའི་བཞེད་པ་དང་མཐུན་པར་དབྱངས་ཅན་གྲུབ་པའི་རྡོ་རྗེས་སྦྱར་བའོ།།

དེ་ལས་མང༌།: དཀའ་གནད་གསལ་བའི་མེ་ལོང༌།

 

ཤོག་ངོས། 2 ནས། 3