རྒྱ་བོད་དབྱིན་ཡིག་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད།


ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༠ཉིན། བོད་ནང་གི་གསར་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ༢༠༠༩ལོའི་ལོ་སྨད་ལ་པར་དུ་བསྐྲུན་ནས་འགྲེལ་སྤེལ་བྱས་པའི་༼རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད༽་ལ་བཀོལ་སྤྱོད་པ་རྣམས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད་འདུག

དེ་ཡང་མིང་མཛོད་འདི་ནི་ཕྱོགས་བསྡུས་ཀྱི་སྐད་ཡིག་གི་ཟུར་ལྟའི་དཔེ་དེབ་འབྲིང་གྲས་ཤིག་རེད་ལ། གཙོ་བོ་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ལས་དོན་སྒྲུབ་མཁན་དང༌། ཡིག་སྒྱུར་བ། ཞིབ་འཇུག་པ། སློབ་སྦྱོང་ལ་དགའ་བའི་མི་རྣམས་ཀྱི་ཆེད་དུ་བསྒྲིགས་པ་ཞིག་རེད་འདུག

མིང་མཛོད་འདིའི་ནང་གི་མིང་ཚིག་རྣམས་ནི་མིག་སྔའི་བོད་ཁུལ་དང་བོད་སྐད་ཡིག་གི་དངོས་ཡོད་དགོས་མཁོར་གཞིགས་ནས་བདམས་པ་ཡིན་ཞིང༌། ཉེར་སྤྱོད་རིན་ཐང་ཆེ་ལ།  གཙོ་བོ་ཡར་སྔོན་གྱི་ཚིག་མཛོད་གཞན་པའི་ནང་མེད་པའི་མིང་ཚིག་གསར་བ་རྣམས་འཚོལ་སྡུད་བྱས་ཡོད་འདུག དེའི་ནང་གི་མིང་ཚིག་མང་ཆེ་བ་ནི་༼དེང་རབས་རྒྱ་ཡིག་མིང་མཛོད་༽དང་༼དེང་རབས་རྒྱ་ཡིག་མིང་ཚིག་གསར་བའི་མིང་མཛོད༽་ཆེད་ལས་རིག་གཞུང་ཚན་ཁག་གི་མིང་མཛོད་ཁག་ཅིག་ཏུ་ཡོད་པའི་རྒྱུན་བཀོལ་མིང་ཚིག་དང༌། མིག་སྔའི་སྤྱི་ཚོགས་སྟེང་སྤྱོད་ཐེངས་མང་བའི་དེང་རབས་རྒྱ་ཡིག་གི་ཚད་ ལྡན་མིང་ཚིག་བཅས་རེད་འདུག

༼རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད༽་ཀྱི་རྩོམ་སྒྲིག་ཚོ་ཆུང་ནི་བོད་ལྗོངས་དང༌། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན། པེ་ཅིན་སོགས་ནས་ཡོང་བའི་བོད་སྐད་ཡིག་དང་བོད་རྒྱ་དབྱིན་གསུམ་གྱི་ཡིག་སྒྱུར་སྐོར་གྱི་ཆེད་མཁས་པས་གྲུབ་པ་དང༌། བོད་ཀྱི་མཁས་པ་སྐད་གྲགས་ཅན་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་རྩོམ་སྒྲིག་པ་གཙོ་བོའི་འགན་ཁུར་གནང་འདུག་པ་མ་ཟད། ཁོང་གིས་ད་དུང་རྩོམ་སྒྲིག་དང་པར་སྐྲུན་བཅས་ཀྱི་ལས་དོན་ཁག་ཚང་མར་གཙོ་སྐྱོང་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (6)
6 ༢༤༢༠༡༤༡༣༣༤
བོད་ཡོངས་ལ་སྐད་ཡིག་ཅིག་ཡིན་པ་དེས་བོད་ནུ་ཤུགས་ཆེ་ཤོས་དེ་ཆིག་བསྒྲིལ་རེད། མ་འོངས་པར་སྐད་གསར་བཅད་དང་ བོད་ཡོངས་ཅིག་གྱུར་གྱི་གསར་བྱུང་དངོས་པ་ོ་ཡོངས་ལ་མིང་བཏག་ན་དེས་ཕན་ཐོག་ཆེན་པོ་ོཡོད།
5 ༠༡༢༠༡༠༡༠༢༨
བོད་ཕྱི་ནང་གི་ལྷན་རྒྱས་ཚོས་སྦྱར་བྱང་སྤེལ་བ་སོགས་བྱ་བ་གང་ཅིའི་ཐད་དུའང་། བོད་ཡིག་བཀོལ་ན་བོད་རང་གི་སྔོན་བྱོན་དམ་པ་གོང་མ་རྣམས་ནས་མཛད་གནང་བའི་བརྡ་དག་དང་མཐུན་པར་བྱེད་རྒྱུ་ཧ་ཅང་གིས་གལ་ཆེ་བ་ལགས། དེང་སེང་བོད་ཕྱི་ནང་གཉིས་ཀ་དང་། དབུས་ཨ་མདོ་སོགས་ཀྱིས་རང་རང་གི་ཡུལ་སྐད་ཁྱེར་ནས་ཡོང་མཁན་ཧ་ཅང་མང་བས། བརྒྱ་ལ་འདིའི་རིགས་མུ་མཐུད་དུ་ཁྱབ་ཆེར་སོང་ན་རང་རེའི་སྤྱི་སྐད་དེ། གསུངས་རབ་བསྟན་བཅོས་རིག་གཞུང་སོགས་བོད་ཀྱི་སྐད་མ་ཡིན་པ་ཞིག་ཏུ་གྱུར་ནས། མཐར་གཏུགས་ན་བོད་པའི་ཆོས་དང་རིག་གཞུང་བོད་པའི་སྐད་ཡིན་མིན་ཡང་མི་ཤེས་པ་ཞིག་ཏུ་འགྱུར་ཉེན་ཆེ་སྙམ།
རང་རེ་ཁ་བ་ཅན་ལ་དམ་པའི་གསུང་རབ་དང་ཙད་ལྡན་གྱི་རིག་གཞུང་ཡོད་པ། དེ་དག་ཚང་མ་བོད་རང་གི་སྤྱི་སྐད་རེད། སྐད་བཤད་ན་དེ་དག་གི་གཞུང་ལ་གཞི་བཅོལ་ན་འོས། ལྷ་ས་ཨ་མདོ་ཡུལ་གང་གི་སྐད་ཡིན་ན་ཡང་ཡུལ་ཕྱོགས་རེ་བའི་སྐད་ཡིན་པས། དེ་སྤྱད་དེ་བོད་ཀྱི་སྤྱི་སྐད་ལ་དབང་ཟ་བ་ནི་རང་རེའི་ཆོས་དང་རིག་གཞུང་གི་སྤྱི་སྐད་ཉམ་བར་བྱེད་པའི་སྔ་ལྟས་སུ་ངེས་པས། ཆོལ་གསུམ་གྱི་སྤུན་ཟླ་ཚང་ཨ་གསར་གཡམ་རྒྱུགས་མི་བྱེད་པར་ཞུ་བ་ལགས།
ཁོང་རྣམ་པའི་མཛད་འཕྲིན་ལ་ལེགས་སོའི་སྔགས་བརྗོད་ཞུ། ད་དུང་ཡང་ཆོལ་གསུམ་བོད་ཀྱི་སྤྱི་སྐད་ལྷ་སའི་སྐད་གདངས་སུ་གྱུར་པའི་ཡིག་སྐད་སྤྱོད་པར་འབད་གལ་ཆེ།
སློན་ལམ་བོད་ཀྱི་སྐད་གདངས་གཉེན་ཆས་བཟང་པོ་དེ་ཡང་ཁྱབ་སྤེལ་རྒྱ་གང་ཆེ་གནང་གལ་ཆེ།
2 ༡༨༢༠༡༠༠༧༡༩
བོད་ཡིག་བེད་སྤྱོད་མི་འདུག་མ་གསུངས་ལགས། བོད་རིག་གཞུང་འཛིན་ལ་བོད་ཡིག་དགོས། བོད་སྐད་བོད་དགོས་ན་བོད་ཡིག་དགོས། བོད་མི་ལ་ཅན་ལ་བོད་ཡིག་དགོས། བོད་ཡིག་མེད་བོད་ཀྱི་སྲོག་རྩ་མེད། བོད་ཡིག་མེད་ན་བོད་རྒྱ་གཅིག་ཏུ་འདྲེ།
1 ༡༦༢༠༡༠༡༩༣༥
ང་ཚོའི་བོད་རང་གི་སྐད་ལ་དོན་སྣང་བྱེད་དགོས།



བརྗོད་གཞི་གཞན་ཁག་ལ་གཟིགས།