བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་བཅུའི་ངོ་སྤྲོད།
མཐའ་མའི་བསྐྱར་བཅོས། (༠༢༢༠༠༩༡༣༡༥) འབྲི་མཁན། ཆོས་དཔལ་བཟང་བོ་ཚང་། ༠༢༢༠༠༩༠༩༥༠
༡ བོད་རྒྱ་དབྱིན་གསུམ་ཤན་སྦྱར།
དྲྭ་གནས། http://www.tibettl.com/dictionary/frm.asp
༢ ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང་།
དྲྭ་གནས། http://www.tibettl.com/tibetdictionary/main.asp
གོང་གི་ཚིག་མཛོད་གཉིས་པོ་ནི་བོད་སྐད་ཡིག་དྲྭ་ཚིགས་ནས་འདོན་སྤྲོད་བྱས་པ་ཡིན་པས། ཀུན་པོར་རྒྱུས་མངའ་ཡོད་ཤས་ཆས་བས། གསལ་བཤད་མི་བྱེད། ཚིག་མཛོད་འདི་གཉིས་ད་ལྟ་ནི་པཎ་གཟུགས་ཀྱིས་འཚོལ་བཤེར་བྱེད་དགོས། མ་འོངས་པར་ཧི་གཟུགས་སམ་སྨོན་ལམ་གྱིས་གཏག་ཐུབ་པར་སྨོན།
༣ བོད་དབྱིན་ཚིག་མཛོད།
འདི་ནི་ཧི་མ་ལ་ཡའི་དཔེ་མཛོད་ཁང་ནས་འདོན་སྤྲོད་བྱས་པའི་སྐུད་ཐོག་ཚིག་མཛོད་ཅིག་ཡིན་པས་ཕབ་ལེན་བྱེད་རྒྱུ་མེད། འདིའི་མིང་ཚིག་འཚོལ་ཐབས་ལ་Wylieདང་ཧི་ཡིག་གཉིས་པོ་སྤྱོད་ཆོག ཡིན་ནའང་། བོད་ཡིག་ཡང་དག་འཆར་ཐུབ་པའི་ཆེད་དུ་ Tibetan Machine Uni font་ཟེར་བའི་ཡིག་གཟུགས་ཕབ་ལེན་བྱས་ཤིང་དེ་cསྡེར་གྱི་/windows/font་ཞེས་པའི་ནང་འཇོག་དགོས།
ཡིག་གཟུགས་ཕབ་ལེན། https://collab.itc.virginia.edu/access/content/group/26a34146-33a6-48ce-001e-f16ce7908a6a/Tibetan%20fonts/Tibetan%20Unicode%20Fonts/TibetanMachineUnicodeFont.zip
མཉེས་ཆས་དྲྭ་གནས། http://www.thdl.org/tibetan/servlet/org.thdl.tib.scanner.OnLineScannerFilter?thdlBanner=on
༤ བོད་དབྱིན་དང་དབྱིན་བོད་ཚིག་མཛོད།
འདི་ནི་ཕྱིར་སྡོད་བོད་མི་ཚོས་གསར་གཏོད་བྱས་པའི་ཚིག་མཛོད་མཉེན་ཆས་ཤིག་ཡིན་ལ། འདིར་ཐ་སྙད་འཚོལ་བའི་སྐབས་སུ་ངེས་པར་ཏུ་རྒྱལ་སྤྱིའི་སྒྲ་རྟགས་བེད་སྤྱོད་ཤེས་དགོས། གལ་ཏེ་གྲོགས་པོ་ལ་ལས་རྒྱ་སྤྱིའི་སྒྲ་རྟགས་ལ་དེ་ཙམ་བྱང་ཆ་མེད་ན། དང་པོ་སྐུད་ཐོག་དྲྭ་གནས་ནས་རྒྱུས་ལོན་བྱས་ཤིང་་རྗེས་སུ་བྱང་ཆུབ་པའི་སྐབས་སུ་ཕབ་ལེན་བྱས་ཀྱང་ཆོག
སྐུད་ཐོག་ཚིག་མཛོད། http://www.freelang.net/online/tibetan.php?lg=gb
ཕབ་ལེན་དྲྭ་གནས། http://www.freelang.net/download/dictionary/dictionary_setup.exe
༥ བོད་དབྱིན་ཚིག་མཛོད་ཡིག་ཆ།
འདི་ནི་PDFརྣམ་པ་ཅན་གྱི་ཚིག་མཛོད་ཅིག་ཡིན། འདི་ཕབ་ལེན་བྱེད་ཆོག འདིའི་ནང་དུ་ཐ་སྙད་ཕུན་སུམ་ཚོགས་པོ་ཡོད་པས་མ་ཚད། དཔེ་བརྗོད་ཀྱང་སྟབས་བདེ་རེ་ཡོད་པས། ཕབ་ལེན་བྱེད་རིན་ཡོད་པ་ཞིག་རེད་སྙམ་གྱི་ཡོད།
ཕབ་ལེན་དྲྭ་གནས། http://ia360628.us.archive.org/attachpdf.php?file=%2F1%2Fitems%2FTibetan-english-tibetanDictionary%2FJuly102007TibetanEnglishDictionaryPdf.pdf
༦ wylie word བྰ་ལེས་བོར་ཏི།
མཉེན་ཆས་འདི་ནི་ཧི་གཟུགས་ wylie་སུ་བསྒྱུར་བ་དང་ wylie ་ཧི་གཟུགས་སུ་བསྒྱུར་བྱེད་ཀྱི་མཉེན་ཆས་ཤིག་ཡིན། འདིས་དུས་གཅིག་ཏུ་རྩོམ་ཡིག་ཅུང་རིང་པོ་རེ་wylie་སུ་བསྒྱུར་ཐུབ་པ་དང་། wylie་ནི་དབྱིན་ཡིག་དང་གཅིག་མཚུངས་ཡིན་པས་དྲྭ་ངོས་སོགས་ནས་ཅི་འགར་སྤྱོད་ཆོག་པས། དྲྭ་ངོས་ལ་ལར་བོད་ཡིག་སྦྱོད་མི་ཐུབ་པའི་གནད་དོན་སེལ་ཐུབ་ཀྱི་ཡོད། འོན་ཀྱང་། མ་འོངས་པར་wylie འདི་ཁྱབ་སྤེལ་བྱེད་རུང་མིན་ཐད་བསམ་བློ་གཏོང་དགོས་ལ། མཉེན་ཆས་འདི་སྒྲིག་འཇུག་བྱས་རྗེས་མར་ལེན་བྱེད་བདེ་པོ་མེད་པས་གྲོགས་པོ་ཚོས་དོགས་ཟོན་མཛོད་ཅིག
ཕབ་ལེན་དྲྭ་ངོས།
https://collab.itc.virginia.edu/access/content/group/26a34146-33a6-48ce-001e-f16ce7908a6a/Tibetan%20Input%20Tools/Wylieword%20resources/WylieWord21_Setup.exe
༧ རྒྱ་དབྱིན་དང་དབྱིན་རྒྱ་གསེར་རི་ཚིག་མཛོད་པར་གཞི་དགུ་པ།
འདི་ནི་གསེར་རི་ཀུང་སི་དེ་གོས་གོལ་ཀུང་སི་དང་མཉམ་འབྲེལ་བྱས་ནས་བསྐྲུན་པའི་ཚིག་མཛོད་ཅིག་ཡིན་པས་སྐུད་ཐོག་ཏུ་ཡོད་ན་རྩོམ་ཡིག་ཧྲིལ་བོ་བསྒྱུར་བྱེད་ཀྱི་མཉེན་ཆས་ཤིག་ཡིན། གལ་ཏེ་སྐུད་ཐོག་ཏུ་མེད་ཀྱང་རྒྱ་དབྱིན་གཉིས་པོའི་ཐ་སྙད་ཧ་ཅང་འབོར་ཆེན་ཞིག་བདེ་བླགས་ངང་འཚོལ་ཐུབ་པས་རྒྱ་ཆེ་བའི་ཡིག་བསྒྱུར་ལས་ཀ་བ་ཚོར་ངེས་མཁོའི་མཉེན་ཆས་ཤིག་ཡིན་པར་སྙམ།
ཕབ་ལེན་དྲྭ་གནས། http://download.iciba.com/pwl/powerwordlite.25269.3008.exe
༨ ལེན་ཀི་སི་རྒྱ་དབྱིན་དང་དབྱིན་རྒྱ་ཚིག་མཛོད།
མཉེན་ཆས་འདིའི་སྤྱོད་ནུས་ནི་གོང་གི་གསེར་རི་ཚིག་མཛོད་དང་ཕལ་ཆེར་གཅིག་མཚུངས་ཡིན། ཡིན་ནའང་། རྩོམ་ཡིག་ཡིག་བསྒྱུར་བྱེད་སྐབས་འདི་ཅུང་སྟབས་བདེ་ཡིན་ཞིང་། འདི་ཚིག་མཛོད་གཞན་མང་པོ་ཞིག་དང་མཐུན་འབྲེལ་བྱས་ཡོད་པས་སྐུད་ཐོག་ཏུ་ཡོད་ན་Oxfordཚིག་མཛོད་སོགས་ཚིག་མཛོད་མང་པོ་འདུས་ཡོད་པས། གལ་ཏེ་དབྱིན་ཡིག་རྐྱང་བའི་ཐ་སྙད་ཀྱི་ནང་དོན་འཚོལ་ན་འདི་ནི་ཧ་ཅང་ནང་དོན་འཛོམས་པའི་ཚིག་མཛོད་ཅིག་ཡིན།
༩ དེང་རབས་རྒྱ་སྐད་ཚིག་མཛོད།
མཉེན་ཆས་འདི་ནི་དེང་སང་རྒྱ་ཡིག་གི་ཚིག་མཛོད་ཆེས་གལ་ཆེན་ཞིག་ཡིན་ལ། རྒྱ་ཡིག་རྐྱང་བ་ལས་མེད་ཀྱང་། ཐ་སྙད་ཤིན་ཏུ་འཛོམ་པོ་ཡོད།
ཕབ་ལེན་དྲྭ་གནས། ftp://abc.down911.com/11/cr-hycd.rar
༡༠ སྐུད་ཐོག་རྩོམ་ཡིག་བསྒྱུར་ཆས།
འདི་ནི་གོས་གོལ་ཀུང་སིས་མཁོ་འདོན་བྱས་པ་ཡིན་པས། གལ་ཏེ་སྙན་ངག་སོགས་སྒྱུ་རྩལ་བརྩམས་ཆོས་མིན་ན་ཡིག་བསྒྱུར་བྱས་པ་དག་པའི་ཚད་ནི་བརྒྱ་ཆ་བདུན་ཅུའི་ཡན་ཡིན་པར་བཤད་རུང་། བསྒྱུར་རྩོམ་ཀློག་འདོན་གྱི་སྐབས་སུ་ངེས་པར་ཏུ་ཚིག་འགྲོས་གོང་འོག་བརྗེས་ནས་འདོད་དགོས་ས་མང་པོ་ཡོད། དེ་ནི་དབྱིན་ཡིག་དང་རྒྱ་ཡིག་གི་ཚིག་འགྲོས་ཀྱིས་ཡིན་ནོ། །
ཁྱེད་ཀྱི་བསམ་ཚུལ་བྲིས།
| བརྗོད་གཞི་གཞན་ཁག་ལ་གཟིགས། |
|---|
|